[#THE FOLLOWING TEXT HAS INCOMPLETE SECTIONS, WHICH ARE ON ORDER] ་༄༅། །བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་་འཇུག་པའི་ལམ་གྱི་རིམ་པ་རྣམ་པར་བཤད་པ་བཞུགས་སོ། ། [001A] །བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ལ་འཇུག་ད་པའི་རིམ་པ་རྣམ་པར་བཤད་པ། བླ་མ་རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ ལོ༑ ༑སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་སངས་རྒྱས་འཇིག་རྟེན་མགོན། །རྒྱལ་སྲས་བརྩེ་ཆེན་ཚོགས་བཅས་ལ་བཏུད་ དེ༑ ༑བསྟན་པ་རིན་ཆེན་མཆོག་ལ་འཇུག་པ་ཡི། །རིམ་པའི་དོན་ཚོགས་རྣམ་པར་དབྱེ་ཕྱིར་འབད། །བསྟན་བཅོས་རྩོམ་པའི་ཐོག་མར་ལྷ་དང་བཅས་པའི་འཇིག་རྟེན་གྱི་དབང་པོ་ རྣམས་ཀྱིའང་གཙུག་གི་ནོར་བུས་ཞབས་ཀྱི་རྡུལ་ལ་གུས་པས་མཆོད་པ་ལྷའི་མཆོག་རྗེ་བཙུན་སངས་རྒྱས་ལ་མཆོད་པ་བརྗོད་པ། འགྲོ་ལ་ཕན་བཞེད་དཀའ་སྤྱད་རྨད་བྱུང་སྐུ་ གསུང་ཐུགས་ཀྱི་རྩོམ་དགེ་ལས། །ཀུན་རྟོག་ལས་བྱུང་ཀུན་ནས་ཉོན་མོངས་སྒྲིབ་ཚོགས་ཀུན་བཅད་རྣམ་དག་ཅིང། །མཐའ་དབུས་མི་གནས་མཁའ་ཁྱབ་ཆོས་སྤྱན་ [002A]༄༅། །ཡོན་ཏན་དཔག་ཡས་མངའ་བརྙེས་པ། །ཆོ་འཕྲུལ་གསུམ་གྱིས་ཟབ་ཡངས་ཞི་བདེ་བླ་མེད་ལམ་གསུང་ཞབས་ལ་འདུད། །འདིའི་དགོས་པ་ནི་རང་གི་འདོད་པ་དང་ཕན་པ་དང་ འཇིག་རྟེན་གྱི་དོན་དག་དང། གཞན་དག་རྒྱུ་ཡོངས་སུ་འཛིན་པ་དང། ངེས་པའི་རྐྱེན་ཐབས་ལ་འཇུག་པ་གསུམ་པོ་སྟོན་པའི་ཆེ་བ་ཤེས་པ་དང། གཞུང་ལ་སྟོན་པ་རབ་ཏུ་གྲུབ་པ་དང། གཞུང་ཉིད་དོན་ཆེ་བར་ཤེས་ ནས་འཇུག་པ་དང། ཞུགས་པའི་ཐབས་ལ་བར་ཚད་མེད་པས་མི་བཟློག་པར་བྱ་བ་སྟེ་རྣམ་པ་བརྒྱད་དོ། །སྤྱི་དོན་ནི་བསྟོད་པ་དང་ཕྱག་བཙལ་བ་གཉིས་སོ། །བསྟོད་པ་ནི་གསུམ་སྟེ། སྒྲུབ་བྱེད་ཕུན་སུམ་ཚོགས་པ་དང་ རང་བཞིན་ཕུན་སུམ་ཚོགས་པ་དང། མཛད་པ་ཕུན་སུམ་ཚོགས་པས་བསྟོད་པ། རྩ་བ་གཅིག་དང་གཉིས་དང་གཅིག་གིས་རིམ་པ་བཞིན་ནོ། །འདི་གསུམ་ཡང་ངོ་བོ་ཉིད་བརྒྱད་དུ་གནས་ཏེ། སྒྲུབ་བྱེད་ནི་བསམ་པ་ དང་སྦྱོར་བའི་ངོ་བོ་ཉིད་དོ། །རང་བཞིན་ནི་ཡེ་ཤེས་དང་སྤངས་པའོ། །མཛད་པ་ནི་བཞི་སྟེ། དོན་དམ་པ་སྟོན་པ་དང། ཀུན་རྫོབ་སྟོན་པ་དང། དེ་དག་ཀྱང་སྔོན་གྱི་སྨོན་ལམ་ལ་སོགས་པ་དགེ་ལེགས་ཀྱི་འཕེན་པའི་ད་ [002B] ད་ལྟར་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་པོ་ལས་བྱུང་བའི་ངོ་བོའི། །དེ་རྣམས་ཀྱང་ཚིག་གི་དོན་སོ་སོར་ཕྱེ་བས་མཚན་ཉིད་བཅོ་བརྒྱད་དང་ལྡན་པར་རྟོགས་པར་བྱའོ། །དེ་ལ་སྒྲུབ་བྱེད་ནི་བསམ་པ་ཕུན་སུམ་ཚོགས་པ་དང་ སྦྱོར་བ་ཕུན་སུམ་ཚོགས་པའི་སྤྱི་དང། བྱེ་བྲག་གི་ཚིག་དོན་གསུམ་གྱིས་ཏེ། བསམ་པ་ནི་འབྲོལ་ མ་རྒལ་བ་བསྒྲལ་བ་ལ་ སོགས་པའི་རྣམ་པས་ཕན་པ་དང་བདེ་བ་མཐའ་དག་བསྒྲུབ་ཅིང་གནོད་པ་དང་སྡུག་བསྔལ་བ་ཐམས་ཅད་བསལ་བར་ཐབས་མང་པོས་བུས་རིང་པོར་གོམས་པ་རྫོགས་པར་མཛད་པའོ། །སྦྱར་བ་སྤྱི་ནི་དཀའ་སྤྱད་རྨད་བྱུང་སྟེ། །ཕ་རོལ་ཏུ་ཕྱིན་པ་བཅུ་དང་ བསྡུ་བའི་དངོས་པོ་བཞི་ལ་སོགས་པ་འགྲོ་བ་ལ་ཕན་པའི་སྦྱོར་བ་སྣ་ཚོགས་ལ། གཏང་བར་དཀའ་བ་ལུས་དང་སྲོག་དང། རྒྱལ་སྲིད་དང་བུ་ལ་སོགས་པ་སྦྱིན་པ་གཞན་གྱིས་རྗེས་སུ་ཡི་རང་ཙམ་ཡང་དཀའ་བ་ལ་སོགས་པ་སྒོ་སྣ་ཚོགས་ནས་རྣམ་ གྲངས་སྣ་ཚོགས་ཀྱིས་རྫོགས་པར་མཛད་པའོ། །དེའི་བྱེ་བྲག་ནི་སྐུ་གསུང་ཐུགས་ཀྱི་རྩོམ་དགེ་སྟེ། གཞི་གསུམ་པོ་གང་གིས་བསྒྲུབ་པར་འོས་པ་རྣམས་དེ་དག་གི་རྩོམ་པ་ཁ་ན་མ་ཐོ་བ་མེད་ཅིང་དག་པར་སྤྱོད་པ་ཀུན་ཏུ་བཟང་བ་དག་གིས་ལེགས་པར་ བསྒྲུབས་པའོ། །དེ་གསུམ་ལ་ཐུན་མོང་དུ་མཚན་ཉིད་གསུམ་སྟེ། དང་པོར་སྦྱོར་བ་དགེ་བ་ཀུན་ནས་སློང་བ་དམ་པས་ཟིན་པ་དང། བར་དུ་འཇུག་པ་དགེ་བ་རྗེས་སུ་བསྒྲུབ་པ་དམ་པས་སྤྱོད་པ་དང། ཐ་མར་མངོན་དུ་ཐོབ་པ་དགེ་བ་བྱེད་པ་དམ་པ་རང་ [003A]༄༅། །གཞན་ལ་འདི་དང་ཕ་རོལ་དང་གཉིས་ཀར་ཕན་པ་དང་འབྲེལ་བའོ། །རང་བཞིན་ནི་སྤངས་པ་དང། ཡིས་ཕུན་སུམ་ཚོགས་པའི་ངོ་བོ་གཉིས་ལས། དང་པོ་སྒྲིབ་པ་མཐའ་དག་སྤངས་པའི་ངོ་བོ་ལ་ཀུན་རྟོག་ནི་ཚུལ་ བཞིན་མ་ཡིན་པའི་རྣམ་རྟོག་མི་བདེན་པ་ལ་མངོན་པར་ཞེན་པ་མ་རིག་པའི་བག་ཆགས་ཀྱི་ས་ཞེ་འམ་གནས་ཀྱི་ས་ཞེས་བརྗོད་པ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཤེས་བྱའི་སྒྲིབ་པ་གཙོར་བྱས་པའོ། །དེ་ལས་བྱུང་བའི་ཀུན་ནས་ ཉོན་མོངས་པ་ནི་ཉོན་མོངས་དང་ ཉོན་མོངས་པའི་སྒྲིབ་པ་གཙོར་གྱུར་པའོ། །གཉིས་ཀ་བསྡུས་པ་ནི་སྒྲིབ་ཚོགས་ཀུན་ཏེ། ཉོན་མོངས་པ་ཡི་སྒྲིབ་པ་དང། །ཤེས་བྱའི་སྒྲིབ་པ་གཉིས་ སུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་པ་ལྟར་སྒྲིབ་པ་ཐམས་ཅད་བསྡུས་པའོ། །དེ་དག་བཅད་པ་ནི་འཕགས་པའི་ཤེས་རབ་ཀྱིས་ཡང་མི་སྐྱེ་བའི་ཆོས་ཅན་དུ་ལེགས་པར་སྤངས་པའོ། །ཡང་ན་ཀུན་རྟོག་ དང་ཀུན་ནས་ཉོན་མོངས་གཉིས་ནི་སྒྲིབ་པ་གཉིས་ཀྱི་ངོ་བོ་ཡིན་ལ། དེ་དག་མ་ལུས་པར་བཅད་པ་ནི་གཉིས་ཀའི་བག་ཆགས་དང་བཅས་པ་ལས་རྩ་བ་དྲུངས་ནས་ཕྱུང་བའི་ཤིང་ལྟར་ཡང་མི་སྐྱེ་བའི་ཆོས་ཅན་དུ་རྣམ་པར་སྤངས་པར་ལྟའོ། །རྣམ་དག་ ནི་སེམས་ཀྱི་རང་བཞིན་འོད་གསལ་བ་སྒྲིབ་པ་གཉིས་དང་གདོད་མ་ནས་མ་འདྲེས་པས་ཀུན་རྟོག་གི་མུན་པ་ཐམས་ཅད་དང་མི་ལྡན་པའོ། །དེ་ལྟར་ན་སྤངས་པ་དེའང་མཚན་ཉིད་གསུམ་དང་ལྡན་པ་སྟེ། བག་ལ་ཉལ་ཆད་པ་དང། ཀུན་ནས་ལྡང་བ་ [003B] རང་བཞིན་གྱིས་འགགས་པའི་མཚན་ཉིད་དོ། །སྔ་མ་གཉིས་ནི་སྒྲིབ་པ་གཉིས་གཉེན་པོས་སྤངས་པའོ། །ཕྱི་མ་ནི་རང་བཞིན་རྣམ་དག་ཉིད་དོ། ཡེ་ཤེས་ལ་གཉིས་ལས་ཟབ་པའི་ཡེ་ཤེས་ནི་མཐའ་དབུས་མི་གནས་ཏེ། ཡོངས་སུ་གྲུབ་པ་ནམ་མཁའ་ལྟ་བུ་སྤྲོས་པ་ཐམས་ ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ །འདི་ལའང་མཚན་ཉིད་གསུམ་མོ། །སྒྲོ་འདོགས་ཀྱི་དམིགས་པར་མི་འཛིན་པ་དང། སྐུར་པའི་ དམིགས་པར་མི་འཛིན་པ་དང། དབུ་མའི་དོན་དུའང་མི་དམིགས་པ་སྟེ། དེ་ཁོ་ན་མངོན་དུ་མཛད་པ་ན་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་འཛིན་པའང་མི་མངའ་བའི་ཕྱིར་དང། དེ་ཁོ་ན་དེ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། རྒྱ་ཆེ་བའི་ཡེ་ཤེས་ཀྱི་རང་ བཞིན་ནི་མཁའ་ཁྱབ་ཆོས་ཅན་ཏེ། ནམ་མཁའ་དང་མཉམ་པའི་ཤེས་བྱ་འཇིག་རྟེན་གྱི་ཁམས་དང། སེམས་ཅན་གྱི་རྒྱུད་མ་ལུས་པ་མཁྱེན་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སྒྱུ་མ་ལྟ་བུས་མངོན་དུ་མཛད་པ་ཇི་སྙེད་པ་མཁྱེན་པའོ། །དེ་ལ་བརྟེན་པའི་ཡོན་ཏན་གྱི་ ཚོགས་ནི་ཡོན་ཏན་དཔག་ཡས་མངའ་བརྙེས་པ་སྟེ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་ཡོན་ཏན་རབ་མཆོག་དམ་པ་བསམ་གྱི་མི་ཁྱབ་པ་མཐའ་དག་ལ་མངའ་བསྒྱུར་བའི་ཕྱིར་རོ། །འདི་ལའང་མཚན་ཉིད་གསུམ་མོ། །ཤེས་ བྱའི་རྣམ་པ་ཐམས་ཅད་ལ་ཁྱབ་པ་དང། ཡོན་ཏན་གྱི་ཚོགས་ཐམས་ཅད་དང་ལྡན་པ་དང། འགྲོ་བ་ཐམས་ཅད་ལ་རྗེས་སུ་ཞུགས་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་དང། ཡོན་ཏན་རྗེས་སུ་མ་ཞུགས་པའི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་པར་གསུང་པ་ བཞིན་ནོ། །མཛད་པ་ལ་གཉིས་ཏེ། ལམ་སྟོན་པའི་ངོ་བོ་ཉིད་དང། རྣམ་པའི་ཁྱད་པར་རོ། །དང་པོ་ནི་ཟབ་ཡངས་ཞི་བདེ་བླ་མེད་ལམ་གསུང་སྟེ། འཕེན་པ་དང་བདག་པོའི་རྒྱུ་གཉིས་ལས་འཇུག་པ་ཟབ་པ་དོན་དམ་སྟོན་པ་དང། ཡངས་ཤིང་རྒྱ་ཆེ་བ་ཀུན་རྫོབ་སྟོན་པའི་ངོ་བོ་དག་ [004A]༄༅། །གིས༑ བདེ་བ་མངོན་མཐོའི་ལམ་དང། ཞི་བ་མྱ་ངན་ལས་འདས་པའི་ལམ་དང། བླ་ན་མེད་པ་སངས་རྒྱས་ཀྱི་ལམ་གསལ་བར་མཛད་པའི་གསུང་རབ་རིན་པོ་ཆེ་མཐའ་ཡས་པ་རྣམས་སོ། །དེ་དག་ལའང་ཐུན་མོང་དུ་མཚན་ཉིད་གསུམ་སྟེ། རང་བཞིན་ གྱིས་རྣམ་པར་དག་པ་དང། ཤེས་བྱའི་དོན་གསལ་བར་བྱེད་པ་དང། སྒྲིབ་པའི་མུན་པ་འཇོམས་ནུས་པས་ཉི་མ་ཆེན་པོར་གྱུར་པའི་མཚན་ཉིད་དོ། །དེ་དག་གི་སྒོ་ནས་འཇུག་པའི་རྣམ་པའི་ཁྱད་པར་ནི་ཆོ་འཕྲུལ་གསུམ་གྱི་གསུང་བ་སྟེ། རྫུ་འཕྲུལ་སྐུ་དང་ཀུན་བརྗོད་ཐུགས་དང་ རྗེས་བསྟན་གསུང་གི་ཆོ་འཕྲུལ་གྱི་སྒོ་ནས་སོ། །དེ་དག་ལའང་ཐུན་མོང་དུ་མཚན་ཉིད་གསུམ་སྟེ། ཉིད་ཀྱི་རྒྱུད་ལས་འཇུག་པ་དང་ཉན་ཐོས་ལ་སོགས་པ་གཞན་གྱི་རྒྱུད་ལས་འཇུག་པ་དང། མ་ཟིན་པ་རོལ་མོ་དང་སྤྲིན་དང་ནམ་མཁའ་ལ་སོགས་པ་ལས་ཀྱང་འཇུག་པའོ། །དེ་ལྟར་ཚིག་དོན་ བཅུ་བདུན་ལ་མཚན་ཉིད་བཅོ་བརྒྱད་དང་ལྡན་པ་འདིས་ནི་ཕུན་སུམ་ཚོགས་པ་གསུམ་གྱིས་བསྡུས་པའི་ངོ་བོ་ཉིད་བརྒྱད་པོ་སྤྱི་དོན་དེ་གསལ་བར་བྱས་པའོ། །ཕྱག་བཙལ་བ་ནི་ཞབས་ལ་འདུད་ཅེས་བྱ་བ་སྟེ། ཡོན་ཏན་དེ་རྣམས་དང་ལྡན་པའི་སངས་རྒྱས་ཉིད་ལ་ཞེས་བྱ་བ་ཡུལ་དུ་ བྱས་ནས་དད་པས་སྦྱར་བའི་ལུས་དང་ངག་དང་ཡིད་གསུམ་གྱི་ལས་ལྷན་ཅིག་ལྡན་པས་བཀུར་སྟིའི་མཆོད་པ་ཉེ་བར་བསྒྲུབས་པ་བརྗོད་པའོ། ༈ །སྐབས་འབྲེལ་པར་བྱས་པའི་གཞུང་མཛེས་པར་བསྒྲུབ་པ་ལ་སོགས་པའི་བྱེད་པ་ཅན་བསྟན་བཅོས་ཀྱི་འབྲས་བུའི་ཡན་ལག་ཆང་ བར་རྣམ་པར་འཇོག་པ་དགོས་འབྲེལ་དགོད་པ། ཐོག་མེད་སྲིད་མཚོར་མ་རིག་ཐིབས་པོས་རྣམ་འཁོར་མཐོ་རིས་བྱང་གྲོལ་གྱི། །ལམ་ལས་ཕྱིར་ཕྱོགས་རྒྱང་རིང་རྣམ་པར་འཁྱམས་ཤིང་མགོན་མེད་གྱུར་ཀྱང་བློ། །བདག་ལ་འཇལ་བའི་ཕྱོགས་མེད་སྨྱོས་ལྟར་ཀུན་སྤྱོད་གཡང་ས་ ཆེར་ལྟུང་བ། །སྙིང་རྗེའི་གནས་ཉིད་འཇིག་རྟེན་དྲང་ཕྱིར་ཐུབ་པ་སྐྱེས་མཆོག་ཡང་དག་འཁྲུངས། །དེ་ཉིད་ཀྱིས་གཟིགས་ལམ་དང་གདུལ་བྱའི་རྗེས་མཐུན་སྒོ་མང་ལམ་གྱི་སྟེ། །འགྲོ་བ་རྣམ་འགྲོལ་ཟབ་ཡངས་ལེགས་གསུངས་བདུད་རྩི་ཆོས་ལྡན་དོན་ལྡན་ཞིང། །ཁམས་སུམ་ [004B] །བསྟན་པ་རིན་ཆེན་མཆོག་ལ་འཇུག་རིམ་ལུང་རིགས་ཇི་བཞིན་མདོར་བསྡུས་དགོད། །འདིའི་སྤྱི་དོན་ནི་གཉིས་ཏེ། རྟོགས་པའི་དོན་དང། བརྗོད་པའི་དོན་ནོ། །དང་པོ་ནི་གཞུང་གི་འབྲས་བུ་ཡོད་པ་དང། བསྒྲུབ་ པར་ནུས་པ་དང། འདོད་པར་བྱ་བ་དང། དེ་བསྒྲུབ་པའི་ཐབས་ཀྱང་འདི་ཁོ་ན་སླ་བ་བཞིས་གཞན་འཇུག་པའི་མ་ཚང་བ་མེད་པ་བསྒྲུབ་པས་གྲངས་ངེས་པ་ཅན། བརྗོད་བྱ་དང། དགོས་པ་ནི་རྟོགས་པའི་དོན་དེ་རྗེས་སུ་བསྒྲུབས་པས་གནས་སྐབས་དང་མཐར་ཐུག་གི་རང་དང་བཞིན་གྱི་དོན་ མཐའ་དག་འཐོབ་པའོ། །འབྲེལ་པ་ནི་དགོས་པ་དེ་བསྟན་བཅོས་ཀྱི་ཐབས་ལ་རག་ལས་པ་དང། དགོས་པའི་དགོས་པ་ཡང་དགོས་པ་ལ་རག་ལས་པས་མེད་ན་ནི་མི་འབྱུང་བར་གྱུར་པའོ། །བརྗོད་པའི་དོན་ནི་བཤད་བྱ་དགོད་པ་དང། དེ་བཤད་པར་ཁས་བླང་བ་གཉིས་ཀྱིས་བསྟན་ བཅོས་བརྩམ་པར་དམ་བཅས་པའོ། །དང་པོ་ལ་བཞི་སྟེ། འབྲས་བུའི་ཁྱད་པར་དང། སྟོན་པའི་ཁྱད་པར་དང། ཡུལ་གྱི་ཁྱད་པར་དང། རང་བཞིན་ཉིད་དོ། །ཁས་བླང་བའང་ངོ་བོ་ཉིད་དང། རང་དགའ་སྤང་བ་དང། ཟློས་པ་སྤང་བའི་ཁྱད་པར་ཏེ་གསུམ་མོ། །དེ་ལྟར་བདུན་གྱི་ཚིག་ གི་དོན་ལས་བཤད་བྱའི་འབྲས་བུ་ནི་ཐོག་མེད་ནས་དྲང་ཕྱིར་གྱི་བར་ཏེ། ཕྱིན་ཅི་ལོག་གིས་བསླུས་པས་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བའི་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་བཀོད་པས་ཀུན་དྲང་བའོ། །དེའང་འགྲོ་བ་རྣམས་ནི་ཐོག་མ་དང་ཐ་མ་མེད་པའི་འཁོར་ བའི་རྒྱ་མཚོ་ཆེན་པོར་མ་རིག་པའི་མུན་པ་དང་ཚང་ཚིང་གི་འཐིབས་པོས་བསྒྲིབས་པས་ཡང་དག་པའི་དོན་མི་མཐོང་ཞིང་མི་ཤེས་བཞིན་དུ། ཡོད་མེད་དང་རྟག་ཆད་དང་བདག་དང་བདག་གི་ལ་སོགས་པར་ཞེན་པའི་དབང་གིས་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ ཉོན་མོངས་པ་གསུམ་གྱི་འཁྲུལ་འཁོར་ཆེན་པོར་ཟོ་བའི་ཆུ་སྐོར་ལྟར་མཐོ་དམན་སྣ་ཚོགས་སུ་ཤུགས་རབ་ཏུ་དྲག་པར་རྣམ་པར་འཁོར་ཅིང། ཕལ་ཆར་ངན་སོང་གསུམ་དང་བདེ་འགོ་ལས་ཀྱང་མི་ཁོམ་པའི་གནས་རྣམས་སུ་སྡུག་བསྔལ་དྲག་ལ་ཡུན་རིང་བ་བར་མ་ཆད་ [005A]༄༅། །པས་ཀུན་ཏུ་མནར་བ་སྟེ། དེ་ལས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པས་སངས་རྒྱས་སྟོང་གིས་ཀྱང་གཟུང་བར་མི་ནུས་པས་ན་ཐག་རིང་ཞིང་ཤིན་ཏུ་རིང་བར་རྣམ་པར་འཁྱམས་པར་གྱུར་པའོ། ། དེས་ན་དེ་དག་ལས་སྒྲོལ་བའི་མགོན་སྐྱབས་མེད་པར་གྱུར་ཀྱང་བློ་རྨོངས་པ་རིམ་པ་མང་པོས་ཁེབས་པས་བདག་ཅི་རི་འཇལ་ཞིང་བདག་གི་ཆོད་ཤེས་པའི་ཕྱོགས་སམ་ཆ་ཙམ་ཡང་མེད་པས་ན། སྨྱོན་པའི་སྤྱོད་པ་ཆེན་པོས་རང་དང་གཞན་ལ་གནོད་པ་དང་དོན་མེད་ པ་ཉི་ཚེ་ལ་ཀུན་ཏུ་སྤྱོད་པའི་ཕྱིར། ཡ་ང་བ་ཆེན་པོའི་སྒོར་ཞུགས་ཤིང་ཀུན་ཏུ་ལྟུང་བས་ན། སེམས་དང་ལྡན་པ་དག་གིས་སྙིང་རྗེའི་གནས་ཁོ་ནར་གྱུར་པ་ཤ་སྟག་གོ་དེ་ལྟ་བུའི་འཇིག་རྟེན་མཐའ་དག་སྡུག་བསྔལ་གྱི་གནས་དེ་ནས་ཀུན་ཏུ་དྲང་བའོ། །སྟོན་པའི་ཁྱད་པར་ ནི༑ ཐུབ་པ་སྐྱེས་མཆོག་ཡང་དག་འཁྲུངས་པ་སྟེ། འབྲས་བུ་དེ་བསྒྲུབ་པ་ཁོ་ནའི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུང་ཐུགས་ཡང་དག་པར་བསྡམས་པས་ཐུབ་པའི་དབང་པོ་རྐང་གཉིས་ཀྱི་གཙོ་བོ་རྣམས་འཇིག་རྟེན་དུ་ཡང་དག་པར་གཤེགས་པའོ། ། ཡུལ་གྱི་ཁྱད་པར་ནི་དེ་ཉིད་ཀྱིས་ཇི་ལྟར་གཟིགས་པ་ཟབ་པ་དང་རྒྱ་ཆེ་བ་ཐེག་པ་ཆེན་པོའི་ལམ་དང། གདུལ་བྱ་དང་རྗེས་སུ་མཐུན་པ་ཉན་ཐོས་ལ་སོགས་པའི་ལམ་དག་སྐྱོབ་པ་ཉིད་གཟིགས་ལམ་གསུང་བ་ཞེས་བྱ་བ་དང། ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་ཡིན་ ཞེས་གསུངས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ནས་འཇིག་རྟེན་འདུན་པ་དང་སྨིན་པ་དང་རྣམ་པར་གྲོལ་བར་བྱེད་པའི་ཐབས་གསལ་བར་མཛད་པ། དོན་དམ་པ་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བ་ཟབ་མོ་དང། ཀུན་རྫོབ་སྒྱུ་མ་ལྟ་བུའི་ གཟུགས་ལ་སོགས་པ་ཡོན་ཏན་དམིགས་པ་རྒྱ་ཆེན་པོའམ། ཡང་བདེན་པ་གཉིས་ཀྱི་དོན། སྣང་བ་ཇི་ལྟ་བ་དང་རིགས་པ་ཇི་ལ་བ་ཉིད་སྟོང་པས་དུས་དང་པོར་བྱ་བས་སྣོད་བསྒྲུབ་པ་དང་སྣོད་དུ་གྱུར་པ་ལ་ཡང་དག་ཕུལ་གྱི་ཆོས་བཤད་པ་དྲང་བ་དང་ངེས་པའི་དོན་དག་ [005B] དགོས་པ་ལ་བལྟོས་ནས་དོན་གཞན་གོ་བར་སྟོན་པ་དགོངས་པའི་གསུང་གིས་བསྡུས་པའི་གསུང་རབ་ཐོག་མར་དགེ་བ་ལ་སོགས་པས་ལེགས་པར་གསུངས་པའི་མཚན་ཉིད་ཅན་འཆི་བ་མེད་པའི་གོ་འཕང་སྦྱིན་པས་བདུད་རྩི་ དམ་པ། འཚེ་བ་དང་གནོད་པའི་ཚོགས་ཀྱི་གཉེན་པོར་གྱུར་པས་རིམས་ནད་དང་བྲལ་བ། སྡེ་སྣོད་གསུམ་དང་གསུང་རབ་ཡན་ལག་བཅུ་གཉིས་དང་ཆོས་ཀྱི་སྒོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པ་མཐའ་བཙལ་བར་དཀའ་བའི་བསྟན་པའི་ཆོས་དམ་པའི་ཚོགས་རྣམས་སོ། །དེ་དག་ ཀྱང་ཆེན་པོ་བསྟན་པའི་མཚན་ཉིད་ཆོས་ཀྱི་ཕྱག་རྒྱ་བཞི་དང་ལྡན་པ་སྟེ། ཆོས་དང་ལྡན་པ་ནི་ཡན་ལག་ལྔའམ་དྲུག་ཅུ་ལ་སོགས་པ་དང་ལྡན་པ་རྗོད་བྱེད་ཕུན་སུམ་ཚོགས་པས་སོ། །དོན་དང་ལྡན་པ་ནི་བདེན་པ་གཉིས་དང་བཞི་དང་ཕ་རོལ་ཏུ་ཕྱིན་པ་དང་ས་ལ་སོགས་པ་བརྗོད་བྱ་ ཕུན་སུམ་ཚོགས་པས་སོ། །ཁམས་གསུམ་གྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཉེས་དམིགས་བསྟན་པ་ལ་སོགས་པས་སྤོང་བ་དང། བདེ་འགྲོ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཕན་ཡོན་བསྟན་པ་ལ་སོགས་པས་བསྒྲུབ་པ་གཉིས་ནི་འདོར་བ་དང་འཐོབ་པའི་ འབྲས་བུ་ཕུན་སུམ་ཚོགས་པས་སོ། །ཁྱད་པར་དེ་གསུམ་དང་ལྡན་པའི་བཤད་བྱའི་རང་བཞིན་ཉིད་ནི་བསྟན་པ་རིན་ཆེན་མཆོག་ལ་འཇུག་པའི་རིམ་པ་སྟེ། ཇི་སྐད་བརྗོད་པའི་ཡུལ་གསུང་རབ་དམ་པ་དེ་དོན་དང་བཅས་པས་ལུང་དང་རྟོགས་པའི་བདག་ཉིད་སྟོན་པའི་དམ་པའི་ཆོས་ མཆོག་ཏུ་རྙེད་པར་དཀའ་ཞིང་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་འདོད་པའི་དོན་ཐམས་ཅད་བསྒྲུབ་པས་མཐུ་མཐའ་ཡས་པ་དང་འབྲེལ་པ་ལས་རིན་པོ་ཆེ་མཆོག་ཏུ་བརྗོད་པ་ལ་ཇི་ལྟར་བསྒྲུབ་ཅིང་འཇུག་པའི་རིམ་པའམ་ཚུལ་ལམ་ཐབས་མ་ཚང་བ་མེད་ཅིང་ཡོངས་སུ་དག་ པའོ༑ ༑དེ་བཤད་པར་ཁས་བླང་བའི་ངོ་བོ་ནི་དེའི་བསྟན་བཅོས་དགོད་ཅིང་བརྩམ་པར་དམ་བཅས་པའོ། །དེའང་ཐུབ་པའི་བཀའ་ཉིད་ལས་མ་གསུངས་པར་རང་དགར་འགོད་ན་ནི་ཡིད་ཆས་པའི་གནས་སུ་མི་རུང་ལ། གསུངས་པ་ཉིད་འགོད་ནའང་ཟློས་པས་དགོས་པ་མེད་པར་ [006A]༄༅། །དོགས་པ་སྤོང་བའི་ཁྱད་པར་གཉིས་ནི་ལུང་རིགས་ཇི་བཞིན་དང། མདོར་བསྡུས་ཏེ་ལུང་གཙོར་བྱས་ཤིང་དེའི་དོན་ལ་ངེས་པ་བརྟན་པར་བྱེད་པ་རིགས་པ་དང་བཅས་པས་དོན་ཇི་ལྟ་བར་རྣམ་པར་བཞག་པའི་ཕྱིར་དང། ཚིག་གི་སྤྲོས་པ་དང་ ཡན་ལག་མང་པོ་དོར་ཏེ་དོན་གྱི་སྙིང་པོའི་ཆ་རྣམས་བསྡུས་ནས་རྣམ་པར་བཞག་པའི་ཕྱིར་རོ། །དེ་ལྟར་བཤད་བྱ་དགོད་པས་ནི་བརྗོད་བྱ་བསྟན་ལ། བཤད་པར་ཁས་བླང་བས་ནི་དེ་ཉན་པ་པོའི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྟོགས་པ་བསྐྱེས་ བཅས་པའོ། །བཤད་བྱའི་འབྲས་བུ་དང་སྟོན་པའི་ཁྱད་པར་གྱིས་ནི་ཅི་རིགས་པར་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གྲུབ་པ་བརྗོད་པས་རྟོགས་པའི་དོན་དེ་རྗེས་སུ་བསྒྲུབས་པའི་འབྲས་བུ་དགོས་པའི་དགོས་པ་ཡང་དོན་གྱིས་བསྟན་པའོ། །འབྲེལ་པ་ནི་རང་དབང་དུ་ བསྟན་བྱ་མ་ཡིན་པས་དགོས་པ་གཉིས་ཀྱི་ཤུགས་ཀྱིས་བསྟན་པར་ལྟའོ། །ངག་དང་པོ་རྣམ་པར་བཤད་པའོ།། ༈ །།བརྗོད་བྱ་བསྟན་བཅོས་ཀྱི་དོན་གྱི་ལུས་རྣམ་པར་བཞག་པ། དང་པོར་དགེ་ལེགས་འབྱུང་གནས་བླ་མ་གུས་པས་ལེགས་བསྟེན་བྱ། །དལ་འབྱོར་རྙེད་དཀའ་ ཆུད་མི་གཟོན་ཕྱིར་སྙིང་པོ་བླང་བར་འབད། །ལེ་ལོས་ཕྱི་བཤོལ་སྐབས་ནི་འཆི་བའི་འདུ་ཤེས་བསྒོམས་པས་སྤང། །རྟེན་འབྲེལ་ཡང་དག་ལྟ་བས་ཚུལ་ཁྲིམས་རྣམ་དག་རབ་བསྒྲིམས་སྦྱང། །ཁམས་གསུམ་མཐའ་དག་སྡུག་བསྔལ་ཕུང་པོ་འབའ་ཞིག་ཉིད་དུ་བསྒོམ། །སྡུག་བསྔལ་ མང་ལྡན་འགྲོ་ལ་བརྩེ་བས་བྱང་ཆུབ་སེམས་མཆོག་བསྒྲུབ། །རྒྱལ་སྲས་ཀུན་གྱི་བགྲོད་ཅིག་བསླབ་པ་ཕ་རོལ་ །ཤེས་རབ་ཕ་རོལ་ཕྱིན་པས་ཆོས་རྣམས་ཆོས་ཉིད་ལེགས་བསྒོམས་བྱ། །བྱང་ཆུབ་སེམས་དཔའི་ས་མཆོག་རྣམས་ནི་རིམ་གྱིས་ལེགས་བགྲོད་དེ། །སྐུ་གསུམ་ ཡེ་ཤེས་ལྔ་ལྡན་སངས་རྒྱས་གོ་འཕང་མཐར་ཐུག་བྱ། །བསྟན་པ་ལ་འཇུག་པའི་དང་པོར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ལེགས་མ་ལུས་པའི་འབྱུང་གནས་སམ་སྒོར་གྱུར་པའི་བླ་མ་དག་ལ་སངས་རྒྱས་ཀྱི་འདུ་ཤེས་ཉིད་ཀྱིས་རབ་ཏུ་གུས་པས་རྙེད་པ་དང་བཀུར་སྟི་དང་ [006B] ཐེག་པ་མཐའ་དག་ཏུ་གཏོགས་པའི་ཆོས་དཀར་པོ་ཐམས་ཅད་ཀྱི་རྩ་བ་ནི་འདི་ཡིན་པས་སོ། །འདི་ལྟར་ཐུབ་པའི་བརྟུལ་ཞུགས་ཕྱོགས་གཅིག་པ་ཡན་ཆད་འཐོབ་པ་ལ་སོགས་པ་ཡོན་ཏན་ཐམས་ཅད་ སྐྱེ་བ་དང་གནས་པ་དང་འཕེལ་བ་ལ་བགྲོད་པ་གཅིག་པའི་རྟེན་ནི་དགེ་བའི་བཤེས་གཉེན་ཡིན་ལ། དེ་ལས་ཡོན་ཏན་འཐོབ་པའང་གུས་པས་བསྟེན་པར་བྱེད་པ་ཁོ་ན་ལ་རག་ལས་ཀྱི། ང་རྒྱལ་ལ་སོགས་པས་མི་གུས་པ་དང་བརྙས་པ་དང་སྤོང་བ་ལ་ནི་ཐག་རིང་ཞིང་ཡོན་ཏན་ཐོབ་ པ་དག་ཀྱང་ཉམས་པར་འགྱུར་བའི་ཕྱིར་རོ། །དེས་ན་ཐ་ན་འཇིག་རྟེན་ཕྱི་མའམ་ངན་འགྲོ་དང་བདེ་འགྲོ་ལ་སོགས་པར་འཁོར་བ་ཡོད་པ་ཙམ་མམ། ཡི་གེ་བརྡ་ཕྲད་པ་ཙམ་ཤེས་པའང་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་དང་དགེ་བའི་རྟེན་ལ་རག་ལས་ན་ཡོན་ཏན་ དེ་ལྟ་བུ་དག་ལྟ་སྨོས་སུའང་མེད་པའི་ཕྱིར་གནས་འདི་ལ་སེམས་ཐམས་ཅད་ཀྱིས་བཏུད་ལ་རབ་ཏུ་བསྒྲིམས་པར་བྱའོ། །དེས་སློབ་མའི་སྣོད་ཇི་ལྟ་བར་རྗེས་སུ་འཛིན་པས་ལམ་དུ་འཇུག་པ་ན་ཐོག་མར་ནི་དལ་འབྱོར་ཕུན་སུམ་ཚོགས་པ་བཅུ་ཐོབ་པའི་རྟེན་དམ་པ་ཤིན་ཏུ་ རྙེད་དཀའ་བ་འདི། འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་སྤྲོས་པའི་བུན་ལོང་གིས་སྦྱར་བའི་ཉོན་མོངས་པ་དང་ཉེས་པར་སྤྱོད་པ་རྣམས་ཀྱིས་ཆུད་གཟོན་ནས་སྣང་བ་ནས་མུན་ཁྲོད་དུ་འགྲོ་བར་ཕྱོགས་པ་ལས་བློ་ལྡོག་ནས། དམ་པ་རྣམས་ཀྱི་རྗེས་སུ་འབྲངས་པས་ཆོས་རིན་པོ་ཆེ་ ལུས་དང་ངག་དང་ཡིད་ཀྱིས་ཅི་ནུས་ཅི་འོས་བསྒྲུབ་པས་སྙིང་པོ་དམ་པ་བླང་བ་ལ་ལྷུར་བྱ་བར་སེམས་ཐམས་ཅད་ཀྱིས་བསམས་ཤིང་སྙིང་ཐག་པ་ནས་འབད་པར་བྱའོ། །དེའང་ཐོག་མ་མེད་པ་ནས་དམན་པའི་གནས་ལ་ཆགས་པ་ལྷུར་བྱེད་པའི་སེམས་ཀྱི་ལེ་ལོས་ཕྱི་བཤོལ་གྱི་ ལོང་སྐབས་མེད་པ་ཉིད་དུ་བརྟུལ་བ་དང་བརྩོན་འགྲུས་བསྐྱེད་པས་ལ་གོར་ལ་གོར་དུ་འཇུག་པར་ནི་རགས་པའི་མི་རྟག་པ་འཆི་བ་རྗེས་དྲན་བསྒོམ་པར་བྱ་སྟེ། འདི་བློས་དེས་ན་ནི་འཇིག་རྟེན་འདིའི་སྤྲོས་པ་རྣམས་ལ་མི་ཆགས་པར་འཇིག་རྟེན་གཞན་གྱི་སྡུག་བསྔལ་གྱི་རྒྱུ་སྤང་བ་དང་ [007A]༄༅། །བདེ་བ་བསྒྲུབ་པའི་དོན་དུ་དགེ་ལེགས་ལ་བརྩོན་པའི་སྐལ་བ་ཅན་དུ་ངང་གིས་ཀྱང་འགྱུར་པས་སོ། །དེས་ན་འདི་རྨི་ལམ་དུའང་མི་དྲན་པར་ཚེ་འདི་འབའ་ཞིག་གི་རྣམ་གཞག་ལ་ལྟ་བས་ནི་ཆོས་ཉི་ཚེ་བྱ་བ་ལྟར་བྱས་ཀྱང་ཚིག་ཙམ་སྙིང་པོར་འགྱུར་གྱིས་ དོན་ལ་རེག་པ་ཅུང་ཟད་ཀྱང་མི་འཐོབ་པས་ན་འདུ་ཤེས་འྡིའང་ཆོས་ཀྱི་རྩ་བ་ཉིད་ཀྱི་འབད་པས་བསྒོམ་པར་བྱ་བའོ། །འཇིག་རྟེན་གཞན་དུ་འཕོ་བ་ན་ཡང་དགེ་བ་ཕྲ་བས་ཀྱང་བདེ་བ་མང་པོ་འདྲེན་ལ། སྡིག་པ་ཕྲ་བས་ཀྱང་སྡུག་བསྔལ་ཆེན་པོ་འབྱིན་པས་ན། ལས་དང་འབྲས་ བུ་རྟེན་འབྲེལ་གྱི་སྒོ་ལ་རྣམ་པར་དཔྱོད་པས་ངེས་པ་བརྟན་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་གོམས་པར་བྱས་ལ། སོ་སོ་ཐར་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཇི་ལྟར་ཁས་བླངས་པ་ལྟར་ཉེས་པ་ཕྲ་བས་ཀྱང་འཛེམ་དོགས་ཤིན་ཏུ་ཆེ་བས་མི་གོས་པར་བྱ་བ་དང། རྐྱེན་ ངན་པའི་དབང་གིས་ཅུང་ཟད་གོས་ན་ཡང་འགྱོད་པ་ཆེན་པོས་ལ་གོར་དུ་ཕྱིར་འཆོས་ཤིང་སྟོབས་བཞིས་སྡིག་པ་སྦྱོང་བས་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བ་ལ་འབད་པ་ཆེན་པོས་བསླབ་པར་བྱ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་དང་ཏིང་ངེ་འཛིན་ལ་སོགས་པ་ ཡོན་ཏན་ཐམས་ཅད་ཀྱི་གཞི། མན་ངག་ཐམས་ཅད་ཀྱི་མཆོག་བདེ་བ་ཐམས་ཅད་ཀྱི་རྩ་བ་ཆེན་པོར་བསྔགས་པའི་ཕྱིར་རོ། །དེ་དག་ལ་སོགས་པ་ལེགས་པར་སྤྱོད་པ་ཐམས་ཅད་ཀྱིས་ཀྱང་སྲིད་པའི་བདེ་བ་ཙམ་དོན་དུ་གཉེར་ཞིང་ཚོལ་བས་དེ་ཙམ་སྒྲུབ་པར་བྱེད་པ་དོར་ཏེ་ སྲིད་པའི་བདེ་བ་ཐམས་ཅད་ནི་ཕྱིན་ཅི་ལོག་གི་ཡུལ་དུ་བདེ་བ་ཙམ་ཡིན་དུ་ཟད་ཀྱི། ཡང་དག་པར་ན་ཁམས་གསུམ་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་ཉིད་དུ་རྣམ་པར་ལྟ་ཞིང་བསྒོམ་པ་ལ་འབད་པར་བྱ་སྟེ། འབའ་ཞིག་པ་ནི་ཚོར་བ་གསུམ་པོ་ ཐམས་ཅད་ཀྱང་སྡུག་བསྔལ་ཉིད་དུ་ཟད་པས་ན་བདེ་བ་གཏན་མེད་པའམ། བྱེད་པ་པོའམ་ཚོར་བ་པོའི་བདག་མེད་པའི་དོན་ཏོ། །དེས་ན་ཚུལ་ཁྲིམས་ལ་སོགས་པ་སྔར་བརྗོད་པའི་རྩོམ་པ་ཐམས་ཅད་ཀྱང་ཐར་པ་འདོད་པ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་ [007B] །དེ་ལྟར་བདག་ཉིད་ངན་སོང་དང་འཁོར་བའི་སྡུག་བསྔལ་ལས་ཕྱིར་ཕྱོགས་ཤིང། བདེ་འགྲོ་དང་ཐར་པར་བློ་གཞོལ་བ་ལས་ལེགས་པར་འགྲོ་བའི་གནས་ཐོབ་པ་ནི་ཐེག་པ་ཐམས་ཅད་ཀྱི་ཐུན་མོང་གི་ཆོས་ཡིན་ཏེ། ད་ནི་ དེ་ཙམ་གྱིས་ཆོག་པར་མི་གཟུང་བར་སྐྱེས་བུ་ཆེན་པོའི་བློས་ཐེག་པ་ཆེན་པོ་ཉིད་ལ་བསླབ་པའི་ཕྱིར། འགྲོ་བའི་ཚོགས་ཚེ་རབས་ནས་ཚེ་རབས་སུ་བདག་གི་མ་ལ་སོགས་པར་གྱུར་ནས་དཀའ་བ་སྣ་ཚོགས་ཀྱིས་ཕན་བཏགས་པའི་གྲངས་ཙམ་བགྲང་བར་ཡང་མི་ནུས་པ་ རྣམས་སྡུག་བསྔལ་མང་པོས་ཀུན་ཏུ་མནར་བ་ལ་རྣམ་པར་བལྟ་བ་བྱམས་པ་དང་སྙིང་རྗེ་ལ་སོགས་པའི་བརྩེ་སེམས་ཀྱིས་རྗེས་སུ་བཟུང་བར་འདོད་པས། དེ་དག་གི་དོན་ཁོ་ནར་རྫོགས་པའི་སངས་རྒྱས་དོན་དུ་གཉེར་བའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་གནས་པ་དང་ འཕེལ་བའི་ངང་ཅན་དུ་བསྒྲུབ་ཅིང་སྦྱང་བས་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་བསམ་པ་སྦྱང་བར་བྱ་སྟེ། འདིས་མ་བཟུང་བའི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ནི་རྫོགས་པའི་སངས་རྒྱས་ཉིད་མི་འཐོབ་པས་སོ། །དེ་ལས་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་ སངས་རྒྱས་ཐམས་ཅད་ཀྱིས་བསླབ་པ་གང་ལ་བསླབས་པར་གྱུར་པ་དང་བསླབས་པ་དང་སློབ་པར་འགྱུར་བས་སངས་རྒྱས་ཉིད་བརྙེས་པར་གྱུར་པ་དང་བརྙེས་པ་དང་བརྙེས་པར་འགྱུར་བ་དང། དུས་གསུམ་གྱི་རྒྱལ་བའི་སྲས་པོ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ བསླབ་པ་གཙོར་ས་བཅུ་སྒྲུབ་བྱེད་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་མམ། བསླབ་པ་གསུམ་མམ། ཚོགས་གཉིས་སམ། ཐབས་ཤེས་རབ་ཀྱི་ལམ་གཉིས་ཀྱི་སྒོ་ནས་འཇུག་པས་འགྲོ་བ་ཐམས་ཅད་ལ་ཕན་པའི་སྦྱོར་བ་སྦྱང་བར་ བྱའོ། །དེ་ནི་ཐབས་ཀྱི་ཆར་བསྒྱུར་བའི་སྒོ་ནས་ཡིན་པས་ཤེས་རབ་ཀྱི་སྒོ་ནས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གང་ཟག་དང་ཆོས་སུ་བརྗོད་པའི་མཚན་ཉིད་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་བསྒོམས་པས་བདེན་པར་ [008A]༄༅། །མངོན་ཞེན་ཐམས་ཅད་གཞིག་པ་དང། སྒྱུ་མ་ལྟ་བུའི་ཆོས་རྣམས་ཀྱི་མཚན་ཉིད་དམ་ནུས་པ་སོ་སོར་ངེས་པའང་སྣང་བ་ཇི་ལྟ་བར་རྣམ་པར་ལྟ་བས་མཐའ་གཉིས་སྤངས་པའི་དབུ་མའི་ལམ་དུ་འཇུག་པར་བྱའོ། །དེ་ལྟར་ཟུང་དུ་འབྲེལ་བའི་ལམ་ དེ་ཉིད་བྱང་ཆུབ་སེམས་དཔའི་མོས་པས་སྤྱོད་པའི་ས་གཉིས་པོ་བསོད་ནམས་ཀྱི་ཚོགས་གཙོར་གྱུར་པ་དང། ཡེ་ཤེས་ཀྱི་སྦྱོར་བ་གཙོར་གྱུར་པའི་ལམ་དག་ཏུ། རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་སྦྱོར་བས་བསྐལ་པ་ཆེན་པོ་གྲངས་མེད་པ་གཅིག་གམ་གཉིས་སུ་ཡང་ བསྒོམས་པ་ལས། དེ་ཁོ་ན་མངོན་དུ་གྱུར་པའི་ཡིད་ལ་བྱེད་པའི་ངོ་བོ་མཐོང་བ་དང་སྒོམ་པའི་ལམ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་གི་ཡེ་ཤེས་ཀྱི་ས་བཅུ་པོར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སློབ་པའི་ལམ་ལ་མཐར་ཐུག་པའི་བར་དུ་ཡོངས་སུ་སྦྱང་བར་བྱའོ། ། དེ་ལས་ནི་འབྲས་བུའི་མཚན་ཉིད་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཀྱིས་བསྡུས་པ་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་པ་ཡོན་ཏན་རབ་མཆོག་དམ་པ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པ་ལས། འགྲོ་བ་ཐམས་ཅད་མངོན་པར་མཐོ་བ་དང། ངེས་པར་ལེགས་པར་ཐབས་དང་ བཅས་པ་ལ་འགོད་པ་ལ་སོགས་པའི་དོན་ཅི་རིགས་པར་མཛད་པའི་ཕྲིན་ལས་ནམ་མཁའ་དང་མཉམ་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་ལ་མངའ་བསྒྱུར་བས་བགྲོད་བྱའི་གོ་འཕང་མཐར་ཐུག་པར་སོན་པར་བྱ་བའོ།། །། ༈ པོ་འདི་ནི་ཐེག་པ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་བསྟན་པ་ལ་འཇུག་པའི་རིམ་པ་ཕྱིན་ཅི་མ་ལོག་ཅིང་མ་ཚང་བ་མེད་པར་གནས་པས་གྲངས་དང་གོ་རིམས་ངེས་པ་ཅན་བསྟན་བཅོས་འདི་མཐའ་དག་གི་ལུས་སོ། །ལུས་རྣམ་པར་གཞག་པ་བཤད་པའོ།། །། ཡན་ལག་རྣམ་པར་དབྱེ་བ་ལས་ཐེག་པ་ཐུན་མོང་གི་འཇུག་པ་ལ་དང་པོར་དགེ་བའི་བཤེས་གཉེན་བསྟེན་པ་འཆད་པ་ན་དེས་གཟུང་བར་བྱ་བའི་སྐལ་ལྡན་ཆོས་ཀྱི་སྣོད་དུ་འགྱུར་བའི་གང་ཟག་བརྗོད་པ། དད་དང་སྙིང་རྗེ་བླ་མ་ལ་གུས་དང། །དེས་གསུངས་ལམ་ལ་ [008B] །མི་དགེ་གང་ཡིན་དེ་ལས་ཅིར་འགྱུར་སོགས། །ཚོལ་བའི་བློ་ལྡན་ཆོས་ཀྱི་སྣོད་དུ་འགྱུར། །གང་དག་མི་ཁོམ་པར་ལྟུང་བའམ་རིགས་ཆད་པ་ལ་སོགས་པས་སྣོད་དུ་མ་གྱུར་པ་ལ་ནི་དགེ་བའི་བཤེས་གཉེན་སངས་རྒྱས་མང་པོས་ཀྱང་ཅི་བྱར་ཡང་མེད་ པས་ན། དལ་འབྱོར་ཐོབ་པ་ཐར་པའི་ས་བོན་རིགས་སད་བྱེད་ཀྱི་རྐྱེན་འགའ་ཞིག་གིས་ནུས་པ་སད་པར་བྱས་པ་ལས། དད་པ་དང་སྙིང་རྗེ་དང་བླ་མ་ལ་གུས་པ་དང་ཐེ་ཚོམ་མེད་པ་དང་དགེ་བ་ཅི་ཡིན་ཚོལ་བའི་བསམ་པ་ལྔ་དང་ལྡན་པ་ནི་ཆོས་ཀྱི་སྣོད་དུ་འགྱུར་བའོ། །དད་པ་ནི་གསུམ་ ལས་ཀྱང་ཡིད་ཆེས་པ་གཙོ་བོར་གྱུར་པ་སྟེ། གཉིས་པོའང་དཀོན་མཆོག་ལ་སོགས་པའི་ཡོན་ཏན་ལ་ཡིད་ཆེས་པ་དང། བླང་དོར་གྱི་འབྲས་བུ་ལ་ཡིད་ཆེས་པ་ཉིད་ལ་བལྟོས་པས་སོ། །འདི་ནི་དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་འང་ཡིན་པས་ན། ཆོས་བཅུ་པ་ལས། དད་པ་མེད་ པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ་ཞེས་གསུངས་ལ། ཐེག་པ་ཆེན་པོའི་སྡེ་སྣོད་ཉིད་ལས་ནི། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེས་ནི་འདྲེན་པ་ངེས་པར་འབྱུང། །དེ་ཕྱིར་བློ་དང་ལྡན་པ་ཡིས། །དད་པའི་རྗེས་སུ་ འབྲང་བ་སྟེན། །ཞེས་སོ། །སྙིང་རྗེ་ནི་ཐེག་པ་ཆེན་པོའི་རྩ་བ་དང་སྣོད་ཉིད་དེ། དེ་མེད་པ་སེམས་ཅན་གྱི་བདེ་སྡུག་ཡལ་བར་འདོར་བ་ལ་ནི། ཐེག་པ་ཆེན་པོ་གཏན་མི་སྐྱེ་བས་ན། ཆོས་འགྲོ་བ་ལས། གང་ལ་མགོ་ཡོད་པ་ལ་འཚོ་བ་ཡོད་པ་ལྟར་སྙིང་རྗེ་དང་ལྡན་པ་ལ་སངས་རྒྱས་ཉིད་ ཡོད་པ་དང། ཆོས་མང་པོ་ལ་བསླབ་པར་མི་བྱ་སྟེ། ཆོས་གཅིག་ལ་བསླབས་ན་བྱང་ཆུབ་དེའི་ལག་ན་ཡོད་པ་ནི་སྙིང་རྗེ་ཆེན་པོར་གསུངས་སོ། །བླ་མ་ལ་གུས་པ་ནི་སངས་རྒྱས་ཉིད་དུ་འཛིན་པ་སྟེ། དེ་ནི་ཐམས་ཅད་ཀྱང་སངས་རྒྱས་ཉིད་ཀྱིས་བདག་པོས་བྱས་པ་དང་དེས་བྱིན་གྱིས་བརླབས་ པ་དང་དེའི་བྱ་བ་བྱེད་པ་ཉིད་ལས། སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ། ཞེས་གསུངས་སོ། །ང་རྒྱལ་ལ་སོགས་པས་དེ་ལ་མི་གུས་པའམ། བརྙེས་ །ཐེ་ཚོམ་མེད་པས་ནི་བླ་མའི་ཚིག་ལ་ཚིག་ཏུ་བྱེད་ [009A]༄༅། །བྱེད་པས་ཡིད་རྟོན་པ་སྟེ། དེ་ལ་ནི་ཡོན་ཏན་བདེ་བླག་ཏུ་སྐྱེ་ལ། ཡིད་གཉིས་ཟ་བས་ནི་བསྒྲུབས་ཀྱང་འབྲས་བུ་མི་ཐོབ་པས་ན། རྒྱལ་པོ་མེའི་རྣམ་ཐར་ལས་ལྷ་དག་གཞོན་ནུ་ནོར་བཟང་ལ་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ཐེ་ཚོམ་མ་བྱེད་ ཅིག་དེ་ནི་ཡང་དག་པ་ཉིད་སྟོན་གྱི་ལོག་པ་མི་སྟོན་ནོ། །དེའི་ཕན་འདོགས་པ་དང་ཆར་གཅོད་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་འདོམས་པའོ། །དགེ་བ་ཅི་ཡིན་ཞེས་འཚོལ་བ་ནི་གང་གིས་དགེ་བར་འགྱུར་ལ་གང་གིས་ནི་མི་དགེ་བར་འགྱུར། འདི་བྱས་ན་ཡུན་རིང་ པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རམ། གནོད་པར་འགྱུར་རམ། འདི་ནི་བདག་གིས་ངེས་པར་བྱའོ་འདི་ནི་སྤང་ངོ་ཞེས་དོན་དུ་གཉེར་བ་དང་སྤྲོ་བ་ཡོད་པ་སྟེ། དོན་དུ་མི་གཉེར་པ་ལ་ནི་སུས་ཀྱང་ཅི་བྱར་ཡང་མེད་པས་སོ། །དོན་དུ་གཉེར་བ་ལ་ནི་རྫོགས་པའི་བྱང་ཆུབ་ཀྱང་རྙེད་ དཀའ་བ་མེད་པར་གསུངས་སོ། །ཡང་གཞོན་ནུ་ནོར་བཟང་སྔོན་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། མོས་པ་རྒྱ་ཆེ་བ། བླ་མའི་རྗེས་སུ་འབྲང་བའི་བསམ་པ་ཅན། ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ། བྱང་ཆུབ་སེམས་དཔའི་ལམ་སྦྱོང་བ་ལ་བརྩོན་ པ༑ ཐམས་ཅད་མཁྱེན་པ་ལ་མོས་པ། ཆོས་ཀྱི་སྣོད་དུ་གྱུར་པ། བསམ་པའི་ནམ་མཁའ་རྣམ་པར་དག་པ། བྱང་ཆུབ་ཀྱི་སེམས་ཆགས་པ་མེད་པ་ཡོངས་སུ་རྫོགས་པ་ཞེས་དམ་པ་མང་པོས་གདམས་པ་ཆེན་པོའི་སྣོད་དུ་གསུངས་པའི་རྗེས་སུ་མཐུན་པ་ཅི་རིགས་པ་དང་ལྡན་པ་ཡང་ ངོ། ༈ །དེ་ལྟ་བུ་དེས་བསྟེན་པར་བྱ་བ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བརྗོད་པ། བརྩེ་བས་རང་བདེ་དོར་ཏེ་ཟང་ཟིང་ཅི་རིགས་སྦྱིན་སོགས་ཀྱིས། འདུན་དང་སྣོད་དུ་བྱས་ནས་གསལ་མཛེས་གསུང་གི་སྐྱོན་མེད་ཅིང། །བཟོད་ལྡན་འཇིགས་མེད་སེར་སྣ་དཔེ་མཁྱུད་ཐག་བསྲིངས་གདུལ་ བྱ་དང། །རྗེས་མཐུན་ཚད་མ་གསུམ་ལྡན་གུས་པས་དུས་སུ་ལེགས་སྟོན་བྱེད། །སྒྲུབ་ལ་འགོད་ཅིང་གཟེངས་བསྟོད་དགའ་བྱེད་གླེང་དང་དྲན་བྱེད་དང། །གདམས་དང་རྗེས་སྟོན་ཆོས་སྟོན་པ་ཡིས་བསྟན་པ་དོན་དང་ལྡན། །དུལ་ཞིང་ཞི་ལ་ཉེར་ཞི་བློ་གསལ་ཐོས་མང་རབ་སྦྱངས་པ། ། [009B]ཇི་སྐད་སྨྲས་བཞིན་བྱེད་པས་བཟུང་འོས་ཚིག་ལྡན་ཕན་བདེ་ཡི། །བསམ་པ་དྲང་ཞིང་དེའི་ཐབས་མཁས་གདུལ་བྱའི་ཁམས་སོགས་དང། །མཐུན་པའི་དོན་བསྒྲུབ་མཐར་ གྱི༑ ༑ཚོགས་ཀྱིས་ཀུན་ནས་མཐོང་ །འདི་དག་གི་དོན་བསྡུས་པ་ནི་བསམ་པ་ཕུན་སུམ་ཚོགས་པ་དང། སྦྱོར་བ་ཕུན་སུམ་ཚོགས་པ་དང། ནུས་པ་ཕུན་སུམ་ཚོགས་པ་གསུམ་གྱིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་ གཉེན་གྱི་མཚན་ཉིད་ཁ་ན་མ་ཐོ་བ་མེད་པའོ། །བསམ་པ་ནི་བརྩེ་བས་རང་བདེ་དོར་བ་སྟེ། གཞན་ལ་སྙིང་བརྩེ་བས་དོན་དང་ཕན་པ་དང་བདེ་བ་དང་བདེ་བ་ལ་རེག་པར་གནས་པ་དང་གྲུབ་པ་དང་བདེ་བར་འགྱུར་པར་འདོད་པས། རང་བདེ་བར་གནས་པ་དང་རྙེད་པ་ལ་སོགས་པ་ཟང་ ཟིང་ལ་ལྟ་བ་རིང་དུ་དོར་ནས་གཞན་དོན་འབའ་ཞིག་ལ་གཞོལ་བའོ། །སྦྱོར་བ་ནི་བསྡུ་བའི་དངོས་པོ་བཞིས་འཁོར་ལ་ཕན་འདོགས་ཤིང་སྐྱོང་བ་སྟེ། སྦྱིན་པ་ལ་སོགས་པས་རིམ་པ་བཞིན། ཕན་པར་བྱེད་པས་སྣོད་དུ་བསྒྲུབ་པ་དང། འཛིན་པར་བྱེད་པས་མོས་པ་བསྐྱེད་པ་དང། འཇུག་ པར་བྱེད་པས་བསྒྲུབ་པ་ལ་འཇོག་པ་དང། རྗེས་སུ་འཇུག་པས་བསྒྲུབ་པ་རྣམ་པར་སྦྱོང་བར་བྱེད་པའོ། །དེ་ལ་སྦྱིན་པ་ནི་ཟང་ཟིང་ཅི་རིགས་ཅི་ནུས་སུ་སྦྱིན་ཞིང་གསོང་ བྱེད་པ་ལས་སྣོད་དུ་བསྒྲུབ་པའོ། །རྒྱལ་བའི་ཡུམ་ལས་ཁྱེད་ཅིའི་ཕྱིར་དགེ་བ་བསྒྲུབ་པར་མི་བྱེད་ཅེས་དྲིས་ཏེ། རྐྱེན་དང་མི་ལྡན་པའི་ཕྱིར་རོ་ཞེ་ན། ང་ལ་ཟས་དང་གོས་ལ་སོགས་པ་ཅི་དང་ཅི་དགོས་པ་ལོང་ལ་དགེ་ལེགས་ཐམས་ཅད་སྒྲུབ་ཤིག་ཅེས་འདོམས་པར་གསུངས་པ་བཞིན་ ནོ། །སྙན་པར་སྨྲ་བ་ནི་རྣམ་པ་དགུས་ཆོས་ལེགས་པར་འཆད་ཅིང་སྟོན་པ་སྟེ། གསལ་ཞིང་མཛེས་པའི་གསུང་གིས་སྟོན་པ་ནི་ཚིག་ཡན་ལག་བརྒྱད་དང་ལྡན་པ་དང་ངག་ཡན་ལག་བརྒྱད་དང་ལྡན་པ་ལ་སོགས་པས་ལེགས་པ་སྟོན་པའོ། །དང་པོ་ནི་ཚིག་དང་ཡི་གེ་རིགས་པ་དང་མི་འགལ་ [010A]༄༅། །བར་བསྟན་པས་རིགས་པ་དང། བསྟན་པ་དང་མི་འགལ་བར་བཤད་པས་འབྲེལ་པ་དང། ཐེག་པ་ཐམས་ཅད་དང་མི་འགལ་བས་མཐུན་པ་དང། སྒྲ་བདེ་ཞིང་ཉམ་མིང་བས་རུང་བ་དང། དོན་གྲགས་པ་བརྗོད་པས་འབྱོར་པ་དང། གདུལ་བྱ་དང་ཅི་རིགས་ སུ་མཐུན་པས་འཕྲོད་པ་དང། མྱ་ངན་ལས་འདས་པས་ངེས་པར་འབྱིན་པས་འཚམ་པ་དང། སློབ་མའི་ཚོགས་གང་འོས་པ་དང་མཐུན་པས་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་སུ་གྱུར་བའོ། །གཉིས་པ་ནི་བརྡ་མི་ཞན་པས་འཁོར་ཀུན་ལ་ཁྱབ་པའི་ཕྱིར་གྲོང་ཁྱེར་བ་དང། རྣར་སྙན་ པས་སྙན་ཅིང་འཇེབས་པ་དང། ཚིག་དང་ཡི་གེ་ལེགས་པར་ངེས་པ་བཤད་པས་རྣམ་པར་གསལ་བ་དང། དོན་གྲགས་པ་བརྗོད་པས་རྣམ་པར་རིག་པར་བྱེད་པ་དང། གདུལ་བྱ་དང་ཅི་རིགས་སུ་མཐུན་པས་མཉན་པར་འོས་པ་དང། རྙེད་པ་དང་བཀུར་སྟིའི་ཟང་ཟིང་ལ་མི་བརྟེན་པས་བརྟེན་པ་ མེད་པ་དང། རིམ་ ཡངས་ཤིང་རྒྱུན་མི་ཆད་པས་གཏུགས་པ་མེད་པའོ། །གསུང་འདི་ལ་ནི་ཆོ་ག་བཟང་པོ་ཤེས་པ་དང། སྨྲ་མཁས་པ་དང་ལྡན་པ་དང། ཚིག་གི་བྱ་བ་ཤེས་པས་ཚིག་དགེ་བ་ལ་སོགས་པར་ཡང་གསུངས་སོ། །སྐྱོ་བ་མེད་པ་ནི་འཁོར་ བཞི་ཅར་ལ་ཡང་རྣམ་གྲངས་མང་པོས་སྟོན་པ་ན་སྟོབས་དང་ལྡན་ཞིང་ངལ་བ་མེད་པར་ལེ་ལོ་བསལ་ནས་བསྒྲུབ་བོད་པས་སོ། །བཟོད་པ་དང་ལྡན་པ་ནི་དེ་ལྟར་སྟོན་པ་ན་ཡང་གཞན་གྱིས་བརྙས་པ་དང། འཕྱ་བ་ལ་སོགས་པའི་ནི་སྙན་པའི་ཚིག་གི་ལམ་དང། ལོག་པར་བསྒྲུབ་པ་སྣ་ཚོགས་ ཀྱང་བཟོད་ལ། གཤེའང་ བསྡིགས་པ་དང་རྡུང་བ་དང་ཆ་གྲང་དང་བཀྲེས་སྐོམ་ལ་སོགས་པ་བབ་ཀྱང་རང་གི་ལས་ངན་གྱི་ཉེས་པར་སེམས་པས་བསྲན་ཐུབ་པའོ། །མི་འཇིགས་པ་ན་ཞུམ་ཞིང་བག་ཆ་བས་དྲན་པ་དང་སྤོབས་པ་ཉམས་པ་དང། སྐད་འདར་ འདར་ ལུས་ལ་རྡུལ་འབྱུང་བ་ལ་སོགས་པ་མེད་པའོ། །སེར་སྣ་དང་དཔེ་མཁྱུད་མེད་པ་ནི་ཐམས་ཅད་ལ་དུས་ཐམས་ཅད་དུ་ཐམས་ཅད་ཟད་པར་སྟོན་གྱི་འཆབ་པ་ཐག་བསྲིངས་པའོ། །གདུལ་བྱ་དང་མཐུན་པ་ནི་ཆགས་ལྡན་ལ་མི་སྡུག་པ་ལ་སོགས་པ་དང། མདོ་དང་སྤྲོས་པ་ [010B] །ཚད་མ་གསུམ་དང་ལྡན་པ་ནི་མངོན་སུམ་དང་རྗེས་དཔག་དང་ཡིད་ཆེས་པའི་ལུང་དང་ལྡན་པའི་དོན་སྟོན་གྱི། དེ་དག་དང་མི་ལྡན་པར་རང་བཟོས་མི་འཇུག་པའོ། །གུས་པ་ནི་ཆོས་ལ་བླ་མར་བྱེད་ཅིང་ཉན་པ་པོ་ སྟན་མཐོ་བ་ལ་སོགས་པ་མི་གུས་པ་ལ་མི་སྟོན་ལ། བདག་ཀྱང་ཀུན་སྤྱོད་གཙང་བ་ལ་སོགས་པ་བཀུར་སྟི་དང་བཅས་པས་སྟོན་པ་སྟེ། ཆོས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བླ་མར་བྱ་བ་ཡིན་པའི་ཕྱིར་རོ། །རང་གིས་བཀུར་སྟི་བྱས་ན་གཞན་ཡང་གུས་པར་ཉན་ཅིང་ཁྱད་ དུ་མི་གསོད་པ་ལ་སོགས་པས་དོན་དུ་འགྱུར་བས་ཀྱང་ངོ། །དུས་སུ་སྟོན་པ་ནི་འཁོར་དོན་དུ་གཉེར་བ་ལ་སོགས་པས་སྐབས་ལ་བབ་པར་ཡིན་གྱི། གར་བབ་བབ་ཏུ་མ་ཡིན་པས་གཞན་གྱིས་ པའོ༑ །དོན་སྤྱོད་པ་ནི་རྣམ་པ་བརྒྱད་དང་ལྡན་པས་ཇི་སྐད་བསྟན་པའི་ཆོས་ཉམས་སུ་ལེན་པ་ལ་སྦྱོར་བ་སྟེ། བསྒྲུབ་པ་ལ་འགོད་པ་ནི་སྙན་སྨྲས་དོན་ཇི་ལྟ་བར་རྟོགས་པར་བྱས་པ་དེ་ཉིད་ལ་ལེ་ལོ་དང་འདུན་པ་མེད་པ་དང་གཡེང་བས་བག་མེད་པ་རྣམས་རྗེས་སུ་བསྒྲུབ་པ་ལ་ ཡང་དག་པར་འགོད་པའོ། །ཡང་དག་པར་གཟེངས་བསྟོད་པ་ནི་དམན་པ་ལ་མོས་པ་དང་བདག་ཁྱེད་དུ་གསོད་པ་དང་འགྱོད་པ་མང་བ་དང་བྱ་བ་མང་བས་འཇིགས་ཤིང་ཞུམ་པ་རྣམས་ལ་བརྩོན་འགྲུས་ཀྱི་ཕན་ཡོན་སྟོན་པས་སོ། །ཡང་དག་པར་དགའ་བར་བྱེད་པ་ ནི་ཕྱིན་ཅི་མ་ལོག་པ་དང་མཉམ་པ་དང་ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱིས་ལེགས་པར་ཞུགས་པ་རྣམས་ཡོན་ཏན་ཇི་ལྟ་བ་བརྗོད་པས་སྤྲོ་དགའ་འཕེལ་བར་བྱེད་པའོ། །གླེང་བར་བྱེད་པ་ནི་ཚུལ་ཁྲིམས་ཉམས་པ་ལ་སོགས་པ་གཞི་གསུམ་དང་བཅས་པ་རྣམས་ དུས་སུ་དང་དོན་དང་ལྡན་པར་དང། ཚིག་འཇམ་པོས་དང་ཕན་སེམས་ཉིད་ཀྱིས་སྡང་བ་དང་བརྙས་པ་དོར་ནས་གླེང་བའོ། །དྲན་པར་བྱེད་པ་ནི་ལྟུང་བ་ལ་སོགས་པ་མི་དྲན་པ་ལ་ཡུལ་དང་དུས་དང་གཞི་དང་བཅས་པར་བརྗོད་པས་དྲན་པར་བྱེད་པ་དང། གཞན་ཡང་ [011A]༄༅། །སྡིག་པའི་གྲོགས་པོ་དང་བདུད་ཀྱི་ལས་ལ་སོགས་པ་ལ་བརྟེན་པ་ན་ཡང་ཡང་དག་པའི་སྤྱོད་པ་ལ་སོགས་པ་དྲན་པར་བྱེད་པས་དེ་དག་གི་ཉེས་པ་རྣམས་སྦྲོན་པའོ། །གདམས་ངག་ནི་གནས་གསུམ་གྱིས་བསྡུས་པ་རྣམ་པ་བརྒྱད་དེ། སེམས་ གནས་པར་བྱ་བའི་ཕྱིར་དམིགས་པ་ལ་འདོགས་པ་ནི་གདུལ་བྱའི་སེམས་དང། དབང་པོ་དང། བསམ་པ་དང། བག་ལ་ཉལ་བཞི་ཏིང་ངེ་འཛིན་གྱི་མྠུའམ་འགྲོགས་པའི་རྒྱུ་ལས་ཤེས་པར་བྱས་ནས། མི་སྡུག་པ་ལ་སོགས་པ་ཅི་རིགས་པ་ལ་འཛུད་པ་སྟེ་ལྔ་དང། སེམས་ གནས་པ་ལ་རང་དོན་ཐོབ་པའི་ཐབས་སྟོན་པ་ནི་བཟུང་བྱ་མ་ཡིན་པ་རྟག་པའི་མཐའ་དང། ཆད་པའི་མཐའི་གཉེན་པོར་དབུ་མའི་ལམ་སྟོན་པ་གཉིས་སོ། །རང་གི་དོན་མཐར་མ་ཕྱིན་པ་ལ་བར་མ་དོའི་གནས་འདོར་དུ་འཇུག་པ་ནི་མ་བྱས་པ་དང་མ་ཐོབ་པ་དང་མ་རིག་པ་དང་མངོན་དུ་ མ་བྱས་པ་ལ་མངོན་དུ་བྱས་སོ་སྙམ་པའི་བར་གྱི་མངོན་པའི་ང་རྒྱལ་འདོར་དུ་འཇུག་པའོ། །རྗེས་སུ་བསྟན་པ་ནི་ལྔ་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པ་དགག་པ་དང། ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་སྤྱོད་པ་གནང་བ་དང། གནང་བ་དང་བཀག་པ་དེ་དག་ལ་མ་འཁྲུལ་བར་ སྤྱོད་པ་བསྐུལ་བ་དང། མ་གུས་པས་འཁྲུལ་པ་ལན་མང་དུ་སྤྱོད་པ་ལ་རྙོག་པ་མེད་ཅིང་སྣུམ་པའི་བསམ་པས་སྨ་དབབ་པས་དྲན་དུ་གཞུག་པ་དང། གནང་བ་དང་བཀག་པ་ཇི་ལྟ་བར་ཞུགས་པ་ལ་ཡོན་ཏན་དོན་དང་མཐུན་པར་བརྗོད་པས་དགའ་བར་བྱ་བའོ། །ཡང་ན་གདམས་ ངག་དང་རྗེས་སུ་བསྟན་པ་བཞིས་སྟོན་པ་སྟེ། ཚུལ་ཁྲིམས་ལ་ལེགས་པར་སྦྱོར་བ་བསྔགས་པ་དང། ཉེས་པར་སྤྱོད་པ་སྨད་པ་དང། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བར་དུ་གཅོད་པའི་ཆོས་རྣམས་སྟོན་པ་དང། རྗེས་སུ་མཐུན་པའི་ཐབས་སྟོན་པ་བཞིར་ཡང་གསུངས་སོ། །ཆོས་སྟོན་པ་ནི་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། དུས་དང་པོར་བྱ་བ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་གཏམ་སྟོན་པ་དང། སྣོད་དུ་གྱུར་པ་ལ་བདེན་པའི་ཆོས་ཉིད་དང་དེ་བཞིན་ཉིད་ཟབ་མོ་ལ་སོགས་པ་ཡང་དག་ཕུལ་གྱི་ཆོས་ [011B] །རྣམ་པ་བརྒྱད་པོ་དེ་དག་གིས་ནི་ཇི་སྐད་བཤད་པའི་ཆོས་ལ་སྦྱར་བས་བསྟན་པ་དོན་དང་ལྡན་པར་བྱེད་པའོ། །དོན་མཐུན་པ་ཡང་རྣམ་པ་བརྒྱད་དང་ལྡན་པ་སྟེ། དུལ་བ་ནི་ཚུལ་ཁྲིམས་དང་ལྡན་པས་དབང་པོ་དུལ་བའམ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ ཡན་ལག་དྲུག་པ་ལ་གནས་ཤིང་མ་ཉམས་ལ་སྐྱོན་མེད་པའོ། །ཞི་བ་ནི་ཏིང་ངེ་འཛིན་དང་ལྡན་པས་སེམས་ནང་དུ་ཞི་བར་གནས་པའོ། །ཉེ་བར་ཞི་བ་ནི་ཤེས་རབ་དང་ལྡན་པས་ཕྱིན་ཅི་ལོག་དང་ཉོན་མོངས་བ་རྣམས་ཉེ་བར་ཞི་བའོ། །བློ་གསལ་བ་ནི་ལྷན་ཅིག་སྐྱེས་པའི་ ཤེས་རབ་རྣོ་བའོ། །མང་དུ་ཐོས་པ་ནི་ཐོས་པ་བསགས་ཤིང་ཚུལ་བཞིན་བསམ་པས་བློ་སྦྱངས་པ་སྟེ། དམ་པའི་ཆོས་ཐོག་མར་དགེ་བ་ལ་སོགས་ལེགས་པར་གསུངས་པའི་མཚན་ཉིད་ཅན་མང་པོ་མཉན་ཅིང་ལེགས་པར་བཟུང། བརྟན་པར་བྱས། ཁ་དོན་བྱང། ཡིད་ ཀྱིས་བརྟགས། མཐོང་བས་ལེགས་པར་རྟོག་པར་བྱས་པའོ། །རྟོགས་པ་དང་ལྡན་པ་ནི་བསྒོམས་པ་ལས་བྱུང་བའི་ཤེས་པ་འདུ་ཤེས་ཉི་ཤུ་དང་བསམ་གཏན་བཞི་ལ་སོགས་པ་ཅི་ཐོབ་པས་ཞི་གནས་དང་ལྷག་མཐོང་གཉིས་དང་ལྡན་པའོ། །བརྩོན་འགྲུས་དང་ལྡན་པ་ནི་ གཞན་གྱི་དོན་ལ་མི་གཡེལ་བར་རྟག་ཏུ་བསྒྲིན་པའོ། །ཚིག་གཟུང་བར་འོས་པ་ནི་གཞན་བསྒྲུབ་པ་ལ་འགོད་པ་ཇི་སྐད་སྨྲས་པ་ལྟར་རང་ཉིད་ཀྱང་བསྒྲུབ་པས་ཇི་སྐད་སྨྲས་བཞིན་བྱེད་པའི་ངང་ཚུལ་ཅན་དུ་རིག་ནས། དེས་དགེ་བ་གང་ལ་གཞན་དག་བཙུད་པ་དེ་ལེགས་པར་ བསྒྲུབ་པས་མཐར་ཕྱིན་པར་འགྱུར་བའོ། །རྣམ་པ་བརྒྱད་པོ་དེས་ནི་རང་ཉིད་བསྒྲུབ་པ་ཕུན་སུམ་ཚོགས་པ་ལ་གནས་པས་སྟོན་པའི་དོན་དང་མཐུན་པ་ལས་གཞན་གྱི་བསྒྲུབ་པའང་རྣམ་པར་སྦྱོང་བར་བྱེད་པའོ། །ནུས་པའི་ཁྱད་པར་ནི་དང་པོ་ཉིད་ནས་ཕན་པ་དང་བདེ་བ་འདོད་ པའི་བསམ་པ་དྲང་པོ་དང་ལྡན་པས་མཛའ་བཤེས་ཀྱི་ཕྱོགས་སུ་གྱུར་པ་དང། ཕན་བདེའི་ཐབས་ལ་ཕྱིན་ཅི་ལོག་མེད་པས་ཡང་དག་པར་ཤེས་ཤིང་མཁས་པ་དང། ཆོ་འཕྲུལ་གསུམ་གྱིས་གདུལ་བྱའི་ཁམས་དང་དབང་པོ་ལ་སོགས་པ་ཤེས་ཤིང་ཐབས་གང་ཆོས་ [012A]༄༅། །གང་གིས་གདུལ་བྱའི་མཐུ་དང་ལྡན་པ་དང། རབ་འབྲིང་ཐ་མར་གྱུར་པའི་གདུལ་བྱ་ཐམས་ཅད་མཉམ་དུ་སྐྱོང་བའོ། །དེ་ལྟར་ན་བསམ་པ་ཕུན་སུམ་ཚོགས་པ་དང། སྦྱོར་བ་སྦྱིན་པ་དང། སྙན་པར་སྨྲ་བའི་རྣམ་པ་དགུ་དང། དོན་སྤྱོད་པའི་རྣམ་པ་བརྒྱད་དང་ དོན་མཐུན་པའི་རྣམ་པ་བརྒྱད་དང། ནུས་པའི་རྣམ་པ་བཞི་སྟེ། རྣམ་པ་སུམ་ཅུ་རྩ་གཅིག་དང་ལྡན་པས་ཡོན་ཏན་ལྷག་པ་ལྷག་པར་གྱུར་པ་ནི་རྣམ་པ་ཐམས་ཅད་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་ཏེ། འདི་དག་ལས་སྐབས་སོ་སོ་དང་འབྲེལ་པ་གཙོ་བོའི་དོན་ཉེ་བར་ བཟུང་ནས། བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག་དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་བྱ་བ་དང། གང་ཞིག་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་ རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའ་ཐོས་མང་དང། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི་ ཆེན་པོ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་དང། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག་ཅེས་བྱ་བ་དང། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ཞེས་བྱ་བ་དང། །ཚུལ་ཁྲིམས་ ལྡན་དང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང། །དུས་སུ་འདོམས་པ་དེ་ནི་བླ་མར་བསྔགས། །ཞེས་བྱ་བ་ལ་སོགས་པ་དང། མདོ་ལས་ཀྱང་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་དང་རང་རྒྱལ་དང་ཉན་ཐོས་དག་ཀྱང་སྟེ། མི་དགེ་བ་བཅུ་སྤོང་བ་དང་དགེ་བཅུ་བསྒྲུབ་པ་ལ་སྦྱོར་བས་སོ། །ཡང་ཆོས་ཇི་ལྟར་སྟོན་ཅིང་བསྟན་པ་ཇི་ལྟ་བར་སྤྱོད་པས་དགེ་བའི་བཤེས་གཉེན་ནོ། །ཡང་རང་ཉིད་ནོར་བདུན་ལ་སོགས་པས་བྱང་ཆུབ་ [012B] །ཡང་དགེ་བའི་ཆོས་དང་ལྡན་པ་སྟེ་ཅི་བྱེད་དོ་ཅོག་རང་བདེ་བར་མི་སྦྱོར་གྱི་རྟག་ཏུ་སེམས་ཅན་བདེ་བ་ལ་སྦྱོར་བའོ། །གཞན་གྱི་སྐྱོན་མཐོང་ཡང་མི་བརྗོད་དེ་རྟག་ཏུ་ཆོས་འབའ་ཞིག་སྨྲ་བའོ། །ཡང་ནད་ཤེས་ཤིང་ སྨན་ཤེས་ལ་ཕན་པའི་སྨན་སྦྱོར་བ་གསུམ་གྱིས་ཏེ། སྨན་པ་ཆེན་པོས་ནད་བརྟགས་ནས་རླུང་ལ་མར་དང་མཁྲིས་པ་ལ་ཁ་ར་དང་བད་ཀན་ལ་ལྐའི་ འདོད་ཆགས་ཅན་ལ་ཀེང་རུས་ལ་སོགས་པས་གསོ་བའོ། །ཡང་མཉན་པ་ཆེན་པོས་འགྲོ་ བ་བདེ་བར་ཆུ་བོ་ལས་སྒྲོལ་བ་ལྟར་དེས་ཀྱང་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བས་སོ། །ཡང་གངས་རི་སྨན་མཆོག་ཐམས་ཅད་ཀྱི་གནས་ཡིན་པ་ལྟར་དེའང་ཐམས་ཅད་ཀྱི་དགེ་བའི་གནས་ཡིན་པས་དེ་རྫོགས་པར་བྱེད་པའོ། །ཡང་རྩི་ཤིང་དང་ལོ་ཏོག་ཐན་པས་ཉན་པ་ལ་ཀླུའི་ རྒྱལ་པོས་ཆར་ཕབ་ན་ཕྱི་ཕྱིར་འཕེལ་བ་ལྟར། དེས་ཀྱང་སེམས་ཅན་གྱི་དགེ་བའི་རྩ་བ་འགྲིབ་པ་ན་བདུད་རྩིའི་ཆར་ཕབ་པས་ཐམས་ཅད་དགེ་བའི་རྩ་བ་དང་ལྡན་པར་མཛད་པའོ། །ཡང་སྨན་པ་རིག་པ་བརྒྱད་ལ་མཁས་པ་ནད་པ་རབ་འབྲིང་ཐ་མ་ཐམས་ཅད་གསོ་བ་ ནི་སྨན་པ་ཆེན་པོ་ཡིན་པ་ལྟར། ཉོན་མོངས་པའི་ནད་ཅན་ཐམས་ཅད་ལ་བརྩེ་བས་ཆོས་སྟོན་པས་དགེ་བའི་བཤེས་གཉེན་ནོ་ཞེས་བྱ་བ་ལ་སོགས་པ་དང། ཡང་གཞོན་ནུ་ནོར་བཟང་ལ་དགེ་བའི་བཤེས་གཉེན་ནི་བཅུ་སྟེ། བྱང་ཆུབ་ཀྱི་སེམས་ལ་འཇོག་པ་དང། དགེ་བའི་རྩ་ བ་ལ་སྦྱོར་བ་དང། ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་དང། ཆོས་ཐམས་ཅད་སྟོན་པ་དང། སེམས་ཅན་སྨིན་པར་བྱ་བ་ལ་འཇོག་པ་དང། སྤོབས་པ་ངེས་པར་བྱེད་པ་དང། འགྲོ་བ་ཐམས་ཅད་ལས་གྱེན་དུ་སྐྱོད་པར་བྱེད་པ་དང། བསྐལ་པ་ཐམས་ཅད་དུ་མི་སྐྱོ་བ་དང། ཀུན་ཏུ་བཟང་པོའི་ སྤྱོད་པ་ལ་འཇོག་པ་དང། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་ཅིང་འབབ་པར་བྱེད་པའི་དགེ་བའི་བཤེས་གཉེན་ནོ། །ཞེས་བསྟན་པ་ལ་སོགས་པ་ཅི་རིགས་པར་གསུངས་པ་སྟེ། ཐམས་ཅད་ཚང་བ་དྐའང་སོ་སོར་སྐྱེ་བོ་དང་འཕགས་པ་དག་ལ་ཇི་ལྟར་སྲིད་པ་དང་ [013A]༄༅། །རྗེས་སུ་མཐུན་པ་ཙམ་མམ་ཆ་འགའ་ཙམ་དང་ལྡན་པ་ལའང་བསྟེན་པར་བྱ་བ་ཉིད་དུ་གོ་བར་བྱ་སྟེ། ཐམས་ཅད་ལའང་སངས་རྒྱས་ཉིད་ཀྱི་བྱ་བ་བྱེད་པས་དེའི་འདུ་ཤེས་དང། ཤིན་ཏུ་རྙེད་དཀའ་བར་ཡང་བསམས་ནས་གུས་པ་བྱས་ན་དོན་ ཐམས་ཅད་འགྲུབ་པར་ནི་དེ་མ་ཐག་ཏུ་བཤད་པར་བྱའོ། ༈ །དེ་ལྟ་བུའི་དགེ་བའི་བཤེས་གཉེན་བསྟན་པར་འདོད་པས། དང་པོར་དེ་ཡོངས་སུ་བཙལ་བའི་བསམ་པའི་ཁྱད་པར་སྨྲས་པ། དམ་ཆོས་ཡོངས་འཛིན་དམ་པའི་བཤེས་གཉེན་དག་རིང་ན་བཞུགས་ཀྱང་མཆོག་ ཏུ་རྙེད་དཀའ་དང། །དོན་ཆེན་བསྒྲུབ་ཕྱིར་རབ་ཏུ་གུས་པའི་བློས། །དཀའ་བའི་འདུ་ཤེས་ངོར་ཏེ་ཡོངས་སུ་བཙལ། །ཆོས་བཅུ་པ་ལས། དམ་པའི་ཆོས་འཛིན་པ་དག་གི་དྲུང་དུ་སོང་སྟེ། མངོན་དུ་ལྡང་བ་དང། ཐལ་མོ་སྦྱར་བ་དང་ཕྱག་བྱ་བ་དང་གུས་པར་སྨྲ་བ་དང། གུས་པར་བྱ་བའི་ལས་ བྱས་ནས། ཞེ་ས་དང་བཅས་གུས་པ་དང་བཅས་པས་མེ་ཏོག་ལ་སོགས་པ་ཕུལ་ཏེ་ཚུལ་བཞིན་དུ་གསོལ་བ་གདབ་པོ། །དེས་ལན་གནང་བ་ན་སྟོན་པའི་འདུ་ཤེས་དང། དགེ་བའི་བཤེས་གཉེན་གྱི་དང། སྲིད་པའི་རྒྱ་མཚོ་ལས་སྒྲོལ་བྱེད་དང། མཁན་པོ་དང་སློབ་དཔོན་དང་ བདག་ཡུན་རིང་དུ་འཁོར་བར་འཁྱམས་པ་ཚོལ་བྱེད་དང། བདག་ཡུན་རིང་དུ་གཏི་མུག་གིས་བསྒྲིབས་ཤིང་གཉིད་ལོག་པའི་སད་བྱེད་དང། བདག་སྲིད་པའི་རྒྱ་མཚོའི་འདམ་དུ་བྱིང་བའི་འབྱིན་བྱེད་དང། བདག་ལམ་ངན་པར་ཞུགས་པ་ལ་ལམ་བཟང་པོ་སྟོན་བྱེད་དང་ བདག་སྲིད་པའི་བརྩོན་རར་བཅིངས་པ་འགྲོལ་བྱེད་དང། བདག་ཡུན་རིང་པོའི་ནད་ཀྱིས་ཉམ་ཐག་པའི་སྨན་པ་དང། བདག་འདོད་ཆགས་ལ་སོགས་པའི་མེས་ཀུན་ཏུ་འབར་བ་ཞི་བར་བྱེད་པའི་ཆར་སྤྲིན་གྱི་འདུ་ཤེས་བསྐྱེད་དོ་ཞེས་གསུངས་པ་ལྟར་ཤིན་ཏུ་གུས་པ་བསྐྱེད་ དོ། །ཡང་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་ལས། ཡོན་ཏན་འདོད་པ་ལྷག་པའི་བསམ་པ་དང་ལྡན་པ་བྱང་ཆུབ་དོན་དུ་གཉེར་བས། དགེ་སློང་ཚེས་སྨྲ་བ་ལ་གུས་ཤིང་ཞེས་བྱ་སྟེ་ཀླན་ཀ་བཙལ་བ་མེད་པའི་སེམས་ཀྱིས་ཆོས་བཙལ་བར་ [013B] ཡང་སྲེད་མེད་ཀྱི་བུས་ཞུས་པ་ལས། གུས་དང་སྲོག་ལ་འཕངས་པ་མི་བྱའོ། །དངོས་པོ་སྣ་ཚོགས་མི་བཟུང་ངོ། །ནོད་པ་ཆགས་པ་མི་བྱའོ། །རྙེད་པ་དང་བཀུར་སྟི་འདོད་པར་མི་བྱའོ། །དེ་ཐམས་ཅད་ཡོངས་སུ་སྤངས་ཏེ་བཙལ་བར་གསུངས་པ་དང། ཡང་ཆོས་བཞི་དང་ལྡན་ པས་དགེ་བའི་བཤེས་གཉེན་བཙལ་ཏེ། རྒྱུན་ཏུ་དེ་བལྟ་བར་འདོད་པ་དང། བརྩོན་འགྲུས་བརྩམ་པར་འདོད་པ་དང། བསམ་པ་ཡོངས་སུ་དག་པ་དང། ཆོས་འདོད་པར་བྱ་བས་སོ་ཞེས་གསུངས་པ་དང། ཡང་ཟླ་བ་སྒྲོན་མ་ལས། མྱུར་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་སྙིང་རྗེ་ཆེན་ པོ་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། བརྩོན་འགྲུས་བརྩམས་ཤིང་ལུས་དང་སྲོག་ལ་མི་ལྟ་བར་ཆོས་དམ་པ་སྟོན་པའི་དགེ་བའི་བཤེས་གཉེན་རྒྱུན་ཏུ་བཙལ་ལ་གཡོ་མེད་པར་བསྙེན་བཀུར་བྱའོ། །ནམ་དེ་ཚོལ་ཞིང་སྲི་ཞུ་བྱེད་པས་སྐྱོ་བ་མེད་ན་བདེ་བར་མངོན་པར་འཚང་རྒྱ་ བའི་ཆོས་འཐོབ་བོ། །དེ་བས་ན་མགོ་ལ་མེ་ཤོར་བ་ལྟར་རྟག་ཏུ་དེ་ཡོངས་སུ་བཙལ་ཞིང་བཀུར་སྟི་བྱ་བར་འབད་དེ། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱང་དེའི་ཁར་རག་ལས་ན་ཆོས་གཞན་ལྟ་ཅི་སྨོས་པར་གསུངས་པ་དང། ཡང་གཞོན་ནུ་ནོར་བཟང་དགེ་བའི་བཤེས་ གཉེན་ཚོལ་བ་ན་དེ་ལ་སྡུག་པར་སེམས། རྗེས་སུ་འབྲང་ཞིང་བཀུར་སྟི་བྱ་བར་མོས། དེས་བསྒོ་བ་དང་མི་འགལ་བར་བྱ་བར་འདོད། ཐམས་ཅད་མཁྱེན་པ་ཉིད་དེ་ལ་རག་ལས་པར་བལྟ། དེ་རྗེས་སུ་བསམ། གཡོ་སྒྱུ་མེད་པར་སྤྱོད། དེའི་སེམས་ཀྱི་དབང་དུ་བྱེད། དེ་ནི་གནོད་པ་ཐམས་ ཅད་སྤོང་བས་མ་ཙམ་དང། དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པས་ཕ་ཙམ་དུ་སེམས་ཤིང་འགྲོ་བ་ལྟར་རོ། །ཡང་བྱང་ཆུབ་སེམས་དཔའི་ས་ལས། ཡོན་ཏན་འདོད་པའི་བསམ་པས་འགྲོའི་ཀླན་ཀ་བཙལ་བའི་བསམ་པས་མ་ཡིན་པ་དང། གུས་པ་དང་བཅས་པས་འགྲོའི་ང་ རྒྱལ་གྱིས་ཁེངས་པས་མ་ཡིན་པ་དང། དགེ་བ་ཅི་ཡིན་ཞེས་ཚོལ་བས་འགྲོའི་བདག་ཉིད་བསྒྲག་པའི་ཕྱིར་མ་ཡིན་པ་དང། རང་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིར་ཡིན་གྱི་རྙེད་པ་དང་བཀུར་སྟིའི་ཕྱིར་མ་ཡིན་པར་གསུངས་པ་ལྟར་ཡང་ངོ། ༈ །བསྟེན་ཅིང་འགྲོགས་པའི་བསམ་ [014A]༄༅། །པའི་ཁྱད་པར་ནི། །རྙེད་ནས་རང་དགའ་དོན་ཏེ་དེ་ཡི་ནི། །དབང་གྱུར་འཛེམ་ཞིང་འཇིགས་བཅས་རབ་གུས་པས། །ཡོན་ཏན་བླངས་ལས་དོན་ཆེན་བསྒྲུབ་འདོད་ཅིང། །གང་གིས་མཉེས་འགྱུར་བསྒྲུབ་ཕྱིར་རྒྱུན་དུ་བསྟེན། །ད་ལྟར་གྱི་སངས་རྒྱས་ མངོན་སུམ་པའི་ཏིང་ངེ་འཛིན་ལས། ཆོས་སྨྲ་བ་དག་གི་དྲུང་དུ་སོང་སྟེ། སྟོན་པའི་འདུ་ཤེས་ཀྱིས་གུས་པ་དང། བསྙེན་བཀུར་བྱ་བ་ཐམས་ཅད་ཀྱིས་བཀུར་བར་བྱ་ཞིང་དེའི་རྗེས་སུ་འབྲང་ངོ། །ཐ་ན་ཆོས་ཉན་པ་ཙམ་གྱི་ཕྱིར་ཡང་ལོ་གཅིག་ནས་བརྒྱའི་བར་དམ་ཇི་སྲིད་འཚོའི་ བར་དུ་རྗེས་སུ་འབྲང་བར་བྱ་ན། ལུང་ནོད་པ་དང་བྲི་བ་དང་བསྒོམ་པ་ལ་སོགས་པའི་ཕྱིར་ལྟ་ཅི་སྨོས། དེས་ཐམས་ཅད་དུ་རང་ཉམས་བཏང་སྟེ་དགེ་བའི་བཤེས་གཉེན་དེའི་བློ་བཞིན་དུ་འཇུག་པར་བྱའོ། །གུས་པ་དང་ཞེ་ས་དང་བཀའ་བཞིན་བྱེད་པ་དང་བཀའ་མི་གཅོག་ པ་དང་མཇའ་བ་རྟག་པ་དང། མི་རྟག་པ་སྤང་བ་དང་ཉེས་པ་ལྟ་བ་མེད་པར་ཕྱི་བཞིན་འབྲང་བར་བྱའོ། །དེ་ལྟར་ནན་ཏན་བྱེད་ན་སྔོན་ཆོས་སྤོང་བའི་ལས་ཡོད་པ་མ་གཏོགས་པར་སློབ་དཔོན་དེ་ལས་ཆོས་མི་འཐོབ་པ་གནས་མེད་ཅིང་སྐབས་མེད་དོ། །དེས་དེ་ལ་ཁྲེལ་ ཡོད་པ་དང་བྱས་པ་གཟོ་བར་བྱས་ནས་དེའི་ཆོས་ཡུན་དུ་གནས་ཤིང་རྨོངས་བ་མེད་པར་འགྱུར་རོ་ཞེས་གསུངས་པའོ། །ཡང་གཞོན་ནུ་ནོར་བཟང་བྱང་ཆུབ་ཆེན་པོར་མོས་ཤིང་བརྩོན་འགྲུས་རྩོམ་པས་དགེ་བའི་བཤེས་གཉེན་འཕགས་པ་འཇམ་དཔལ་གྱི་ཕྱི་བཞིན་ འབྲངས་ཏེ། བློ་གྲོས་ཆེན་པོ་མཐའ་ཡས་སྤྱོད་ཡུལ་ཅན། །ཁྱོད་ཀྱི་མཐུས་ནི་སེམས་ཅན་སྨན་སླད་དུ། །བདག་ཀྱང་བྱང་ཆུབ་མཆོག་ཏུ་ཞུགས་པར་གྱུར། །དེ་ལ་ངེས་པ་མ་མཆིས་བདག་ལ་གསོན། །སྲིད་པའི་ཆུས་གང་འོབས་ཀྱིས་ཀུན་ནས་བསྐོར། །ང་རྒྱལ་ དྲེགས་པའི་རེ་བ་མཐོ་བར་བརྩེགས། །སེམས་ཅན་ལས་བརྒྱུད་སྒོ་མང་བཙུད་ཅིང་གདངས། །དེ་འདྲའི་ཁྱིམ་ནི་སྲིད་གསུམ་མིང་ལྡན་ཆེ། །དེ་ནི་གཏི་མུག་མ་རིག་གཟེངས་པས་ཁེབས། །འདོད་ཆགས་ཞེ་སྡང་མེ་ལྕེས་རབ་ཏུ་གདུངས། །རྟག་པར་བདུད་ཀྱི་དབང་པོའི་དབང་ [014B] །དེ་ལ་བྱིས་པ་རྨོངས་པ་རྟེན་ཀྱང་འཆའ། །སྲེད་པའི་སྒྲོག་དང་ཞགས་པས་ཤིན་ཏུ་གླགས། །གཡོ་དང་སྐྱུ་ཡི་སྐྱོན་གྱིས་མཐོ་བརྩམས་ཤིང། །ཐེ་ཚོམ་ཡིད་གཉིས་དག་གིས་མིག་ལྡོངས་པ། །ལོག་པ་ཕྱིན་ཕྱོགས་ལམ་ལ་རབ་ཏུ་ཞུགས། །ཕྲག་དོག་སེར་སྣའི་ཐག་པས་ བཏགས་ཤིང་བཅིངས། །ཡི་དྭགས་དུད་འགྲོ་སེམས་དམྱལ་མི་ཁོམ་རྒྱུ། །སྐྱེ་རྒ་ན་དང་འཆི་བས་རབ་ཏུ་མནར། །མགོ་རྨོངས་ལམ་བརྒྱུད་འཁོར་བར་ཀུན་ཏུ་འཁོར། །དེ་ལ་ཁྱོད་ནི་ཐུགས་རྗེ་རྣམ་དག་པའི། །དཀྱིལ་འཁོར་ཡེ་ཤེས་འོད་ཟེར་སྣང་བ་མཛད། །ཉོན་མོངས་རྒྱ་མཚོ་ བསྐམ་པར་ཤར་ཏེ་འཕགས། །ཉི་མ་འདྲ་བས་བདག་ལ་སྣང་བ་མཛོད། །བྱམས་པ་བསྒོམས་པས་དཀྱིལ་འཁོར་རྫོགས་ཤིང་ཉ། །བསོད་ནམས་ཟླ་འོད་བདེ་བའི་ཟེར་འགྱེད་པ། །སེམས་ཅན་ཀུན་གྱི་གནས་སུ་ཤར་གྱུར་གྱི། །ཟླ་བ་ཉ་བ་ལྟ་བུས་བདག་སྣང་མཛོད། །དཀའ་ ཐུབ་ཀུན་གྱིས་ཡོངས་བསགས་བསྐོར་མངའ་ཞིང། །ཆོས་དབྱིངས་མཁའ་ལ་ཆགས་པ་མི་མངའ་བ། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྔོན་འདྲེན་པས། །རྒྱལ་པོར་གྱུར་པས་བདག་ལ་བསྟང་དུ་གསོལ། །བྱང་ཆུབ་ཐེག་པའི་སྨོན་ལམ་མཐུ་མངའ་སྟེ། །བསོད་ནམས་ཡེ་ཤེས་ ཤིན་ཏུ་མང་བསགས་ཤིང། །སེམས་ཅན་ཀུན་ལ་ཕན་པའི་དོན་ཞུགས་པའི། །དེད་དཔོན་ཆེན་པོས་བདག་ཀྱང་བསྐྱང་དུ་གསོལ། །བཟོད་པ་བརྟན་ཞིང་བསྲ་བའི་གོ་མན་བས་ཏེ། །ཡེ་ཤེས་སྤྱན་མངའ་ཐུགས་རྗེའི་ཕྱག་རིང་བས། །བདུད་ཀྱི་དམག་དཔུང་ཚོགས་རྣམས་མངོན་ གྱུར་པར། །དཔའ་བོ་ཆེན་པོས་བདག་གི་བསེལ་ཡང་མཛོད། །ཆོས་ཀྱི་རི་རབ་སྤོ་ལ་བརྟན་བཞུགས་ཤིང། །ཏིང་འཛིན་མཆོག་གིས་ལྷ་མོས་ཀུན་ནས་བསྐོར། །ཉོན་མོངས་སྒྲ་གཅན་ལྷ་མིན་འདུལ་མཛད་པ། །བརྒྱ་བྱིན་གྱུར་པས་བདག་ལ་གཟིགས་སུ་གསོལ། །བྱིས་པའི་ གནས་གྱུར་ཁམས་གསུམ་ཁང་བ་ན། །ཉོན་མོངས་ལས་རྣམས་རྣམ་པར་གསལ་བར་མཁྱེན། །རྒྱུ་བའི་ས་དང་ལམ་བརྒྱུད་འཁོར་རྨངས་པར། །མར་མེ་འདྲ་བས་བདག་ཀྱང་བཤུལ་བསྟན་གསོལ། །ཞེས་བྱ་བ་ལ་སོགས་པ་སྙན་ཚིག་དུ་མས་བསྟོད་ཅིང་གསོལ་བ་ [015A]༄༅། །བཏབ་པ་ན། དེས་གསུངས་པ། དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བླ་མའི་རྗེས་སུ་འབྲང་ཞིང་ལམ་ཡོངས་སུ་རྫོགས་པར་འདོད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་བཙལ་བར་སེམས་པ་ལེགས་ཀྱི། བླ་མ་དང་འགྲོགས་ ཤིང་རིམ་གྲོ་བྱེད་པ་ནི་ཐམས་ཅད་མཁྱེན་པ་འགྲུབ་པའི་གྮིའམ་རྒྱུ་མཐུན་པ་ཡིན་གྱི། དེ་བསྟེན་ཅིང་འགྲོགས་པས་མི་སྐྱོ་བར་བྱའོ་ཞེས་སོ། ༈ །བསྙེན་བཀུར་བྱ་བའི་བསམ་པའི་ཁྱད་པར་ནི། གཞན་ཡང་ཅི་ནས་མཉེས་ཤིང་ནམ་དུ་ཡང། །ཡིད་མི་འབྱུང་ དང་ཇི་སྐད་བསྒོ་བའི་གསུང། །འབད་པས་རྗེས་བསྒྲུབ་ཁུར་བཟོད་མི་སྐྱོ་ཞིང། །དམའ་བའི་ཡིད་ཀྱིས་ང་རྒྱལ་ཐག་བསྲིང་བྱ། །བདག་ཉིད་ནད་པ་ཆོས་སྨྲ་སྨན་པ་དང། །ཆོས་ལ་སྨན་དང་རྫས་བསྒྲུབ་ནན་ཏན་ལ། །ནད་སེལ་བྱེད་པའི་འདུ་ཤེས་ལ་སོགས་པས། །སངས་ རྒྱས་ཉིད་འཛིན་གུས་པའི་བསམ་པ་སྦྱང། །ཅི་ནུས་ཀྱིས་བསྙེན་བཀུར་གང་བྱེད་ཀྱང་ཅི་ལྟར་བྱས་ན་དེ་མཉེས་ཤིང་ཡིད་མི་འབྱུང་བ་དང། དེས་ཇི་སྐད་བསྒོ་བ་ལས་མི་འདའ་བར་བསྒྲུབ་པ་དང། དེའི་བྱ་བའི་ཁུར་ཇི་ལྟར་དཀའ་བ་བབ་ཀྱང་བཟོད་ཅིང་བསྲན་ཐུབ་པ་ དང། དེའི་བསྙེན་བཀུར་གྱིས་སྐྱོ་བ་མེད་ཅིང་སྡུག་བསྔལ་ཐམས་ཅད་དང་དུ་བླང་བ་དང། ཤིན་ཏུ་དམའ་བའི་ཡིད་དུ་བྱ་བས་ང་རྒྱལ་དང་རློམ་ཞིང་དྲེགས་པ་ཐག་བསྲིང་བ་དང། རང་ལ་ནད་པ་ལ་སོགས་པའི་འདུ་ཤེས་བཞག་སྟེ། མདོར་ན་སངས་རྒྱས་ཁོ་ནར་ འཛིན་པའི་གུས་པས་བསྙེན་བཀུར་ཐམས་ཅད་བྱ་བར་བསམ་པ་སྦྱང་བར་བྱའོ། །སྲེད་མེད་ཀྱི་བུས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་མཁན་པོ་དང་སློབ་དཔོན་ལ་ང་རྒྱལ་བཅོམ་པ་དང་བཀའ་བློ་བདེ་བས་བླ་མའི་སྲི་ཞུ་དང་གུས་པ་དང་ཕངས་པ་དང་གཅེས་པར་ འཛིན་པའི་སེམས་བསྐྱེད་དོ། །ཆོས་ལ་སྨན་དང་བླ་མ་ལ་སངས་རྒྱས་དང་རང་ལ་ནད་པ་དང་ནན་ཏན་ལ་སྨན་བསྟེན་པ་དང། སེམས་ཅན་ཐམས་ཅད་ལའང་ནད་པའི་འདུ་ཤེས་བསྐྱེད་པར་གསུངས་སོ། །སྡོང་པོ་བཀོད་པ་ལས། ཆོས་བཅུས་བླ་མ་བསྙེན་བཀུར་བར་ [015B] ལུས་དང་སྲོག་ལ་མི་ལྟ་བ་དང། སྲིད་པའི་ལོངས་སྤྱོད་མི་ཚོལ་བ་དང། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་དང། ཐམས་ཅད་མཁྱེན་པར་སྨོན་ལམ་བརྟན་པ་དང། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་ལ་ལྟ་བ་དང། སྲིད་པ་ཐམས་ ཅད་ལས་འཕགས་པར་འདོད་པ་དང། གནས་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་བརྟེན་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ལ་སྒྲིབ་པ་མེད་པ་དང། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འདའ་བ་དང། བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲིབ་ པ་མེད་པ་ཤིན་ཏུ་སྦྱངས་པས་བླ་མ་བསྙེན་བཀུར་ཞིང་དགའ་བར་བྱེད་དོ་ཞེས་བྱ་བ་དང། ཡང་བླ་མའི་ཡོན་ཏན་བསམ་པས་བསྙེན་བཀུར་བྱ་སྟེ་ཁུར་ཐམས་ཅད་བཀུར་བས་མི་སྐྱོ་བས་ས་ལྟ་བུའི་སེམས་དང། དེ་བཞིན་དུ་མི་ཕྱེད་པས་རྡོ་རྗེ་དང། སྡུག་བསྔལ་གྱིས་མི་བསྒུལ་ བས་ཁོར་ཡུག་དང། བཀའ་ཉན་པས་བྲན་དང། ངག་མི་གཅོག་པས་སློབ་མ་དང། ལས་ཐམས་ཅད་བྱེད་པ་ལ་མི་སྨོད་པས་གཡོག་དང། ཉོན་མོངས་པས་མི་སྐྱོ་བས་མ་དང། བྱའོ་ཅོག་མཐུན་པར་འཛིན་པས་བསྙེན་བཀུར་བ་དང། ང་རྒྱལ་སྤངས་པས་ཕྱག་དར་བ་དང་ དུས་དང་དུས་མ་ཡིན་པར་མཐོ་དམན་མེད་པས་ཟླ་བ་ཉ་བ་དང། མི་སྲུན་པ་སྤངས་པས་རྟ་ཅང་ཤེས་དང། ཁུར་ལྕི་བའང་ཁུར་བས་ཐེག་པ་དང། དུལ་ཞིང་ཅང་ཤས་པས་གླང་པོ་ཆེ་དང། མི་སྒུལ་བས་རི་དང། མི་ཁྲོ་བས་ཁྱི་དང། ང་རྒྱལ་མེད་པས་གདོལ་བུ་དང། དྲེགས་པ་ མེད་པས་ཁྱུ་མཆོག་རྭ་བཅད་པ་དང། རློམས་སེམས་མེད་པས་མཚན་བུ་དང། འགྲོ་འོང་གིས་མི་སྐྱོ་བས་གྲུ་དང། ངག་མཐར་འབྱིན་པས་ཟམ་པ་དང། ངོར་ལྟ་བས་བུ་མཛངས་པ་དང། ཆོས་ཀྱི་རྒྱལ་པོའི་བཀའ་ལས་མི་འདའ་བས་རྒྱལ་བུ་གཞོན་ནུ་ལྟ་བུའི་སེམས་ ཀྱིས་བསྙེན་བཀུར་བྱ་བར་གསུངས་སོ། །ཡང་རང་ལ་ནད་པ་དང། དགེ་བའི་བཤེས་གཉེན་ལ་སྨན་པ་དང། གདམས་པ་ལ་སྨན་དང། ནན་ཏན་ཉམས་སུ་ལེན་པ་ལ་ནད་གསོ་བའི་འདུ་ཤེས་བསྐྱེད་དོ། །ཡང་དེ་བཞི་ལ་རིམ་པ་བཞིན་དུ་འགྲོན་པ་དང། ལམ་མཚོན་ [016A]༄༅། །པ་དང་ལམ་དང་ཕྱོགས་བདེ་བར་འགྲོ་བའི་འདུ་ཤེས་དག་དང། དེ་བཞིན་དུ་ཕ་རོལ་ཏུ་འགྲོ་བ་དང་མཉན་པ་དང་མུ་སྟེགས་དང་གྲུ་དག་དང། ཞིང་པ་དང་ཀླུ་དབང་དང་ཆར་དང་ལོ་ཏོག་འགྲུབ་པ་དག་དང། དབུལ་པོ་དང་ངལ་བ་སོ་ དང་དབུལ་བ་སེལ་བ་དག་དང། སློབ་མ་དང་སློབ་དཔོན་དང་བཟོ་དང་ཤེས་པ་དག་དང། འཇིགས་པ་དང་དཔའ་བོ་དང། མཚོན་དང། དགྲ་བསལ་བ་དག་དང། ཚོང་པ་དང་མཉན་པ་དང་རིན་པོ་ཆེ་དང། དེ་སྡུད་པ་དག་དང། བུ་དམ་པ་དང། ཕ་མ་དང་རིགས་ཀྱི་ཆུལ་ དང་དེ་མ་ཉམས་པའི་འདུ་ཤེས་དང། རང་ལ་རྒྱལ་བུ་གཞོན་ནུ་དང། དགེ་བའི་བཤེས་གཉེན་ལ་ཆོས་ཀྱི་རྒྱལ་པོ་དང། ཆོས་ལ་བློན་པོ་དང། ཆོས་བསྒྲུབ་པའི་ནན་ཏན་ལ་རྒྱལ་ཁྲིམས་ཀྱི་འདུ་ཤེས་བསྐྱེད་ལ་བསྙེན་བཀུར་གྱིས་ཤིག་ཅེས་གསུངས་སོ། ༈ ། ཡོན་ཏན་རྗེས་སུ་དྲན་པའི་བསམ་པའི་ཁྱད་པར་ནི། དགེ་བའི་བཤེས་གཉེན་སྒྲིབ་དང་སྡུག་བསྔལ་སོགས། །རྒུད་པ་ཀུན་སེལ་ཐེག་མཚོག་ལམ་གྱི་ཚོགས། །ཤེས་རབ་ཐབས་སོགས་དགེ་ལེགས་རིན་ཆེན་གྱི། །འབྱུང་གནས་རྒྱ་མཚོ་ཆེན་པོར་རྗེས་དྲན་བྱ། ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་སྒྲིབ་པ་ཐམས་ཅད་ལས་སྦྱོང་བ། སྡིག་ཏོ་ལས་བཟློག་པ། མི་བྱ་བ་སྟོན་པ། བག་མེད་པའི་གནས་ལས་བཟློག་པ། མ་རིག་པའི་མུན་པ་སེལ་བ། ལྟ་བའི་འཆིང་བ་གཅོད་པ། འཁོར་བའི་གྲོང་ཁྱེར་ནས་འདོན་པ་ འཇིག་རྟེན་གྱི་གནས་འདོར་བ། བདུད་ཀྱི་ཞགས་པ་ལས་ཐར་བར་བྱེད་པ། སྡུག་བསྔལ་གྱི་ཟུག་རྡུ་འབྱིན་པ། མི་ཤེས་པའི་འཐིབས་པོ་སལ་བ། ལྟ་བའི་མྱ་ངན་ལས་དོ་ སྲིད་པའི་ཆུ་བོ་ལས་སྒྲོལ་བ། འདོད་པའི་འདམ་ནས་འབྱིན་པ། ལམ་མི་བདེ་བ་ནས་ཟློག་པ་ བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ། ཡི་དམ་ལ་གཞོག་པ། ནན་ཏན་ལ་འགོད་པ། ཐམས་ཅད་མཁྱེན་པར་འགྲོ་བའི་ཕྱོགས་སྟོན་པ། ཤེས་རབ་ཀྱི་མིག་སྦྱོང་བ་བྱང་ཆུབ་ཀྱི་སེམས་སྤེལ་བ། སྙིང་རྗེ་ཆེན་པོ་བསྐྱེད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ་ [016B] ས་ལ་འགོད་པ། བཟོད་པ་ལ་རྣམ་པར་འབྱེད་པ། དགེ་བའི་རྩ་བ་ཐམས་ཅད་སྡུད་པ། ཆོས་ཐམས་ཅད་བསྐྱེད་པ། ཡོན་ཏན་ཐམས་ཅད་སྟོབས་པ། སངས་རྒྱས་ཐམས་ཅད་ཀྱི་ཞབས་དྲུང་དུ་གཏོང་པ། དེའི་ཡོན་ཏན་ཐམས་ཅད་སྟོན་པ་ དོན་ཐམས་ཅད་ལེན་དུ་འཇུག་པ། ནན་ཏན་ལ་གཟེངས་བསྟོད་པ། ལམ་སྟོན་པ། ལམ་གོལ་བ་ལས་བསྲུང་བ། ཆོས་ཀྱི་སྒོ་སྣང་བར་བྱེད་པ། ཆོས་ཀྱི་སྒོ་གླན་པར་བྱེད་པ། ཆོས་ཀྱི་ཆར་འབེབས་པ། ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པ། ལྟ་བ་ཐམས་ཅད་བཟློག་པར་བྱེད་ པ༑ སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ། །ཡང་དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱི་རིགས་སུ་སྐྱེད་པས་མ་ལྟ་བུའོ། །ཕན་པ་རྒྱ་ཆེན་པོ་བསྒྲུབ་པས་ཕ་དང། སྡིག་པ་ལས་བསྲུང་བས་མ་མ་དང། བསླབ་པ་ལ་སློབ་པས་སློབ་དཔོན་དང། ཕ་རོལ་ཏུ་ཕྱིན་པའི་ ལམ་དུ་འཛུད་པས་ལམ་མཁན་དང། ཉེ་བའི་ཉོན་མོངས་པའི་ནད་སེལ་བས་སྨན་པ་དང། ཡེ་ཤེས་ཀྱི་སྨན་སྤེལ་བས་གངས་རི་དང། འཇིགས་པ་ལས་བསྲུང་བས་དཔའ་བོ་དང། འཁོར་བའི་ཆུ་ལས་སྒྲོལ་བས་མཉན་པ་དང། ཐམས་ཅད་མཁྱེན་པའི་རིན་པོ་ཆེའི་གླིང་དུ་བསྐྱེལ་བས་ གདོས་པ་འཛིན་པ་ལྟ་བུའོ་ཞེས་བྱ་བ་དང། ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་སོ། །ཡོན་ཏན་རྫོགས་པར་བྱ་བ་ཐམས་ཅད་ནི་དེ་ལས་བྱུང་ངོ། །སྨོན་ལམ་གྱི་རྒྱུད་ཐམས་ཅད་ཀྱང་དེ་ལས་བྱུང་ངོ། །དགེ་བའི་རྩ་བ་ཐམས་ཅད་དེས་ བསྐྱད་ཅིང་ཚོགས་ཐམས་ཅད་དེས་བསྒྲུབས་པའོ། །ཆོས་ཀྱི་སྒོ་སྣང་བ་ཐམས་ཅད་དང་ལམ་རྣམ་པར་དག་པའང་དེ་ལས་བྱུང་བའོ། །བསླབ་པའི་ནན་ཏན་ནི་དེ་ལ་རག་ལས་སོ། །ཡོན་ཏན་ཐམས་ཅད་ནི་དེ་ལ་གནས་སོ། །ལྷག་པའི་བསམ་པ་དག་པ་ལ་ནི་དེ་རྩ་བར་གྱུར་པའོ། ། སེམས་བསྐྱེད་པ་བརྟན་པ་ཐམས་ཅད་ནི་དེ་ལས་སྐྱེས་སོ། །གཟུངས་དང་སྤོབས་པའི་སྣང་བ་ཐམས་ཅད་དུའང་དེས་ཁྲིད་པའོ། །རྣམ་པར་དགེ་བའི་སྒོའི་མཛོད་ཐམས་ཅད་ནི་དེས་ཡོངས་སུ་བཟུང་བའོ། །ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ནི་དེས་བསྐྱེད་པའོ། །སྨོན་ལམ་ཁྱད་པར་ཅན་ [017A]༄༅། །ཐམས་ཅད་ནི་དེའི་ལག་ན་འདུག་པའོ་ཞེས་བྱ་བ་དང། ཡང་གཞོན་ནུ་ནོར་བཟང་དགེ་བའི་བཤེས་གཉེན་རྣམས་ནི་བདག་ངན་སོང་ཐམས་ཅད་ལས་སྐྱོབ་པའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པའོ། །ལམ་བདེ་བ་དང་མི་བདེ་བ་སྟོན་པའོ། །ཀུན་ཏུ་ བཟང་པོའི་སྤྱོད་པས་འདོམས་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའི། །ཐམས་ཅད་མཁྱེན་པའི་གནས་སུ་བསྐྱེལ་བའོ། །ཆོས་ཀྱི་དབྱིངས་རྒྱ་མཚོར་འཇུག་པའོ། །དུས་གསུམ་གྱི་ཤེས་བྱའི་རྒྱ་མཚོ་སྟོན་པའོ། །འཕགས་པའི་ཚོགས་ཀྱི་དཀྱིལ་ འཁོར་སྟོན་པའོ། །དགེ་བའི་བཤེས་གཉེན་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ་ཞེས་རྗེས་སུ་དྲན་ཞིང་དུ་བར་བྱེད་པ་དང། ཡང་དེས་བདག་གི་དགེ་བའི་བཤེས་གཉེན་འཇིག་རྟེན་ཐམས་ཅད་ལས་གྱེན་དུ་འཕགས་པའི་སྐྱེ་མཆེད་དྲུག་དང་ལྡན་པ་ གནས་མེད་པར་གནས་པ། ཆགས་པ་ཐམས་ཅད་ལས་འདས་པ། ཆགས་པ་མེད་པར་འགྲོ་བའི་ལམ་དུ་ཞུགས་པ། ཆོས་ཀྱི་ལུས་ཤིན་ཏུ་རྣམ་པར་དག་པ། ལུས་ཀྱི་ལས་སྒྱུ་མས་སྤྲུལ་པ་དང་ལྡན་པ། ཡེ་ཤེས་སྒྱུ་མས་འཇིག་རྟེན་ན་སྤྱོད་པ། སྨོན་ལམ་སྒྱུ་མའི་ ལུས་གཟུགས་དང་ལྡན་པ། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཡིད་བཞིན་གྱི་ལུས་དང་ལྡན་པ། མ་སྐྱེས་མ་འགགས་པ་དང་འོང་བ་དང། འགྲོ་བ་མེད་པ་དང་བདེན་པ་དང་བརྫུན་པ་མེད་པ་དང། མ་འཕོས་པ་དང་མ་ཞིག་པ་དང་མི་འཇིག་པ་དང། མཚན་ཉིད་མེད་པར་ མཚན་ཉིད་གཅིག་པ་དང་གཉིས་ལ་ཆགས་པ་དང་བྲལ་བ་དང་ཀུན་གཞི་མེད་པ་དང། གནས་མེད་པ་དང་མི་ཟད་པ་དང་མི་ཉམས་པ་དང་གཟུགས་བརྙན་ལྟར་རྟོག་པ་མེད་པ་དང་རྨི་ལམ་ལྟར་རྒྱུ་མེད་པ་དང་མེ་ལོང་ལྟར་འཕོ་བ་མེད་པའི་ལུས་དང་ལྡན་པ། རབ་ཏུ་ ཞི་བ་ཁོང་དུ་ཆུད་པ་དང། ཕྱོགས་ཀུན་ཏུ་རྒྱས་པར་འགེངས་པའི་ལུས་དང་ལྡན་པ། དུས་གསུམ་དུ་ཐ་མི་དད་པ་དང་ལུས་མེད་པའི་སེམས་ཀྱིས་ལུས་སུ་རྟོག་པ་དང། འཇིག་རྟེན་ཐམས་ཅད་ཀྱི་མིག་ལས་འདས་པ་དང། ཀུན་ཏུ་བཟང་པོའི་མིག་གི་རྒྱུད་ཀྱིས་ཤེས་ [017B] ཆགས་པ་མེད་པ་ནམ་མཁའི་སྤྱོད་ཡུལ་དང་ལྡན་པ་རྣམས་ཞེས་གསུངས་པ་ལ་སོགས་པ་ཡོན་ཏན་མཐའ་བཙལ་བར་མི་ནུས་པའི་སྒོ་ནས་རྗེས་སུ་དྲན་པར་བྱ་བའོ། ༈ དགེ་བའི་རྩ་བ་བསྔོ་བའི་བསམ་པའི་ཁྱད་པར་སྨྲས་པ། དེ་ དག་ལ་སོགས་དགེ་བ་ཅི་བསགས་རྣམས། །དགེ་བའི་བཤེས་གཉེན་དག་དང་སྨོན་ལམ་དང། །བསམ་དང་སྤྱོད་དང་རྒྱུད་ཀྱི་ཚུལ་སོགས་བཅུ། །ཕུན་སུམ་ཚོགས་པ་གཅིག་པར་ཡོངས་སུ་བསྔོ། །ཡང་སྡོང་པོ་བཀོད་པ་ཉིད་ལས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ནི་བཅུ་སྟེ་ བདག་གི་དགེ་བའི་རྩ་བ་འདིས་དགེ་བའི་བཤེས་གཉེན་རྣམས་དང་སྨོན་ལམ་གཅིག་པ་ཕུན་སུམ་ཚོགས་པར་གྱུར་ཅིག་ཕུན་སུམ་ཚོགས་པར་འགྱུར་རམ་འགྱུར་ཞེ་ན་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་ཅིག་དེ་བཞིན་དུ་བསམ་པ་གཅིག་པ་དང། སྤྱོད་པ་གཅིག་ ཏུ་རྫོགས་པ་དང། རྒྱུད་ཀྱི་ཚུལ་གཅིག་པ་དང། གཅིག་ཅིང་མཉམ་པ་དང། ཡིད་ལ་བྱ་བ་གཅིག་པ་དང། ཡོངས་སུ་དག་པ་གཅིག་པ་དང། གཅིག་ཏུ་རྣམ་པར་སྤྱོད་པ་དང། གཅིག་ཅིང་མཉམ་པར་འཇུག་པ་རྫོགས་པ་ལའང་རྒྱས་པར་སྦྱར་ཏེ། བདག་གི་དགེ་བའི་རྩ་ བ་འདིས་བླ་མ་རྣམས་དང་ཐ་མི་དད་པ་ཕུན་སུམ་ཚོགས་པར་གྱུར་ཅིག་ཕུན་སུམ་ཚོགས་པར་གྱུར་རམ་འགྱུར་ཞེ་ན་རྣམ་པ་གཞན་དུ་མི་འགྱུར་བར་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་གསུངས་པ་ལྟར་རོ། དེ་ལྟར་དགེ་བའི་བཤེས་གཉེན་ བསྟེན་པའི་བསམ་པ་བཤད་ནས་དངོས་པོའམ་གཞིའི་ཁྱད་པར་ནི། རྙེད་དང་བཀུར་སྟི་དག་དང་རིམ་གྲོ་དང། །བསྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ་ཞེས་བྱ་བ་སྟེ། བཞི་པོ་འདིས་བསྟེན་ཅིང་མཉེས་པར་བྱེད་པའི་དངོས་པོ་ཐམས་ཅད་བསྡུས་པའི་ཕྱིར་ རོ། །དེ་དག་གིས་བསྟེན་པའི་རྣམ་པའི་ཁྱད་པར་ལས་རྙེད་པའི་དབང་དུ་བྱས་ནས། དུས་དང་དུས་སུ་མནབས་ །གདན་ཆ་སྙུན་གྱི་རྐྱེན་སྨན་བཞིན་པའི་ཚོགས། །ནོར་འབྲུ་རིན་ཆེན་བཞུགས་གནས་ལ་སོགས་པ། །འབྱོར་ཚོགས་བཟང་ [018A]༄༅། །དགུ་རྣམས་ཀྱིས་ཅི་ནུས་མཆོད། །འབྱོར་ཅིང་ལྡན་པས་ལོངས་སྤྱོད་ལ་སྙིང་པོ་བསྒྲུབ་པའམ། བརྟུལ་ཞུགས་བླང་བ་ལ་སོགས་པའི་ལས་རྒྱ་ཆེན་པོ་བསྒྲུབ་པའམ། བླ་མ་ལ་ཉེ་བར་མཁོ་བ་ལ་སོགས་པའི་དུས་ཇི་ལྟ་བར་བཟའ་བ་དང་བཅའ་བ་དང་མྱང་ བ་དང་བལྡག་པ་དང་བཏུང་བ་དང་བགོ་བ་ལ་སོགས་པ་རང་གི་ལོངས་སྤྱོད་ཆེན་པོ་ལ་འོས་པ་བཟང་དགུ་རྣམས་སྤྲོ་ཤུགས་ཆེན་པོ་ལ་སོགས་པ་བསམ་པ་དམ་པས་དབུལ་བའོ། །བཀུར་སྟིའི་དབང་དུ་བྱས་ནས། དུས་དང་དུས་སུ་ནར་མའི་བྱ་བ་དང། །སྙུན་གཡོག་ལ་སོགས་ ཀུན་ལ་ཐོག་དྲངས་ཏེ། །དཀའ་བའི་ཁུར་དུ་མི་བརྩི་སྤྲོ་བ་དང། །གུས་པས་གཏེར་རྙེད་ལྟ་བུར་གཏོད་དེ་བསྒྲུབ། །དེ་ཡི་བྱ་བ་གཉུག་མ་བ་རྣམས་དང། །གློ་བུར་བ་ནད་གཡོག་ལ་སོགས་པའི་ལས་ཇི་ལྟ་ཇི་ལྟར་བྱ་དཀའ་བ་དག་ལ་ཡང་དཀའ་བའི་ཁུར་དུ་མི་བརྩི་བར། དགེ་ལེགས་རིན་ པོ་ཆེ་བསྒྲུབ་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱི་གཏེར་ཆེན་པོ་རྙེད་པ་ལ་གཏོད་པ་ལྟར། བདག་ཁོ་ནས་བྱ་བ་ཉིད་དུ་ལྟ་བས་སྤྲོ་དགའ་དང་གུས་པ་ཆེན་པོས་བསྒྲུབ་པར་བྱའོ། །རིམ་གྲོའི་དབང་དུ་བྱས་ནས། གུས་པར་སྨྲ་དང་མངོན་དུ་ལྡང་བ་དང། །ཕྱག་དང་བསྐོར་བ་མཎྜལ་ འབུལ་སོགས་དང། །དྲིལ་ཕྱི་སྐུ་མཉེ་སྐུ་ཁྲུས་གདན་སྟོབས་སོགས། །སྐུ་ཡི་རིམ་གྲོ་དུས་བཞིན་ལེགས་པར་བསྒྲུབ། །གཞན་ཡང་དེ་ལ་སངས་རྒྱས་ཉིད་འཛིན་པས། །མཐོང་བ་ཙམ་ཡང་རྙེད་དཀར་མངོན་བསམས་ཏེ། །ལུས་ངག་ཡིད་ཀྱི་ཅི་ནུས་གུས་པའི་ལས། །སྣ་ ཚོགས་རྗེས་སུ་བསྒྲུབ་པས་བསྙེན་བཀུར་བྱ། །གུས་པར་སྨྲ་བ་ལ་སོགས་པ་འདི་དག་དང། བཞུགས་གནས་དང་ཉེན་ཀོར་དག་ཆག་ཆག་དང་ཕྱག། དར་དང་བྱུག་པས་བྱི་དོར་བྱ་བ་དང་ཆུ་དང་འདག་རྫས་དང་སོ་ཤིང་ལ་སོགས་པ་སྟ་གོན་བྱ་བ་དང། མཆིལ་སྣ་བས་འདོར་བ་དང་ ཚིག་གིས་ཕྱག་མི་བྱེད་པར་སྤྲིད་པ་དང་ཁ་མ་བཀབ་པར་གླལ་བ་དང་གོས་གཅིག་པ་དང་རྐང་པ་བརྐྱང་སྟེ་འདུག་པ་ལ་སོགས་པ་མ་གུས་པའི་སྤྱོད་པ་དང་སྤྱོད་ལམ་ཐམས་ཅད་སྤང་བྱ་དང། བྱ་བ་ཐམས་ཅད་ལ་དྲན་པ་དང་ཤེས་བཞིན་གྱིས་བསྒྲིམས་པས་གཟབས་ཏེ་འཇུག་ [018B] །གཞན་ཡང་དུས་ཐམས་ཅད་དུ་སངས་རྒྱས་ཀྱི་འདུ་ཤེས་ཀྱིས་མཐོང་བ་དང་ཐོས་པ་ཙམ་ཡང་རྙེད་པར་དཀའ་བར་ཤེས་ནས། སྒོ་ཐམས་ཅད་དང་རྣམ་གྲངས་ཐམས་ཅད་དང་དམིགས་པ་ཐམས་ཅད་ཀྱིས་ཅི་ནུས་ཅི་འོས་པར་གུས་པའི་ལས་ཐམས་ཅད་ཀྱིས་རིམ་གྲོ་བྱ་ བས་ངོམས་མི་ཤེས་པར་འབད་པར་བྱའོ། །དངས་པོ་འདི་གསུམ་གྱི་སྐབས་ལ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། ཆོས་འདོད་པ་དག་གིས་མཁན་པོའམ་སློབ་དཔོན་ལ་གུས་པས་གང་ཡོངས་སུ་མི་གཏོང་བའི་དངོས་པོ་དེ་འཇིག་རྟེན་ན་མེད་དོ། །རིན་པོ་ཆེ་དེ་མེད་དོ། །གང་ ལུས་ཀྱི་རིམ་གྲོ་མི་སྤྲོ་བ་དེ་མེད་དོ། །གང་རྐང་པས་བཏང་བ་ལ་མི་སྤྲོ་བ་ད་མེད་དོ། །གང་དག་གི་ལས་ལ་མི་སྤྲོ་བ་དེ་མེད་དོ་ཞེས་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས་ནི་གལ་ཏེ་གཞན་ལས་ཚིགས་སུ་བཅད་པ་གཅིག་ཙམ་མམ། སྦྱིན་པ་ལ་སོགས་དང་ལྡན་པའི་ ཚེས་དག་བཟུང་ན། དེའི་ཡི་གེ་འབྲུ་རེ་རེའི་བསྐལ་པར་རམ་དོན་རེ་རེ་བསམ་པའི་སྐལ་པར་བདེ་བའི་ཡོ་བྱེད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཀྱང་སློབ་དཔོན་གྱི་གུས་པ་མི་རྫོགས་ན་ཆོས་ཚོལ་ལྟ་ཅི་སྨོས་ཞེས་སོ། །དཀོན་མཆོག་སྤྲིན་ལས་ནི་ས་ཕྱོགས་གང་ན་ཆོས་ སྨྲ་བ་གནས་པ་ལ་མཆོད་རྟེན་གྱི་འདུ་ཤེས་དང། ཆོས་སྨྲ་བ་ལ་ནི་བླ་མ་དང་དགེ་བའི་བཤེས་གཉེན་དང་ལམ་སྟོན་པའི་འདུ་ཤེས་བསྐྱེད་དོ། །དེ་མཐོང་བ་ན་དགའ་བ་དང་དད་པ་དང་རངས་བ་བསྐྱེད་དོ། །རིམ་གྲོ་བྱས་ཏེ་སྟན་ལ་བདར་རོ། །བསྔགས་པ་བརྗོད་དོ། །ལེགས་སོ་ཞེས་ བརྗོད་པ་མང་པོའི་བར་དུ་བྱའོ། །དེ་ལ་སངས་རྒྱས་ཉིད་ཀྱིས་བསྐལ་པར་བསྔགས་པ་བརྗོད་ཀྱང་ལན་དུ་ཕན་པ་བྱས་པ་ཅི་ཡང་མེད་དེ། བཀུར་སྟི་ལ་སོགས་པ་དང་བསྔགས་པ་ནི་གྱི་ནར་ཟད་དོ། །ཆོས་འདོད་པ་དག་གིས་དེའི་ལམ་རང་གི་ཁྲག་གིས་ཆག་ཆག་བཏབ་ཀྱང་ཕན་ པ་བྱས་པ་མེད་དེ། སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་ཚུལ་འཛིན་པ་ནི་ཤིན་ཏུ་དཀའ་བ་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་སོ། །དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ལས་ནི་གནས་བརྟན་འོད་སྲུངས་ཆེན་པོས་སྟོན་པའི་ཤ་ནའི་རས་ཕྱག་དར་ཁྲོད་བླངས་པའང་མཆོད་རྟེན་གྱི་བློས་ཡིན་ [019A]༄༅། །གྱི་སྤྱད་པའི་བློས་ནི་མ་ཡིན་ནོ། །དེ་བླངས་ནས་འདོད་པའི་རྣམ་རྟོག་ལ་སོགས་པ་མ་དྲན་ནོ། །མི་སློབ་པར་གྱུར་གྱི་བར་དུ་སྤྱི་བོས་མནོས་སོ། །དེ་བླངས་ནས་སེམས་མཐོ་དམན་དུ་གྱུར་པ་མ་དྲན་ནོ། །ཆོས་གོས་མེད་པའི་ལུས་ལ་མ་སྦྱར་རོ། ། སུག་པ་མ་གསིལ་བས་མ་རེག་གོ། གར་འགྲོ་བར་མགོ་བོས་ཁྱེར་རོ། །ཡན་ལག་མི་གཙང་བས་མ་རེག་གོ་སྟོན་པས་སྤངས་ཤིང་གནང་བ་ལ་ཡང་མཆོད་རྟེན་ཉིད་དུ་བཅངས་སོ་ཞེས་གསུངས་པའི་རྗེས་སུ་མཐུན་པ་ཙམ་དུ་ཡང་བསླབ་བོ། །བསྟན་བཅོས་དག་ལས་ཀྱང་ མཆོག་ཏུ་དད་པས་དུས་གསུམ་དུ། །དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས། །སྟོན་པ་བླ་མ་བསྙེན་བཀུར་ཞིང། །ཞབས་ལ་སྤྱི་བོས་ཕྱག་བྱ་ཞིང། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་སུ་མཐུན་པར་དབུལ་ །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་ བར་མི་འགྱུར་རོ། །མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་འབུལ། །དེ་ཕུལ་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་ དངོས་གྲུབ་མཆོག་ཏུ་འགྱུར། །དེ་བས་བླ་མ་སྙིང་རྗེ་གཏོང། །ཚུལ་ཁྲིམས་བཟོད་པའི་ཡོན་ཏན་ལྡན། །སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ་མཆོད་རྟེན་བཤིག་འདྲའི་སྡིག་འཇིགས་པས། །གྲིབ་མའང་འགོམ་པར་མི་བྱ་ན། །ལྷམས་དང་སྟན་དང་བཞོན་པ་ སོགས། །འགོམ་མི་བྱ་བ་སྨོས་ཅི་དགོས། །བློ་གྲོས་ཆེན་པོས་དགའ་སེམས་ཀྱིས། །བླ་མའི་བཀའ་ནི་འབད་དེ་མཉན། །རིགས་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྤྱད། །བླ་མ་ལས་ནི་དངོས་གྲུབ་དང། །མཐོ་རིས་དང་ནི་བདེ་བ་འཐོབ། །དེ་བས་འབད་པ་ཐམས་ཅད་ཀྱིས།། བླ་མའི་བཀའ་ལས་འདའ་མི་བྱ། །བླ་མའི་རྫས་ནི་སྲོག་ཇི་བཞིན། །དེ་ཡི་སྡུག་པའང་བླ་མ་བཞིན། །དེ་ཡི་འཁོར་ནི་མཉེན་བཞིན་དུ། །མཉམ་པར་བཞག་པས་རྟག་ཏུ་བསམ། །བླ་མ་དག་ནི་ལངས་པ་ན། །ཉལ་དང་འདུག་པར་མི་བྱའོ། །རྟག་ཏུ་དེ་ཡི་བྱ་བ་ལ། །ལྡང་མཁས་ཕུན་ [019B] །མཆིལ་མ་ལ་སོགས་འདོར་བ་དང། །སྟན་ལ་རྐང་པ་རྐྱོང་བ་དང། །འཆག་དང་རྩོད་པར་སྨྲ་བ་དང། བླ་མའི་མདུན་དུ་མི་བྱའོ། །གཏམ་གྱི་སྦྱོར་བ་མང་པོ་དག། །ཐོས་པའི་ཉེ་འཁོར་དུ་མི་བྱ། །བཏུད་དེ་སྟན་ལས་ལྡང་བ་དང། །གུས་པ་ཡིས་ནི་འདུག་པར་བྱ། ། མཚན་ཆུ་འཇིགས་བཅས་ལམ་དུ་ནི། །བསྒོ་བ་ཐོབ་ནས་མདུན་འགྲོ་བྱ། །སློབ་དཔོན་གྱིས་མཐོང་མདུན་དུ་ནི། །བློ་དང་ལྡན་པས་ལུས་གཅུ་དང། །ཀ་བ་ལ་སོགས་བརྟན་མི་བྱ། །སོར་མོའི་ཚིག་ནི་བགྲང་མི་བྱ། །ཞབས་བཀྲུ་བ་དང་སྐུ་ཁྲུས་དང། །དྲིལ་དང་མཉེ་བ་ལ་སོགས་ལ། ། ཕྱག་ནི་སྔོན་དུ་འགྲོ་བས་བྱ། །དེ་བཞིན་མཐར་ནི་ཅི་བདེར་བྱ། །དེ་ཡི་མཚན་སྨོས་བརྗོད་ན་ནི། །མཚན་སྔར་ཞལ་སྔ་ལྡན་པར་བྱ། །གཞན་དག་གུས་པར་བྱ་བའི་ཕྱིར། །ཁྱད་པར་ཅན་གྱི་ཚིག་དག་བརྗོད། །བླ་མ་ལ་ནི་བཀའ་སྩལ་ཞུ། །བྐགཱ་བཞིན་བགྱིད་ཅེས་བརྗོད་པར་བྱ། །ཐལ་ མོ་སྦྱར་ཞིང་མ་ཡོངས་པར། །བླ་མ་བསྒོ་བ་མཉན་པར་བྱ། །རྒོད་དང་ལུད་པ་ལ་སོགས་ལ། །ལག་པས་ཁ་ནི་དགབ་པར་བྱ། །བྱ་བ་ཟིན་ནས་འཇམ་པ་ཡི། །ཚིག་དག་གིས་ནི་བདས་པར་བྱ། །མདུན་དུ་དུལ་བར་འདུག་པ་དང། །གོས་སོགས་ཚུལ་ནི་བསྡམས་པ་དང་ པུས་བཅུག་ །ཉན་སོགས་འདོད་པས་གསོལ་གསུམ་གདབ། །བསྙེན་བཀུར་སྤྱོད་པ་ཐམས་ཅད་ལ། །ཡིད་ཀྱི་ང་རྒྱལ་མེད་པར་བྱ། །ངོ་ཚ་འཇིགས་ཤིང་བསྡམས་པ་ཡིས། །བག་མ་གསར་པའི་ཚུལ་གནས་བྱ། །སྒེག་པ་ལ་སོགས་བྱ་བ་ ཀུན༑ ༑སྟོན་པའི་མདུན་དུ་སྤང་བར་བྱ། །གཞན་ཡང་དེ་འདྲའི་བྱ་བ་རྣམས། །རང་གིས་བརྟགས་ལ་དོར་བར་བྱ། །ན་བས་བླ་མའི་བྱ་བ་ལ། །བཏུད་དེ་རྗེས་མ་གནང་བར་ཡང། །བཀག་པ་རྣམས་ནི་སྤྱད་བྱས་ཀྱང། །དགེ་སེམས་ཅན་ལ་སྡིག་མི་འགྱུར། །འདིར་མང་སྨྲས་པ་ཅི་ ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བསླབ། །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་བར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ་ཞེས་བྱ་བ་དང་ [020A]༄༅། །བླ་མ་དག་ལ་བསྙེན་བཀུར་བྱེད་པས་ནི། །ཟས་སྐོམ་ལ་སོགས་ཞིམ་པོ་ཀུན་ཀྱང་དབུལ། །ཞེས་དང། བླ་མ་བས་སྔར་ནང་པར་ལངས་ནས་ནི། །གདོང་དག་བཀྲུས་ནས་བདེ་གཤེགས་ཕྱག་བཙལ་ཏེ། །དེ་ནས་བླ་མར་གུས་པས་ཕྱག་ བྱས་ནས། །བཏུད་དེ་སྐུ་ལ་མཉམ་མམ་ཞེས་དྲི་ཞིང། །བྱ་བ་ཉིད་ཀྱི་ལུང་ནོད་དེའི་འོག་ཏུ། །དེ་ཡི་གནས་ཁང་ཉེན་སྐོར་ཕྱག་དར་བྱ། །ཞེས་བྱ་བ་དང། བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ནང་ཞུགས་གུས་པས་བླ་མ་ལ། །ཁམས་ བདེ་མ་བདེ་ལ་སོགས་དྲི། །སྟན་ཆུ་ས་དང་སོ་ཤིང་དང། །འདག་པའི་ཆལ་ཡང་སྟ་གོན་བྱ། །ལྷུང་བཟེད་བཀྲུལ་སོགས་པ་དང། །བླ་མའི་དགོས་པ་ཐམས་ཅད་བྱ་བླ་མ་གནས་པའི་མདུན་དག་ཏུ། །སྣབས་དང་མཆིལ་མ་དོར་མི་བྱ། །སོ་ཤིང་བཅའ་བར་མི་བྱ་སྟེ། ། དེ་ནི་སྟན་ལ་མི་འདུག་གོ་མདུན་དུ་བཅག་པར་མི་བྱ་ཞིང། །ཁྱེ་རེངས་སུ་ཡང་མི་དབྱུང་ངོ། །ཞེས་གསུངས་པའོ། །བསྒྲུབ་པ་ལ་གཉིས་ལས་དངོས་ཀྱི་དབང་དུ་བྱས་ནས། ཇི་སྐད་གསུངས་བཞིན་ཐོས་བསམ་བསྒོམ་པ་ཡིས། །ཅི་རིགས་ལེགས་པར་ བསྒྲུབ་པའི་སྒོ་ནས་ནི། །དེ་ཡི་གསུང་ལ་གསུང་དུ་བྱེད་པ་གང། །དེ་ནི་བླ་མ་མཉེས་བྱེད་མཆོག་ཏུ་གསུངས། །དེས་ཇི་སྐད་བཀའ་སྩལ་པའི་ཚིག་ཐམས་ཅད་ལའང་ཚིག་ཏུ་བྱེད་པས་དེ་ལས་མི་འདའ་བར་ལ་གོར་གྱིས་གྱང་འགྱིང་མེད་པར་བསྒྲུབ་ལ། །ཁྱད་པར་དུའང་ ཆོས་གསུངས་པ་རྣམས་ལ་ཐོས་པ་དང་བསམ་པ་དང། སྒོམ་པ་ཡན་ལག་དང་བཅས་པ་ཆོས་སྤྱོད་བཅུ་ལ་སོགས་པའི་སྒོ་ནས་ཅི་རིགས་པའི་ནན་ཏན་གྱིས་ལེགས་པར་བསྒྲུབ་པར་བྱེད་པ་ནི་བླ་མ་མཉེས་པར་བྱེད་པའི་རྒྱུའི་གཙོ་བོ་ཡིན་པས་རང་དང་གཞན་གྱི་དོན་ ཐམས་ཅད་ཇི་ལྟར་བསམ་པ་བཞིན་དུ་འགྲུབ་པའི་སྒོ་ཆེན་པོ་ཡིན་ཏེ། ཡང་དག་པའི་དགེ་བའི་བཤེས་གཉེན་དག་ནི་བསྒྲུབ་པའི་མཆོད་པས་མཉེས་པར་བྱ་བ་ཡིན་གྱིས། རྙེད་པ་ལ་སོགས་པས་ནི་དེའི་ཆ་ཤས་ཕྲ་བ་ཙམ་གྱིས་ཀྱང་མ་ཡིན་པའི་ཕྱིར་རོ། །རྗེ་བཙུན་གྱིས་ [020B] །དེ་ཡི་སེམས་ནི་ཡང་དག་མགུ་བར་བྱེད། །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་སེམས་ཅན་འདི་དག་ནི་བཀའ་བློ་མི་བདེ་བས་སློབ་དཔོན་གྱིས་བསྟན་པ་དང་མི་མཐུན་པར་འཛིན་པས་ན། དེ་ལ་སློབ་ དཔོན་གྱིས་འཕགས་པའི་ནོར་བདུན་པོ་མི་སྟོན་པས་ནོར་བདུན་ཁོང་དུ་མི་ཆུད་པའི་ཕྱིར་རབ་ཏུ་དབུལ་པའོ། །བདག་གིས་ནི་བཀའ་བློ་བདེ་ཞིང་མཐུན་པར་འཛིན་པས་ནོར་བདུན་ཁོང་དུ་ཆུད་པར་བྱ་སྟེ། བཀའ་བློ་བདེ་བ་ལ་ནི་བླ་མས་ཆོས་རྒྱ་ཆེར་སྟོན་ཅིང་གསལ་བར་ བྱེད་པས་དབུལ་བ་རྣམ་པར་ཆད་པ་ན་བྱང་ཆུབ་དམ་པ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལྟར་བཀའ་བློ་བདེ་བས་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པར་འགྱུར་རོ་སྙམ་ནས་བླ་མ་མཉེས་པར་བྱེད་དེ་ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །དགེ་བའི་རྩ་བ་དེ་དག་གིས་ ཆོས་བཞི་འཐོབ་སྟ། མྱུར་དུ་དགེ་བའི་ཆོས་ལ་འཇུག་པ་དང། བླ་མའི་བསྔགས་པ་བརྗོད་པ་དང། ནན་ཏན་གྱིས་བསྒྲུབ་ཀྱིས་ལོག་པས་མི་བསྒྲུབ་པ་དང། ཆོས་བསྒྲུབ་པའི་སྡུག་བསྔལ་གྱིས་གཞན་དུ་ཕྱོགས་པར་མི་འགྱུར་བའོ། །ཡང་བཞི་སྟེ། །སྐྱེ་བོ་མང་པོའི་རྗེས་སུ་བསླབས་ ནས་དཀར་པོའི་ཆོས་ལ་གནས་པ་དང། སྦས་ཤིང་བཞག་པ་ལ་གནས་ནས་སྐྱེ་བོ་མང་པོ་མགུ་བར་བྱེད་པ་དང། སེམས་དགའ་བཞིན་དུ་ཉིན་མཚན་འདའ་བ་དང། ཀུན་ནས་ལྡང་བ་མེད་པར་འཆི་བའི་དུས་བྱེད་ཅིང་མཐོ་རིས་སུ་སྐྱེ་བའོ། །དེ་ལས་ཀྱང་ཆོས་བཞི་འཐོབ་ སྟེ། ལྷའི་སྟན་མཆོག་རྙེད་པ་དང། དེ་ལ་ལྷའི་འཁོར་ཀུན་དགའ་ཞིང་བཀའ་ཉན་པ་དང། དབང་པོ་དང་བཞན་ཡང་དེར་འོང་ཞིང་ཐ་ཚོམ་འདྲིའི་གཞན་ལ་མི་འདྲི་བ་དང། དེའི་ལོངས་སྤྱོད་དུ་གཞལ་མེད་ཁང་ཆེན་པོར་འབྱུང་བའོ། །དེ་ལས་ཀྱང་བཞི་འཐོབ་སྟེ། སྔོན་གྱི་དགེ་ བ་གང་གིས་སྐྱེས་པ་ཤེས་པ་དང། དེ་ན་དགེ་བ་འགྲིབ་པའང་ཤེས་པ་དང། དེ་ནས་གང་དུ་སྐྱེ་བའང་ཤེས་པ་དང། ལྷའི་འཁོར་ལ་ཆོས་རྒྱ་ཆེར་བསྟན་ནས་འཆི་བའོ། །ཡང་བཞི་སྟེ་ལྷ་ནས་འཕོས་ནས་མིར་སྐྱེ་བ་དང། དེར་ཡང་བཙུན་པར་བྱེད་པ་ལྔ་པོ་རིགས་དང། གཟུགས་ [021A]༄༅། །དང། ཚུལ་ཁྲིམས་དང། འཁོར་དང་སེམས་ཅན་བཙུན་པ་ལ་བྱམས་པ་བསྒོམ་པ་འཐོབ་པ་དང། མི་ཕྱེད་པ་ལྔ་པོ་མཛའ་བོ་མི་ཕྱེད་པ་དང། ལུས་མྱུར་དུ་མི་འཇིགས་པ་དང། ལོངས་སྤྱོད་མི་ཉམས་པ་དང། བྱང་ཆུབ་ཀྱི་སེམས་དང་བྲལ་ བར་བྱ་མི་ནུས་པ་དང། ཆོས་ཀྱི་མུ་གེ་བྱུང་བ་ན་ཆོས་ཀྱི་ལོ་ལེགས་པ་འཐོབ་པ་དང། ངོ་མཚར་ཡོངས་སུ་རྫོགས་པའི་ཆོས་ལྔ་འཐོབ་པ་སྟེ། སྣོད་གང་བཞག་པར་ལག་པ་བཅུག་པ་ན་རིན་པོ་ཆེས་གང་བར་འགྲོ་བ་དང། སྐོམ་པ་ན་ཆུ་ཡན་ལག་བརྒྱད་དང་ལྡན་པའི་ རྫིང་བུ་འབྱུང་བ་དང། ལུས་ལ་གཞན་གྱི་དུག་དང་མཚོན་དང་མེ་དང་ཆུ་དང་མདངས་འཕྲོག་པས་གནོད་པ་མེད་པ་དང། བསྐལ་པ་བར་མ་དགུ་པོ་མཚོན་དང་ནད་དང་མུ་གེ་དང་ཆུ་དང་རླུང་དང་སྐོམ་དང་གདུང་བ་དང། གནོད་སྦྱིན་གྱི་བསྐལ་པ་བར་མ་འབྱུང་བ་ན་འཛམ་ བུ་གླིང་དུ་མི་སྐྱེ་བར་ལྷ་དགེ་བའི་མཐུ་དང་ལྡན་པར་སྐྱེ་བ་དང། མི་ཁོམས་པའམ་ངན་འགྲོར་མི་སྐྱེ་ལ། འགྱོད་པས་དཀྲི་བར་མི་ནུས་ཤིང་མྱུར་དུ་ངེས་པར་འབྱུང་བ་ །ཡང་ཆོས་བཞི་དང་མི་འབྲལ་ཏེ། སྡུག་བསྔལ་ཅན་མཐོང་མ་ཐག་ཏུ་སྙིང་རྗེ་སྐྱེ་བ་ དང། བུ་སྨད་ཀྱང་གུས་ཤིང་ཞེ་ས་ཆེ་བ་དང། རྒས་ཀྱང་གཞན་གྱིས་མི་བརྙས་པ་དང། ལས་ཀྱི་མཐའ་གང་བརྩམ་པ་ཉིས་འགྱུར་དང་སུམ་འགྱུར་དུ་འགྲུབ་པའོ། །ཡང་ཆོས་གསུམ་གྱིས་མི་འཕྲོགས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་སོ། ། ཡང་ནད་མེད་པའི་ཆོས་བཞི་འཐོབ་སྟེ། ནད་རྒྱུན་རིང་མེད་པ་དང། ཡན་ལག་མི་སྐམ་པ་དང། ལོངས་སྤྱོད་མི་ཉམས་པ་དང། མི་དང་མི་མ་ཡིན་པའི་འཚེ་བས་མི་གནོད་པའོ། །ཡང་བླ་མའི་ཆོས་བཞི་འཐོབ་སྟེ། འཁོར་ལོས་བསྒྱུར་བ་མཐའ་བཞིར་རྣམ་པར་ རྒྱལ་བ་རིན་པོ་ཆེ་བདུན་དང་བུ་སྟོང་དང་གླིང་བཞི་དང་ལྡན་པས་བློན་པོ་དང། སྐར་མཁན་དང། ཡུལ་མི་ལ་སོགས་པ་གུས་པ་དང། འདོད་པའི་ཡོན་ཏན་ལ་མི་ཆགས་པར་དང་བས་རབ་ཏུ་བྱུང་སྟེ་མྱུར་དུ་མངོན་པར་ཤེས་པ་ལྔ་འཐོབ་པས་མི་དང་མི་མ་ [021B] གར་སྐྱེས་པར་བློ་དང་ཤེས་རབ་དང་སྤོབས་པ་མཆོག་གིས་རྒྱལ་པོར་གྲགས་ཤིང་ཐམས་ཅད་གུས་པ་དང། སངས་རྒྱས་ནས་འགྲོ་བ་ཐམས་ཅད་ལས་ཚུལ་ཁྲིམས་ལ་སོགས་པས་མངོན་པར་འཕགས་པར་འགྱུར་བའོ། །བླ་མ་ལ་བཀའ་ བློ་བདེ་ཞིང་ཚུར་ཤོག་ཅེས་མ་ཐག་འོང་ལ་ཇི་སྐད་སྨྲས་པ་དང་འགལ་བར་མི་བྱེད་པས་ཡོ་བྱད་བཞི་འཐོབ་སྟེ། མ་རབས་ཀྱི་ཡོ་བྱད་མ་ཡིན་པ་རྒྱལ་པོའི་ཡོ་བྱད་དང། འདོད་པ་སྤངས་ཏེ་རབ་ཏུ་བྱུང་བ་དང་དྲང་སྲོང་གི་ཡོ་བྱད་དང། གང་དུ་སྐྱེས་པར་སྐྱེ་བ་དྲན་པས་བྱང་ཆུབ་ ཀྱི་སེམས་མི་རྗེད་པ་དྲན་པའི་ཡོ་བྱད་དང། མངོན་པར་སངས་རྒྱས་ནས་འཁོར་བཞི་དང། ལྷ་ལ་སོགས་པས་བསྐོར་བའི་ཡོ་བྱད་དོ། །ཡང་སློབ་དཔོན་གང་ལས་ཚིགས་སུ་བཅད་པ་གཅིག་ཙམ་བཟུང་ཡང་ཚུར་ཤོག་ཅེས་སྒོ་ན་འོངས་ཞིང་སོངས་ཤིག་ཅེས་སྒོ་ན་འགྲོ་ ལ། འདི་ནི་དགེ་བའོ་འདི་ནི་མི་དགེ་བའོ། །འདི་བྱས་ན་ནི་ཡུན་རིང་དུ་ཕན་པའོ་ཞེས་བསྒོ་བ་ཇི་ལྟ་བར་མི་དགེ་བ་སྤོང་ཞིང་དགེ་བ་བསྒྲུབ་པ་དང། སླར་མི་ལྡོག་ཅིང་མི་མཐུན་པར་མི་བྱེད་ན་དེ་དགེ་བའི་རྩ་བ་དེ་ཉིད་ཀྱིས་མཐོན་པོར་བྱེད་པའི་ཆོས་བཞི་འཐོབ་སྟེ། ཚུལ་ཁྲིམས་ མཐོ་བ་དང། ལུས་མཐོ་བ་ལུས་རིང་ཞིང་རྒྱས་བ་དང། ཤེས་རབ་མཐོ་བ་ཤེས་རབ་ཆེ་བ་ཡངས་པ་མགྱོགས་པ་མནོ་བ་མྱུར་བ་ཟབ་པ་ངེས་པར་རྟོགས་པའི་ཤེས་རབ་དང་ཕྱི་མར་མཐོ་རིས་སུ་སྐྱེ་བས་འགྲོ་བ་མཐོ་བའོ། །དེས་ཡང་བ་བཞི་འཐོབ་སྟེ། སངས་ རྒྱས་ཀྱི་བསྟན་པ་མ་ཚང་བ་མེད་པ་དང། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་པ་དང། སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་སེམས་མཁྱེན་པ་དང། སེམས་ཅན་ཐམས་ཅད་ཀྱི་སྨན་ཇི་ལྟ་བ་མཁྱེན་པ་ཡང་བའོ། །དེས་གཞན་གྱིས་མི་ཚུགས་པའི་ ཆོས་བཞི་འཐོབ་སྟེ། མེ་དང། མཚོན་དང། དུག་དང། ཕ་རོལ་གྱིས་གནོད་པས་འཆི་བའི་གནས་མེད་པའོ། །ཡང་སངས་རྒྱས་ཀྱི་ལྟར་མི་སྣང་བར་བྱེད་པའི་ཆོས་བཞི་དང། ཕ་རོལ་གྱིས་མི་ཚུགས་པའི་ཆོས་བཞི་དང། ཚད་མེད་པར་བྱེད་པའི་ཆོས་ལྔ་དང། ཐོགས་པ་མེད་ [022A]༄༅། །པར་བྱེད་པའི་ཆོས་ལྔའང་འཐོབ་བོ། །ཤེས་རབ་བྱེད་པའི་ཆོས་བཞི་འཐོབ་སྟེ། ཤེས་རབ་ཆེ་བ་དང། སངས་རྒྱས་དང་འཕྲད་ནས་མཉེས་པར་བྱེད་པ་དང། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་དང། མངོན་པར་འཚང་རྒྱ་བའོ། །མང་པོར་ བྱེད་པའི་ཆོས་བཞི་འཐོབ་སྟེ། མིར་འགྱུར་བ་མང་བ་དང། སངས་རྒྱས་མཉེས་པར་བྱེད་པ་མང་བ་དང། རབ་ཏུ་འབྱུང་བ་མང་བ་དང། མངོན་པར་འཚང་རྒྱ་བ་མང་བའི། །ཡན་ལག་བྮིའང་འཐོབ་སྟེ། འཁོར་ལོས་བསྒྱུར་བ་དང། དབང་པོ་དང། ཚངས་པ་དང་ མངོན་པར་འཚང་རྒྱ་བའི་ཡན་ལག་གོ་ཞེས་སོ། །བླ་མ་ལ་ལྷག་པའི་བསམ་པ་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་ནི་དེའི་བཀའ་བཞིན་བསྒྲུབ་པ་ན་གངས་རིལ་བརྟེན་པའི་རྩི་སྨན་ལྟར་དགེ་བའི་རྩ་བ་ཐམས་ཅད་ཀྱིས་འཕེལ་ལོ། །མཚོ་ཆེན་པོ་ཆུའི་སྣོད་དུ་ གྱུར་པ་ལྟར་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ། །རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སོ། །མེའི་དྲོད་ཀྱིས་གསེར་ཡོངས་སུ་བྱང་བ་ལྟར། བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱངས་པའོ། །རྒྱ་མཚོ་ལས་རི་རབ་ མངོན་པར་འཕགས་པ་ལྟར་འཇིག་རྟེན་ཐམས་ཅད་ལས་འཕགས་པའོ། །པདྨ་ལ་ཆུས་མི་གོས་པ་ལྟར་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་སོ། །རྒྱ་མཚོ་དང་རོ་མི་འགྲོགས་པ་ལྟར་སྤྱོད་པ་ངན་པ་དང་མི་འདྲེའོ། །ཉི་མས་གླིང་བཞིར་སྣང་བ་ལྟར་ཆོས་ཀྱི་དབྱིངས་སུ་ སྣང་བར་བྱེད་དོ། །ཕ་མ་དང་འགྲོགས་པའི་བུ་ལྟར་སྨོན་ལམ་གྱིས་ལུས་ཐམས་ཅད་ལེགས་པར་སྐྱེའོ། །མདོར་ན་དེས་གདམས་པ་ལ་ཞུགས་ན་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྗོད་དུ་མེད་པ་བཅུ་ཡོངས་སུ་འཛིན་ཏོ། །ལྷག་པའི་བསམ་པ་དེ་སྙེད་གཅིག་སྦྱོང་ངོ། ། དབང་པོ་དེ་ཙམ་འཕེལ། །བྱིན་རླབས་དེ་སྙེད་འབྱུང། སྒྲིབ་པ་དེ་སྙེད་སྦྱོང་ངོ། །སྒྲིབ་པའི་ཆོས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་དག་པར་འགྱུར། བདུད་དེ་སྙེད་ལས་འདའ། ཆོས་ཀྱི་སྒོ་དེ་སྙེད་ལ་འཇུག་ཚོགས་རྣམ་པར་དག་པ་དེ་སྙེད་ཡོངས་སུ་འཛིན། སྤྱོད་པ་དེ་སྙེད་ [022B] སྨོན་ལམ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་འགྲུབ་པའོ། །མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དང་ས་དང་བཟོད་པ་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་དང་གཟུངས་དང་སྤོབས་པ་དང་ བསྔོ་བ་དང་སྨོན་ལམ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་ནི་བླ་མ་ལ་རག་ལས། བླ་མ་རྩ་བར་གྱུར། བླ་མ་ལས་བྱུང། བླ་མ་སྐྱེ་གནས་དང་སྐྱེ་མཆེད་དུ་གྱུར། བླ་མས་བསྐྱེད། བླ་མས་སྤེལ། བླ་མ་ལ་བརྟེན། བླ་མ་རྒྱུར་གྱུར་པ་དག་གོ་ཞེས་སོ་ སྡོང་པོ་བཀོད་པ་ལས་ཀྱང་ཆོས་བཅུས་དགེ་བའི་བཤེས་གཉེན་དང་ཉེ་བར་བསྙེན་པ་སྟེ། བསམ་པ་དག་པས་གཡོ་སྒྱུ་མེད་པ་དང། འགྲོ་བ་སྡུག་པ་ལ་སྙིང་རྗེ་རོ་གཅིག་པ་དང། སེམས་ཅན་ལ་སེམས་ཅན་མེད་པར་ངེས་པར་རྟོག་པ་དང། ལྷག་པའི་བསམ་པའི་ལྟ་བས་ ཐམས་ཅད་མཁྱེན་པའི་ལམ་ལས་མི་ལྡོག་པ་དང། སངས་རྒྱས་ཀྱི་དཀྱིལ་འཁོར་ལ་འདུན་པའི་མོས་པའི་སྟོབས་དང། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པའི་མིག་དང། སེམས་ཅན་ཐམས་ཅད་ལ་རོ་གཅིག་པའི་བྱམས་པ་ཆེན་པོ་དང། སྒྲིབ་པ་ཐམས་ ཅད་འཐོར་བའི་ཡེ་ཤེས་དང། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་གདུགས་ཀྱི་གཉེན་པོ་སྤྲིན་ཆེན་པོ་དང། ཆོས་ཀྱི་དབྱིངས་ཀྱི་རྒྱུད་ཐམས་ཅད་ལ་ཞུགས་ཤིང་བླ་མའི་རྗེས་སུ་འབྲང་བའི་ཡེ་ཤེས་སོ་ཞེས་སོ། ༈ །ཞར་ལ་བྱུང་བ་བཞི་ལས་དགེ་བའི་བཤེས་ གཉེན་དེས་ཆོས་བཤད་པའི་ཚུལ་སྨྲས་པ། ཆོས་སྨྲ་དེས་ཀྱང་སྟོན་པ་རྗེས་དྲན་ཞིང། །གུས་པ་ཆེན་པོས་ཆོས་དོན་ལེགས་བསམས་ནས། །བརྩེ་བས་ཁྱབ་པས་ཀུན་སྤྱོད་གཙང་བ་ཡིས། །ཞུམ་དང་དྲེགས་དང་ཟང་ཟིང་ལ་བལྟོས་དང། །སྐྱོ་དང་ལེ་ལོ་སེར་སྣ་ཕྲག་ དོག་དང། །བདག་བསྟོད་གཞན་ལ་སྨོད་སོགས་རབ་སྤངས་ནས། །གསལ་མཛེས་རིགས་ཤིང་འབྲེལ་བའི་ངག་གིས་ནི། །དཔེ་དང་གཏན་ཚིགས་ལུང་དང་ལྡན་པར་བཤད། །དེས་སངས་རྒྱས་ལ་སྐྱེས་བུ་དམ་པའི་འདུ་ཤེས་བཞག་སྟེ་བཀའ་དྲིན་རྗེས་སུ་དྲན་པས་ [023A]༄༅། །ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ཆོས་ལ་ཤིན་ཏུ་གུས་ཤིང་གཅེས་ལ་རི་མོར་བྱེད་པས། ཆོས་དང་དོན་ཇི་ལྟར་ཐོས་ཤིང་རྟོགས་པའི་རྣམ་པས་གཞལ་བ་དང། བགྲང་བའི་རྣམ་པས་ལེགས་པར་བསམས་ནས་བློ་ལ་བཀོད་ དེ༑ འགྲོ་བ་མཐའ་དག་དང་ཁྱད་པར་དུ་རང་གི་གདུལ་བྱ་རྣམས་ཀྱི་དོན་ཆེན་པོ་བསྒྲུབ་པར་འདོད་པའི་བརྩེ་བ་ཁོ་ནས་བཟུང་ལ། རང་ལ་སྨན་པ་དང་ཆོས་ལ་སྨན་དང་ཉན་པ་པོ་ལ་ནད་པའི་འདུ་ཤེས་ཀྱིས། ཀུན་ཏུ་སྤྱོད་པ་གཙང་བ་དང། ཀུན་ཏུ་སྤྱོད་པ་གཟོ་པ་ཕྱི་ནང་གི་ གཙང་སྦྲ་དང་ལྡན་པར། འཇིགས་པས་ཞུམ་ཞིང་བག་ཚ་བ་དང། ང་རྒྱལ་གྱིས་རློམ་ཞིང་དྲེགས་པ་དང། རྙེད་པ་དང་བཀུར་སྟི་དང་གྲགས་པ་ལ་སོགས་པ་ཟང་ཟིང་ལ་རེ་ཞིང་བལྟོས་པ་དང། ཡང་དང་ཡང་དུ་དང། མང་པོ་དག་འཆད་མི་ནུས་པས་སྐྱོ་བ་དང་ སྙོམ་ལས་དང་ཕྱི་བཤོལ་བྱེད་པ་ལ་སོགས་པ་ལེ་ལོ་དང། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་ཀྱིས་འཆབ་པ་སེར་སྣ་དང། གཞན་དག་མཐོ་བར་དོགས་ཤིང་མི་བཟོད་པ་ཕྲག་དོག་དང། བདག་ཉིད་སྒྲོགས་ཤིང་གཞན་གྱི་སྐྱོན་གླེང་བ་ལ་སོགས་པས་ལོག་པར་ འཇུག་པ་ཐམས་ཅད་ཐག་བསྲིངས་ཏེ། ངག་དང་ཚིག་ཡན་ལག་བརྒྱད་བརྒྱད་དང་ལྡན་པས་གསལ་བ་ལ་སོགས་པའི་སྒོ་ནས་དོན་ངེས་པའི་ཡན་ལག་དཔེ་དང་རྟགས་དང་ལུང་དང་བཅས་པར་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་ལས་ནི་མཐུན་པའི་ གཏམ་བཅོ་ལྔ་དང། ཡོངས་སུ་དག་པའི་གཏམ་ལྔར་གསུངས་ཏེ་དེ་ཉིད་དུ་ལྟའོ། །དམ་པའི་ཆོས་པདྨ་དཀར་པོ་ལས། མཁས་པ་དུས་སུ་སེམས་པར་བྱེད་པ་ན། །ཁང་བུར་ཞུགས་ཏེ་དེ་བཞིན་སྒོ་བཅད་ནས། །ཆོས་རྣམས་ཐམས་ཅད་ལ་ནི་ཚུལ་བཞིན་བལྟ། ། ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས་བཤད། །གཙང་ཞིང་ཡིད་འོང་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་བཤམས་ཏེ། །གོས་བཟང་གཙང་བ་རྣམ་བགོས་ནས། །བཅོས་བུའི་རས་སོགས་རྣམ་མང་བཏིང། །རྐང་རྟེན་བཅས་ཁྲི་ལ་འདུག་སྟེ། །སེམས་ཅན་ [023B] །ཟང་ཟིང་ཅི་ལའང་མི་སེམས་པར། །བྱམས་སྟོབས་བསྒོམས་པས་སྣ་ཚོགས་གཏམ། །སྐྱོ་དང་ལེ་ལོ་མེད་པར་སྟོན། །སེམས་ཅན་བསྒྲལ་ཕྱིར་གང་བསྟན་ཏེ། །བདག་གི་ཡོ་བྱད་ཉིད་དུ་སེམས་ཞེས་སོ། །འདུལ་བ་ལས་ཀྱང། སྟན་མཐོ་རིན་ཆེན་འོད་ཀྱིས་ མཛེས་པ་ལ། །འདུ་བྱེད་འཇིག་པའི་དང་ཅན་འདིར་བསམས་ཤིང། །འཛེགས་ནས་ཆོས་བསྒྲགས་པ་ནི་སྦྱིན་བྱ་སྟེ། །བདེར་གཤེགས་ཆོས་ནི་མཆོད་བྱ་ཡིན་པས་སོ་ཞེས་སོ། །སའི་སྙིང་པོའི་མདོ་ལས། ཀུན་ནས་ཉོན་མོངས་པ་ཡི་ནད་བསལ་ཕྱིར། །དམ་པའི་ཆོས་ཀྱི་སྨན་དག་ཉན་པར་ བསྐུལ། །ཁེ་དང་དྲེགས་པ་ཤིན་ཏུ་རིང་སྤངས་ཏེ། །དམ་པའི་ཆོས་དག་བསྟན་ཅིང་བཤད་པར་བྱ་ཞེས་སོ། །མྱ་ངན་ལས་འདས་པ་ལས་ཟླ་བ་ནི་ཚེས་ནས་ཞག་བཅོ་ལྔར་ཁད་ཀྱིས་སྐྱེའོ། །བླ་མ་ཡང་སློབ་མ་བགས་ཀྱིས་མི་དགེ་བ་དང་བསྲིང་ཞིང་དགེ་བ་བསྐྱེད་དོ། །དབང་པོ་རྣོ་བ་ལ་ཉིན་མཚན་ དུ་མི་སྐྱོ་བར་ཆོས་སྟོན་ཏོ་ཞེས་སོ། །རྣམ་པར་བཤད་པའི་རིག་པ་ལས། ཉན་པ་པོ་རྨུགས་པ་དང་གཉིད་ཀྱིས་ནོན་པ་ལ་སེམས་གསལ་བར་བྱ་བའི་ཕྱིར་ངོ་མཚར་དང་རབ་ཏུ་དགའ་བའི་བྱ་བ་དང། རྣམ་པར་གཡེང་བ་ལྡན་པ་ལ་སྐྱོ་བར་བྱ་བས་རྩེ་གཅིག་པ་བསྒྲུབ་པའི་གཏམ་བྱ་བར་ གསུངས་པ་ལྟར་ཡང་བྱའོ། ༈ །ཆོས་བཤད་པའི་འབྲས་བུ་ནི། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པ་ཡི། །ཕན་ཡོན་ཉི་ཤུ་ལ་སོགས་བསམ་ལས་འདས། །དེའི་འབྲས་བུ་ནི་དཔག་ཏུ་མེད་པས་ལྷག་པའི་བསམ་པ་བསྐུལ་བ་ལས་རྙེད་པ་དང་བཀུར་སྟི་མི་འདོད་པས་ཟང་ཟིང་མེད་པའི་ཆོས་ སྦྱིན་པའི་ཕན་ཡོན་ནི་ཉི་ཤུ་སྟེ། དྲན་པ་དང་ལྡན་པ་དང། བློ་དང། བློ་གྲོས་དང། མོས་པ་དང། ཤེས་རབ་དང་ལྡན་པ་དང། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཆུང་བ་དང། བདུད་ཀྱིས་མི་རྫི་བ་དང། སངས་རྒྱས་ཀྱིས་ དགོངས་པ་དང། མི་མ་ཡིན་པ་རྣམས་བསང་ ལྷ་རྣམས་ལུས་ལ་མདངས་འཇུག་པ་དང། མི་མཛའ་བ་རྣམས་ཀྱིས་མི་རྫི་བ་དང། མཛའ་བོ་མི་ཕྱེད་པ་དང། ཚིག་གཟུང་བར་འོས་པ་དང། མི་འཇིགས་པ་ཐོབ་པ་དང། ཡིད་བདེ་བ་མང་བ་དང། མཁས་པ་རྣམས་ཀྱིས་ [024A]༄༅། །བསྔགས་པ་དང། ཆོས་ཀྱི་སྦྱིན་པ་དེ་ཉིད་རྗེས་སུ་དྲན་པར་འགྱུར་བའོ་ཞེས་སོ། །ཁྱད་པར་དུ་ནི་རྒྱལ་བའི་ཡུམ་དག་ལས། མཆོད་རྟེན་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གང་བར་བྱེད་པ་དང། སེམས་ཅན་དེ་སྙེད་དག་དགེ་བ་བཅུ་ནས་རང་རྒྱལ་ གྱི་བར་ལ་བཀོད་པ་བས། ཡུམ་དག་ལས་སེམས་བསྐྱེད་པ་ནས་མངོན་ཤེས་མྱུར་བའི་བྱང་ཆུབ་སེམས་དཔའི་བར་ལ་བྱིན་པ་གོང་ནས་གོང་དུ་ལྷག་པར་གསུངས་སོ། །དྲག་ཤུལ་ཅན་ལས་ཀྱང་ཁྱིམ་པས་ཟང་ཟིང་དཔག་ཏུ་མེད་པ་བྱིན་པ་བས། རབ་ཏུ་བྱུང་བས་ཆོས་ཚིགས་ སུ་བཅད་པ་གཅིག་ཙམ་བྱིན་པ་བསོད་ནམས་ལྷག་པ་ལ་སོགས་པར་གསུངས་སོ།། ༈ །དེ་ལས་ཆོས་ཉན་པའི་ཚུལ་བརྗོད་པ། གུས་པས་མཆོད་ཅིང་བསྟི་སྟང་ཆེར་བྱས་ཏེ། །དམའ་བའི་སྟན་འདུག་ལྷག་བསམ་དག་པ་ཡིས། །དྲང་ཞིང་མཉན་ལ་གཡེལ་མེད་རབ་བསྒྲིམས་ པས། །དོན་ཆེན་བསྒྲུབ་ཕྱིར་མཆོག་ཏུ་གཅེས་འཛིན་ཅིང། །ཁེངས་དང་ཁྱད་དུ་གསོད་དང་ཞུམ་པ་དང། །གཡེང་དང་སྐྱོ་དང་ཆོག་ཤེས་རང་ལྟ་དང། །གཏི་མུག་ལེ་ལོ་རློམ་དང་དྲེགས་སྤངས་ཏེ། །གཅིག་ཏུ་དད་པས་ལེགས་གསུང་བདུད་རྩི་མཉན། །སྟོན་པ་དམ་པ་དང་བསྟན་པ་ དམ་པ་དང་བསྒྲུབ་པ་པོ་དམ་པ་ལ་རབ་ཏུ་གུས་པས་མཆོད་པ་བྱས་ཏེ། སེགེའི་ཁྲི་བཤམས་པ་ལ་སོགས་པ་བསྟི་སྟང་ཆེན་པོ་དང་བཅས་པས། རང་སྟན་ཆེས་དམའ་བ་ལ་འདུག་ཅིང་ཞྭ་ལ་སོགས་པ་བོར་ནས། འགྲེང་བར་བྱེད་ལ་སོགས་པ་ལྔ་ཞེས་གསུངས་པ་ལ་སོགས་པ་ མ་གུས་པའི་སྤྱོད་ལམ་ཐམས་ཅད་སྤངས་ལ། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་བསམ་པ་དམ་པས་བཟུང་སྟེ། དང་བ་མང་བ་དང་རྒྱུད་མཉེན་ཞིང་དྲང་བར་བྱའོ། །དེ་དག་ནི་འདུ་ཤེས་ལྔས་མཉན་ཞིང་ཆོས་སྨྲ་བ་ལ་གནས་ལྔར་ཡིད་ལ་མི་བྱ་བར་མཉན་པ་སྟེ། དང་པོ་ནི་ དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང། ལྷན་ཅིག་སྐྱེས་པའི་ཤེས་རབ་ཆེན་པོ་འཐོབ་པའི་རྒྱུ་ལས་མིག་གི་འདུ་ཤེས་དང། དེ་ཐོབ་ནས་ཤེས་བྱ་ཇི་ལྟ་བ་དང་རྣམ་པ་ཐམས་ཅད་སྟོན་པས་སྣང་བའི་འདུ་ཤེས་དང། མྱ་ངན་ལས་འདས་པ་དང་བྱང་ཆུབ་ཆེན་པོ་འཐོབ་པར་ [024B] ད་ལྟར་ཡང་དེ་གཉིས་ཀྱི་རྒྱུ་ཞི་གནས་དང་ལྷག་མཐོང་གི་བདེ་བ་འཐོབ་པར་བྱེད་པས། དགའ་བ་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་སོ། །གཉིས་པ་ནི་དེ་ལ་ཚུལ་ཁྲིམས་ཉམས་པ་དང། རིགས་དམའ་བ་དང། བྱད་ངན་པ་དང་ ཚིག་འབྲུ་ངན་པ་དང། ཚིག་རྩུབ་ཅིང་མི་སྙན་པར་སྨྲ་བས། འདི་ལ་མཉན་པར་མི་བྱའོ་སྙམ་དུ་ཡིད་ལ་མི་བྱ་བས་སོ། །གཞན་ཡང་སྣོད་ཁ་སྦུབ་ཆར་མི་འབབ་པ་ལྟ་བུ་རྨུགས་པ་དང་གཉིད་ལ་སོགས་པས་རྣ་མི་གཏོད་པ་སྤང་བས་གཡེལ་བ་མེད་པ་དང། ཞབས་རྡོལ་ལྟ་བུ་བརྗེད་ ངས་པས་མི་གནས་པ་སྤང་བར་དྲན་པ་དང་ཤེས་བཞིན་ཤིན་ཏུ་བསྒྲིམས་པ་དང། མི་གཙང་བ་ལྟ་བུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདོད་པའི་རྣམ་རྟོག་ལ་སོགས་པས་སྦག་ཅིང་གནས་ཀྱང་སྐྱོན་ཅན་དུ་འགྱུར་བ་སྤང་བར་རང་དང་གཞན་གྱི་དོན་ཆེན་པོ་རྣམ་གྲོལ་ཉིད་ བསྒྲུབ་པ་ལ་གཏོད་པས་མཉན་ནོ། །འདི་གསུམ་ནི་མདོ་དག་ལས་ལེགས་པར་ཉོན་རབ་ཏུ་ཉོན་ལ་ཡིད་བཟུང་ཞིག་ཅེས་ཅི་རིགས་པར་གསུངས་སོ། །ཡང་ན་ནད་པ་གསུམ་པོ་སྨན་པའི་ལུང་མ་ཤེས་པ་དང། ལོག་པར་གཟུང་བ་དང། ལེགས་པར་གཟུང་ནས་ཆུད་གཟོན་པ་ལྟ་བུའི་ ཉན་པ་པོ་གསུམ་གྱི་གཉེན་པོར་སྦྱར་རོ། །ཡང་ན་ཕ་ལ་གནོད་པའི་ནད་པ་གསུམ་པོ་ཟས་མི་ཟ་བ་དང་མི་འཕྲོད་པ་ཟ་བ་དང་ཟོས་པ་སྐྱུགས་པ་ལྟར། ཆོས་མི་ཉན་པ་དང། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང། མཉན་ཡང་བརྗེད་པ་གསུམ་ཡང། ཆོས་ཀྱི་ཡབ་སངས་ རྒྱས་ལ་གནོད་པས་དེ་གསུམ་གྱི་གཉེན་པོར་ཡང་གུས་པར་མཉན་པ་གསུངས་བའོ། །མཆོག་ཏུ་གཅེས་པར་འཛིན་པ་ནི་བྱང་ཆུབ་སེམས་དཔའི་ས་ལས། ལེགས་པར་གསུངས་པ་གཅིག་གི་ཕྱིར་ཡང་གཞན་དུ་དེ་མི་ཐོས་པ་ཡིན་ན་ལྕགས་འབར་བའི་ལམ་ལ་ཡང་དགའ་བཞིན་ སྤྲོ་བཞིན་དུ་འགྲོ་ན་མང་པོའི་ཕྱིར་ལྟ་ཅི་སྨོས། ལོངས་སྤྱོད་ཐམས་ཅད་དེ་ལྟ་ཞོག་ལུས་དང་སྲོག་ལ་དགའ་ཞིང་གུས་པས་ཀྱང་དགའ་ཞིང་སྤྲོ་བ་སྔ་མ་དེའི་བརྒྱའི་ཆར་ཡང་མི་ཕོད་པར་གསུངས་སོ། །མྱ་ངན་ལས་འདས་པ་ལས། དྲང་སྲོང་ཞིག་ཆོས་འདོད་པ་ན་མ་རྙེད་པ་ལ་སྲིན་པོ་ [025A]༄༅། །ལས་ཚིགས་སུ་བཅད་པ་ཕྱེད་ཐོས་པས་དགའ་བ་ནི་ཚོང་པ་གཡང་སར་མཚན་མོ་དོན་མཐུན་སྟོར་ཏེ་འཇིགས་པས་གྲོགས་རྙེད་པའམ། ནད་པ་ཡུན་རིང་སྨན་པ་མཁས་པས་གསོས་པའམ། རྒྱ་མཚོར་ལྷུང་བ་གཟིངས་དང་ཕྲད་པའམ། སྐོམ་ པས་གདུངས་པ་ཆུ་གྲང་རྙེད་པའམ། གཤེད་མས་བཟུང་བ་དང། བཙོན་ཡུན་རིང་དག་ཐར་པའམ། ཐན་ཆེན་ལ་ཆར་འབབ་པའམ། འགྲོན་ལམ་རིང་པོར་སོང་བ་ཕྱིར་འཁོར་བ་ཙམ་དུ་དགའ་ནས། ལག་པས་སྐྲ་བཏེག་སྟེ་ཕྱོགས་བཞིར་བལྟས་པས་སྲིན་པོ་དེ་མཐོང་ནས་ རྣམ་པར་གྲོལ་བའི་སྒོ་འབྱེད་པ་སུ་ཡིན། སངས་རྒྱས་ཀྱི་གསུང་དབྱངས་འབྲུག་སྒྲ་སྒྲོགས་པ། འཁོར་བའི་གཉིད་ཀྱིས་ནོན་པ་སད་པར་བྱེད་པ། མུ་གེ་ཆེན་པོས་གདུངས་པ་ལ་འཚང་རྒྱ་བའི་ཟས་སྟོབ་པ། སྲིད་པའི་རྒྱ་མཚོར་བྱིང་བ་ལ་གྲུ་ཆེན་པོ་འདྲེན་པ། ཉོན་མོངས་ པའི་ནད་ཆེན་པོས་གཟིར་བའི་སྨན་པ་དམ་པ་དེ་སུ་ཡིན། ཚིགས་སུ་བཅད་པ་ཕྱེད་པོས་པདྨ་བགས་ཀྱིས་ཕྱེ་བ་ལྟར་བདག་གྱུར་ཏོ་ཞེས་ཏེ། སེར་སྣས་ནོན་པ་དག་ངའི་ལུས་བཏང་བ་འདི་ཐོས་ནས་སྦྱིན་པ་ལ་གནས་པ་དང། སྦྱིན་པ་ལ་ཞེན་པ་ང་རྒྱལ་ཅན་དག་གིས་ངའི་ལུས་ གཏོང་པ་འདི་མཐོང་བར་ཤོག་ཅིག་འདི་མཆིལ་མའམ་ས་རྡོ་ལྟར་གཏོང་ངོ་ཞེས་ཏེ་ཚིགས་སུ་བཅད་པ་ཕྱེད་པོ་མཉན་ནས་ཤིང་ཁ་ནས་མཆོངས་པར་གསུངས་པ་ལྟར་རོ། །ཁེངས་པ་ལ་སོགས་པ་དྲུག་སྤང་བ་ཡང་བྱང་ཆུབ་སེམས་དཔའི་ས་ལས། ཀུན་ནས་ཉོན་མོངས་པ་མེད་ པ་དང། རྣམ་པར་གཡེང་བ་མེད་པར་ཆོས་མཉན་པ་བྱའོ། །དང་པོ་ནི་གསུམ་ལས་རྣམ་པ་དྲུག་གིས་ནི་ཁེངས་པའི་ཉོན་མོངས་པ་དང་བྲལ་བ་སྟེ། དུས་སུ་ཉན་པ་དང། བཀུར་སྟི་བྱེད་པ་དང། སྲི་ཞུ་བྱེད་པ་དང། མི་ཁྲོ་བ་དང། རྗེས་སུ་བསྒྲུབ་པ་དང་ ཀླན་ཀ་མི་འཚོལ་བས་སོ། །བཞིས་ནི་ཁྱད་དུ་གསོད་པའི་ཉོན་མོངས་མེད་པར་ཏེ། ཆོས་ལ་གུས་པ་དང། ཆོས་སྨྲ་བ་ལ་གུས་པ་དང། ཆོས་ལ་ཁྱད་དུ་མི་གསོད་པ་དང། ཆོས་སྨྲ་བ་ལ་ཁྱད་དུ་མི་གསོད་པས་སོ། །གཅིག་གིས་ནི་ཞུམ་པའི་ཉོན་མོངས་པ་མེད་པར་ཏེ་ [025B] །རྣམ་པར་གཡེང་བ་མེད་པ་ནི་ལྔས་ཏེ། ཀུན་ཤེས་པར་འདོད་པ་དང། རྩེ་གཅིག་པ་དང། རྣ་ཀླགས་པ་དང། ཡིད་བཏུད་པ་དང། སེམས་ཐམས་ཅད་ཀྱིས་བསམས་ནས་ཉན་པའོ། །དེ་ལྟར་ཉན་པ་ནི་ཆོས་ཉན་པའི་དཀའ་བས་མི་སྐྱོ་བ་དང། ཐོས་ པ་དང་དྲི་བས་ཆོག་མི་ཤེས་པར་ཡང་འགྱུར་རོ་ཞེས་གསུངས་སོ། །རང་གི་ལྟ་བའི་ཕྱོགས་སུ་ལྷུང་བ་ལ་སོགས་པ་སྤང་བ་ནི་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། རང་གི་འདོད་པ་བཏང་སྟེ་མཁན་པོ་དང་སློབ་དཔོན་གྱི་གཞུང་ལ་རབ་ཏུ་གནས་པ་དང་གུས་པར་བྱའོ། །ཆོས་ བཞི་སྤང་སྟེ་གཉིད་རྨུགས་དང། བྲེ་མོའི་གཏམ་དང། ཁྲོ་བ་དང། ཁེངས་པའོ། །ཆོས་བཞི་གོམས་པར་བྱ་སྟེ། མི་ཉལ་བར་སྦྱོར་བ་དང། བརྩོན་འགྲུས་བརྩམ་ཞིང་འཆག་པ་དང། བླ་མའི་བསྙེན་བཀུར་ལ་གུས་ཤིང་མ་ཁེངས་པ་དང། གཞན་ལ་གུས་པ་བསྐྱེད་པས་ཐོས་པ་འཛིན་ པའོ་ཞེས་སོ། །སའི་སྙིང་པོ་ལས་ཀྱང། ཤིན་ཏུ་དད་ཅིང་གུས་པས་ཆོས་ཉན་ཅིང། །དེ་ལ་འཕྱ་ཞིང་སྐུར་པར་མི་བྱའོ། །ཆོས་སྨྲ་བ་ལ་མཆོད་པ་བྱ་བ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད། །ཅེས་གསུངས་སོ། ༈ །ཐོས་པའི་འབྲས་བུས་བསྡུས་པ་ནི། རྗེས་སུ་བསྒྲུབ་དང་ ཡང་དག་སྟོན་པ་ཡིས། །རང་གཞན་དོན་ཀུན་ཐོས་པས་སྒྲུབ་པར་བྱེད། །བྱང་ཆུབ་སེམས་དཔའི་ས་ལས་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་གྱིས་བསྒྲུབ་པའི་ཕྱིར་དང། གཞན་ལ་རྒྱ་ཆེར་བསྟན་པའི་ཕྱིར་ཆོས་ཚོལ་བར་གསུངས་པས། འདི་ ཉིད་ཀྱི་རང་དང་གཞན་གྱི་དོན་འགྲུབ་པ་ཐམས་ཅད་བསྡུས་པའོ། །མྱ་ངན་ལས་འདས་པ་ལས་ཆོས་ཉན་པས་དད་པ་སྐྱེའོ། །དད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་མོས་ནས་འཚང་རྒྱ་བའི་བར་དུ་ཐོབ་པས་དགེ་བའི་ཆོས་ཐམས་ཅད་ཐོབ་པ་ནི་ཐོས་པའི་རྒྱུ་སྟོབས་སོ། །ཁྱིམ་ བདག་གི་བུ་གཅིག་པ་ཚོང་ལ་འགྲོན་ཕས་ལམ་བདེ་བའི་ས་སྟོན་ཅིང། རེས་མ་ལ་ཆགས་པར་མ་བྱེད་ཅིག་ལུས་དང་སྲོག་ཡལ་ཏེ་འགྲོའོ། །གྲོགས་ངན་པ་དང་མ་འགྲོགས་ཤིག་ཅེས་གདམས་པ་བུས་མཉན་ན་དོན་འགྲུབ་བོ། །དགེ་བའི་བཤེས་གཉེན་གྱིས་ཀྱང་སློབ་མ་ལ་ལམ་བདེ་ [026A]༄༅། །བ་དང་མི་བདེ་བ་སྟོན་ཏེ། དེས་ཐོས་ནས་མི་དགེ་བ་སྤངས་ཞིང་དགེ་བ་བསྒྲུབས་པས་དོན་འགྲུབ་བོ། །མེ་ལོང་གསལ་བར་གདོང་ཇི་ལྟ་བར་སྣང་ངོ། །ཆོས་ཐོས་པའི་མེ་ལོང་ལའང་དགེ་བ་དང་མི་དགེ་བ་དག་གསལ་བར་སྣང་ངོ། །ཚོང་དཔོན་རིན་པོ་ཆེའི་གླིང་ གི་ལམ་མི་ཤེས་པ་དག་ཀྱང་གཞན་གྱིས་ལམ་བསྟན་ཏེ་སོང་ན་རིན་པོ་ཆེ་མང་པོ་ལེན་ཏོ། །བླ་མ་སངས་རྒྱས་ལ་སོགས་པས་སེམས་ཅན་ལ་ལམ་བསྟན་ཏེ་དགེ་བའི་གནས་སུ་སངས་རྒྱས་ཀྱི་རིན་པོ་ཆེ་ལེན་པའང་ལམ་དེར་ཞུགས་པས་དོན་དེ་འགྲུབ་བོ། །མང་དུ་གསོད་པར་ འདོད་པའི་བ་གླང་མྱོས་པ་ལ་འདུལ་སྦྱོང་མཁན་གྱིས་ལྕགས་ཀྱུ་ཀླད་དུ་བཙུགས་ན་མོད་དུ་ཐུལ་བར་འགྱུར་རོ། །ཉོན་མོངས་པས་སྨྱོས་ཏེ་སྡིག་པ་མང་དུ་བྱེད་འདོད་པ་ཡང་ཐོས་པའི་ལྕགས་ཀྱུས་མོང་དུ་དུལ་བར་འགྱུར་རོ། །ངའི་ཉེ་གནས་རྣམས་རྩེ་གཅིག་ཏུ་ཐོས་པ་བྱེད་ན་ སྒྲིབ་པ་ལྔ་དང་བྲལ་ཏེ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་རྒྱུན་དུ་ཞུགས་པ་ལ་སོགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ཐོབ་བོ། །ཐོས་པས་ནི་མིག་འབྱེད་དེ་མིག་གསུམ་ལ་མིག་མེད་པ་ནི་རྟག་ཏུ་ཆོས་མི་ཐོས་པའོ། །མིག་གཅིག་པ་ནི་ཐོས་ཀྱང་བརྗེད་པའོ། །མིག་ གཉིས་པ་ནི་རྟག་ཏུ་རྩེ་གཅིག་ཏུ་ཉན་ཅིང་ཇི་ལྟར་ཐོས་པ་ལྟར་སྤྱོད་པའོ་ཞེས་སོ། །ཉི་མའི་སྙིང་པོ་ལས་ཀྱང་རང་དང་གཞན་གྱི་དོན་གཉིས་མཐོང་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་སྐྱེས་བུ་དམ་པ་བསྟེན་པ་དང་བསྙེན་བཀུར་བྱའོ། །དེ་དག་ལས་འདོད་པ་རྣམས་ ཀྱི་རོ་མྱང་བ་དང་ཉེས་དམིགས་དང་ངེས་པར་འབྱུང་བ་དྲིས་ལ། དེ་ཐོས་ནས་རྗེས་སུ་བསྒྲུབ་པར་མངོན་པར་འཚང་རྒྱ་བའི་བར་དུ་བྱའོ། །སྐྱེས་བུ་དམ་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་རྒྱལ་བ་དང་དགྲ་བཅོམ་པ་རྣམས་སོ་ཞེས་སོ། ། ༈ དབང་དུ་བྱས་ནས། སྔོན་ཆད་མ་ཐོས་རྨད་བྱུང་ཐོས་པ་དང། །ཐོས་པ་ཡོངས་སུ་བྱང་དང་ཐེ་ཚོམ་སྤོང། །ལྟ་བ་དྲང་དང་དོན་ཆོས་ཟབ་མོ་རྟོགས། །ཆོས་ཀུན་ཤེས་ཤིང་ཉེས་སྤྱོད་འདོར་བ་དང། །དོན་མེད་སྤོང་དང་དོན་མཆོག་ཞི་ཐོབ་སོགས། །ཐོས་པ་ཡོན་ཏན་བསམ་ཡས་ [026B] །མདོ་ལས་ཆོས་ཉན་པ་ལ་ཕན་ཡོན་ལྔ་གསུངས་པ་ནི་ཐོག་མ་མེད་པར་གཞུང་ལུགས་གཞན་ཐམས་ཅད་ལས་མ་ཐོས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རྣམས་ཐོས་པར་འགྱུར་བ་དང། སངས་རྒྱས་ འབྱུང་བ་གཞན་ལས་སམ་འདིར་ཐོས་པ་བརྗེད་དམ་དྲི་མ་ཅན་དུ་གྱུར་ན། དེ་མཉན་པས་གསལ་ཞིང་དྲི་མ་མེད་པས་ཐོས་པ་ཡོངས་སུ་བྱང་བ་དང། དེ་སེམས་པ་ན་ཐེ་ཚོམ་ཟ་བ་ཡང་ཉན་པས་ངེས་པར་བྱེད་པ་དང། འདིས་སེམས་པ་ན་ལོག་པ་འབྱུང་ན་ཡང་དག་པར་རྟོགས་པས་ལྟ་ བ་དྲང་པོར་བྱེད་པ་དང། རྟེན་འབྲེལ་གྱི་ཆོས་ཉིད་ཐོས་ནས་རྟོགས་ཤིང་བདེན་པ་བཞི་འང་མངོན་པར་རྟོགས་པས་ཤེས་རབ་ཀྱིས་ཚིག་དང། དོན་ཟབ་མོ་རྟོགས་པར་འགྱུར་བའོ། །ཡང་ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་བཟློག་པར་བྱེད། །ཐོས་པས་དོན་མ་ ཡིན་པ་སྤོང། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་གསུངས་པ་སྟེ། སངས་རྒྱས་ཀྱི་ཆོས་འདུལ་བ་ཐོས་པས་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་སྟོན་པ་ཁོ་ན་ཆོས་ཡིན་གྱི། མེར་འཇུག་པ་ལ་སོགས་པ་དཀའ་ཐུབ་དྲག་པོ་དང་འཚེ་བའི་མཆོད་སྦྱིན་སྟོན་པ་ལ་སོགས་པ་ ནི་ཆོས་མ་ཡིན་པར་ཤེས་སོ། །སྡིག་པ་ལས་ཟློག་པ་ནི་ཆོས་འདུལ་བ་ལས་ཚུལ་ཁྲིམས་ཐོས་ན། དེ་ལ་བརྟེན་པས་ཉེས་པར་སྤྱོད་པ་རྣམས་འདོར་བའོ། །དོན་མ་ཡིན་པ་སྤོང་བ་ནི་ལྷག་པའི་སེམས་ཐོས་པས་བྱིས་པ་རྣམས་དོན་དུ་འདུ་ཤེས་པའི་འདོད་པ་དོན་མ་ཡིན་པ་སྤོང་བའོ༑ ༑ མྱ་ངན་ལས་འདས་པ་འཐོབ་པ་ནི་ལྷག་པའི་ཤེས་རབ་ཐོས་པས་ཟག་པ་ཟད་པ་མངོན་དུ་བྱེད་པའོ། །དེ་ལྟར་ན་ཐོས་པའི་ཕན་ཡོན་བཞི་པོ་ཡང་དག་པའི་ལྟ་བ་བརྙེད་པ་དང། བསླབ་པ་གསུམ་གྱིས་སྡིག་པ་ལས་ཡང་དག་པར་བརྒལ་བ་དང། འདོད་པ་ལས་དང། སྲིད་པ་ལས་ཡང་ དག་པར་རྒལ་བའོ། །ཡང་ན་ཉོན་མོངས་པ་གནོན་པས་བཞི་པོ་སྟེ། ཡང་དག་པའི་ལྟ་བ་རྙེད་པ་དང། ལས་དང་ཉོན་མོངས་པ་དང། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་བརྒལ་བ་དག་དང་གོ་རིམས་བཞིན་ནོ། །ཡང་ན་འདི་བཞི་ཆོས་འབུལ་བ་ལ་དད་པ་རྙེད་པ་དང། རབ་ཏུ་འབྱུང་བ་ [027A]༄༅། །བ་དང། དབང་པོ་སྡོམ་པ་ལ་སོགས་པས་བསམ་གཏན་བཞི་འཐོབ་སྟེ། འདོད་ཁམས་ལ་འདོད་ཆགས་དང་བྲལ་བས་གནོད་པ་སྤོང་བ་དང། བདེན་པ་མཐོང་ནས་ཟག་པ་ཟད་པ་བཞི་དང་སྦྱར་རོ། །ཡང་དཔེར་ན་འཁོར་ལོ་ལེགས་པར་སྦྱར་བ་ནི་ འཕུལ་བར་བྱེད་པ་དང། ས་གཉིས་ཀྱི་ཡོན་ཏན་གྱིས་འགྲིལ་ཏེ། ལེགས་པར་འཕུལ་བ་དང་གཞི་མཉམ་པ་ལ་འཕུལ་བས་སོ། །དེ་བཞིན་དུ་གདུལ་བྱའི་རྒྱུད་གཞན་ལ་འཕོ་བ་ཀུན་རྫོབ་སྟོན་པས་ཆོས་ཀྱི་འཁོར་ལོ་དང། དོན་དམ་པ་སྟོན་པས་ཆོས་དང་ལྡན་པ་ལེགས་པར་བཤད་ པ་ཡང། སྟོན་པ་པོས་ཡང་དག་པར་བསྟོན་ཅིང་ཉན་པ་པོས་ལེགས་པར་ཉན་པའི་ཡོན་ཏན་གཉིས་ཀྱིས་འཁོར་བར་གསུངས་སོ། །གཞན་ཡང་ཉེ་བར་མཚོན་པ་ནི་སོགས་ཀྱིས་བསྡུས་པ་ཐོས་པ་ཡོན་ཏན་བསམ་ཡས་འབྱུང་ཁུང་སྟེ། ཡང་མདོ་ལས་ཐོས་པའི་ཕན་ཡོན་ལྔ་ པོ་རྣམ་པར་མི་ཤེས་པ་རྣམ་པར་ཤེས་པར་བྱེད་པ་དང། ཉེས་པར་གཟུང་བ་འདོར་བ་དང། ཐེ་ཚོམ་ཟོས་པ་ངེས་པ་དང། ངེས་པ་སྙིང་པོར་བྱེད་པ་དང། འཕགས་པའི་ཤེས་རབ་ཀྱི་མིག་སྦྱོང་བའོ་ཞེས་གསུངས་པ་དང། བསྟན་བཅོས་ལས། ལེགས་པར་སྨྲ་བ་རྣམས་ཀྱི་རིན་ ཐང་ཞིག་གལ་ཏེ་ངེས་པར་བཅད་དུ་རུང་ན་ནི། །དེ་ཡི་རིན་དུ་རྒྱལ་སྲིད་ཉིད་ཀྱང་འོས། །དེ་ལ་གྱོད་ཀྱང་བརྗོད་པར་ག་ལ་འགྱུར། །གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ན། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ ཤས་ཀྱང་དེ་ནི་ཉོ་བའི་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག་ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག་ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། ། གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག། གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག་ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་ལ་ཉི་མའི་འོད་ [027B] །འགྲན་ཟླ་རྣམས་ཀྱི་གྲགས་དང་དྲེགས་པ་འཇོམས། །མི་ཤེས་རྣམས་ཀྱང་རབ་ཏུ་དགར་གྱུར་ནས། །མིག་དང་བཞིན་མདངས་རབ་ཏུ་གསལ་གྱུར་ཅིང། ལག་པའི་སེ་གོལ་མགུ་བྱེད་རྡོབ་པ་ཡིས། །ཁྱད་པར་རབ་ཏུ་ཆེ་བ་རྣམ་པར་སྒྲོགས། །གཏན་ཚིགས་དོན་རྣམས་ རབ་ཏུ་གསལ་བར་སྟོན། །གཙུག་ལག་ལུང་རྣམས་སྣ་ཚོགས་སྟོན་དང་མཐུན། །མཉེན་ཞིང་སྦྱངས་པས་ཡིད་དུ་འོང་བའི་ཕྱིར། །མེ་ཏོག་འཕྲེང་བ་མ་རྙིངས་བཀྲམ་པ་བཞིན། །དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་བསྐྱེད། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་འགྱུར། ། སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔལ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་ན་འགལ་བ་མེད་པ་ཡིས། །འཁོར་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཐོས་པའི་རྗེས་འཇུག་བསྒྲུབ་པ་སྙིང་པོར་བྱེད། །སྐྱེ་པའི་རྫོང་ལས་ཚེགས་ ཆུང་ཐར་པར་འགྱུར། །ཞེས་གསུངས་པ་ལ་སོགས་པ་དཔག་ཏུ་མེད་པ་ལྟར་རོ། ༈ །དགེ་བའི་བཤེས་གཉེན་བསྟེན་པའི་འབྲས་བུ་སྤྱིར་སྨྲས་པ། སྲིད་མཚོའི་ཕ་རོལ་བདེ་བླག་སྒྲོལ་བྱེད་ཕྱིར། །བཤེས་གཉེན་བསྟེན་པ་ཚངས་སྤྱོད་རྫོགས་པ་སྟེ། །ཆོས་རྒྱུན་ཐོས་ནས་གྱེན་དུ་བསྐྱོད་ པ་ཡི༑ ༑བསམ་པ་ཐོབ་ནས་ཉེས་སྤྱོད་ལས་འདས་ཤིང། །དགེ་ལེགས་སྡུད་པས་བཟང་པོའི་ལམ་ཞུགས་ཏེ། །ལམ་ངན་ཞུགས་རྣམས་བརྩེ་བས་རྗེས་སུ་འཛིན། །གཟུངས་དང་གཏེར་དང་དབང་དང་ཆོ་འཕྲུལ་སོགས། །ཡོན་ཏན་མ་ལུས་ཐོབ་ཅིང་རྫོགས་པ་དང། །ངན་འགྲོར་ ཡུན་རིང་འཁྱམས་པའི་ལས་ལ་སོགས། །ཉེས་ཚོགས་མ་ལུས་ཟད་པའི་གནས་འཐོབ་འགྱུར། །རྟོགས་པ་བརྗོད་པ་ལས། འཕགས་པ་ཀུན་དགའ་བོས་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་ནི་ཚངས་པར་སྤྱོད་པ་ཕྱེད་ལགས་སྙམ་བགྱིད་དོ་ཞེས་ཞུས་པ་ལ། བཀའ་སྩལ་ པ་ཕྱེད་ཅེས་མ་ཟེར་ཅིག་དེ་ནི་ཚངས་པར་སྤྱོད་པ་རིལ་པོ་དང་མ་འདྲེས་པ་དང། ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བའོ། །ཅིའི་ཕྱིར་ཞེ་ན། དེ་ལ་བརྟེན་ནས་སེམས་ཅན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་ [028A]༄༅། །སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང་འཁྲུག་པའི་ཆོས་ཅན་རྣམས། འཁྲུག་པའི་བར་དེ་རྣམས་ལས་ཡོངས་སུ་གྲོལ་བས་སོ། །སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས་ཀྱང། དགེ་བའི་བཤེས་གཉེན་དང་ལྡན་པ་ནི་ཚངས་པར་སྤྱོད་པ་རྫོགས་ པ་སྟེ༑ དེ་ལ་བརྟེན་ནས་སེམས་དགེ་བ་དང། བསམ་པ་དང་སྦྱོར་བ་དགེ་བ་དང། དགེ་བའི་ཆོས་སེམས་པ་དང། དགེ་བའི་ཆོས་ལ་ཉེ་བར་གནས་པ་དང། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་དང། འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ གོང་ནས་གོང་དུ་འཐོབ་བོ། །ཆར་བབ་ན་ཤང་གཤོང་གང་བ་དང་ཆུ་བྲན་རྣམས་བྲུག་པ་དང་ཀླུང་ཆེན་པོ་རྣམས་གྲུག་པ་དང། མཚོ་ཆེན་པོ་བྲུག་པ་རྣམས་རིམ་པ་བཞིན་དུ་འགྱུར་བ་ལྟར། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་དང་དགེ་བའི་སེམས་ལ་བརྟེན་ ནས་དགེ་བའི་རྩ་བའི་སྟོབས་ཐོབ་པ་ནི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་པས་རབ་ཏུ་མཐར་ཐུག་པ་དང། རབ་ཏུ་དྲི་མ་མེད་པ་དང། རབ་ཏུ་ཆོས་སྤྱོད་པ་དང། རབ་ཏུ་མཐར་ཕྱིན་པར་འགྱུར་རོ། །ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་དུས་སུ་འབྲས་བུ་འབྱིན་ན། ལེགས་པར་ སྤྱོད་པ་རྣམས་ཀྱིས་མི་བསླུ་བ་ལྟ་ཅི་སྨོས་ཞེས་སོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་ཤིན་ཏུ་གུས་པས་བླ་མ་ལ་བརྟེན་པ་དང། བསྙེན་པ་དང་བསྙེན་བཀུར་བྱའོ། །དེ་ལྟར་བྱས་ན་དགེ་བའི་ཆོས་ཐོས་པས་བསམ་ པ་དགེ་བ་དང་དེ་ལས་སྦྱོར་བ་དགེ་བར་འགྱུར་རོ། །དེས་དགེ་བའི་ལས་བྱེད་ཅིང་དགེ་བར་འགྲོ་བས་དགེ་བའི་གྲོགས་མགུ་བར་བྱེད་དོ། །དེ་ལས་སྡིག་པའི་ལས་མི་བྱེད་ཅིང་དགེ་བ་བྱེད་པས་བདག་དང་གཞན་ལ་གདུང་བར་མི་བྱེད་དོ། །བདག་དང་གཞན་རྗེས་སུ་བསྲུང་ བས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་རྫོགས་པར་བྱེད་པས་ལམ་ངན་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་བྱེད་པར་ནུས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའི་བླ་མ་ལ་བརྟེན་ཏེ་ཡོན་ཏན་གྱི་ཚོགས་ཐམས་ཅད་རྫོགས་པར་བྱའོ་ཞེས་སོ། །དཀོན་མཆོག་སྤྲིན་ལས་ [028B] བླ་མ་ལ་བརྟེན་ན་དགེ་བ་འཕེལ་ཞིང་མི་དགེ་བ་འགྲིབ་པར་རྟོགས་པས་མཁན་པོ་ཐོས་པ་ཆེ་བའམ་ཆུང་བའམ་ཤེས་པའམ་མི་ཤེས་པའམ། ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་བ་ལའང་སྟོན་པའི་འདུ་ཤེས་བསྐྱེད་དོ། །ཇི་ལྟར་སྟོན་པ་ལ་དགའ་བ་དང་དད་པ་ལྟར་ མཁན་པོ་ལའང་དད་པ་དང་དགའ་བར་བྱའོ། །སློབ་དཔོན་རྣམས་ལ་ཞེ་ས་དང་རིམ་གྲོ་བསྐྱེད་དེ། དེ་ལ་བརྟེན་ན་བྱང་ཆུབ་ཀྱི་ཚོགས་མ་རྫོགས་པ་ནི་རྫོགས་པར་འགྱུར། ཉོན་མོངས་པ་མ་སྤངས་པ་ནི་སྤོང་བར་འགྱུར་རོ་སྙམ་སྟེ། དགའ་བ་དང་རངས་པ་འཐོབ་ཅིང་དགེ་བའི་ཆོས་ ལ་དེ་དང་མཐུན་པར་སྤྱོད་དོ་ཞེས་སོ། །སའི་སྙིང་པོའི་མདོ་ལས་ཀྱང། དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བཟུང་བའི་བྱང་ཆུབ་སེམས་དཔའ་དབང་བསྐུར་པར་འགྱུར་བའི་གཟུངས་དང། རྒྱ་མཚོ་དམ་པ་སྙིང་པོ་དྲི་མ་མེད་པ་འོད་གསལ་བའི་གཟུངས་འཐོབ་བོ། །ངེས་ཟིན་པ་ནི་ བསྐལ་པ་བྱེ་བ་དཔག་ཏུ་མེད་པར་ངན་འགྲོར་འཁྱམས་པར་འགྱུར་བའི་ལས་རྣམས་ཚེ་འདིར་རིམས་ལ་སོགས་པའམ་མུ་གེ་ལ་སོགས་པ་ལུས་དང་སེམས་ལ་གནོད་པ་བྱུང་བས་བྱང་བར་འགྱུར་ཏེ། ཐ་ན་བརྒྱད་བཀག་གམ་རྨི་ལམ་ཙམ་གྱིས་ཀྱང་བྱང་བར་འགྱུར་རོ། ། དེས་སངས་རྒྱས་བྱེ་བ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་སྦྱིན་པའམ་མཆོད་པའམ་བསླབ་པ་གཟུང་བ་ལས་བྱུང་བ་རྣམས་སྔ་དྲོ་གཅིག་གིས་ཟིལ་གྱིས་ནོན་ཏོ། །བླ་མ་ལ་བསྙེན་བཀུར་བྱེད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །བླ་མས་ཡོངས་ སུ་ཟིན་པས་གཏེར་བཅུ་རྙེད་པར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བགྲངས་བར་སྦྱོར་བ་དང། ངེས་པར་སེམས་པ་དང། གཟུངས་ཀྱི་སྣང་བ་དང། སོ་སོ་ཡང་དག་པར་རིག་པ་བཞི་སྟོན་པ་དང། བརྗོད་དུ་མེད་པ་ལ་མཁས་པས་རྟོགས་པར་བྱེད་པའི་གཏེར་དང། སངས་རྒྱས་ ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་མཐོང་བ་དང། ཆོས་ཐམས་ཅད་མཉམ་པ་ཉིད་བསྒྲུབ་པ་ལ་མཁས་པ་དང། སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་བ་དང། སྒྱུ་མར་གྱུར་པའི་བསྐལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་གྲུབ་པར་འཇུག་པ་ལ་མཁས་པ་དང་ [029A]༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དགའ་བ་དང་དད་པ་འཐོབ་པའི་གཏེར་རོ། །ཚེ་ལ་དབང་བ་ལ་སོགས་པ་དབང་བཅུ་འང་འཐོབ་བོ། །རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་འཐོབ་སྟེ། སངས་རྒྱས་ཀྱི་ཡོན་ཏན་དང་ རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་འདི་ལས་འབྱུང་བར་བལྟའོ། །དེས་ན་སངས་རྒྱས་ལ་བྱ་བ་ལྟར་བླ་མ་བསྟེན་པ་དང་བསྙེན་པ་དང་བསྙེན་བཀུར་བྱའོ་ཞེས་སོ། ༈ །མཐོང་བའི་འབྲས་བུ་ནི། དེ་མཐོང་བས་ཀྱང་ཡོན་ཏན་རིན་ཆེན་ཚོགས། །ཀུན་འབྱུང་ རྒྱལ་སྲས་སྤྱོད་པ་རྫོགས་པའི་རྒྱུ། །དྲན་དང་ཏིང་འཛིན་གཟུངས་སོགས་འགྲུབ་པ་སྟེ། །སངས་རྒྱས་མཐོང་ཞིང་དོན་ཆེན་ཀུན་རྫོགས་འགྱུར། །སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་མཐོང་བ་ནི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སོ། །བྱང་ཆུབ་སེམས་ དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་དག་ཅིང་ཡོངས་སུ་རྫོགས་པའི་རྒྱུའོ། དྲན་པ་རྣམ་པར་དག་པར་བྱེད་པའོ། །གཟུངས་ཀྱི་དཀྱིལ་འཁོར་ལ་སྦྱོར་བའོ། །ཏིང་ངེ་འཛིན་གྱི་སྣང་བ་བསྐྱེད་པའོ།། སངས་རྒྱས་མཐོང་བ་བསྒྲུབ་པའོ། །སངས་རྒྱས་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་འབབ་བོ་ །བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཚུལ་བརྗོད་པའོ། །ཤེས་རབ་དང་ཡེ་ཤེས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་དབང་པོ་བརྟེན་པའི་རྒྱུ་མྱུ་གུ་བསྐྱེད་པའོ་ཞེས་སོ། ༈ །བསྟེན་པའི་བསམ་པ་བརྟན་པའི་འབྲས་བུ་ནི། དེ་ལ་ གུས་པའི་བསམ་པ་བརྟན་པོ་ཡིས། །ཡོངས་སུ་དག་པ་རྣམ་བཅུ་འཐོབ་པར་འགྱུར། །རྒྱལ་བ་འདས་ཀྱང་དེ་ཡི་ཕྱག་རྒྱ་ཡིས། །བཏབ་པའི་ཆོས་ཀྱི་སྒོ་རྣམས་ལག་ཏུ་འོང། །སྡོང་པོ་བཀོད་པ་ལས། དེ་ལ་བསྙེན་བཀུར་བའི་བསམ་པ་དང་ལྡན་པས་ཡོངས་སུ་དག་པ་བཅུ་ འཐོབ་སྟེ། ཆུད་མི་ཟ་བའི་ཕྱིར་ལྷག་པའི་བསམ་པ་ཡོངས་སུ་དག་པ་དང། སེམས་ཅན་གྱི་བསྟན་པའི་ཕྱིར་གཟུགས་ཡོངས་སུ་དག་པ་དང། ཐ་སྙད་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཕྱིར་དབྱངས་ཀྱི་དཀྱིལ་འཁོར་དག་པ་དང། སངས་རྒྱས་ [029B] མི་ཤེས་པ་ཐམས་ཅད་དང་བྲལ་བས་ཡེ་ཤེས་དག་པ་དང། དབང་ཐོབ་པས་སྐྱེ་བ་དག་པ་དང། སྔོན་སྐལ་བ་མཉམ་པར་སྤྱད་པའི་སེམས་ཅན་གྱི་དགེ་བའི་རྩ་བ་སྨིན་པས་འཁོར་དག་པ་དང་ སྒྲིབ་པ་ཐམས་ཅད་བཟློག་པས་རྣམ་པར་སྨིན་པ་དག་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང། ཚུལ་མཐུན་པས་སྨོན་ལམ་དག་པ་དང། ཀུན་ཏུ་བཟང་པོའི་ཐིག་པས་ངེས་པར་འབྱུང་བའི་ཕྱིར་སྤྱོད་པ་ཡོངས་སུ་དག་པའོ། །ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་ བཞུགས་པའི་ཏིང་ངེ་འཛིན་ལས་ཀྱང་ཆོས་སྨྲ་བ་ལ་གུས་པས་ཆོས་དོན་དུ་གཉེར་བ་ལ་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ཀྱང་ངེས་པར་ཆོས་ཀྱི་གླེགས་བམ་ལ་སོགས་པ་ལག་ཏུ་འོང་སྟེ། གླེགས་བམ་ལ་སོགས་པ་ནི་སངས་རྒྱས་ཀྱི་ཕྱག་རྒྱས་བཏབ་པས་སོ། །ཕྱག་རྒྱ་གང་ ཞེ་ན། ཆོས་ཐམས་ཅད་བྱེད་པ་མེད་པ། མངོན་པར་འདུས་མ་བྱས་པ་ཆགས་པ་མེད་པ། དམིགས་པ་མེད་པ་ལ་སོགས་པ་དང། འཕགས་པ་ཐམས་ཅད་ཀྱིས་མ་དཀྲུགས་པ། བྱིས་པ་ཐམས་ཅད་ཀྱིས་སྤངས་པ། མི་ཤེས་པ་ཐམས་ཅད་ཀྱིས་བོར་བ། མཁས་པ་ཐམས་ ཅད་ཀྱིས་ཡོངས་སུ་བཟུང་བ་སྟེ། ཕྱག་རྒྱ་དེས་བཏབ་པའོ། ༈ །གདམས་ངག་ཐོབ་པའི་འབྲས་བུ་སྨྲས་པ། དེ་ཡི་གདམས་པས་མི་ངོམས་ཡོངས་བཟུང་ན། །བློ་ཡི་པདྨ་ཁ་འབྱེད་སྣང་བ་འཐོབ། །བསོད་ནམས་ཡེ་ཤེས་མང་ལྡན་དགེ་ཚོགས་བརྟན། །ཡོན་ཏན་བརྒྱས་བསྐོར་ ཐོས་པའི་ཚོགས་ཀྱིས་ཕྱུག་སྡོང་པོ་བཀོད་པ་ལས། གཞོན་ནུ་ནོར་བཟང་བླ་མའི་གདམས་པའི་སྤྲིན་གྱི་ཆར་འཛིན་པས་ནི་གངས་ཆེན་མཚོ་ལྟར་ངོམས་མི་ཤེས། བླ་མའི་ཉི་མའི་ཡེ་ཤེས་ཀྱི་འོད་ཀྱིས་དགེ་བའི་རྩ་བ་སྨིན་པའི་ས་ལས་ནི་དབང་པོའི་མྱུ་གུ་འཐོན། དེའི་ཟླ་བའི་ འོད་ཀྱིས་ནི་ལུས་དང་སེམས་རབ་ཏུ་ཚིམ། དཔྱིད་ཀྱི་ཉི་མས་གདུངས་པའི་རི་དྭགས་ཆུ་བསིལ་བ་འདོད་པ་ལྟར་དེའི་གདམས་ངག་ནི་འཐུང་འདོད། བུང་བ་ཁྱུང་ལྡིང་བས་རྒྱས་པའི་པདྨའི་མཚོ་ལྟར་དེའི་གདམས་པས་སེམས་ཀྱི་པུཎྜ་རི་ཀ་ཁ་བྱེ། རིན་པོ་ཆེ་མང་པོས་ [030A]༄༅། །རྒྱས་པའི་གླིང་ལྟར་གདམས་ངག་རིན་པོ་ཆེའི་སྣང་བས་ནི་སེམས་སྣང་བར་བྱས། འཛམ་བུའི་ཤིང་ཆེན་པོ་མེ་ཏོག་དང་འབྲས་བུ་མང་པོ་དང་ལྡན་པ་ལྟར། གདམས་པ་ཚོགས་གཉིས་ཕུན་སུམ་ཚོགས་པ་དང་ནི་ལྡན། སུམ་ཅུ་རྩ་གསུམ་པའི་ཚོགས་རྟེན་གྱིས་བརྒྱན་པའི་ རི་སྣ་ཚོགས་ཀྱི་སྤོ་ལྟར་གདམས་ངག་ལས་བྱུང་བའི་ཆོས་དྲི་མ་མེད་པ་སྣ་ཚོགས་བརྩེགས་པའི་སྤོར་ནི་གྱུར། སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱིས་བསྐོར་བའི་དབང་པོས་ལྷ་མ་ཡིན་གྱི་ཚོགས་འཇོམས་པ་ལྟར། གདམས་ངག་ལས་བྱུང་བའི་ཡོན་ཏན་དྲི་མ་མེད་པའི་ཚོགས་ ཀྱིས་བསྐོར་ཅིང་ཟིལ་གྱིས་མི་ནོན་ལ་གཞན་གྱིས་ཟིལ་གྱིས་ནོན་པར་མི་ནུས། ཀླུའི་དབང་པོ་ཆེན་པོ་རྩེ་བའི་སྤྲིན་ཆེན་པོ་ལྟར་བླ་མའི་གདམས་ངག་ཐོས་པའི་ཚོགས་སུ་གྱུར་པའི་སྣང་བ་ནི་ཤིན་ཏུ་ཆེ་ཞེས་གསུངས་པ་ལྟར་རོ། །ཡང་བླ་མའི་གདམས་པ་ལ་ཞུགས་པས་ སངས་རྒྱས་ཤིན་ཏུ་དགྱེས། དེའི་ཚིག་དང་མི་འགལ་བས་ཐམས་ཅད་མཁྱེན་པ་ཤིན་ཏུ་བསྙེན། དེའི་ཚིག་ལ་ཐེ་ཚོམ་མེད་ན་བླ་མ་རྣམས་ཉེ་བར་བསྟེན། དེའི་ཡིད་ལ་བྱ་བ་དང་མ་བྲལ་ན་དོན་ཐམས་ཅད་མངོན་སུམ་དུ་འགྱུར་བར་གསུངས་སོ། །ཡང་སངས་རྒྱས་དང་བླ་མའི་བྱིན་ གྱིས་བརླབས་ཀྱིས་གདམས་པའི་དོན་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་ཡིད་ཆེས་པར་དཀའ་བ་དག་ལའང་ཡིད་ཆེས་པ་དང། རྟོགས་པ་དང་ཤེས་པ་དང་རྣམ་པར་རྟོག་པ་དང་རིག་པ་དང་དམིགས་སུ་ཕེབས་པ་དང་གོམས་པ་དང་མི་འགལ་བ་དང། མི་རྟོག་པ་དང་སྒྲོ་མི་འདོགས་པ་དང་ མཉམ་པར་བྱེད་ནུས་པར་ཡང་གསུངས་སོ། ༈ །རྒྱུན་ཏུ་བསྐྱངས་པའི་འབྲས་བུའི་ཁྱད་པར་ནི། དེ་ཡིས་རྒྱུན་ཏུ་བསྐྱངས་ཤིང་ལེགས་བཟུང་བ། །ངན་སོང་ཐེག་དམན་སྡིག་གྲོགས་བདུད་ལས་འདས། །བློ་ལྡན་ཆོས་མཐུན་བརྩམས་པ་ཀུན་མཐར་ཕྱིན། །འཇིག་རྟེན་ཆོས་ལས་ འདས་ཤིང་ཡང་དག་འཕགས། །བསླབ་དང་མི་འགལ་བྱིས་པའི་ས་ལས་འདའ། །བྱང་ཆུབ་ཡན་ལག་ཀུན་གྱིས་རྣམ་པར་འཕེལ། །སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ངན་སོང་དུ་མི་ལྟུང་ངོ། །ཐེག་པ་ཆེན་པོ་ [030B]ཉན་ཐོས་དང་རང་སངས་རྒྱས་སུ་མི་ལྟུང་ངོ། །ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར་དཀའོ། །བྱིས་པའི་ས་ལས་ཡང་དག་པར་འདའོ། །དེས་བསམ་པ་ནི་བསླབ་པ་དང་འགལ་བར་མི་བྱེད་དོ། །དེས་བསྲུངས་པ་ནི་སྡིག་པའི་གྲོགས་པོས་དཀྲིར་མེད་དོ། །དེས་ བསྐྱངས་པ་ནི་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་མི་ཉམས་སོ། །འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པར་ཡང་དག་པར་འཕགས་སོ། །དེ་ལ་བསྙེན་བཀུར་བྱེད་པ་ནི་སྤྱོད་པ་ཐམས་ཅད་ལ་མ་འཁྲུལ་པར་སྤྱོད་པའོ། །དེས་བསྒྲུབས་པ་ནི་རྩ་བ་ཐམས་ཅད་ལས་མི་ལྡོག་པའོ། །དེས་ཉེ་བར་ བསྟན་པ་ནི་བདུད་ཀྱིས་མི་བརྫི་བའོ། །དགེ་བའི་བཤེས་གཉེན་གྱི་རྟེན་ལ་གནས་པའི་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་རྣམ་པར་འཕེལ་བར་གསུངས་པའོ། ༈ །དགག་པའི་བསླབ་པའི་དབང་དུ་བྱས་ནས་དེ་ལ་མ་གུས་པའི་ཉེས་དམིགས་བསྟན་པ། གལ་ཏེ་དེ་ལ་སྟོན་པའི་འདུ་ ཤེས་དང། །དད་གུས་མེད་ཅིང་སྡང་བས་བརྙས་སྤོང་ན། །བདུད་ཀྱིས་ཡོངས་ཟིན་ཡོན་ཏན་འགྲུབ་པ་ནི། །གནས་མེད་སྔར་ཐོབ་དག་ཀྱང་ཡོངས་འཇིག་འགྱུར། །མི་བཟད་སྡིག་ལྕིས་དམྱལ་སོགས་ཡ་ང་བར། །འཁོར་ཞིང་ནམ་ཡང་དགེ་བཤེས་འཕྲད་མི་འགྱུར། །ད་ལྟར་གྱི་སངས་རྒྱས་ རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས་གལ་ཏེ་དེས་དེ་ལ་མནར་སེམས་སམ། ཐ་བའམ་སྡང་བའི་སེམས་ཀྱིས་གནས་ན་ཡོན་ཏན་འཐོབ་པ་ནི་གནས་མེད་དོ། །སྟོན་པའི་འདུ་ཤེས་མི་སྐྱེད་ན་འང་དེ་བཞིན་ནོ། །འདི་ལྟར་ཐེག་པ་གསུམ་གྱི་གང་ཟག་དང་ཆོས་སྟོན་པའི་དགེ་སློང་ལ་ གུས་པ་དང་བླ་མའམ་སྟོན་པའི་འདུ་ཤེས་མི་སྐྱེད་ན། དེ་དག་མ་ཐོབ་པའི་ཆོས་འཐོབ་པའམ་ཐོབ་པ་ཆུད་མི་ཟ་བ་ནི་གནས་མེད་དེ་མ་གུས་པས་ནི་ཆོས་ནུབ་པར་འགྱུར་བའི་ཕྱིར་རོ་ཞེས་སོ། །ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ལས་བདུད་ཀྱི་ལས་བཞི་སྟེ། ལེ་ལོ་དང་ མ་དད་པ་དང། བླ་མ་ལ་སྲི་ཞུ་མེད་པ་དང། ཆོས་སྨྲ་བའི་སེམས་མི་བརྟན་པའོ། །ཡང་བཞི་སྟེ། བླ་མ་ལ་མི་གུས་པ་དང། ཡིད་ལ་མི་བྱེད་པ་དང། ཁེངས་པའི་ཚིག་སྨྲ་བ་དང། ཚེ་འདི་ལ་སེམས་པའོ་ཞེས་སོ། །བླ་མ་ལ་གུས་པས་བརྟེན་པ་ན་ཡོན་ཏན་མང་དུ་ཐོབ་པ་དག་ཀྱང་ [031A]༄༅། །མ་གུས་པའི་བརྙས་པས་ནི་ངེས་པར་ཉམས་པར་འགྱུར་བར་བལྟའོ། །ཆོས་འཛིན་པ་ནི་ཆོས་ལས་ཐ་མི་དད་པས་ན། དེས་ནི་ཆོས་སྨྲ་བ་དང་ཆོས་སྤོང་བའི་སྡིག་པའི་ལས་ཤིན་ཏུ་ལྕི་བ་བསགས་པས་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་ དྭགས་ལས་ཀྱང་གང་ན་སྡུག་བསྔལ་ཆེས་མི་བཟད་ཅིང་དྲག་ལ་ཡུན་རིང་བ་དག་ཏུ་མང་དུ་འཁོར་བར་འགྱུར་ལ། བརྒྱ་ལམ་ན་དེ་དག་ལས་ཐར་ཏེ་མིར་སྐྱེས་ན་ཡང་གང་ན་སངས་རྒྱས་ལ་སོགས་པའི་སྒྲ་མི་གྲགས་པའི་ཞིང་དག་དང། ཡུལ་མཐའ་འཁོབ་ཀྱི་ཀླ་ཀློ་དག་དང་ དམུས་ལོང་དང། འོན་པ་དང། ལྐུག་པ་ལ་སོགས་པ་དག་ཏུ་སྐྱེ་བར་འགྱུར་ཞིང། ནམ་ཡང་དགེ་བའི་བཤེས་གཉེན་དག་མཐོང་བའམ་འཕྲད་པ་ཙམ་གྱི་སྐལ་བའང་མེད་ན། བསྟེན་པའམ་ཆོས་ཐོས་པའམ་ཡོན་ཏན་ཐོབ་པ་ལྟ་ཅི་སྨོས་པས་ན། བདག་ལེགས་སུ་ འདོད་པ་དག་གིས་གནས་འདི་ལ་ཤིན་ཏུ་བག་དང་བཅས་པར་བྱའོ། །རྒྱུད་དག་ལས་ཀྱང། སློབ་དཔོན་གང་ལ་གང་ཞིག་གིས། །ཡི་གེ་གཅིག་ཙམ་བླངས་ན་ཡང། །དེ་ལ་ཕྱག་ནི་མི་བྱེད་པ། །ཁྱིའི་སྐྱེ་བ་བརྒྱར་བརྒྱུད་དེ། །རྨེ་ཤ་ཅན་སོགས་རིགས་སུ་སྐྱེ་ཞེས་གསུངས་ལ་ བསྟན་བཅོས་ལས་ཀྱང། དེ་འདྲའི་མགོན་ལ་བསམ་བྱས་ནས། །སློབ་མར་གྱུར་པས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེ་ནི་རྟག་ཏུ་སྡུག་བསྔལ་འཐོབ། །སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་འཚེ་བའི་ནད་རྣམས་དང། །གདོན་དང་རིམས་དང་དུག་ རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང། །ཆུ་དང་མཁའ་འགྲོ་རྐུན་པོ་དང། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུགས་མི་ བྱ་སྟེ༑ ༑གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་སོ། །ཡང་རྒྱུད་ལས་ [031B] །བསྐལ་པ་བྱེ་བ་བརྒྱ་དག་ཏུ། །དམ་ཆོས་མིང་ཡང་མི་ཐོས་ན། །གསང་སྔགས་བྱང་ཆུབ་སྨོས་ཅི་དགོས། །ཅེས་སོ། །འདི་ནི་རྩ་བའི་ལྟུང་བ་དང་པོར་ཡང་གསུངས་ཏེ། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་ བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་སོ། ༈ དེ་ཕྱིར་གང་ལ་ཐོས་དང་བྲི་ལ་སོགས། །རག་ལས་དགེ་བའི་བཤེས་ལ་བླ་མ་དང། །སྟོན་པའི་འདུ་ཤེས་ཁོ་ནས་མ་གུས་སོགས། །ཐག་བསྲིངས་གུས་བསྟེན་དགེ་ལེགས་ བདེར་བསྒྲུབ་བྱ། །ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། དགེ་བའི་བཤེས་གཉེན་ནི་རྙད་པར་དཀའ་བས་མཁན་པོ་དང་སློབ་དཔོན་ལ་བཀུར་སྟི་བྱ་བར་སྤྲོ་བར་བྱའོ། །སུ་ལས་ཆོས་ཐོས་པའམ་གླེགས་བམ་བྲི་བར་རག་ལས་པ་དེ་ལ་ངེས་པར་དགེ་ བའི་བཤེས་གཉེན་དང་སྟོན་པའི་འདུ་ཤེས་བསྐྱེད་དེ། ཆོས་དེ་དང་རྫོགས་པའི་བྱང་ཆུབ་སྨིན་པར་བྱ་བའི་ཕྱིར་དེ་ལ་ལྷག་པར་དགའ་བ་དང་གུས་པ་བསྐྱེད་དོ། །འདུ་ཤེས་དེ་ལྟ་བུ་བསྐྱེད་ཅིང་གུས་པ་ལ་ནི་ཡོན་ཏན་འཐོབ་པ་ལ་སོགས་པའི་གནས་ཡོད་པས་ན་གུས་པས་ འདུ་ཤེས་དེ་ལྟ་བུ་བསྐྱེད་པ་ནི་ངའི་རྗེས་སུ་བསྟན་པའོ། །ཞེས་སོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང། མིག་ཡོད་ཀྱང་སྣང་བ་མེད་ན་མི་མཐོང་བ་ལྟར། ལྷའི་མིག་ཡོད་ཀྱང་དགེ་བའི་བཤེས་གཉེན་གྱི་མན་ངག་མེད་ན་མོས་པ་དང་མཐོང་བ་མེད་དོ་ཞེས་སོ། ། ༈ དེ་ཡི་ཐབས་མཁས་རྣམ་འཕྲུལ་བསམ་འདས་པས། །ཇི་ལྟར་སྣང་ཡང་རབ་གུས་ཁོ་ནར་བྱ། །རྒྱལ་སྲས་རྟག་ཏུ་དུས་སྒྲ་ཐོས་པ་ལས་ཁྱོད་ཀྱིས་བདུད་ཀྱི་ལས་རྣམས་རྟོགས་པར་བྱ་སྟེ། བདུད་སྡིག་ཅན་ནི་བྱང་ཆུབ་སེམས་དཔའ་ལ་འདོད་པའི་ ཡོན་ཏན་དག་སྤྱད་པའི་ཕྱིར་སྟོབ་མོད་ཀྱི། དེ་དག་ཆོས་སྨྲ་བ་དེས་ཟིལ་གྱིས་མནན་ནས་ཐབས་མཁས་པས་བསྟོན་པར་བྱེད་ཀྱང་སྲིད་པས། ཁྱོད་ཀྱིས་དགེ་སློང་ཆོས་སྨྲ་བ་དེ་ལ་མ་དད་པ་མི་སྐྱེད་པར་འདི་ནི་ཐབས་མཁས་པ་ཤེས་པའི་སྤྱོད་པས་སེམས་ཅན་འདུལ་ [032A]༄༅། །བའི་རྒྱུར་ཆོས་འདི་དག་བསྟེན་པར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་དག་ནི་གང་ལའང་ཆགས་པའམ་སྒྲིབ་པ་མེད་པའོ། །བདག་ནི་ཐབས་མཁས་པ་དེ་མི་ཤེས་པར་ཟད་དོ་ཞེས་བསམ་པ་དང། ཡང་ཁྱོད་ཀྱིས་བདུད་ཀྱི་ལས་ལ་སོམས་ ཤིག་གལ་ཏེ་ཆོས་སྨྲ་བ་དག་ཆོས་འདོད་པ་དག་ལ་བརྙས་ཤིང་མི་སེམས་པ་ལྟ་ན་ཡང་དེ་ལ་ཁྱོད་ཀྱིས་ཕྱིར་བསྔོ་བར་མི་བྱ་སྟེ། ལྷག་པར་ཡང་ཆོས་དོན་དུ་གཉེར་བ་དང་གུས་ཤིང་མི་སྐྱོ་བས་དེའི་ཕྱི་བཞིན་འབྲང་བར་བྱ་བར་གསུངས་སོ། །དེ་བཞིན་དུ། དེ་བས་ འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྦྱོམས་ལ། །ནམ་ཡང་སྨད་པར་མི་བྱའོ། །ཞེས་བསྟན་བཅོས་ལས་ཀྱང་ངོ། ༈ །སྡིག་པའི་གྲོགས་པོ་བསྟེན་པའི་ཉེས་དམིགས་བརྗོད་པ། སྡིག་གྲོགས་བསྟེན་པས་འདུ་ཤེས་ ལྟ་དང་སེམས། །ཕྱིན་ཅི་ལོག་གིས་བློ་འཁྲུལ་རྣམ་རྨོངས་པས། །ཉོན་མོངས་ཀུན་རྒྱས་དགེ་ལེགས་ཐག་བསྲིང་ །ཕོངས་དང་སྡུག་བསྔལ་ཀུན་གྱི་སྣོད་དུ་འགྱུར། །སའི་སྙིང་པོའི་མདོ་ལས་སྡིག་པའི་གྲོགས་པོ་ལ་བརྟེན་ན་སེམས་དང་འདུ་ཤེས་དང་ལྟ་བ་ཕྱིན་ཅི་ལོག་ ཏུ་འགྱུར་རོ། །དེ་ལས་ནི་སེམས་འཁྲུལ་པར་འགྱུར། འཁྲུལ་ན་རྣམ་པར་རྨོངས། རྨོངས་ན་སྐྲག་པར་འགྱུར་བས་བྱང་ཆུབ་ཀྱི་སེམས་འདོར་བར་བྱེད་དོ། །དེ་དོར་བས་ལྷ་རྣམས་གཏོང་བར་འགྱུར། དེས་ནི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ནས་སངས་རྒྱས་ཀྱི་བར་ རྣམས་བསྔགས་པ་མ་ཡིན་པ་སྨྲ་བར་འགྱུར་རོ་ཞེས་སོ། །དྲན་པ་ཉེ་བར་གཞག་པ་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་སྡིག་པའི་གྲོགས་པོ་སྟེ་དེ་ནི་དུག་གི་སྡོང་པོ་ལྟ་བུའོ་ཞེས་སོ། །མྱ་ངན་ལས་འདས་པ་ལས། བྱང་ཆུབ་སེམས་ དཔའ་ནི་གྲོགས་ཕན་པ་ལ་འཇིགས་པ་ལྟར་གླང་པོ་ཆེ་སྨྱོས་པ་ལ་སོགས་པ་ལ་ནི་མ་ཡིན་ཏེ། འདིས་ནི་ལུས་ཙམ་འཇིག་པར་བྱེད་ཀྱི། སྔ་མས་ནི་དགེ་བའི་ལུས་དང་སེམས་རྣམ་པར་དག་པ་གཉི་ག་འཇིག་པར་བྱེད་དོ། །ཡང་དེ་གཉིས་ཀྱིས་ཤའི་ལུས་ཙམ་དང་ཆོས་ཀྱི་ [032B] ངན་སོང་དུ་གཏོང་བར་མི་ནུས་པ་དང་ནུས་པར་ཡང་གསུངས་སོ། །བདེན་སྨྲས་ཀྱང། གང་དག་སྡིག་གྲོགས་སྦྲུལ་གྱི་སེམས་ཟིན་ཅིང། །དགེ་བའི་བཤེས་ཀྱི་དུག་སྨན་རྣམས་སྤངས་པ། །དེ་དག་དམ་ཆོས་དཀོན་མཆོག་ཐོས་གྱུར་ ཀྱང༑ ༑ཀྱེ་མ་བག་མེད་གཡང་ས་ཆེ་ལས་ལྟུང། །ཞེས་གསུངས་ཏེ། འདིས་ཡོན་ཏན་ཐམས་ཅད་ཅི་ཞིག་ལྟར་འགྲིབ་ཅིང། མཚོར་བ་ཉིད་དུ་ཉེས་པ་ཐམས་ཅད་འཕེལ་བས་ན་ཕོངས་པ་དང་རྒུད་པ་ཐམས་ཅད་ཀྱི་སྒོར་གྱུར་པས་སྡུག་བསྔལ་ཐམས་ཅད་ཉེ་བར་ ལེན་པར་འགྱུར་བ་ནི་མཐའ་གཅིག་ཏུ་ངེས་པར་བལྟའོ། ༈ །དེ་སྤང་བའི་ཐབས་ནི། དེ་ཕྱིར་དུག་སྡོང་སྦྲུལ་གདུག་བྲག་ཆེན་གྱི། །བྱ་སྐྱིབས་འབར་འདྲའི་སྡིག་གྲོགས་སྐད་ཅིག་ཀྱང། །འགྲོགས་དང་ཀུན་སྨྲ་སོགས་བསྟེན་རིང་སྤངས་ཏེ། །གྲིབ་མ་ཙམ་དང་ཕྲད་པའང་འདོད་ མི་བྱ༑ ༑སའི་སྙིང་པོ་ལས་སྡིག་པའི་གྲོགས་པོ་ནི་བྲག་གི་བྱ་སྐྱིབས་རབ་ཏུ་འབར་བ་ལྟར་སྤང་ངོ་ཞེས་སོ། །དྲན་པ་ཉེ་བར་གཞག་པ་ལས། སྡིག་པའི་གྲོགས་པོ་དང་ཡུད་ཙམ་ཡང་འདྲེ་བར་མི་བྱའོ། །ཀུན་ཏུ་སྨྲ་བའི་ཚིག་ཙམ་ཡང་སྨྲ་བར་མི་བྱའོ། །ལམ་དུའང་འགྲོགས་ པར་མི་བྱའོ། །དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་གཅོད་པ་གཙོ་བོ་ནི་སྡིག་པའི་གྲོགས་དང་འདུ་བ་ཡིན་པས་ན་དེ་དང་སྨྲ་བའམ་ལྷན་ཅིག་ཏུ་འགྲོ་འོང་བྱེད་པའམ་དེའི་གྲིབ་མ་དང་ཕྲད་པར་བྱེད་པ་ཙམ་ཡང་སྤང་བར་བྱའོ་ཞེས་གསུངས་པ་ལྟར་བསླབ་པར་བྱའོ། ། ༈ ཡོན་ཏན་རབ་འབྱམས་མ་ལུས་བསྒྲུབ་པ་དང། །ཉེས་ཚོགས་ཀུན་སྤོང་དོན་གཉེར་བློ་ལྡན་གྱིས། །དགེ་བའི་བཤེས་དང་ དགེ་གྲོགས་དགེ་བསྟེན་ཅིང། །རྒྱུན་ཏུ་ཉེར་གནས་སྡིག་གྲོགས་སོགས་རིང་སྤང། །ཟླ་བ་སྒྲོན་མ་ལས་མྱུར་དུ་རྫོགས་པའི་བྱང་ཆུབ་འདོད་པས་ནི་དགེ་བའི་རྩ་བ་དང་བསླབ་པ་དང་ཡོན་ཏན་ཐམས་ཅད་གདོན་མི་ཟ་ཞིང་ཚུལ་ཁྲིམས་རྣམ་པར་དག་པར་བྱེད་ [033A]༄༅། །པས་སྡིག་པའི་གྲོགས་པོ་སྤང་ཞིང། དགེ་བའི་བཤེས་གཉེན་བསྟེན་ཏེ་ཆོས་དོན་དུ་གཉེར་ཞིང་ཡོངས་སུ་འདྲི་བ་ལ་སོགས་པ་བྱའོ་ཞེས་སོ། །མྱ་ངན་འདས་པ་ལས་ཀྱང་གང་ཞིག་དགེ་བའི་བཤེས་གཉེན་བསྟེན་པར་བྱེད་པ་དེའི་ཚུལ་ ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་པོ་དག་སྔར་མེད་པ་ནི་སྐྱ་ལ། ཡོངས་སུ་མ་རྫོགས་པ་དང་མ་དག་པ་ནི་དག་ཅིང་རྫོགས་པར་འགྱུར་རོ། །གསུང་རབ་བཅུ་གཉིས་པོ་ཐོས་ཤིང་རྟོགས་པར་འགྱུར་རོ། །དེས་སངས་རྒྱས་ཀྱི་སྙིང་པོ་ཡོད་པ་དང་སངས་རྒྱས་ཉིད་རྟག་ པར་ཡིད་ཆེས་པར་ཡང་འགྱུར། ལམ་གྱི་ཡན་ལག་བརྒྱད་ཀྱིས་ཉོན་མོངས་པ་རྣམས་གཅོད་པ་དང། སྟོང་པ་བཅུ་གཅིག་ཤེས་པས་དངོས་པོར་ལྟ་བ་སྤོང་ངོ། །ཐག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་སངས་རྒྱས་ཀྱི་བར་ཐམས་ཅད་འཐོབ་པར་འགྱུར་ རོ་ཞེས་སོ། །རྟོགས་པ་བརྗོད་པ་དག་ལས་ཀྱང། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་དང་གནས་པར་བྱའི་སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་དང་གནས་པར་མི་བྱའོ་ཞེས་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་སོ། །འཕགས་པ་རྟག་ ཏུ་དུས་སྒྲ་ཐོས་པ་ལས་ཀྱང་ཁྱོད་ཀྱིས་སྡིག་པའི་གྲོགས་པོ་དག་སྤང་བར་བྱའོ། །དག་བའི་བཤེས་གཉེན་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པ་སྟོན་པ་དག་ལ་བསྙེན་པར་བྱ། གུས་པར་བྱ། བསྙེན་བཀུར་བྱའོ། །ཁྱོད་ཀྱིས་འཇིག་རྟེན་གྱི་ཟང་ཟིང་དང་ལྡན་པའི་ སེམས་ཀྱིས་དེའི་ཕྱི་བཞིན་འབྲང་བར་མི་བྱ་བར་ཆོས་དོན་དུ་གཉེར་བ་དང་ཆོས་ལ་གུས་པར་བྱ་བས་བསྟེན་པར་བྱའོ་ཞེས་སོ། ༈ །དེ་དག་གི་བྱེད་པ་དཔེས་བསྒྲུབ་པ། དེ་གཉིས་བསྟན་པས་ཡོན་ཏན་ཉེས་ཚོགས་རྣམས། །འཕེལ་བ་ཙན་དན་ཙམ་པ་ཀ་སོགས་ དང༑ ༑རོ་མྱགས་ལ་སོགས་ཕྱོགས་ནས་འོངས་པའི་རླུང། །མཆོག་ཏུ་དྲི་ཞིམ་པ་དང་དྲི་ང་བཞིན། །མདོ་ལས་དགེ་བའི་བཤེས་གཉེན་ལ་བསྟེན་པ་ནི་དགེ་བ་འཕེལ་ལ་སྡིག་པའི་གྲོགས་པོ་ལ་བརྟེན་པ་ནི་སྡིག་པ་འཕེལ་ཏེ། རླུང་ལ་དྲི་མེད་ཀྱང་ཙན་ [033B] །གོས་གསར་པ་སྤོས་སྣོད་དུ་བཅུག་ན་སྤོས་བྲོ་ །འཕགས་པ་རྟག་ཏུ་དུས་སྒྲ་ཐོས་པ་ལས་ཀྱང་ གང་ལས་ཡུམ་ཐོས་པ་དེ་ལ་སྟོན་པའི་འདུ་ཤེས་ཀྱིས་བྱས་པ་གཟོ་བར་བྱ་སྟེ། བདག་གིས་འདི་ལས་ཆོས་ཐོས་པས་མྱུར་དུ་ཕྱིར་མི་ལྡོག་པར་འགྱུར། སངས་རྒྱས་ལ་བསྙེན་པས་དེ་དང་མ་བྲལ་བའི་ཞིང་དག་ཏུ་སྐྱེ། མི་ཁོམ་པ་རྣམས་སྤོང། དལ་བ་ཕུན་སུམ་ཚོགས་པ་ འཐོབ་བོ། །ཞེས་ཆོས་སྨྲ་བའི་དགེ་སློང་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ་ཞེས་སོ། །ཆོས་འགྲོ་བ་ལས་ཀྱང་སངས་རྒྱས་བཅུ་ལས། བཏགས་པའི་སངས་རྒྱས་ནི་མཁན་པོ་དང་སློབ་དཔོན་ལ་སངས་རྒྱས་སུ་ལྟ་ཞིང་བསྙེན་བཀུར་བྱས་པས་སངས་རྒྱས་ཀྱི་ཆོས་རྣམས་རབ་ཏུ་ འཛིན་ཅིང་ཡོངས་སུ་བསྒྲུབ་ལ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་སོ། །དེ་ལྟར་གུས་པས་བསྟེན་པ་ནི་ཡོན་ཏན་མཐའ་ཡས་པའི་སྣོད་དུ་འགྱུར་བས་མཆོག་ཏུ་ཁྱད་ཞུགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཀྱང་དོན་ཇི་ལྟར་བར་བསྔགས་པར་འགྱུར་ཏེ། རྗེ་བཙུན་ བྱམས་པས་གཞོན་ནུ་ནོར་བཟང་སྤྱན་སྔར་ རང་གི་འཁོར་གྱི་ཚོགས་ལ་ཕྱག་གཡས་པས་བསྟན་ནས་བསྟོད་པ་གསུངས་པ། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་ དམ་པ་ཡོངས་འཚོལ་ཞིང། །མཁས་འདི་ང་ཡི་དྲུང་དུ་ཉེ་བར་འོངས། །ལོགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད། །བྱམས་པའི་དཀྱིལ་འཁོར་ཡངས་པ་བདེར་འོངས་སམ། །བདེ་བར་འོངས་སམ་བལྟ་ན་རབ་ཞི་ཁྱོད། །སྤྱད་པ་སྤྱོད་ཚེ་དུབ་པར་ མ་གྱུར་ཏམ། །རྣམ་དག་བསམ་ལྡན་ཚུར་ཤོག་འོངས་པ་ལེགས། །སྐྱེ་མེད་ཡིད་ལྡན་ཚུར་ཤོག་འོངས་པ་ལེགས། །དབང་པོ་མ་ཞུམ་ཚུར་ཤོག་འོངས་པ་ལེགས། །མཁས་པ་སྤྱོད་ཚེ་དུབ་པར་མ་གྱུར་གྲང། །ཆོས་རྣམས་ཐམས་ཅད་རྣམ་དབྱེའི་དོན་ [034A]༄༅། །འབྱུང་ཞིང། །འགྲོ་བ་ཐམས་ཅད་རྣམ་འདུལ་རབ་བརྩོན་པ། །བཤེས་གཉེན་ཐམས་ཅད་བསྙེན་བཀུར་རབ་ཞུགས་ཏེ། །བརྟུལ་ཞུགས་མི་གཡོ་བརྟན་པ་ཁྱོད་འོངས་ལེགས། །ཞེས་བྱ་བ་ལ་སོགས་པ་དང། ཡང་འདས་པའི་ མགོན་པོས་གང་ལ་བསླབས་མཛད་དེ། །དེ་བཞིན་མ་བྱོན་བས་ །བདེ་གཤེགས་བཞུགས་པའི་སྤྱོད་པར་བྱ་བ་རྣམས། །ཡོངས་སུ་འདྲི་ཕྱིར་འདི་ནི་འདིར་འོངས་སོ། །འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམས་ནས་འདིར་འོངས་སོ། །འདི་དག་སྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ ཡིན༑ ༑དགེ་བཤེས་འདི་དག་གནོད་པ་རྣམ་པར་བཟློག་རྒ་ཤི་མཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཟླ་ཉ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་གྲོགས་ལ་རི་བོ་ འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གི་བློ་བསྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ། །འདི་དག་ བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འཇིག་རྟེན་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན། །འདི་དག་བདག་ལ་བདེ་སྟོབ་མིག་ཡིན་ཞེས། །དེ་འདྲའི་སེམས་ཀྱིས་དགེ་ བཤེས་བསྙེན་བཀུར་བྱེད། །མཐོ་རིས་ལམ་ནི་ཉེ་བར་སྟོན་པར་འགྱུར། །སངས་རྒྱས་ལམ་ནི་འགྲོ་ལ་འབྱེད་པར་འགྱུར། །ཐར་པའི་ལམ་དུ་འགྲོ་བ་འཁྲིད་པར་འགྱུར། །དེ་འདྲའི་ལམ་ནི་འདི་ཡིས་རྣམ་པར་སྦྱངས། །ལོག་པའི་ལམ་ནི་རྣམ་པར་བཟློག་པར་འགྱུར། ། [034B] །བརྟན་པའི་བློ་གྲོས་ལེ་ལོ་མེད་པ་འདི། །མི་གཡེང་བྱང་ཆུབ་ལམ་ནི་དེ་ལྟར་ཚོལ། །སྲིང་པའི་རྒྱ་མཚོར་གནས་པའི་ལུས་ཅན་རྣམས། །སྡུག་བསྔལ་མཐར་ཕྱིན་བྱ་བར་འདི་བརྩོན་པས། །འགྲོ་བ་སྲིད་པའི་མཚོ་ལས་སྒྲོལ་ བར་འགྱུར། །འདི་ཡི་ཡོན་ཏན་མཚོ་ཆེན་དེ་འདྲའོ། །སངས་རྒྱས་མཉམ་མེད་ཐམས་ཅད་འདི་ཡི་ཕ། །བྱང་ཆུབ་སེམས་དཔའ་ཐམས་ཅད་འདི་དང་སྤུན། །བྱང་ཆུབ་ཡན་ལག་ཐམས་ཅད་འདི་ཡི་གཉེན། །འདི་ནི་བདེ་གཤེགས་ཐུགས་ལས་སྐྱེས་པའི་སྲས། ། ཞེས་བྱ་བ་ལ་སོགས་པ་མང་པོ་ཞིག་གིས་སོ། ། ༈ །དེའི་ཕྱིར་བདག་གཞན་དོན་ཀུན་གྲུབ་འདོད་པའི། །རྟོགས་ལྡན་རྣམས་ཀྱིས་དམ་པའི་སྤྱོད་པའི་གནས། །མི་ཕྱེད་དད་པའི་གཞིར་གྱུར་དགེ་བའི་ བཤེས། །སྟོན་པའི་འདུ་ཤེས་ཉིད་ཀྱིས་གུས་བསྟེན་བྱ། །སྡིག་པའི་བཤེས་གྲོགས་འབད་པས་ཐག་བསྲིང་བས། །དགེ་ལེགས་ཟླ་བ་ཡང་ངོ་ལྟར་སྤེལ་བ། །འདི་དག་ངེས་པར་རྟག་ཏུ་གཙོར་བྱ་བའི། །སྙིང་པོ་དམ་པར་བལྟས་ཏེ་སྲོག་བསྔོས་ །ཇི་སྐད་བཤད་པའི་བྱེད་ པ་དེ་ལྟ་བུ་དཔག་ཏུ་མེད་པ་དང་རྗེས་སུ་འབྲེལ་བའི་ཕྱིར། བདག་དང་གཞན་གྱི་ད་ལྟར་མ་འོངས་པའི་ཕན་པ་དང་བདེ་བ་བསྒྲུབ་པ་དང་གནོད་པ་དང་སྡུག་བསྔལ་སེལ་བའི་དོན་ཆེན་པོ་མ་ལུས་པ་བསྒྲུབ་པར་འདོད་པ་རྟོག་པ་དང་ལྡན་པ་རྣམས་ཀྱིས། རྒྱལ་བའི་སྲས་པོ་ དཔའ་བོ་རྟག་ཏུ་དུ་དང་བརྟན་པའི་བློ་གྲོས་ཅན་གཞོན་ནུ་ནོར་བཟང་ལ་སོགས་པ་དམ་པའི་སྤྱོད་པ་ངོ་མཚར་རབ་དང་ལྡན་པ་བདག་ཉིད་ཆེན་པོ་དག་གི་རྗེས་སུ་འབྲངས་ཏེ། སྔར་བཤད་པའི་ཡོན་ཏན་དེ་ལྟ་བུ་བསམ་ལས་འདས་པ་དང་ལྡན་པས་མི་ཕྱེད་པའི་དད་ བའི་ཡུལ་དུ་གྱུར་པ་དགེ་བའི་བཤེས་གཉེན་རྣམས་ལ་སངས་རྒྱས་ཁོ་ནར་འཛིན་པའི་དད་པ་དང་དགའ་བ་དང་གུས་པ་ཆེན་པོས་བསྟེན་པ་དང་བསྟེན་པ་དང་བསྙེན་བཀུར་བྱ་བ་དང། སྡིག་པའི་གྲོགས་པོ་རྣམས་སྙིང་རྗེས་བལྟས་ལ་སྡང་བ་དང་ [035A]༄༅། །བརྙས་པ་དོར་ཞིང་རེ་ཞིག་བཏང་སྙོམས་ཀྱི་རྣམ་པས་ཐག་བསྲིངས་ཏེ་གནས་པར་བྱ་བས། དགེ་ལེགས་རྣམས་ཟླ་བ་ཡར་ངོ་ལྟར་འཕེལ་བ་དང་ལྡོག་པ་འགྲིབ་པར་བྱ་བའི་གནས་འདི་ལ། སླར་ཡང་ལས་དང་ པོའི་སྡོམ་བརྩོན་རྣམས་ཀྱིས་སེམས་ཐམས་ཅད་ཀྱིས་བསམས་ཤིང་སྙིང་ཐག་པ་རུས་པའི་གཏིང་ཉིད་ནས་དྲག་པ་དང་ཡུན་རིང་བ་དང་བར་མ་ཆད་པ་ལས་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་སྦྱོར་བས་བསྒྲུབ་པར་བྱ་སྟེ། འདི་ནི་ངེས་ པར་བྱ་བ་རྟག་པར་བྱ་བ་གཙོ་བོར་བྱ་བ་ཉིད་ཀྱིས་སྙིང་པོ་དམ་པ་དང་ལྡན་པའི་ལས་ཡིན་གྱི། གྲུབ་ནའང་ལེགས་ལ། མ་གྲུབ་ནའང་བླ་བ་ཙམ་གྱི་ལས་གཏན་མ་ཡིན་པར་བལྟས་ལ། འདི་བསྒྲུབ་པ་ནན་ཏན་གྱི་དོན་དུ་ནི་ལུས་དང་སྲོག་ ཡལ་བའང་མཆིལ་མ་ཙམ་ཡིན་ན། ལོངས་སྤྱོད་ལ་སོགས་པ་གཞན་ལྟ་ཅི་སྨོས་པར་ངེས་པར་བྱའོ། །སྡོང་པོ་བཀོད་པ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པའི་གནས་བཅུ་སྟེ། སངས་རྒྱས་མཆོད་པ་དང། སེམས་ཅན་སྨིན་པར་ བྱེད་པ་དང། དགེ་བའི་བཤེས་གཉེན་བསྟེན་པ་དང། དགེ་བའི་རྩ་བ་བསགས་པ་དང། ཞིང་དག་པར་བྱེད་པ་དང། འགྲོ་བ་ཐམས་ཅད་ཡོངས་སུ་མི་གཏོང་བ་དང། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་འཇུག་པ་དང། སྨོན་ལམ་ཐམས་ ཅད་ཡོངས་སུ་རྫོགས་པར་བྱེད་པ་དང། བྱང་ཆུབ་ཀྱི་སེམས་ཚད་མེད་པ་དང། སངས་རྒྱས་ཐམས་ཅད་ཀྱི་མངོན་པར་འཚང་རྒྱ་བ་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའོ། །དད་པ་མི་ཕྱེད་པ་ནི་བཅུ་སྟེ། སངས་རྒྱས་དང་ ཆོས་དང། དགེ་འདུན་དང། བྱང་ཆུབ་སེམས་དཔའ་དང། དགེ་བའི་བཤེས་གཉེན་དང། སེམས་ཅན་དང། བྱང་ཆུབ་སེམས་དཔའི་སྨོན་ལམ་དང། བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོང་དུ་ཆུད་པར་བྱ་བ་དང། སངས་རྒྱས་མཆོད་ [035B] སེམས་ཅན་ཡོངས་སུ་སྨིན་པའི་ཐབས་རྣམས་ལ་དད་པ་མི་ཕྱེད་པའོ་ཞེས་སོ། །རྒྱལ་བའི་ཡུམ་ལས་ཀྱང་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཤིན་ཏུ་གུས་པ་བསྐྱེད་པར་བྱའོ། །རབ་ཏུ་དང་བར་བྱའོ། །དེས་ཟིན་པ་ནི་མྱུར་དུ་འཚང་རྒྱའོ། ། ཁྱོད་ཡུན་རིང་པོ་ནས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་བྱང་ཆུབ་ཏུ་སྨིན་པར་བྱས་ཤིང་ཡོངས་སུ་བཟུང་བ་སྟེ། ཤེས་རབ་དང་ཐབས་དང་སངས་རྒྱས་ཀྱི་ཆོས་རྣམས་ལ་བསླབས་སོ། །དེ་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཏེ་བྱས་པ་ཤེས་པ་དང་ བྱས་པ་ཚོར་བས་དེས་བསྒོ་བ་དང་དེས་བྱས་པ་བཞིན་བཟུངས་ཤིག་གལ་ཏེ་ཁྱོད་ཀྱིས་དེ་ལ་བསྐལ་བ་བརྒྱ་སྟོང་མང་པོར་མགོ་ལ་ཐོད་བཞིན་དུ་ཐོགས་ཤིང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་ཏེ་སྟོང་གསུམ་གྱི་འདོད་པའི་ཡོན་ཏན་ཇི་སྙེད་པ་ ཐམས་ཅད་ཕུལ་ཡང་དེའི་བྱས་པ་ལ་ལན་ལོན་པ་མ་ཡིན་ནོ་ཞེས་སངས་རྒྱས་མང་པོས་གདམས་པའོ། །ཡང་དེས་བྲམ་ཟེའི་ཁྱེའུ་སྙིང་ལ་སོགས་པ་ཉེ་བ་རྙེད་པ་ན་འདི་ནི་བདག་གིས་རྙེད་པའི་མཆོག་ལེགས་པར་རྙེད་དེ། བདག་གི་ལུས་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སོགས་པ་རྫོགས་པའི་རྒྱུར་གྱུར་ཏོ་སྙམ་ནས་དགའ་བ་ཆེན་པོ་སྐྱེས་པས་གང་འདོད་པ་རིན་ལའང་མ་རྩེག་པར་བཏང་བ་དང། དེས་ལུས་དང་འཁོར་ཐམས་ཅད་ཕུལ་བ་ན། བརྒྱ་བྱིན་གྱིས་ལེགས་ཏེ་དེ་ལྟར་འབྱོར་བ་ཐམས་ཅད་ གཏོང་བར་བྱའོ། །གཏོང་བའི་སེམས་དེ་ལྟ་བུས་མྱུར་དུ་འཚང་རྒྱའོ། །དེ་ལྟར་ཆོས་སྨྲ་བ་ལ་མཆོད་པ་བྱས་ན་ཆོས་དམ་པ་ནྙན་ནུས་ཏེ། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་སྤྱོད་པ་མཛད་པ་ན་འདི་ལྟ་བུའི་ཚུལ་དུ་གཏོང་བས་ཆོས་དྲིས་ཤིང་བྱང་ཆུབ་ བསྒྲུབས་སོ་ཞེས་བསྟོད་པ་དང། འཕགས་པ་ཆོས་འཕགས་ལོ་བདུན་ཏིང་ངེ་འཛིན་མཛད་པ་ན་དེས་ཀྱང་ལོ་བདུན་གཉིད་དང་རྨུགས་པ་མེད་པར་འགྲེང་བ་དང། འཆག་པའི་སྤྱོད་པ་གཉིས་ཀྱིས་འདས་ཏེ་དེའི་བར་དུ་འདོད་པའི་རྟོག་པ་ལ་སོགས་པ་ [036A]༄༅། །དང་ཟས་ལ་སེམས་པའང་མ་བྱུང་གི་ཆོས་སྨྲ་བ་དང་ཆོས་ལ་མཆོད་པ་འབའ་ཞིག་སེམས་པར་ཟད་དོ། །ཆག་ཆག་གདབ་འདོད་པ་ལ་བདུད་ཀྱིས་ཆུ་མི་སྣང་བར་བྱས་པའང་ཁྲག་གིས་ཆག་ཆག་བཏབ་སྟེ། ས་ཕྱོགས་ དེ་རྡུལ་ཆེ་བས་དེས་ཆོས་དང་ཆོས་སྨྲ་བ་ལ་གོས་ན་མི་རུང་བར་བསམས་ནས། བདག་གི་ལུས་གདོན་མི་ཟ་བར་འཇིག་པའི་ཆོས་ཅན་འདིས་ཅི་བྱ། འདི་ལྟ་བུའི་བྱ་བ་ལ་ཞིག་པ་ནི་སྟེས་ཀྱི་ དོན་མེད་པར་འདོད་པའི་ཆེད་ལ་འཁོར་བར་ལུས་ སྟོང་ཕྲག་མང་པོར་ཞིག་པས་ནི་ཅིར་ཡང་མ་གྱུར་པར་ཤེས་པས་སོ། །ཡང་གཞོན་ནུ་ནོར་བཟང་དགེ་བའི་བཤེས་གཉེན་དགེ་སློང་རྒྱ་མཚོ་རྒྱལ་མཚན་ལ་བལྟ་བ་དང། ཕྱག་བྱེད་པ་དང། རབ་ཏུ་འདུད་པ་དང། གུས་པར་བྱེད་པ་དང། རིམ་གྲོར་བྱེད་པ་ དང༑ ཡིད་ལ་བྱེད་པ་དང། བསམ་པ་དང། བསྒོམ་པ་དང། ཡོངས་སུ་བསྒོམ་པ་དང། ལེགས་པ་བརྗོད་པ་དང། ངོ་མཚར་དུ་བྱ་བ་དང། ཡོན་ཏན་མངོན་དུ་བྱ་བ་དང། རྗེས་སུ་བསྔགས་པ་དང། རྗེས་སུ་འབྲང་བ་དང། རྗེས་སུ་དྲན་པ་ དང༑ བརྟན་པར་བྱ་བ་དང། མི་གཏོང་བ་དང། ཡིད་ལ་བསམ་པ་དང། སྨོན་ལམ་གྱི་རྗེས་སུ་འཇུག་པ་དང། མཐོང་བར་དགའ་བ་དང། དབྱངས་ཀྱི་མཚན་མ་བཟུང་བ་དང། གཟུགས་རྗེས་སུ་བསམ་པ་དང། མིང་བཟུང་བའི་རྗེས་སུ་འགྲོ་བ་ དང། ཁ་དོག་དང་དབྱིབས་རྗེས་སུ་དྲན་པ་དང། ཡེ་ཤེས་ཀྱི་ཡུལ་བསམ་པ་དང། ཏིང་ངེ་འཛིན་གྱི་ཡུལ་ལ་འཇུག་པ་དང། སྤྱོད་ཡུལ་གྱི་ཡུལ་ལ་སྤྱོད་པ་དང། ཡེ་ཤེས་ཀྱི་སྣང་བ་འཛིན་ཅིང། བླ་མའི་ཡོན་ཏན་གྱིས་ནི་མགུ་དེས་བསྔགས་ ཏེ་བཏང། མཐོང་བས་བྱིན་གྱིས་བརླབས། གདམས་ངག་ལ་ནན་ཏན་བྱེད། ཡིད་དུ་འོང་བར་སེམས། དེ་སངས་རྒྱས་ཀྱི་ཆོས་ཀྱི་འབྱུང་གནས་སུ་ལྟ། སངས་རྒྱས་ཀྱི་ཆོས་སྟོན་པར་ལྟ། སངས་རྒྱས་ཀྱི་ནམ་མཁའ་ལྟ་བ་ལ་མིག་ཙམ་དུ་འཛིན་པས་དེའི་ [036B] །ཚོམས་དག་ལས་ཀྱང། དད་ལྡན་སྙན་པར་སྨྲ་བ་དང། །ཐོས་མང་ཚུལ་ཁྲིམས་ལྡན་པ་དག། མཁས་པ་ཡིས་ནི་མཛའ་བྱ་ཕྱིར། །མི་མཆོག་དག་དང་འགྲོགས་པར་བྱ། །གང་དག་ཐོས་མང་གནས་མང་སེམས་པ་དང། །དད་དང་ ཤེས་རབ་ལྡན་དེ་མི་ཡིས་བསྟེན། །འདིར་ནི་དེ་ཡི་ལེགས་སྨྲས་མཉན་བྱས་ན། །རིང་པོ་ནས་ཀྱང་ཁྱད་པར་འཐོབ་པར་འགྱུར། །དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་ པ་འཐོབ་འགྱུར་བ། །དེ་ཕྱིར་བདག་པས་གཙོར་གྱུར་བསྟེན་པར་བྱ། །ཚུལ་ཁྲིམས་ཉེ་བར་ཞི་བ་དང། །ཤེས་རབ་ཆེས་མཆོག་ལྡན་པ་ཡི། །གཙོ་བོ་གང་ཡིན་དེ་བསྟེན་ན། །གཙོ་བོ་བས་ཀྱང་ཆེས་གཙོར་འགྱུར། །དེ་བས་རྒྱུ་སྐར་ལམ་དུ་ཟླ་བ་ལྟར། ། བརྟན་ཞིང་ཐོས་མང་མཆོག་འདྲེན་བྱེད་པ་དང། །ཚུལ་ཁྲིམས་ལྡན་དང་འཕགས་པའི་བརྟུལ་ཞུགས་ཅན། །མི་མཆོག་བརྩེ་ལྡན་བློ་བཟང་བསྟེན་པར་གྱིས། །དད་པ་མེད་ཅིང་བཛུངས་པ་དང། །བརྫུན་དུ་སྨྲ་དང་ཕྲ་མ་ཅན། །མཁས་པས་བཤེས་ པར་མི་བྱ་ཞིང། །སྡིག་ཅན་མི་དང་འགྲོགས་མི་བྱ། །གལ་ཏེ་སྡིག་པ་བྱེད་པ་དག་སྡིག་མི་བྱེད་པས་བསྟེན་ན་ཡང། །སྡིག་པ་བྱེད་པར་དོགས་སྐྱེ་ཞིང། །མི་སྙན་པ་ཡང་འཕེལ་བར་འགྱུར། །བསྟེན་བྱ་མ་ཡིན་བསྟེན་པའི་མི། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར་ དོང་བར་དུག་བསྐུས་མདའ་བཅུག་པས། །དུག་མ་བསྐུས་པའང་གོས་པ་བཞིན། །དོན་ལྡན་ཚིག་ནི་གཅིག་གིས་ཀྱང། །མཁས་པ་ལ་ནི་དོན་ཀུན་བྱེད། །སངས་རྒྱས་ཀུན་གྱི་གསུང་གིས་ཀྱང། །བྱིས་པ་གང་ཞིག་བྱིས་པ་ཞེས། ། ཤེས་པ་དེ་འདིར་མཁས་པ་ཡིན། །བྱིས་པ་གང་ཞིག་མཁས་རློམ་པ། །དེ་ནི་བྱིས་ལས་བྱིས་པ་ཉིད། །བྱིས་པས་བསྟོད་པ་གང་ཡིན་དང། །མཁས་པས་སྨད་པ་གང་ཡིན་ལས། །མཁས་པས་སྨད་པ་ཆེས་རུང་གི་བྱིས་པས་བསྟོད་པ་མི་རུང་ངོ། ། [037A]༄༅། །ཉེས་ན་མཁས་དང་མི་མཛའ་བླའི། །བྱིས་པ་རྣམས་དང་མཛར་མི་རུང། །བྱིས་པ་རྣམས་དང་མཛའ་བྱེད་པ། །སེམས་ཅན་དམྱལ་བར་འཁྲིད་པར་བྱེད་ཅེས་གསུངས་སོ། །མཁས་པ་གཞན་གྱིས་ཀྱང། མི་ཡི་ཐ་མ་ རྣམས་ཀྱང་ནམ་ཞིག་ན། །སྐྱེས་བུ་མཆོག་ལ་བརྟེན་ནས་མཆོག་ཏུ་འགྱུར། །རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །རང་གི་རང་བཞིན་དོར་ནས་གསེར་དུ་སྣང། །གང་གི་ངང་ལས་བསེར་མ་གང་ལྡང་བ། །དེ་ཡི་དད་དང་ལྡན་པར་རྣམ་པར་ ལྡང་ཞེས་བཤད་དོ། །བསྟན་པ་ལ་འཇུག་པའི་རིམ་པ་རྣམ་པར་བཤད་པ་ལས། དགེ་བའི་བཤེས་གཉེན་བསྟེན་པ་ལ་འཇུག་པ་སྟེ་ལེའུ་དང་པོའོ། ༈ །།དེ་ལྟར་སྣོད་དུ་གྱུར་པ་དགེ་བའི་བཤེས་གཉེན་ གྱིས་ཡོངས་སུ་ཟིན་པ་དེས་རྟེན་རིགས་སད་པ་ཅན་དལ་འབྱོར་ཚོགས་བཅུ་གཉིས་པ་ཉིད་ཀྱི་བློ་སྦྱང་བའི་རིམ་པ་བསྟན་པའི་དོན་དུ་བསྒྲུབ་པའི་བསླབ་པ་སྟོན་པ་ན་དང་པོར་དེའི་རང་བཞིན་བརྗོད་པ། མི་ཉིད་འཕགས་པའི་གནས་སྐྱེས་དབང་ པོ་ཚང། །གནས་ལ་དད་ཅིང་ལས་མཐའ་མ་ལོག་དང། །སངས་རྒྱས་འབྱུང་ཞིང་ཆོས་གསུངས་རྣམ་པར་གནས། །རྗེས་སུ་འཇུག་བཅས་གཞན་གྱི་ཕྱིར་སྙིང་བརྩེ། །བདག་གཞན་འབྱོར་བའི་དལ་འབྱོར་བཅུ་གཉིས་ཚོགས། །ཐར་པའི་ས་བོན་ རིགས་སད་རྒྱུད་དང་ལྡན། །དེ་སྔོན་དགེ་བ་སྤྱད་སོགས་རྐྱེན་ཅན་ཏེ། །ཉེས་དམིགས་བཞི་སོགས་མི་མཐུན་གྱིས་བསྒྲིབས་མིན། །ཇི་སྐད་དུ་ཉན་ཐོས་ཀྱི་ས་ལས་བདག་གི་འབྱོར་བ་ལྔའི་དབང་དུ་བྱས་ནས། མིར་གྱུར་པ་ནི་མི་རྣམས་དང་སྐལ་བ་ མཉམ་པ། སྐྱེས་བ་དང་བུད་མེད་ཀྱི་དབང་པོ་དང་ལྡན་པར་སྐྱེས་པའོ། །ཡུལ་དབུས་སུ་སྐྱེས་པ་ནི་གང་དུ་འཁོར་བཞི་པོ་དག་དང་དམ་པ་དང། ཡང་དག་པར་སོང་བ་དག་དང་སྐྱེས་བུ་དམ་པ་རྣམས་འགྲོ་བའི་ཡུལ་དབུས་སུ་སྐྱེས་པའོ། ། [037B] །གནས་ལ་དད་པ་ནི་སྟོན་པས་གསུངས་པའི་ཆོས་འདུལ་བ་འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་དཀར་པོའི་ཆོས་ཐམས་ཅད་སྐྱེ་གནས་སུ་གྱུར་པས་དྲངས་པའི་དད་པ་དང་ལྡན་པའོ། །ལས་ཀྱི་མཐའ་མ་ལོག་པ་ནི་ཚེ་འདི་ལ་མཚམས་མེད་པ་ལྔ་དང་མི་ལྡན་པར་གསུངས་སོ། །ཡང་ན་ལས་འབྲས་ལ་སོགས་པ་ལ་སྐུར་བའི་ལོག་ལྟ་དང་མི་ ལྡན་པའོ། །གཞན་གྱི་འབྱོར་པ་ལྔ་ལས་སངས་རྒྱས་འབྱུང་བ་ནི་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཐུགས་བསྐྱེད་ནས་ཚོགས་མཐའ་ཡས་པ་རྫོགས་པར་མཛད་པ་ལས་རྫོགས་པའི་སངས་རྒྱས་ཉིད་བརྙེས་པ་སྟེ་དུས་གསུམ་དུའང་དེ་ཁོ་ན་ལྟར་ འགྲུབ་པའོ། །དམ་པའི་ཆོས་སྟོན་པ་ནི་སངས་རྒྱས་དང་ཉན་ཐོས་རྣམས་འཇིག་རྟེན་ལ་ཐུགས་བརྩེ་བས་བདེན་པ་བཞི་ལ་སོགས་པ་ལས་བརྩམས་ཏེ་གསུང་རབ་ཡན་ལག་བཅུ་གཉིས་སྟོན་པར་མཛད་པའོ། །ཆོས་བསྟན་པ་རྣམས་གནས་པ་ནི་དེ་ལྟར་ གསུངས་ནས་སྟོན་པ་འདས་ནས་ཀྱང་གནས་ཀྱི་བར་དུ་ཇི་སྲིད་བསྒྲུབ་པ་མི་ཉམས་པས་དམ་པའི་ཆོས་མི་ནུབ་པའོ། །ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་ནི་ཆོས་གནས་པ་དེ་ཉིད་རྟོགས་པ་དང་མཐུན་པར་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་གདམས་ཤིང་ རྗེས་སུ་བསྟན་པ་རིམ་པ་ནས་རིམ་པར་རྗེས་སུ་འཇུག་པའོ། །གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པ་ནི་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱིས་འཚོ་བའི་ཡོ་བྱད་རྐྱེན་དུ་འབབ་པ་ཆོས་གོས་དང་བསོད་སྙོམས་ལ་སོགས་པས་སྙིང་བརྩེ་བར་བྱེད་པར་གསུངས་ སོ། །བདག་གིས་ལུས་འབྱོར་པར་བྱེད་པ་ལྔ་དང། རྐྱེན་གཞན་དེ་ལྔས་འབྱོར་བར་བྱེད་པ་སྤྱི་གཉིས་ཉིད་དང་བཅས་པས་ཚོགས་བཅུ་གཉིས་པར་བརྗོད་དོ། །དེའང་རིགས་ཞེས་བྱ་བ་ནི་ཐར་པའི་ས་བོན་དང་ཁམས་དག་དང་རང་བཞིན་གྱི་འང་རྣམ་གྲངས་ཅན་ཏེ་ [038A]༄༅། །དེ་དང་ལྡན་པས་བསྒྲུབ་པའི་རྟེན་དུ་འགྱུར་གྱི་རིགས་དང་མི་ལྡན་པ་ནི་མ་ཡིན་ནོ། །དེ་ནི་ལུས་ལས་ཐ་དད་པ་སྐྱེ་མཆེད་དྲུག་གི་ཁྱད་པར་གྱིས་ཟིན་པ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པ་རྒྱུད་གཅིག་ཏུ་རྟོགས་པའི་རང་བཞིན་ཅན་ཏེ། སྟོན་ པ་དང་རྒྱུད་དང་རྟེན་དང་གཞི་དང་ཉེར་གནས་དང་སྔོན་འགྲོ་དང་གནས་ཞེས་ཀྱང་བྱའོ། །འདི་ལ་གཉིས་ཏེ་རང་བཞིན་དུ་གནས་པ་དང་ཡང་དག་པར་བསྒྲུབ་པའོ། །དང་པོ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཆོས་ཉིད་ཀྱིས་ཐོབ་པ་སྟེ། རིགས་ཅན་ཀུན་ལའང་ཁྱད་པར་ མེད་པས་ན་འདིར་རྟེན་གྱི་ཆོས་སུ་མི་བརྗོད་ཀྱི། ཕྱི་མ་ཡིན་པས་ན་སྔོན་གྱི་དགེ་བའི་རྩ་བ་གོམས་པ་ལ་སོགས་པ་མཐུན་རྐྱེན་གྱིས་ཟིན་ཅིང་འགལ་རྐྱེན་དང་བྲལ་པས་ནུས་པ་སད་པར་གྱུར་བ། འཁོར་བ་ལ་སྐྱོ་ཞིང་ཐར་པར་འདུན་པ་ལ་སོགས་པ་བྱེད་ པ་འགའ་ཞིག་ཀུན་ནས་སློང་བ་ཅན་ལ་འདོད་དོ། །དེ་ལ་མཐུན་རྐྱེན་ནི་གཉིས་ཏེ། གཙོ་བོ་དང། དམན་པའོ། །དང་པོ་ལ་ཡང་གཉིས་ཏེ། དམ་པའི་ཆོས་ཀྱི་དབང་དུ་བྱས་པ་བདེན་པ་བཞི་ལ་གདམས་པའི་གཞན་གྱི་སྒྲ་དང། ནང་གི་ཚུལ་བཞིན་ཡིད་ལ་བྱེད་ པའོ༑ ༑དམན་པ་ནི་བཅུ་གཉིས་ཏེ། བདག་གི་འབྱོར་བ་དང། དགེ་བའི་ཆོས་ལ་འདུན་པ་དང། རབ་ཏུ་བྱུང་བ་དང། ཚུལ་ཁྲིམས་ཀྱི་སྡོམ་པ་དང། དབང་པོ་སྡོམ་པ་དང། ཟས་ཀྱི་ཚོད་རིག་པ་དང། སྲོད་དང་ཐོ་རངས་མི་ཉལ་བའི་སྦྱོར་བ་ལ་བརྩོན་པ་དང། ཤེས་ བཞིན་དུ་སྤྱོད་པ་དང། དབེན་པར་གནས་པ་དང། སྒྲིབ་པ་དག་པ་དང། ཏིང་ངེ་འཛིན་ལ་གནས་པའོ། །དེས་ན་འབྱོར་བ་འདི་གཉིས་ནི་རིགས་སད་པར་བྱེད་པ་ཉིད་ལས་ཀྱང་རྟེན་གྱི་ཆོས་སུ་བསྟེན་པ་སྟེ། མི་ཁོམ་པ་བརྒྱད་དང་བྲལ་བ་ལ་སོགས་པས་ སྐལ་བ་དང་ལྡན་པ་ཉིད་དང་བཅས་པས་སོ། །དེའི་ཕྱིར་རིགས་ཡོད་ཀྱང་མཐུན་རྐྱེན་དེ་ལྟ་བུས་མ་ཟིན་པའམ་འགལ་རྐྱེན་གྱིས་ཟིན་པ་ནི་མེད་པ་དང་འདྲ་བས་ན། ཡོད་པ་ཙམ་གྱིས་རྣམ་པར་གྲོལ་བར་མི་འགྱུར་བའོ། །འགལ་རྐྱེན་ནི་བཞི་སྟེ། མི་ཁོམ་པར་ [038B] བག་མེད་དང། ལོག་པར་ཞུགས་པ་དང། སྒྲིབ་པའི་ཉེས་པས་སོ། །དང་པོ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུག་སོགས་འདི་ནི་མི་ཁོམས་བརྒྱད་ཅེས་བཤད་པའོ། །གཉིས་པ་ནི། ཡུལ་ དབུས་ལ་སོགས་པར་སྐྱེས་ཤིང་རིགས་མཐོ་ལ་ལོངས་སྤྱོད་དང་ལྡན་ཡང་འདོད་པ་ལ་བརྐམ་པས་སྤྱོད་ཅིང་ཉེས་དམིགས་སུ་མི་ལྟ་བའོ། །གསུམ་པ་ནི་སངས་རྒྱས་ལ་སོགས་པ་དགེ་བའི་བཤེས་གཉེན་མེད་པར་མུ་སྟེགས་ཀྱི་ལྟ་བས་སྦྱིན་པ་ལ་སོགས་པ་ མེད་པར་ལྟ་བའོ། །སྒྲིབ་པ་ནི་གླེན་པ་དང་ལྐུགས་པ་ལ་སོགས་པ་རྣམ་སྨིན་དང། མཚམས་མེད་པ་ལ་སོགས་པ་ལས་དང། དྲག་ཅིང་ཡུན་རིང་བ་ཉོན་མོངས་ཀྱིས་བསྒྲིབས་པས་སོ། །ཡང་ཉེས་དམིགས་བཞི་པོ་སྔོན་བག་མེད་པར་སྤྱོད་ཅིང་ཉོན་མོངས་པ་ གོམས་པས་ཉོན་མོངས་དྲག་ལ་ཡུན་རིང་བ་ཅན་དང། བླུན་པས་སྡིག་པའི་གྲོགས་པོས་འཁྲིད་པ་དང། རྒྱལ་པོ་ལ་སོགས་པའི་དབང་དུ་གྱུར་ཅིང་རང་དབང་མེད་པ་དང། དེས་ །ཡང་བཞི་སྟེ། དགེ་བའི་བཤེས་གཉེན་དང་མ་ ཕྲད་པ་དང། ཕྲད་ཀྱང་བསླབ་པ་ལ་ལོག་པར་སློབ་པ་དང། ཡང་དག་པར་སློབ་ཀྱང་སྦྱོར་བ་ལ་གཡེལ་བ་ལེ་ལོ་བྱེད་པ་དང། བརྩོན་ཡང་དབང་པོ་མ་སྨིན་ཞིང་ཚོགས་མ་རྫོགས་པའོ། །རིགས་ཆད་པ་ནི་རྐྱེན་རྙེད་དམ་མ་རྙེད་ཀྱང་རུང་གཏན་ཐར་པའི་སྐལ་པ་ མེད་པའོ། །དེའི་རྟགས་ནི་སྤྱིར་མང་མོད་ཀྱི་མདོར་བསྡུས་ན་དྲུག་སྟེ། ལུས་ལ་གཞིའི་སྲེད་པ་དང་པོ་ཉིད་ནས་ཞེན་པ་སངས་རྒྱས་ཐམས་ཅད་ཀྱིས་ཐམས་ཅད་དུ་བསལ་མི་སྤྱོད་པ་རིང་དུ་རྗེས་སུ་ཞུགས་པ་དམ་པ་དང་ལྡན་པ་དང། འཁོར་བའི་སྐྱོན་སྣ་ཚོགས་ རྣམ་གྲངས་དུ་མར་ཐོས་ཀྱང་དུས་གསུམ་དུའང་སྐྱོ་བའམ་ཉེས་དམིགས་སུ་ལྟ་བ་ཅུང་ཟད་ཀྱང་མི་སྐྱེ་བ་དང། མྱ་ངན་ལས་འདས་པ་ལ་ཕན་ཡོན་ཏུ་ལྟ་བའམ་དད་པ་དང་འདུན་པ་ཆུང་དུའང་ངན་ངོན་ཙམ་ཡང་མི་སྐྱེ་བ་དང། དང་པོ་ཉིད་ནས་ངོ་ཚ་མེད་ཅིང་ཁྲེལ་མེད་པ་ [039A]༄༅། །ཆེན་པོ་སྟེ། སྙིང་བརྩེ་བའམ་བག་ཚ་བས་འཛེམ་པ་མེད་པར་རངས་པའི་སེམས་ཀྱིས་སྡིག་པ་ཐམས་ཅད་ལྷག་པར་སྤྱོད་ཅིང་ལན་འགའ་ཙམ་ཡང་འགྱོད་པ་མེད་ལ། ཚེ་འདིའི་ཟང་ཟིང་ཉམས་པར་བྱེད་པ་ཙམ་ལྟར་ཟད་པ་དང་ བདེན་པ་བཞིའི་ཆོས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་ཞིང་རིགས་པ་སྟོན་པ་ན། ཅུང་ཟད་སེམས་གཏོད་པ་ཙམ་ཡང་མི་ཐོབ་ན་ནམ་ཡང་སྤུ་ཟིང་ཞེས་བྱེད་པའམ། མཆི་མ་དཀྲུག་ཅེས་བྱེད་པ་ལྟ་ཅི་སྨོས་པ་དང། བརྒྱ་ལམ་ན་རབ་ཏུ་བྱུང་ན་ ཡང་རྒྱལ་པོ་ལ་སོགས་པས་གཙེས་པའམ་འཚོ་བའི་ཕྱིར་ཡིན་གྱི། ཞི་བ་དང་དུལ་བ་དང་མྱ་ངན་ལས་འདས་པའི་ཕྱིར་མ་ཡིན་ལ། ཁྱིམ་པ་རྣམས་དང་འདྲེ་ཞིང་ལྷ་ལ་སོགས་པར་སྨོན་པ་དང། བསླབ་པ་ཕུལ་ཏེ་སྤངས་པ་ལ་འཇུག་པ་དང། ཚུལ་ཁྲིམས་ འཆལ་བ་ནང་རུལ་བ་ཉེས་འཛག་ལུག་བོང་ལྟར་ཀུན་ཏུ་སྤྱོད་པ། དགེ་སྦྱོང་དང་ཚངས་པར་སྤྱོད་པ་ལ་སོགས་པ་མ་ཡིན་པར་དེ་དག་ཏུ་ཁས་འཆེ་བ་ཙམ་གྱིས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་དོན་མེད་པར་རྟགས་དང་ཆ་ལུགས་འཛིན་པ་ཙམ་ དང། དགེ་བའི་རྩ་བ་ཅུང་ཟད་ཅི་བྱེད་ཀྱང་སྲིད་པ་དང་ལོངས་སྤྱོད་འདོད་པ་ཙམ་གྱིས་བྱེད་པ་ལ་སོགས་པའོ། །དེ་དག་ལས་ལྡོག་པ་ལ་སོགས་པ་ནི་རིགས་དང་ལྡན་པའི་རྟགས་སུ་གོ་བར་བྱའོ། །རིགས་དེ་རྐྱེན་དེ་དག་གོང་ནས་གོང་དུ་འཕེལ་བས་གསོས་བཏབ་ པས་སེམས་ཡོངས་སུ་བྱང་བ་བླ་ན་མེད་པ་དྲང་པོ་ལས་སུ་རུང་བ་ལ་གནས་ནས། བདེན་པ་བཞི་ལ་ཤེས་པ་དང། སྤང་བ་ལ་སོགས་པའི་བྱ་བའི་ཕྱིར་གཞན་གྱི་གདམས་ཤིང་རྗེས་སུ་བསྟན་པ་ཐོས་ན། རིགས་པས་བསྐྱེད་པའི་ཡིད་ལ་བྱེད་པ་ཡང་དག་པའི་ལྟ་ བ་བསྐྱེད་པའི་སྐལ་བ་ཡོད་པས་རིམ་གྱིས་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱེད་དོ། །འགལ་རྐྱེན་གྱིས་ཟིན་པ་ན་ནི་དགེ་བ་ལས་ཉམས་པས་རེས་འགའ་ངན་སོང་དུ་སྐྱེ་བ་སྲིད་མོད་ཀྱི། རིང་མོ་ཞིག་ན་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་བ་དང། ། [039B] །སྐྱོ་བཅས་སེམས་ཅན་སྨིན་པར་བྱེད། །ཅེས་གསུངས་པ་ལྟར། གཞན་ལས་ནི་ཁྱད་པར་དུ་འཕགས་སོ། །ཁྱད་པར་དུ་ཐེག་པ་ཆེན་པོའི་རིགས་ནི་གཉིས་ཏེ། དོན་དམ་པ་དང། ཐ་སྙད་པའོ། །དང་པོ་ནི་ཆོས་ཉིད་ཁོ་ན་སྟེ་དེ་ལ་དམིགས་ པས་ཟག་པ་ཟད་པ་དང། ཡོན་ཏན་རྫོགས་པར་འགྱུར་བས་རིགས་དང་ཁམས་དང་དབྱིངས་དང་རྒྱུར་བརྗོད་པའོ། །ཐ་སྙད་པ་ནི་ཤེས་རབ་དང་སྙིང་རྗེའི་ས་བོན་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པ་རང་བཞིན་གྱི་རིགས་དང། དགེ་བའི་རྩ་བས་ནུས་པ་གསོས་པ་ རྒྱས་པ་ལས་བྱུང་བ་གཉིས་སོ། །དང་པོ་ནི་ཐེག་པ་གཅིག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན། འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་ཐམས་ཅད་ལ་ཁྱད་པར་མེད་པས་ན། འདིར་སྐལ་ བ་དང་ལྡན་པའི་གཞི་འམ་བསྒྲུབ་པའི་རྟེན་དུ་བཞག་པ་ནི་སྐབས་སུ་གཏོག་པའི་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་ཐེག་པ་ཆེན་པོའི་སྐྱབས་འགྲོ་ལ་སོགས་པས་ནུས་པ་སད་པར་བྱས་པ་ཅན་ཉིད་དེ། ཆོས་བཅུ་པ་ལས། དུ་བ་ལས་ནི་མེར་ཤེས་ཤིང། །ཆུ་སྐྱར་ལས་ནི་ ཆུར་ཤེས་ལྟར། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡི། །རིགས་ནི་མཚན་མ་རྣམས་ལས་ཤེས། །མི་རྩུབ་བརླང་བ་མ་ཡིན་ལ། །གཡོ་དང་སྒྱུ་ནི་རྣམ་སྤངས་ཤིང། །སེམས་ཅན་ཀུན་ལ་རབ་དང་བ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ནོར་བུ་རིན་ཅེན་རང་བཞིན་གྱིས། ། འོད་འབར་འབྱུང་གནས་ཉིད་ན་འདུག་བྱི་དོར་བྱས་ན་དེ་བས་ནི། །ཉིས་འགྱུར་གྱིས་ཀྱང་མཛེས་པ་ལྟར། །དེ་བཞིན་རིགས་དང་ལྡན་པ་ཡང། །བྱང་ཆུབ་སེམས་ནི་ཚོལ་བྱེད་དེ། །མཐའ་གཉིས་རྣམ་པར་དག་པ་ཡིས། །སྤྱོད་ཡུལ་དུ་ནི་བདུད་མི་འོང། །ཞེས་བྱ་བ་དང། རྗེ་བཙུན་ གྱིས་ཀྱང། སྦྱོར་བའི་སྔོན་དུ་སྙིང་རྗེ་དང། །མོས་པ་དང་ནི་བཟོད་པ་དང། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལ་སོགས་པའི་བྱེད་པ་དང་ལྡན་པ་ཉིད་དོ།། ༈ །རྟེན་དེ་ཡང་ཤིན་ཏུ་རྙེད་དཀའ་བར་བསམ་པའི་དབང་དུ་བྱས་ [040A]༄༅། །ནས། འདི་ནི་མཆོག་ཏུ་རྙེད་དཀའ་མཚོ་ཆེན་དུ། །གཉའ་ཤིང་འཕྱོ་བུག་རུས་སྦལ་མགྲིན་ཆུད་དང། །ཨུ་དུམ་ཝ་རའི་མེ་ཏོག་སོགས་བཞིན་ཏེ། །མི་ཁོམ་ལྷུང་རྣམས་རྒྱུ་ལས་རིང་བསྐལ་ཕྱིར། །མི་ཉིད་རྙེད་དཀའ་བ་ནི་ཡང་དག་ པར་ལྡན་པའི་ལུང་ལས་ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་ལ། དེར་གཉའ་ཤིང་བུ་ག་གཅིག་པ་བོར་བ་རླུང་གིས་ཕྱོགས་བཞི་ཅར་དུ་འཕྱོའོ། །དེ་ན་རུས་སྦལ་ཞར་བ་ལོ་སྟོང་ཕྲག་དུ་མ་ཐུབ་པ་ཞིག་ལོ་བརྒྱ་ཞིང་ལན་རེ་སྟེང་དུ་འབྱུང་བའི་མགྲིན་པ་ཤིང་གི་བུ་ག་དེར་ ཆུད་སྲིད་དམ། བཅོམ་ལྡན་འདས་སྟེས་ན་ཆུད་ལགས་ཏེ་ཆུད་ཀྱང་གདའ་མི་ཆུད་ཀྱང་གདའོ། །དགེ་སློང་དག་མིར་གྱུར་པ་ཡང་བརྒྱ་ལམ་ན་སྟེས་ན་ཐོབ་པ་སྟེ་ཤིན་ཏུ་དཀོན་ནོ། །སངས་རྒྱས་འབྱུང་ཞིང་ཆོས་བསྟན་པའང་དེ་དང་འདྲ་བར་གསུངས་སོ། །སའི་སྙིང་པོའི་ མདོ་ལས་ཀྱང། གང་ཟག་འདི་བཅུས་ནི་འཁོར་བར་མི་ཉིད་རྙེད་པར་དཀའ་སྟེ། དགེ་བའི་རྩ་བ་མི་སྐྱེད་པ་དང། བསོད་ནམས་ཀྱི་ལས་མི་བྱེད་པ་དང། ཉོན་མོངས་པའི་ཉིང་མཚམས་སྦྱོར་བ་དང། སྡིག་པའི་གྲོགས་པོའི་རྗེས་སུ་བྱེད་པ་དང། ཚེ་ཕྱི་མའི་སྡུག་བསྔལ་ལ་མི་ འཇིགས་པ་དང། འདོད་ཆགས་བདོ་བ་དང། ཞེ་སྡང་བདོ་བ་དང། གཏི་མུག་བདོ་བ་དང། སེམས་སྨྱོས་ཤིང་འཁྲུགས་པ་དང། ལོག་པར་ལྟ་བ་དམ་དུ་འཛིན་པའོ་ཞེས་སོ། །སངས་རྒྱས་འབྱུང་བ་དཀོན་པ་ནི་དམ་པའི་ཆོས་པདྨ་དཀར་པོ་ལས། སངས་རྒྱས་འབྱུང་བ་ནི་ རྙེད་དཀའ་སྟེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་ཡང་འཇིག་རྟེན་དུ་སངས་རྒྱས་མཐོང་ཡང་སྲིད། མི་མཐོང་ཡང་སྲིད་དེ་ཨུ་དུམ་ཝ་རའི་མེ་ཏོག་བཞིན་ནོ་ཞེས་སོ། །མྱ་ངན་ལས་འདས་པ་ལས་ཀྱང། ཨུ་དུམ་ཝ་རའི་མེ་ཏོག་ནི་སངས་རྒྱས་སྐྱེ་བ་དང་ དུས་གཅིག་ཏུ་འབྱུང་སྟེ། ཁ་དོག་བཟང་བ། འོད་གསལ་བ། དྲི་དཔག་ཚད་ཙམ་དུ་ཁྱབ་པ། རབ་རིབ་སེལ་བ། དྲན་པ་སྦྱོང་བ། ནད་ཐམས་ཅད་སེལ་བའོ། །དེ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལའང་མི་འབྱུང་ན་ཚུལ་ཁྲིམས་འཆལ་པ་རྣམས་ལ་ལྟ་ཅི་ [040B] །རྟོགས་པ་བརྗོད་པ་ལས་མཚོ་མ་དྲོས་པའི་བྱང་ཕྱོགས་རི་རྩེ་ལྔ་པ་ན་ཨུ་དུམ་ཝ་རའི་ཚལ་ཡོད་དེ། སངས་རྒྱས་ལྷུམས་ན་བཞུགས་པ་ན་དེ་ཁ་འབུའོ། །བལྟམས་པ་ན་ཁ་ཕྱེ། བྱང་ཆུབ་བརྙེས་པ་ན་མེ་ཏོག་རྒྱས། སྐུ་ཚེའི་འདུ་བྱེད་གཏོང་བ་ན་རྙིངས། ཡོངས་ སུ་མྱ་ངན་ལས་འདའ་བ་ན་ཐམས་ཅད་ས་ལ་ལྷག་གོ། སངས་རྒྱས་རྒྱལ་རིགས་སུ་འབྱུང་ན་མེ་ཏོག་དཀར་པོ་རབ་ཏུ་འགྱུར་ལ། བྲམ་ཟེར་འབྱུང་ན་དམར་པོར་རོ་ཞེས་སོ། །སྡེ་སྣོད་ལས་ཀྱང་སངས་རྒྱས་འབྱུང་བ་ནི་རྙེད་པར་དཀའ་སྟེ། མཆོག་ཏུ་རྙེད་པར་དཀའོ་ཞེས་སོ། ། ཡེ་ཤེས་རྒྱས་པ་ལས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེད་པ་དང་ལྡན་པའི་ཆོས་སྟོན་པ་ནི་བརྒྱ་ལམ་ན་འབྱུང་ངོ་ཞེས་སོ། །ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ཨུ་དུམ་ཝ་ར་ལྟར་རྙེད་དཀའོ་ཞེས་སོ། །སྡོང་པོ་བཀོད་པ་ལས་ གང་དག་མཐོང་ཞིང་ཐོས་པ་དང། །བསྙེན་བཀུར་བྱས་པ་དོན་ཡོད་པ། །འཇིག་རྟེན་འདྲེན་པ་འཇིག་རྟེན་ན། །བསྐལ་པ་བྱེ་བར་རྙེད་པར་དཀའ། །ཞེས་སོ། །ཡང་དལ་འབྱོར་སྤྱིར་རྙེད་དཀའ་བ་ནི་དེ་ཉིད་ལས་མི་ཁོམ་པ་བརྒྱད་ལས་ལོག་པ་རྙེད་པར་དཀའ། མིར་གྱུར་པ་ ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པའང་རྙེད་དཀའ། སངས་རྒྱས་འབྱུང་བའང་རྙེད་དཀའ། དབང་པོ་རྣམས་ཚང་བ་ཡང་རྙེད་དཀའ། སངས་རྒྱས་ཀྱིས་ཆོས་བསྟན་པ་ཡང་རྙེད་དཀའ། སྐྱེས་བུ་དམ་པ་དང་འགྲོགས་པའང་རྙེད་དཀའ་ ཡང་དག་པའི་དགེ་བའི་བཤེས་གཉེན་ཡང་རྙེད་དཀའ། །ཡང་དག་པའི་ཚུལ་བསྟན་པ་རྗེས་སུ་བསྒྲུབ་པའང་རྙེད་དཀའ། ཡང་དག་པའི་འཚོ་བ་ཡང་རྙེད་དཀའ། མིའི་འཇིག་རྟེན་ན་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པའང་རྙེད་པར་དཀའ་ན་ཞེས་སོ། །གཅིག་ ལས་འཕྲོས་པའི་ལུང་ལས་ཀྱང་མི་ཁོམ་པ་བརྒྱད་པོ་དག་ནི་ཚངས་པར་སྤྱོད་པ་ལ་གནས་པའི་དུས་མ་ཡིན་ནོ། །ཚངས་པར་སྶྤྱོད་པ་ལ་གནས་པའི་དུས་ནི་གཅིག་སྟེ། སངས་རྒྱས་བྱུང་ནས་ཆོས་སྟོན་ལ། གང་ཟག་དེའང་ཡུལ་དབུས་ཀྱི་མིར་སྐྱེས་ཏེ་ཞེས་བྱ་ [041A]༄༅། །བ་ལ་སོགས་པས་དལ་འབྱོར་དང་ལྡན་པ་གསུངས་སོ། །ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང། དལ་འབྱོར་ནི་རྙེད་པར་དཀའ་སྟེ་སྤོས་ཀྱི་ཤིང་དུས་ཀྱི་རྗེས་སུ་འབྲང་བ་བཞིན་ནོ། །རྣམ་པར་དག་པ་ཞེས་བྱ་བ་ནི་མིར་སྐྱེས་པ་སྟེ་ཡོན་ཏན་ བཅུ་རྫོགས་པའོ། །འདི་ལྟ་སྟེ་རིགས་དམན་པ་སྤངས་པ་དང། མི་བླུན་པ་དང། མི་གླེན་པ་དང། དབང་པོ་མ་ཉམས་པ་དང། ཕོར་སྐྱེས་པ་དང། གཟུགས་བཟང་བ་དང། མི་དབུལ་བ་དང། མི་བསྙས་པ་དང། ཚིག་མཉན་པ་དང། སྐྱེ་བོ་མང་པོས་བལྟ་བའོ་ཞེས་སོ། ། སྙིང་རྗེ་པདྨ་དཀར་པོ་ལས་ཀྱང། དལ་བ་ཕུན་སུམ་ཚོགས་པ་རྙེད་དཀའ། སངས་རྒྱས་འབྱུང་བ་ཨུ་དུམ་ཝ་ར་བཞིན། དགེ་བའི་ཆོས་ལ་འདུན་པ་རྙེད་དཀའ། ཡང་དག་པའི་སྨོན་ལམ་རྙེད་པར་དཀའོ་ཞེས་སོ། །སྡེ་སྣོད་ལས་ཀྱང། བསྐལ་པ་ཁྲག་ཁྲིག་མང་ པོ་འདས་ཀྱང་ནི། །བརྒྱ་ལ་མ་དག་ན་མི་ཡི་ལུས་ཐོབ་ཅིང། །བརྒྱ་ལམ་དག་ན་སངས་རྒྱས་འབྱུང་འགྱུར་ཏེ། །དད་དང་ཤེས་རབ་དག་ཀྱང་བརྒྱ་ལམ་ཐོབ། །ཅེས་སོ། །གསེར་མདོག་གི་རྟོགས་པ་བརྗོད་པ་ལས། ཨུ་དུམ་ཝ་ར་བརྒྱ་ལམ་ན་ལན་འགའ་འབྱུང་བ་ལྟར་ སངས་རྒྱས་ཀྱང་འཇིག་རྟེན་དུ་བརྒྱ་ལམ་ན་ལན་འགའ་འབྱུང་ངོ། །དེས་གསུངས་པའི་ཆོས་འདུལ་བའང་འབྱུང་དཀའོ། །དལ་འབྱོར་ནི་རྙེད་དཀའོ། །མི་ཉིད་དང་འཕགས་པའི་ཡུལ་དུ་སྐྱེས་པ་དང་དབང་པོ་ཚང་བ་དང། གླེན་པ་དང་འོན་པ་ལ་སོགས་པ་མ་ ཡིན་པ་དང། ལེགས་པར་བཤད་པ་དང་ཉེས་པར་བཤད་པ་དམིགས་ཕྱེད་པ་དཀའོ་ཞེས་སོ། །ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ལས་ཀྱང། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ཨུ་དུམ་ཝ་ར་ལྟར་བརྒྱ་ལམ་ན་སྟེ། དེ་མེད་ན་ཆོས་ཉན་པ་མེད་ པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཟད་པའང་མེད་དོ། །འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་སེམས་ཅན་ནི་འདོད་ཆགས་ལ་སོགས་པ་ཤས་ཆེ་བ་དཀར་པོའི་ཆོས་དང་བྲལ་བ་སྡིག་པའི་ཆོས་དང་ལྡན་པ། གླེན་པ་བླུན་པ་མི་གུས་པ་དཀོན་མཆོག་ [041B] །མར་མེ་འབུལ་བ་ལས་ཀྱང། ལྔ་པོ་འདི་ནི་མཆོག་ཏུ་རྙེད་དཀའ་སྟེ། མིར་སྐྱེ་བ་དང། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་དང། དེ་ལ་མངོན་པར་དགའ་བ་དང། ཚུལ་ཁྲིམས་ཡོངས་སུ་རྫོགས་པ་དང། ཟག་པ་ཟད་ པའོ༑ ༑ཡང་བཞི་སྟེ། མི་ཉིད་དང། སངས་རྒྱས་འབྱུང་བ་དང། དེའི་བསྟན་པ་ལ་དད་པ་དང། དད་པ་རྙེད་ནས་གནས་དང་གནས་མ་ཡིན་པ་དྲི་བ་ཤིན་ཏུ་རྙེད་པར་དཀའོ་ཞེས་སོ། །སངས་རྒྱས་འགྲོ་བ་ལས་ཀྱང། མི་ཉིད་ཐོབ་པ་ནི་དཀོན་ནོ། །མཐུན་པའི་ཡུལ་ ན་གནས་པ་དང། སངས་རྒྱས་འབྱུང་བ་དང། དེས་གསུངས་པའི་ཆོས་འདུལ་བ་ལ་དད་པ་དང། རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་དང། དགེ་བའི་བཤེས་གཉེན་དང། ནན་ཏན་ལ་གནས་པའི་གང་ཟག་དང། སྟོང་པ་ཉིད་ལ་ཡིད་ཆེས་ཤིང་མོས་ པ་དང། ཆོས་ཡོངས་སུ་དག་པ་འཆད་པ་དང། གཏོང་བའི་སེམས་དང་ལྡན་པ་དང། ལེན་པ་དང་བླངས་ནས་སྦྱིན་པ་སྦྱོང་བ་དང། བྱས་པ་གཟོ་ཞིང་བྱས་པ་ཚོར་བ་དང། བསླབ་པ་ལ་གུས་པས་སྲོག་དང་བསྔོ་བ་དང། སྙིང་རྗེས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང། བསྐྱེད་ནས་ནན་ ཏན་གྱི་སྤྱོད་པའང་ཤིན་ཏུ་དཀོན་ནོ་ཞེས་སོ། །དེ་ཙམ་དུ་རྙེད་དཀའ་བ་ཉིད་ཅིའི་ཕྱིར་ཞེ་ན། འཁོར་བའི་བྱིངས་ནི་མི་ཁོམ་པར་ལྷུང་བ་སྟེ། འཁྱམས་པ་དག་ཉིད་ཡིན་ལ། དེར་ལྷུང་ནས་ནི་དལ་འབྱོར་དེ་ལྟ་བུ་ཐོབ་པའི་རྒྱུ་ལས་ཤིང་ཏུ་བསྐལ་བས། སངས་རྒྱས་སྟོང་ གིས་ཀྱང་གཟུད་པར་མི་སྤྱོད་པའི་ཕྱིར་རོ། །བསྟན་བཅོས་ལས་ཀྱང། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ནི་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་ བསགས་པས། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་སོ། ༈ །དེ་ལྟར་ [042A]༄༅། །རྙེད་དཀའ་བ་དེའང་ཅི་ཞིག་ལྟར་རྙེད་ན་དོན་ཤིན་ཏུ་ཆེ་བར་བསྒྲུབ་པས། དེ་དག་ཐོབ་འདི་ཤིན་ཏུ་དོན་ཆེ་སྟེ། །དེང་ནས་སངས་རྒྱས་མཐར་ཐུག་བདེ་ཀུན་གྱི། །ལམ་གྱི་རྟེན་མཆོག་གྱུར་པས་གཏེར་ཆེན་དང། །ཆུ་བོ་སྒྲོལ་བྱེད་གྲུ་སོགས་ལྟ་བུར་ བསྔགས། །དུས་འདི་ནས་སངས་རྒྱས་ཉིད་ཀྱི་མཐར་ཐུག་པའི་བདེ་བ་རྒྱུན་མི་ཆད་པ་ཐམས་ཅད་ཀྱི་གཞི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་བསྡུས་པའི་དགེ་བའི་རྩ་བའི་ཚོགས་ཡིན་ལ། དེ་བསྒྲུབ་པའི་རྟེན་མཆོག་ཏུ་གྱུར་པ་ནི་དལ་འབྱོར་དང་ལྡན་པ་ ཁོ་ན་ཡིན་པའི་ཕྱིར། དེ་ཐོབ་པ་ནི་གཏེར་ཆེན་པོ་ཁ་ཕྱེ་བ་འམ་ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་དཔེས་ཀྱང་སྤྱད་དུ་མེད་པའི་ཡོན་ཏན་གྱི་བསྔགས་པ་གསུངས་པའོ། །འདི་ལྟར་འདིས་ནི་བདག་ལེགས་སུ་འདོད་པ་དག་གིས་དད་སེམས་ཆེན་པོས་སངས་རྒྱས་ཀྱི་ མཆོད་རྟེན་ལ་སོགས་པ་ལ་ཡན་ལག་ལྔས་ཕྱག་བཙལ་བས་ཀྱང་དེའི་ལུས་ཀྱིས་ཅི་ཙམ་ནོན་པའི་ས་གསེར་གྱི་གཞི་ལ་ཐུག་པའི་བྱེ་མ་སྙེད་ཀྱི་འཁོར་ལོས་བསྒྱུར་བ་ཐོབ་ཀྱང་དེའི་དགེ་བ་མི་ཟད་པ་དང། ཐ་ན་སྤོས་ཆུང་ངུ་ཡུངས་འབྲུ་ཙམ་འབུལ་ལམ། ནམ་མཁའ་ལ་མེ་ ཏོག་འཐོར་རམ། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེ་འམ། སངས་རྒྱས་སམ་འཇིག་རྟེན་མགོན་པོའམ། ལྷའི་ལྷ་ལ་སོགས་པ་མཚན་གཅིག་བརྗོད་པ་ཙམ་ཡང་མཐར་མྱ་ངན་ལས་འདའ་བས་མཐར་ཐུག་པར་གསུངས་པ་ལྟར་རོ། །ཡང་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ གྲུ་ལ་སོགས་པ་མང་པོར་ཡང་བསྔགས་པར་བྱ་བའོ། །དེས་ན་མངལ་འཇུག་ལས་མིར་སྐྱེས་ནའང་དེ་ལྟར་སྡུག་བསྔལ་མཐའ་ཡས་པ་དང་ལྡན་ཡང་གནས་མཆོག་ཡིན་པས་བསྐལ་པ་བྱེ་བར་ཡང་རྙེད་དཀའ་བློ། །ལྷ་དག་འཆི་བ་ནའང་ལྷ་གཞན་དག་ཁྱོད་བདེ་འགྲོར་སྐྱེ་བར་ གྱུར་གཅིག་བདེ་འགྲོ་ནི་མིའི་འགྲོ་བའོ་ཞེས་བསྔགས་ཏེ་རྒྱུ་འམ་རྟེན་ཁྱད་པར་ཅན་ཉིད་ཀྱིས་སོ། །མྱ་ངན་འདས་ཆེན་ལས། ཆོས་བཞི་དང་ལྡན་ན་བུད་མེད་ཀྱང་སྐྱེས་བུ་སྟེ། དགེ་བའི་བཤེས་གཉེན་ཚོལ་བ་དང། ཆོས་ཚོལ་བ་དང། དོན་སེམས་པ་དང། ཇི་སྐད་སྨྲས་པ་བཞིན་ [042B] །དེ་བཞི་མེད་ན་ནི་ལུས་སྐྱེས་པར་གྱུར་ཀྱང་སྤྱོད་པ་དུད་འགྲོ་དང་འདྲའོ་ཞེས་སོ། །སྐྱེས་བུའི་དོན་བསྒྲུབ་ཐོབ་པ་ཞེས་ཀྱང་བྱའོ། །བསྟན་བཅོས་ལས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། ། ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང། །མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན་ཞེས་སོ། ༈ །སྙིང་པོ་བླང་བ་ལ་འབད་པར་བརྗོད་པ། དེས་ན་དོན་ཆེན་བསྒྲུབ་ཕྱིར་རབ་བསྒྲིམས་ནས། །ཅི་ནུས་དགེ་ལེགས་སྙིང་པོ་བླང་བར་འབད། །དམ་ཆོས་བསྒྲུབ་པའི་རྟེན་ ཕྱིར་མ་གཏོགས་པར། །གཞན་དུ་འདི་ཞེས་བསྔགས་འོས་འགའ་ཡོད་མིན། །འདིས་དོན་ཆེན་པོ་བསམ་གྱིས་མི་ཁྱབ་པ་དག་སྒོ་སྣ་ཚོགས་ནས་བསྒྲུབ་པའི་ཕྱིར་སྐྱེས་བུའི་རྩལ་ཐམས་ཅད་ཀྱིས་རབ་ཏུ་བསྒྲིམས་ནས། ཐུབ་པའི་བརྟུལ་ཞུགས་རྣམ་པར་དག་པ་ནས་བརྩམས་ནས་ དགེ་ལེགས་ཐམས་ཅད་ལ་གཅིག་ཀྱང་མི་བྱ་བ་མེད་པར་ཅི་རིགས་པ་ཅི་འོས་པ་ཅི་ནུས་པ་ཅི་ལྕོགས་ཀྱིས་བསྒྲུབ་པ་ལ་བརྩོན་འགྲུས་ཆེན་པོ་བརྩམ་པས་སྙིང་པོ་དམ་པ་བླང་བར་བྱའོ། །དེ་ལྟར་དམ་པའི་ཆོས་རིན་པོ་ཆེ་བསྒྲུབ་པའི་རྟེན་ཉིད་ཀྱིས་འདི་རྣམ་གྲངས་དུ་མར་བསྔགས་ ཤིང་གཅེས་པར་འཛིན་པས་སྐྱོང་བ་མ་གཏོགས་པ། འཁོར་བའི་ཕུང་པོ་ཉེས་པ་དང། སྡུག་བསྔལ་སྣ་ཚོགས་ཀྱི་འབྱུང་ཁུངས་གཅིག་པུར་གྱུར་པ་འདི་ལ་རྣམ་པ་གཞན་དུ་ན་མཁས་པ་རྣམས་ཀྱིས་དཀོན་པ་དང་དོན་ཆེ་བས་མཆོག་ཏུ་བསྔགས་ཤིང་གཅེས་པར་འཛིན་པའི་རྒྱུ་ འྒའང་ནམ་ཡང་ཡོད་པ་མ་ཡིན་ཏེ། ལྷ་ལ་སོགས་པ་ལྟ་ཞོག་དུད་འགྲོ་ལའང་འདི་བས་ལུས་དང་ལོངས་སྤྱོད་དང་སྟོབས་ལ་སོགས་པ་ཆེས་ལྷག་པ་མང་དུ་ཡོད་པའི་ཕྱིར་རོ། །དེས་ན་ཡུམ་ལས་ཀྱི་གྲོགས་པོ་དག་དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ། །མིར་སྐྱེ་བ་ནི་དཀོན་ ནོ༑ ༑དེ་ལྟ་ཡིན་གྱི། དལ་བ་འདི་དོན་མེད་པར་མ་བྱེད་ཅིག་མི་ཁོམ་པར་གྱུར་ཅིང་གསོར་མི་རུང་བར་གྱུར་པས་ཕྱིས་འགྱོད་པར་གྱུར་ཏ་རེ། གྲོགས་པོ་དག་སྦྱིན་པ་ལ་བརྩོན་པར་གྱིས་ཤིག་ཕོངས་པར་གྱུར་པས་ནི་རང་དོན་ཡང་བསྒྲུབ་པར་མི་ནུས་ན་གཞན་གྱི་དོན་ལྟ་ཅི་ [043A]༄༅། །སྨོས་ཞེས་བྱ་བ་ལ་སོགས་པ་མང་དུ་གདམས་པ་གསུངས་སོ། །སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས་ཀྱང། སངས་རྒྱས་འབྱུང་བ་བརྒྱ་ལམ་ན་ཡིན་པས་རྙེད་པར་དཀའོ། །གནས་མེད་པར་ཞི་བར་འགྱུར་བར་སངས་རྒྱས་ཀྱི་བསྟན་པའང་བརྒྱ་ལམ་ནའོ། ། མིའི་ལུས་ཐོབ་ནས་འཕགས་པའི་གནས་ན་ཚུལ་བཞིན་དུ་གནས་པའང་བརྒྱ་ལམ་མོ། །མི་ཁོམ་པ་བརྒྱད་སྤངས་ནས་ངལ་བ་ཐོབ་པའང་བརྒྱ་ལམ་ན་སྣང་དུ་ཟད་པས་ན་བག་ཡོད་པས་ལེགས་པར་བརྩོན་འགྲུས་བརྩམ་པར་གྱིས་ཤིང་ཕྱིས་འགྱོད་པར་འགྱུར་ཏ་རེ་ཞེས་ སོ། །མྱ་ངན་འདས་ཆེན་ལས། བྱང་ཆུབ་སེམས་དཔའ་ནི་ལུས་འདི་ལ་ནད་དང་རྨ་དང་སྐྲངས་པ་དང་དགྲ་དང་མདངས་གཟེར་བ་ལྟ་བུར་རྟོག་སྟེ། སྡུག་བསྔལ་གྱི་ཕུང་པོ་འདི་ནི་དགེ་བ་དང་མི་དགེ་བ་ཐམས་ཅད་ཀྱི་རྩ་བའོ། །དེས་ན་འདི་སྐྱོན་མང་པོ་དང་ལྡན་ཡང་བསྐྱང་ དགོས་པ་སྟེ། ལུས་ལ་སྲེད་པས་མ་ཡིན་གྱི་ཆོས་ཀྱི་ཕྱིར་རོ། །སྲིད་པའི་ཕྱིར་མ་ཡིན་གྱི་ཞི་བའི་ཕྱིར་རོ། །མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་ཕྱིར་མ་ཡིན་གྱི། རྟག་པ་དང་བདེ་བ་ལ་སོགས་པའི་ཕྱིར་རོ། །སྲིད་པའི་ལམ་གྱི་ཕྱིར་མ་ཡིན་གྱི། བྱང་ཆུབ་ཀྱི་ལམ་གྱི་ ཕྱིར་རོ། །ལུས་མ་སྲུང་ན་སྲོག་འཚོ་བར་མི་ནུས་པས་ཆོས་ཀྱང་མི་འགྲུབ་བོ། །དེས་ན་ཆུ་བརྒལ་བ་གྲུ་དང་གཟིངས་བསྲུང་བ་དང། ལམ་སྤྱོད་པ་རྟ་དང། ཞིང་པ་ལུད་ལ་སོགས་པ་དང། ཕྱུག་པོ་སེལ་བ་དང། དགྲ་འདུལ་བ་དཔའ་བོ་དང། གྲང་བས་མེ་བསྲུང་བ་ལྟར། བྱང་ ཆུབ་སེམས་དཔའ་ཡང་ལུས་མི་གཙང་བས་གང་བ་ཡིན་ཡང་ཆོས་བསྒྲུབ་པའི་ཕྱིར་བསྲུང་ཞིང་བྲེལ་ཕོངས་པར་མི་བྱེད་དོ། །བྱིས་པ་དག་ནི་ལུས་དང་སེམས་བདེ་བ་ཙམ་འདོད་པས་སྡིག་པ་མང་པོའི་སྒོ་ནས་འཚོ་བ་འཚོལ་ལོ། །རྒྱལ་སྲས་ནི་འཚོལ་ཡང་བཀྲེས་པ་དང་ སྐོམ་པ་ལ་སོགས་པ་བསལ་ནས་ཆོས་སྒྲུབ་པའི་ཕྱིར་ཡིན་གྱི། ཉམ་ཚག་ བརྐམ་པ་ལ་སོགས་པའི་ཕྱིར་མ་ཡིན་ནོ། །ཤུ་བ་ཅན་ཕྱེ་མར་བསྐུས། གོས་ཀྱིས་དཀྲིས། སྨན་བྱུགས་ནས་རྫི་བསྲུང་བས་ཁང་པ་ཟབ་མོར་འདུག་པ་ལྟར། ལུས་རྨར་རྟོགས་ [043B] །བུ་ག་དགུ་ནས་རྣག་ལ་སོགས་པ་ཟགས་པས་ཟས་ཀྱིས་གསོའོ། །རླུང་དང་ཆར་པ་ལ་སོགས་པ་སྐྱོབ་པས་གནས་ཁང་ལ་བརྟེན་ཏོ། །དུག་ཞི་བར་བྱ་བའི་ཕྱིར་སྨན་འཚོལ་བས་ན་འཚོ་བ་འདི་བཞི་ཡང་བྱང་ཆུབ་ཀྱི་ལམ་ཁོ་ནའི་ཕྱིར་ཏེ། འདི་དག་ མེད་ན་ལུས་མི་འཚོ་བས་སྡུག་བསྔལ་མི་བཟོད་དེ་ཆོས་བསྒྲུབ་པར་མི་ནུས་ལ། སྡུག་བསྔལ་བཟོད་ན་ཆོས་ཐམས་ཅད་ཀྱང་བསྒྲུབ་ནུས་པས་སོ། །ཡང་སྡུག་བསྔལ་མི་བཟོད་ན་སྡུག་བསྔལ་ལ་ཞེ་སྡང་ཞིང་བདེ་བ་ལ་ཆགས་ལ་བདེ་བ་མ་རྙེད་ན་རྨོངས་པས་ནི་བྱིས་པ་ དག་འཚོ་བ་དེ་བཞིའི་ཕྱིར་ཟག་པ་སྐྱེའོ། །བྱང་ཆུབ་སེམས་དཔའ་ནི་རང་བཞིན་ཤེས་པས་མི་སྐྱེ་བའོ་ཞེས་སོ། །ཚོམས་ལས་ཀྱང། ཁ་ཟས་ཀྱིས་ནི་སེམས་ཞིར་མི་འགྱུར་ཡང། །འཚོ་བའི་ཕྱིར་ནི་མི་བཟའ་མི་བྱ་སྟེ། །ཁ་ཟས་ཀྱིས་ནི་ལུས་དག་གནས་འགྱུར་བ། །དེ་ལྟར་རྟོགས་ ལ་བསོད་སྙོམས་དག་ལ་རྒྱུས་ཞེས་སོ། །ཡང་སྟོན་པ་མཐོང་བ་རྙེད་པར་དཀའ། །དལ་བ་འདི་འདྲ་རྙེད་པར་དཀའ། །ཆོས་ཐོས་པ་ཡང་རྙེད་པར་དཀའ། །དགེ་བྱེད་རབ་ཏུ་རྙེད་པར་དཀའ། །དེ་ལྟར་ཁྱེད་ཀྱིས་གུས་བྱས་ཏེ། །བྱང་ཆུབ་ཏུ་ནི་འདུན་པ་བསྐྱེད། །སྡུག་བསྔལ་ཀུན་ལས་ ཐར་གྱིས་ལ། །འཇིག་རྟེན་འདྲེན་པར་འགྱུར་བར་བྱོས་ཅེས་སོ། །གཞན་ལས་ཀྱང། མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག་རིང་ཞིག་ལོན་ནས་དལ་བའི་མཆོག་ཐོབ་པ་ ཡང་ནས་ཡང་བསམས་ཏེ། །སེམས་དེ་ལྟ་བུ་རི་རབ་ལྟར། །རབ་ཏུ་མི་གཡོ་བཟུང་བར་བྱ། །དེས་ན་འདི་ལ་ཉེས་མང་ཡང། །ལས་ཀྱིས་སྤྱད་བཞིན་བཟུང་བར་བྱ་ཞེས་སོ། །གཞན་ལས་ཀྱང་མིའི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ ཡིན་དེ་ཉིད་བརྟུན་ཏེ་བསྒྲུབ་ཅེས་སོ། །ཡང་གཞན་ལས་ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཀྱི། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་ [044A]༄༅། །བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པ་མཛོད་ཅེས་སོ། ༈ །དགག་པའི་བསླབ་པའི་དབང་དུ་བྱས་ནས་དེ་ཆུད་གཟོན་པའི་ཉེས་དམིགས་ཀྱིས་སྨད་པ་ལ། ཚེ་ རབས་གཞན་གྱིས་ཆུད་གཟོན་ཁྱིམ་གྱི་གནས། །འཛིན་དང་དེ་ལས་གཞན་པའི་གཉིས་ལས་ནི། །ཆགས་དང་ཞེ་སྡང་གཏི་མུག་སྦྲུལ་གྱི་ཚང། །བསག་བསྲུང་བརླག་པས་གདུང་ཞིང་འདོད་པའི་དོན། །འབྱོར་པའི་མཐུ་མེད་མི་འདོད་མང་ཕྲད་སོགས། །རྒུད་པ་ཀུན་ གྱི་སྒོར་གྱུར་ཁྱིམ་ལ་ནི། །སྲེད་པའི་བྱུར་ཆེན་ནོན་པར་ཞུགས་རྣམས་དང། །དེ་ལས་ཐར་ཀྱང་རོ་མེད་འདོད་པ་ཡིས། །རང་དབང་མེད་པར་སྨྱོས་བཞིན་ཀུན་སྤྱོད་རྣམས། །བཟང་པོའི་གནས་འདི་མ་རུང་བྱེད་པ་བརླག་ཁྱིམ་པར་གྱུར་པ་ནི་བྱུར་ཆེན་པོས་ནོན་པར་ཞུགས་པས་དལ་ འབྱོར་ཐོབ་པ་ཆུད་གཟོན་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲག་ཅིང་བར་མཚམས་མེད་པ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ལྟ་བུ་མང་པོའི་འབྱུང་གནས་སུ་གྱུར་པའི་ཕྱིར་དང། ནོར་ཕྱུགས་དང་ཞིང་གཞིས་དང་སྲིད་ཚན་ལ་སོགས་པ་ བ། གསོག་ཅིང་སྒྲུབ་པ་དང་སྐྱོང་ཞིང་སྤེལ་བ་དང་བྲལ་ཞིང་གོང་རླག་གི་སྡུག་བསྔལ་ཆེ་ཞིང་མང་བ་དག་གིས་ཀྱང་ཀུན་ཏུ་གདུང་བའི་གནས་སུ་གྱུར་པའི་ཕྱིར་དང། རྙེད་པ་དང་གྲགས་པ་དང་བཀུར་སྟི་ལ་སོགས་པ་འདོད་པ་བཙལ་ཏེ་མ་རྙེད་པ་དང། ནད་དང་གནོད་པ་དང་གདོན་ དང་དགྲ་དང་ཆོམ་རྐུན་ལ་སོགས་པ་མི་འདོད་པ་མང་པོ་དང་ཕྲད་པ་ལས་རེ་བ་འབྲས་བུ་མེད་པས་གཡེན་སྤྱོ་བ་ལ་སོགས་པའི་ཕྱིར། དེ་ནི་རྒུད་པ་དང་ཉེས་པ་ཐམས་ཅད་ཀྱི་སྒོར་གྱུར་པ་གཅིག་པུ་ཡིན་པའི་ཕྱིར་རོ། །བྱམས་པ་སེང་གེའི་སྒྲ་ལས། ཁྱིམ་གནས་ཉོན་མོངས་ གནས་པ་སྟེ། །དཀར་པོའི་ཆོས་རྣམས་འཇིག་པར་བྱེད། །བསྐལ་པ་བྱེ་བར་རབ་སྤྱད་ཀྱང། །འདོད་པ་རྣམས་ལ་ངོམས་པ་མེད། །ཁྱིམ་ན་གནས་པ་འདོད་པ་ཡིས། །མི་ངོམས་བཞིན་དུ་འཆི་བར་འགྱུར། །ཞེས་སོ། །སྐྱེས་པའི་རབས་ལས་ཀྱང། ཁྱིམ་གྱི་གནས་ནི་བྱ་བ་ངན་ [044B] བག་མེད་པ་ཐམས་ཅད་ཀྱི་གནས། ནོར་བསྒྲུབ་པ་དང་བསྲུང་བའི་གཞར་གྱིས་དཀྲུགས་པ། ཉེ་བར་ཞི་བ་དང་འགལ་བ། སྡུག་བསྔལ་མང་པོའི་མདའི་འབེན་དུ་གྱུར་པ། སོ་ཚིས་ཀྱི་ལས་མཐའ་ཡས་འགྲུབ་པ། ཆོག་མི་ཤེས་པ། བདེ་ བའི་རོ་བྲོ་བ་ཆུང་བའོ་ཞེས་སོ། །དེ་ལས་གཞན་པའི་དབང་དུ་བྱས་ནས་ཁྱིམ་གྱི་གནས་སུ་མ་ཞུགས་པའམ་ཞུགས་པ་དང་བྲལ་བའང་རུང། དེ་ལས་ཐར་པ་རབ་ཏུ་བྱུང་བ་ལ་སོགས་པར་གྱུར་པ་དག་ཀྱང། ཡང་ཉེས་དམིགས་མང་ལ་མནོག་ཆུང་བ་འདོད་པའི་འདོད་ ཆགས་ཀྱིས་རང་དབང་མེད་པར་ཀུན་ཏུ་བསླུས་ཏེ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆི་བ་ལ་སོགས་པར་གྱུར་ནས་སྨྱོན་པའི་ཀུན་ཏུ་སྤྱོད་པ་ལྟ་བུ་དོན་ཅི་ཡང་མེད་པ་དང། རང་དང་གཞན་དང་གཉི་ག་ལ་འདི་དང་ཕྱི་མ་དང་གཉི་གར་གནོད་པ་སྡིག་པའི་ལས་གང་དང་གང་ བརླང་བ་སྣ་ཚོགས་སྤྱོད་པས་སྣང་བ་ནས་མུན་པ་ཆེན་པོར་གཞོལ་བར་གྱུར་པ་རྣམས་ཀྱིས། བཟང་པོའི་གནས་དོན་ཆེན་པོ་ཐམས་ཅད་ཀྱི་གཞིར་གྱུར་པ་སྨན་སྡོང་པོ་ཆེན་པོའི་ས་བོན་ལྟ་བུ་འདི་ཆུད་གཟོན་པ་ལས་ཆེས་བརླག་པར་གྱུར་པ་གཞན་འཇིག་རྟེན་ན་གང་ཞིག་ཡོད། མྱ་ ངན་འདས་ཆེན་ལས། འཇིག་རྟེན་ན་ཕྲད་པར་དཀའ་བ་དྲུག་པོ་སངས་རྒྱས་བྱུང་བ་དང། ཆོས་ཐོས་པ་དང། འཇིགས་པའི་སེམས་སྐྱེ་བ་དང། ཡུལ་དབུས་སུ་སྐྱེ་བ་དང། མིའི་ལུས་ཐོབ་པ་དང། དབང་པོ་ཚང་བ་རྣམས་ད་ལྟར་ཐོབ་ན་མི་དགེ་བའི་རྣམ་རྟོག་བསྐྱེད་པས་ཆུད་གཟོན་པར་ཇི་ ལྟར་རིགས། དཔེར་ན་མི་བཟང་པོ་དག་ནི་ལུད་དང་མི་གཙང་བ་ལ་མི་རེག་གོ་མེ་འབར་བ་ནི་སུའང་ལག་གིས་མི་ལེན་ནོ། །བྲམ་ཟེ་ནི་བ་གླང་གི་ཤ་མི་ཟའོ། །འགྲངས་པ་ནི་ཟས་ངན་པ་མི་འདོད་དོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་རིགས་ངན་དང་སྟན་གཅིག་ལ་མི་གནས་པ་ལྟར་ བྱང་ཆུབ་སེམས་དཔའ་ཡང་འདོད་པའི་རྣམ་རྟོག་ལ་སོགས་པ་མི་བརྟེན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་གྱིས་བདག་བསོད་ནམས་ཀྱི་ཞིང་དུ་འཛིན་ན་བདག་ཇི་ལྟར་སྡིག་པ་སྤྱོད་ཅིང་དལ་བ་འབྱོར་བ་ཆུད་གཟོན་པར་བྱེད། བདག་བསོད་ནམས་ཀྱི་ཞིང་ཡིན་ནོ་ཞེས་མ་སྨྲས་ཀྱང་གཞན་ [045A]༄༅། །གྱིས་ནི་སྤྱོད་ཚུལ་ལས་ཞིང་དུ་འཛིན་ན་བདག་གིས་དེ་དག་ཅི་ལྟར་བསླུ་བར་བྱ་ཞེས་སོ། །ཡང་དུས་ཀྱི་མཐའི་ཉན་ཐོས་ནི་གསུང་རབ་བཅུ་གཉིས་པོ་སྤོང་ཞིང་མུ་སྟེགས་པའི་གཙུག་ལག་དང་འཇིག་རྟེན་པའི་ཚིགས་སུ་བཅད་པ་འདོན་ཏེ། མ་བརྟགས་ པའི་རྫས་རྣམས་ཀྱང་སྟོན་པས་གནང་ངོ་ཞེས་བྱ་བ་ལ་སོགས་པས་འཁྲུལ་པར་སྤྱོད་པ་ནི། ཙན་དན་དང་ཤིང་ངན་པ་བརྗེ། གསེར་དང་རག་གན་བརྗེ། དངུལ་དང་ཞ་ཉེ་བརྗེ། དར་དང་བལ་སྣམ་བརྗེ། ཟིལ་དངར་ དང་པོ་ནི་རྙེད་པའི་ཕྱིར་ཁྱིམ་པ་ལ་ ཆོས་སྟོན་ཅིང་དེ་དག་རྒྱགས་པས་ཉན་མི་འདོད་ནའང་སྟན་མཐོ་བ་ལ་འཇོག་ཟས་བཟང་པོ་སྦྱིན་པའོ། །གཉིས་པ་ནི་ཚུལ་ཁྲིམས་འདོད་པ་ལྔའི་རྐྱེན་གྱིས་སྟོངས་པའོ། །གསུམ་པ་ནི་དགེ་བ་བཅུ་བཏང་ནས་མི་དགེ་བ་བཅུ་སྤྱོད་པའོ། །བཞི་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་བཏང་ ནས་འཛེམ་པ་མེད་པར་སྤྱོད་པའོ། །ལྔ་པ་ནི་རྙེད་པའི་ཕྱིར་ཁྱིམ་པའི་དྲུང་དུ་ཟག་པ་མེད་པའི་ཆོས་མ་ཐོབ་པ་ཐོབ་པར་སྒྲོགས་པའོ་ཞེས་ཏེ། དེ་དག་ཀྱང་འདིས་བརླག་པར་དགོངས་པའོ། །བསྟན་བཅོས་ལས་ཀྱང་ཕྱུགས་ཀྱིས་བསྒྲུབས་ནའང་མི་དཀོན་པའི། །མནོག་ཆུང་གང་ཡིན་ དེ་དོན་དུ། །དལ་འབྱོར་ཕུན་སུམ་རྙེད་དཀའ་འདི། །ལས་ཀྱིས་མནར་བ་རྣམས་ཀྱིས་བཅོམ་ཞེས་སོ། ༈ །ཚེ་འདི་ཉིད་ཀྱིས་ཀྱང་ཆུད་གཟོན་པ་ནི། །གཞན་ཡང་བབ་ཅོལ་སྣ་ཚོགས་སྤྱོད་པ་ཡིས། །ནད་ངན་མང་པོས་གཟིར་དང་མི་བཟད་བའི། །གདོན་དང་ཆིམ་ ས་སོགས། །ཡང་མ་སྤངས་འཆི་བས་མ་རུངས་བྱེད། །འདས་ཆེན་ལས་རྒྱུ་དགུས་བློ་བུར་དུ་འཆི་སྟེ། མི་འཕྲོད་པ་ཟ་བ་དང། མང་དུ་ཟ་བ་དང། མ་ཞུ་བར་ཟ་བ་དང། བཤང་གཅི་དུས་སུ་མི་འདོར་བ་དང། ན་བ་སྨན་པའི་ངག་མི་ཉན་པ་དང། །ནད་གཡོག་ལ་མི་ཉན་པ་ དང། སྒྱུག་སྨན་བཏང་བ་ནན་གྱིས་མནན་ཏེ་མི་སྐྱུག་པ་དང། ནུབ་མོ་འཕྱན་པ་གདོན་དྲག་པོས་བཏབ་པ་དང། བག་མེད་པར་འཁྲིག་པའོ་ཞེས་བྱ་བ་ལ་སོགས་པ། ལེགས་པར་མ་བརྟགས་པར་བབ་ཅོལ་དུ་སྤྱོད་ལམ་དང་སྤྱོད་པ་ བྱ་བ་སྣ་ཚོགས་ [045B] གདོན་དྲག་པོ་དང་དགྲ་དང་ཆོམ་རྐུན་ལ་སོགས་པ་མི་དང་མི་མ་ཡིན་པའི་གནོད་པ་དང་འཚེ་བ་སྣ་ཚོགས་དང། དུག་དང་མཚོན་དང་མེ་དང་ཆུ་དང་གཡང་དུ་ལྟུང་བ་ལ་ སོགས་པ་དག་གིས་དུས་མ་ཡིན་པར་འཆི་བས་ཀྱང་བར་ཆད་ཆེན་པོར་གྱུར་ནས་ཆུད་གཟོན་པའོ། ༈ །དབང་དུ་བྱ་བའི་དཔེས་བསྒྲུབ་པ། དེ་ཕྱིར་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བྱེད་སོགས་གང་གིས་ཀྱང། །དལ་འབྱོར་མཆོག་ ཐོབ་སྣ་ཚོགས་སྡིག་སྤྱོད་པས། །ཆུད་གཟོན་ཆེས་བླུན་ཆར་མི་ཕོད་པར་གསུངས། །ཕན་པར་བྱེད་པའི་གཉེན་སྤངས་ནས་གནོད་པར་བྱེད་པའི་དགྲ་ལ་བརྟེན་པ་དང། ཚེའི་མཐར་ཐུག་པར་བདེ་བ་བསྐྱེད་པའི་སྨན་བོར་ནས་མྱུར་དུ་གསོད་པར་བྱེད་པའི་དུག་ཟ་བ་ལ་སོགས་པ་མང་ པོ་གསུངས་པ་ལྟ་བུ་སྟེ། དེ་དག་གིས་ནི་ཚེ་ནའང་ལུས་འདི་ཉིད་མ་རུངས་པར་བྱེད་དུ་ཟད་ཀྱི། འདིས་ནི་ཚེ་རབས་མཐའ་ཡས་པར་སྡུག་བསྔལ་ཆེན་པོ་བརྗོད་དུ་མེད་པས་གདུང་བར་བྱེད་པའི་ཕྱིར་རོ། ༈ །དེ་དག་སྤང་བ་ལ་འབད་པ་བསྐྱེད་པ། དེ་ཕྱིར་དེ་འདྲའི་གནས་སྐབས་རྙེད་ གྱུར་ན། །སེམས་ལྡན་སུ་ཞིག་འབད་པ་ཐམས་ཅད་ཀྱིས། །གསོད་པའི་གནས་ནས་ཤོར་བཞིན་རྙེད་སོགས་ཀྱི། །སྤྲོས་ཀུན་དོར་ནས་ལ་གོར་འབྲོས་མི་བྱེད། །དགེ་ལེགས་ཀྱི་ནོར་ཇི་ལྟ་བུ་ཡང་བསྒྲུབ་ལ་རག་པས་སྡུག་བསྔལ་གྱི་གནས་ཆེན་པོ་ནས་ངེས་པར་འབྱུང་བའི་ལམ་ བསྒྲུབ་པའི་སྐལ་བ་དང་ལྡན་པའི་རྟེན་འདི་ལྟ་བུ་ཐོབ་ནས། སེམས་དང་ལྡན་པ་བདག་ལེགས་སུ་འདོད་པ་དག་གིས་ནི། སེམས་ཐམས་ཅད་ཀྱིས་བསམས་ཤིང་འབད་པ་ཐམས་ཅད་ཀྱིས། བཙོན་ཁང་འཇིགས་སུ་རུང་བ་ནས་ཤོར་བ་དག་ལམ་ན་ནོར་གྱི་ཕུང་པོ་ཆེན་པོ་ ཡོད་ཀྱང་བླྟའང་མི་ལྟ་བར་ཅི་ཐར་དུ་རྩལ་ཡོད་མེད་སྤྲུགས་པས་འབྲོས་པ་ལྟར། ལུས་དང་ལོངས་སྤྱོད་ཀྱི་བདེ་བ་ལ་སོགས་པ་ཚེ་འདིའི་དཔལ་དུ་བཟུང་བར་བྱ་བ་གང་ལའང་མི་ཆགས་པར་ཕྱས་ཀྱི་གནས་སུ་བལྟས་ཏེ། དེ་དག་ལ་ཞེན་པས་ཉེས་པར་སྤྱད་པ་སྤྱོད་ཅིང་འདི་ [046A]༄༅། །ཆུད་གཟོན་ནས། ཡང་སངས་རྒྱས་བྱེ་བས་ཀྱང་དྲང་དུ་མེད་པའི་མུན་ཁྲོད་དུ་ལྡོག་པ་ལས་འཇིགས་པའི་གནས་ཤིན་ཏུ་ཆེན་པོར་བལྟ་བས་ལ་གོར་དུ་ཐག་བསྲིངས་ཤིང་གཟུང་བར་བྱའོ། །བསྟན་བཅོས་ལས། རྒྱལ་པོ་ཀྲི་ཀྲིའི་བུ་མོ་བདུན་གྱི་ རྟོགས་པ་བརྗོད་པ་བཤད་པ་བཞིན་དུ་བལྟའོ། ༈ །གཉི་གའི་དོན་བསྡུ་བ་ལས་རྙེད་དཀའ་ཞིང་དོན་ཆེ་བས་ཡལ་བར་མི་འདོར་བ་བསྡུ་བ། མཁས་པའི་སྐྱེས་བུས་རྒྱུན་ཏུ་འདི་སྙམ་དུ། །ལུས་འདི་མི་གཙང་སྣོད་གྱུར་ཉེས་མང་ཡང། །སྲིད་མཚོ་བརྒལ་བའི་ལམ་གྱི་རྟེན་གྱུར་ཕྱིར་ གྲུ་གོག་བཅོས་ལེགས་བྱེད་ལྟར་ལེགས་བསྐྱད་བསམ། །ལུས་ཀྱིས་ལས་བྱ་བར་འོས་པ་བྱེད། ངག་གིས་སྨྲ་བར་འོས་པ་སྨྲ། ཡིད་ཀྱིས་བསམ་པར་འོས་པ་སེམས་པ་ནི་སྐྱེས་བུ་དམ་པ་སྐྱེས་བུ་མཁས་པ་ཡིན་པར་གསུངས་པས། དེས་འདི་ལ་རྒྱུན་ཏུ་འདི་ལྟར་བསམ་ཤིང་ གཅེས་སྤྲས་བྱ་བས་ཡལ་བར་མི་འདོར་བར་དགེ་ལེགས་ཀུན་ལ་སྦྱོར་བ་བཟོད་པར་བསྐྱང་བ་དང། ལམ་ལོག་པར་འཇུག་པ་ཐམས་ཅད་ལས་ནཾ་བསྲུང་བར་བློ་སྦྱང་ཞིང་གོ་ཆ་བརྟན་པར་བྱ་བའོ། །རྒྱས་པར་ནི་བཤད་ཟིན་ཏོ། ༈ །དེས་སྙིང་པོ་བླང་བར་འབད་པ་བསྡུས་པ་ནི་ ཉིན་མཚན་ཕྱད་པར་ལུས་ངག་ཡིད་ཀུན་གྱིས། །གཡེལ་མེད་བསོད་ནམས་དོམས་མེད་བསྒྲུབ་པས་འདའ། །གནོད་དང་དོན་མེད་སྐབས་མེད་རབ་བསྒྲིམས་པས། །སྙིང་པོ་བླང་བས་ཚེ་འབྲས་ཡོད་པར་བྱ། །དུས་ཐམས་ཅད་དུ་ལུས་སེམས་ཐམས་ཅད་ཀྱིས་དམིགས་པ་ ཐམས་ཅད་ལ་སྒོ་ཐམས་ཅད་ནས་ཡང་ཡེང་ཕྱད་ཕྱོད་ཐམས་ཅད་བོར་ཏེ་བསོད་ནམས་ཀྱི་ལས་སམ་དགེ་བའི་རྩ་བ་ཐམས་ཅད་ལ་གདམས་པ་གང་ཡང་མེད་ཅིང་མི་བྱ་བ་གཅིག་ཀྱང་མེད་པར་ནི་ནུས་ཅི་འོས་དོམས་པ་མེད་པར་བསྒྲུབ་པས་ཉིན་མཚན་འདའ་པ་དང། ལུས་ངག་ ཡིད་གསུམ་གྱིས་ཐམས་ཅད་ལ་ཐམས་ཅད་དུ་གནོད་བྱའི་སྒོ་ཆེན་པོར་གྱུར་པ་མི་དགེ་བ་བཅུ་ལ་སོགས་པ་སྡིག་པ་ཐམས་ཅད་དང། ལུང་དུ་མ་བསྟན་པ་དོན་མེད་པའི་སྤྱོད་པ་ཐམས་ཅད་ཀྱང་དཔའ་བོ་དགྲ་འདུལ་བའི་རྣམ་བས་ཐག་བསྲིད་ཞིང། སྐབས་མེད་ [046B] ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་དྲན་པ་དང་ཤེས་བཞིན་གྱིས་ཤིན་ཏུ་བསྒྲིམས་པའི་སྒོ་ནས་བརྩོན་འགྲུས་མཆོག་རྩོམ་པས། སྙིང་པོ་དམ་པ་རྣམས་བླང་བ་ལས་ཚེ་འདའ་བ་ཉིན་རེ་ཉིན་རེ་དང་སྐད་ཅིག་སྐད་ཅིག་དུའང་འབྲས་བུ་དང་བཅས་པར་བྱ་བའོ། །མདོ་སྡེ་ ལས་ཉིན་པར་མཐའ་དག་འདུག་པ་དང་འཆག་པས་སྒྲིབ་པར་འགྱུར་བྱའི་ཆོས་ལས་སེམས་སྦྱོང་བར་བྱེད་དོ། །མཚན་མོའང་སྲོད་དང་ཐོ་རངས་མི་ཉལ་བའི་སྦྱོར་བས་འདུག་པ་དང་འཆག་པའི་སྒྲིབ་པ་ལས་སེམས་སྦྱོང་ཞིང། ནམ་གྱི་གུང་ལ་ཕྱིར་བྱུང་སྟེ་རྐང་པ་བསྐུམས་ ནས་གནས་མལ་སྒྲུགས་ཤིང་ལྡོང་བ་དང་སྣང་བའི་འདུ་ཤེས་ཀྱིས་སེང་གེའི་ཉལ་སྟབས་ལྟ་བུས་གཉིད་ཀྱིས་ལུས་བརྟ་བར་གསུངས་པ་ལྟར་རོ། །བསྟན་བཅོས་ལས་ཀྱང་རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང། །མཚན་མོའང་ཐུན་གྱི་སྟོད་སྨད་འདས་ནས་ནི། ། མནོལ་ །དྲན་དང་ལྡན་པར་དེ་དག་བར་དུ་མནོལ་ཞེས་སོ། །ཡང་ཡུངས་མར་བཀང་བའི་སྣོད་བསྐུར་ལ། །རལ་གྲི་ཐོགས་པ་དྲུང་བསྡད་དེ། ཁོ་ན་གསོད་བསྡིགས་འཇིགས་པ་ལྟར། །བརྟུལ་ཞུགས་ཅན་གྱི་དེ་བཞིན་བསྒྲིམས། །ཉིན་ མཚན་ཕྱད་པར་མ་འབད་ན། །བདག་གི་སྡུག་བསྔལ་ནམ་མཐར་ཕྱིན། །ཞེས་སོ། ༈ །ཆུད་བཟོན་པ་སྨད་པའི་བསྡུ་བ་ནི། ཇི་སྟེ་ངན་པའི་ལས་རྣམས་ཐོག་མང་ནས། །གོམས་ལས་འཇིག་རྟེན་སྤྲོས་པས་གཡེན་སྤྱོ་ཞིང། །ཉེས་སྤྱོད་ཉི་ཚེས་ཕྱིར་ཡང་མུན་ཞུགས་ན། ། དེ་ལས་བདག་བསླུས་འཇིག་རྟེན་འདིར་གང་ཡོད། །ཡང་ཉོན་མོངས་པ་སྣ་ཚོགས་ཀྱིས་དམན་པ་ལ་མོས་པའི་བག་ཆགས་ཐོག་མ་མེད་པ་ནས་རིང་དུ་གོམས་པས་བརྟན་པ་ཆགས་པ་ཆུ་བོའི་རྒྱུན་ལྟར་ངང་གིས་འཇུག་པ་ལས། རྙེད་པ་དང་གྲགས་པ་དང་སྙན་པ་དང་བདེ་ བ་ལ་སོགས་པ་ལ་མངོན་པར་ཞེན་པས་འདོད་ཅིང། མ་རྙེད་པ་ལ་སོགས་པ་མི་འདོད་པའི་སྤྲོས་པ་སྣ་ཚོགས་ཀྱིས་རང་དབང་ཡེ་མེད་པར་བཀོལ་ནས་སྡིག་པའི་ཚོགས་ཤིན་ཏུ་ཡང་བ་རྣམས་ནི་གང་ཡང་བཀག་པ་མེད་པར་གསོག་མི་འགྲུབ་པ་ལྟར་ཡན་ཆེན་ [047A]༄༅། །པོར་ཞུགས་ཤིང། ཅུང་ཟད་ཀྱང་འགྱོད་པའམ་འཛེམ་པའམ་བག་ཚ་བས་སྦྱོང་བའི་རྣམ་པ་གང་ཡང་མེད་པས། དམྱལ་བ་ལ་སོགས་པར་མདའ་འཕངས་པ་ལྔར་འགྲོ་བའི་སྒོ་ཆེན་པོར་ཞུགས་ནས། འཆི་བའི་དུས་སུ་ལྟས་ངན་པ་སྣ་ཚོགས་ཀྱིས་ བསུ་ཞིང་འགྱོད་པའི་མེ་མི་བཟད་པས་རབ་ཏུ་བསྲེག་པར་འགྱུར་ཡང། དུས་ལས་ཐལ་བས་ཅི་བྱར་ཡང་མེད་པའི་གནས་སྐབས་ཐོབ་པ་འདི་ལས་བདག་བསླུས་པའམ་ཁོ་རེ་ཆུང་བ་འཇིག་རྟེན་གསུམ་ན་གང་ཡང་མེད་པར་འགྱུར་པའོ། ༈ །དགག་བསྒྲུབ་གཉི་གའི་སྐབས་ བསྡུ་བ་ནི། དེའི་ཕྱིར་སྐལ་ལྡན་དང་པོའི་ལས་ཅན་གྱིས། །ལུས་སེམས་གཉིས་ཀྱིས་རབ་བསྒྲིམས་གནས་མཆོག་འདི། །ཆུད་མི་གཟོན་པར་བདེ་ལེགས་ཐམས་ཅད་ཀྱི། །རྩ་བ་བརྟན་པས་དགའ་བཞིན་འགྲོ་བར་བྱ། །ལར་ཡང་ལས་དང་པོ་བའི་སྡོམ་བརྩོན་རྣམས་ཀྱིས་སྐྱེས་ བུའི་རྩལ་ཐམས་ཅད་སྤྲུགས་པའི་འབད་པས། འདི་ཆུད་འཛའ་བའི་རྒྱུ་རྣམས་དྲག་ཏུ་སེམས་ལ་ལྡང་དུ་ཟིན་ཀྱང་སྨན་ཁ་བ་ལ་བརྟེན་པ་ལྟར་ནན་གྱིས་བརྣགས་པས་བཟློག་ཅིང་ཐག་བསྲིང་བ་དང། དགེ་ལེགས་ཐམས་ཅད་ལའང་ཕྲ་བ་ནས་དེ་ལྟར་བསྒྲིམས་ཏེ་འཇུག་པས། ། དེང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བདེ་བ་རྒྱུན་མི་ཆད་པའི་ས་བོན་ཅིག་སོག་རྩ་བ་ཅི་བརྟན་དུ་བྱས་པ་ལས། འགྱོད་པ་རྡུལ་ཙམ་ཡང་མེད་པར་དགའ་བ་དང་སྤྲོ་བས་རྒྱས་བཞིན་དུ་ལྟས་མཛེས་པ་དག་གིས་བསུ་ནས་འཆི་བའི་དུས་བྱེད་པར་འགྱུར་བ་དེ་ལྟར་དེ་རིང་ཉིད་ནས་རྒྱུན་ཏུ་ བསླབ་པ་ལས་བདག་ལ་བདག་དྲིན་ཆེ་བ་ས་སྟེང་ན་གང་ཞིག་ཡོད། དལ་འབྱོར་བསྒོམ་པ་ལ་འཇུག་པ་སྟེ་ལེའུ་གཉིས་པའོ།། ༈ །།ད་ལྟར་དལ་འབྱོར་གྱི་ལུས་ཀྱིས་སྙིན་གཔོ་བླང་བར་བྱ་བ་ན་ཡང་ཕྱིན་ཅི་ལོག་བཞི་ལས་མི་རྟག་པ་ལ་རྟག་ པར་འཛིན་པ་ནི་དང་པོར་གནོད་པའི་སྒོ་ཡིན་ནོ། །དེ་ལས་ཀྱང་རགས་པའི་མི་རྟག་པར་གཏོགས་པ་འཆི་བ་ལ་མི་འཆི་བའི་རྣམ་རྟོག་གིས་བསྒྲིབས་པས་ནི་འཇིག་རྟེན་ཕ་རོལ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སོགས་པ་དོན་ཆེན་པོ་དག་ལ་རྣམ་པར་དཔྱོད་པ་ཙམ་ [047B] གནོད་པ་དང་དོན་མེད་པ་སྣ་ཚོགས་ལ་འཇུག་ལ། ཡང་ཁ་ཅིག་ནི་དེ་ལ་ལྟ་བ་ཙམ་བཏང་ནས་ཆོས་ཀྱི་དོན་ལ་སྦྱོར་བར་འདོད་དུ་ཟིན་ཀྱང་འདིས་སྙོམས་ལས་ལ་སོགས་པའི་ལེ་ལོས་གནས་པས་ཕྱི་ནས་དང་ པགས་ཀྱིས་བསྒྲུབ་པར་ཕྱི་བཤོལ་ཕྱི་བཤོལ་ཡང་ཕྱི་བཤོལ་བྱེད་པ་ན་བསམ་པ་ལྟར་མི་འགྲུབ་པས་འཆི་བས་ཉེ་བར་འཇོམས་སོ། །དེའི་ཕྱིར་མྱུར་དུ་བརྩོན་པ་བསྐྱེད་པས་ཆོས་དམ་པ་བསྒྲུབ་པའི་རྒྱུར་འཆི་བའི་འདུ་ཤེས་བསྒོམ་དགོས་པ་ལས། ༈ མི་འཆི་བའི་རྣམ་རྟོག་གི་ཉེས་དམིགས་སྟོན་པ་ན་ཉོན་མོངས་པའི་གནོད་པ་བརྗོད་པ། དེ་ལ་བརྟན་པར་ཞེན་པའི་འཁྲུལ་པ་ཡིས། །བསླུས་པས་ལུས་དང་ལོངས་སྤྱོད་ལ་སོགས་ཀྱིས། །བདེ་ལ་བརྐམ་སོགས་ཉོན་མོངས་ཀུན་རྒྱས་ནས། །དོན་དུ་འགྱུར་ལ་རྣམ་དཔྱོད་ཐག་བསྲིང་ བྱེད། །དལ་འབྱོར་དང་ལྡན་པའི་ལུས་འདི་ཉིད་ཆུ་བུར་རླུང་གིས་བཏབ་པ་ལྟར་སྙིང་པོ་མེད་ཅིང་ཤིན་ཏུ་མི་བརྟན་པ་ལ་བརྟན་པས་དུས་ཀྱི་མཐར་གནས་སུ་རེ་བ་ལ་སོགས་པའི་འཁྲུལ་པ་ཆེན་པོས་ཉེ་བར་བསླུས་ནས་ཚེ་འདི་ཙམ་གྱི་བདེ་བ་དང་རྙེད་པ་ལ་སོགས་པ་འདོད་ཅིང་སྡུག་ བསྔལ་ལ་སོགས་པ་མི་འདོད་པའི་མངོན་ཞེན་གྱིས། ལུས་དང་ཕྱི་ནང་གི་ལོངས་སྤྱོད་ལ་སོགས་པའི་བདེ་བ་ལ་ཆགས་པ་དང། དེ་དག་གི་མི་མཐུན་པ་ལ་ཞེ་སྡང་དང། དེ་དག་གི་ཐོབ་པ་དང་འདོར་བ་ལ་སོགས་པ་ལ་རྨོངས་པ་དང། དེ་དག་ལ་བདག་དང་བདག་གིར་ལྟ་བ་ ལ་སོགས་པའི་ཉོན་མོངས་པ་དང། དེ་དག་གི་ཆར་གཏོགས་པ་ཉེ་བའི་ཉོན་མོངས་པ་སྣ་ཚོགས་རང་དབང་སྐད་ཅིག་ཀྱང་མེད་པར་རྒྱས་པར་འགྱུར་བའོ། ༈ །ལས་དང་སྐྱེ་བའི་གནོད་པའི་དབང་དུ་བྱས་པ། དེ་ལས་ཉེས་སྤྱོད་བརླང་བ་སྣ་ཚོགས་ཀྱིས། །སྦྲུལ་གདུག་གིས་ཟིན་ ལེགས་གསུངས་དུག་སེལ་བའི། །སྨན་ལ་རྒྱབ་ཕྱོགས་ངེས་པར་བདེ་འགྲོ་དང། །ཐར་པའི་ཆོས་ཀྱི་སྲོག་ཆད་ངན་འགྲོར་གཞོལ། །དེ་ལྟར་ཉོན་མོངས་པ་རྒྱས་པ་དེ་ལས་ནི་ཡང་རང་དབང་མེད་པར་ཆེར་སྨྱོས་པ་ལྟར། འདོད་ཆགས་ལས་ཀྱང་ལུས་ཀྱི་གསོད་པ་ལ་སོགས་པ་དང་ [048A]༄༅། །ངག་གི་བརྫུན་ལ་སོགས་པ་དང་ཡིད་ཀྱི་བརྣབ་སེམས་དང་ཞེ་སྡང་གི་ཡང་ལུས་ངག་གི་བདུན་དང་ཡིད་ཀྱི་གནོད་སེམས་དང། གཏི་མུག་གིས་ཡང་ལུས་ངག་གི་བདུན་དང། ཡིད་ཀྱི་ལོག་པར་ལྟ་བ་སྟེ་མི་དགེ་བ་བཅུ་དང། མཚམས་ མེད་པ་ལྔ་དང། དེ་དང་ཉེ་བ་ལྔ་དང། དམ་པའི་ཆོས་སྤོང་བ་དང་ཐེག་པ་ཆེན་པོ་ལ་སྡང་བ་ལ་སོགས་པའི་ཉེས་པར་སྤྱོད་པ་བརླང་ཞིང་མི་བཟད་པ་སྣ་ཚོགས། སྦྲུལ་དུག་དྲག་པོ་མྱུར་དུ་ཁྱབ་པར་བྱེད་པས་ཟིན་པ་ལྟར། སྡུག་བསྔལ་ཆེན་པོ་མངོན་དུ་འདྲེན་པ་ལ་ མཐུ་ལྷག་པ་ལྷག་པར་གྱུར་པ་རྣམས་ཀྱིས་ཉེ་བར་ཟིན་ཅིང་ཡོངས་སུ་ཁྱབ་པར་གྱུར་ཏེ། སྦྱོར་བ་རྩ་བ་གསུམ་ལས་སྐྱེས་ཞེས་བཤད་པའི་ཚུལ་གྱིས་སོ། །དེ་ལའང་གསོ་བའི་སྨན་ནི་ལེགས་པར་གསུངས་པའི་ཆོས་བདུད་རྩི་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ན། དེ་ལ་རྒྱབ་ཀྱིས་ ཕྱོགས་ཤིང་ཡལ་བར་དོར་ལ་རིང་དུ་བྱས་པས། ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བདེ་འགྲོ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཆོས་རིན་པོ་ཆེའི་སྲོག་བཅད་དེ། ངན་འགྲོ་ཐག་ཐུག་སྣ་ཚོགས་སུ་མི་བཟད་པར་བགྲོད་དཀའ་ བའི་གཡང་ས་ཆེན་པོ་དག་ཏུ་ལྟུང་བས་སྡུག་བསྔལ་མཐའ་ཡས་པས་གདུང་བ་ལ་ཉ་བར་གཞོལ་ཞིང་མངོན་དུ་ཕྱོགས་པར་འགྱུར་བའོ། ༈ །དེའི་གཉེན་པོར་འཆི་བའི་འདུ་ཤེས་བསྒོམ་པ་ཉིད་ལས་རྒྱུའི་སྒོ་ནས་བརྗོད་པ། འདི་འདྲ་རྗེས་བསམས་སྐད་ཅིག་རྒྱུན་དང་ནི། །གློ་བུར་མི་ རྟག་གསུམ་གྱིས་རབ་གཙེས་པས། །སྲོག་ནི་ཀླུང་འགྲམ་ཤིང་ལྟར་མྱུར་འཇིག་པའི། །འཇིགས་པ་ངེས་བསམ་ལ་གོར་ལེགས་སྤྱད་བརྩམ། །འཆི་རྐྱེན་རྣམས་ཀྱང་བཟློག་དཀའ་མཐའ་ཡས་ཏེ། །ནང་དང་ཕྱི་དང་མི་དང་མི་མིན་སོགས། །ཐ་ན་རང་དང་ཟས་སོགས་རྟོན་པས་ཀྱང།། དུས་མིན་དུས་ཀྱི་བརྒྱ་དང་གཅིག་ཅེས་གསུངས། །བརྟན་པར་འཛིན་པའི་ཉེས་པ་དེ་ལྟ་བུ་བསམས་པས་སྐྱོ་ཞིང་འཇིགས་པ་ལ། འཆི་བའི་རྒྱུ་གསུམ་པོ་སྐད་ཅིག་གིས་མི་རྟག་པས་ཚེ་འཛད་པ་དང། རྒྱུན་གྱིས་མི་རྟག་པ་ཉིན་མཚན་ལ་སོགས་པས་ཚེ་འཛད་པ་དང། ཚེ་ [048B] རྒྱུ་དེ་གསུམ་ལས་ཀྱང་གློ་བུར་གྱི་ཉེ་བར་འཚེ་བ་ནང་དང་ཕྱི་ལ་སོགས་པ་སྣ་ཚོགས་དང་བཅས་པ་ན། དུས་སུ་འཆི་བ་གཅིག་དང་དུས་མ་ཡིན་པར་འཆི་བ་བརྒྱར་ཡང་བཤད་པས་མིའི་སྲོག་ནི་ཆུ་ཆེན་པོའི་ འགྲམ་གྱི་ཤིང་ངམ་རླུང་གི་སྒོ་ཆུ་བུར་དང་ལྦུ་བའི་ཕུང་པོ་ལ་སོགས་པ་ལྟར་མྱུར་དུ་འཇིག་པར་ངེས་པར་བསམས་པ་བསྟེན་ཅིང་ལན་མང་དུ་བྱ་བ་ཡིད་ཆེས་པར་བྱས་ལ། མྱུར་བར་ལ་གོར་དུ་མགོ་ལ་མེ་ཤོར་པ་གསོད་པ་ལྟ་བུའི་བསྒྲིམ་པས་ཆོས་བསྒྲུབ་པ་ཕུན་སུམ་ ཚོགས་པ་ལ་བརྩོན་འགྲུས་དྲག་པོ་བརྩམ་པར་བྱའོ། །དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་ལས། རྒྱལ་པོ་ཆེན་པོ་མི་རྣམས་ཀྱི་སྲོག་ནི་ཡུན་ཐུང་བ་ཚེའི་ཚད་ཀྱང་ཐུང་བ་སྟེ། ཚེ་འཕོ་བར་འགྲོ་བ་ཡིན་གྱི་ཁྱོད་འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་ བར་བྱའོ་ཞེས་སོ། །བདེན་སྨྲས་ཀྱང་རྒྱལ་པོ་ཆེན་པོ་མི་རྟག་པར་སོ་སོར་རྟོག་པ་མང་དུ་བྱའོ། །འཚོ་བ་ནི་ཡུན་ཐུང་ཚོའི་ཚད་ནི་རིང་པོ་མི་ཐུབ་པས་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་ཏེ། ཚེའི་འདུ་བྱེད་རིའི་འབབ་ཆུ་ལྟར་གཡོ་བ་སྐད་ཅིག་ཀྱང་མི་གནས་པས་ན། ལས་ཀྱི་རྣམ་པར་ སྨིན་པ་དྲུངས་མི་འབྱུང་ཞིང་འཇིག་རྟེན་ཕ་རོལ་གྱི་འཇིགས་པ་མཐོང་བར་བྱའོ་ཞེས་སོ། །འདས་ཆེན་ལས་ཀྱང། འཆི་བའི་འདུ་ཤེས་ནི་སྲོག་འདི་ལྟ་བུ་དགྲ་སྡང་བ་དུ་མས་བསྐོར་ཏེ། སྐད་ཅིག་རེ་རེར་ཉམས་པར་བྱེད་ཀྱི། འཕེལ་བར་བྱེད་པ་ནི་གང་ཡང་མེད་དོ། །རི་གཟར་པོའི་ ཆུ་དང་རྩྭ་རྩེའི་ཟིལ་པ་དང་གསོད་སར་ཁྲིད་པ་དང་བ་གླང་ངམ་ལུག་བཤན་པའི་དྲུང་དུ་ཁྲིད་པ་དང་འདྲའོ། །དེའང་མི་བཞིས་ལྷན་ཅིག་ནས་མདའ་བཞི་ཕྱོགས་བཞིར་ཅིག་ཅར་འཕངས་པ་དུས་གཅིག་ཏུ་ལག་པས་ཟིན་པ་བས་ནི་ས་ལ་རྒྱུ་བའི་ཡི་དྭགས་མྱུར་རོ། །དེ་བས་ནི་ ནམ་མཁའ་ལ་འགྲོ་བའི་ཡི་དྭགས་སོ། །དེ་བས་ནི་རྒྱལ་ཆེན་བཞིའི་ལྷའོ། །དེ་བས་ནི་ཉི་ཟླའི་ལྷ་དག་གོ་དེ་བས་ནི་ཤིན་ཏུ་མྱུར་བའི་ལྷ་སྟེ། དེ་བས་ཀྱང་ཚེ་འདའ་བ་ཆེས་མྱུར་ཏེ་དབུགས་རྒྱུ་བ་གཅིག་ལ་ཚེའི་སྐྱེ་འགག་བཞི་བརྒྱ་ཡོད་དོ། །དེ་བདག་རབ་ཏུ་བྱུང་ནས་ཞག་བདུན་ལས་ [049A]༄༅། །མི་ཐུབ་ཀྱང་ཚུལ་ཁྲིམས་བསྲུང་བ་དང་གཞན་གྱི་དོན་དུ་ཆོས་བསྟན་པ་ལ་བརྩོན་འགྲུས་བརྩམ་མོ། །ཐ་ན་ཐང་ཅིག་ཐུབ་ཀྱང་དེ་ལྟར་བརྩོན་འགྲུས་བརྩམ་མོ་ཞེའོ། །ཡང་མི་ཞིག་གཡང་ཆེན་པོ་ལས་ལྷུང་བ་རྩྭ་ཕུང་གཅིག་ལ་ཟིན་ཏེ་འཆང་བ་ ལས་བྱི་བ་དཀར་ནག་གཉིས་ཀྱིས་རྩྭ་ཉག་མ་རེ་མི་དལ་བར་རེས་ཀྱིས་གཅོད་ན་དེ་མྱུར་དུ་ལྟུང་བ་ལྟར། ངན་སོང་གི་གཡངས་ཤིན་ཏུ་ཆེ་བ་ལ་ཚེའི་ལྷག་མའི་རྩྭ་ཕུང་ལ་འཆང་བ་ན་ཉིན་མཚན་རེས་ཀྱིས་མ་དལ་བར་མྱུར་དུ་བཅད་པས་མྱུར་དུ་འཆི་བར་གསུངས་སོ། །ཡང་ཚེ་ མི་སྡོད་པ་ནི་རི་གཟར་པོའི་ཤྭ་པོ་བས་མྱུར་ཏེ། དེང་ཡོད་ཀྱང་སང་ཡོད་པར་མི་མངོན་ན་ཅི་སྟེ་སེམས་འཆལ་བར་སྡིག་པ་ལ་གནས། ལང་ཚོ་མི་སྡོད་པ་ན་རྟ་བརྒྱུག་པ་ལས་མྱུར་ན་ཅི་ལྟར་དེས་ང་རྒྱལ་བྱ། ཡི་དྭགས་མ་རུངས་པ་སྐབས་འཚོལ་བ་ལྟར་ཆེན་པོ་བཞིའི་ཡི་དྭགས་ ཀྱང་རྟག་ཏུ་སྐབས་འཚོལ་ན་ཅི་སྟེ་རྟོག་ངན་བསྐྱེད། ཁང་རུལ་རྡིབ་ཏུ་ཉེ་བ་ལྟར་ཚེ་དེ་ལྟར་ཟད་པར་འགྱུར་ན་ཅི་སྟེ་སྡིག་པ་བྱེད། བདག་ནི་དགེ་སྦྱོང་སྟེ་དེ་ནི་དགེ་བའི་རྟོག་པ་དང་ལྡན་པ་ཡིན་ན་བདག་མི་དགེ་བས་རྟོག་ན་ཇི་སྟ་དགེ་སྦྱོང་ཡིན། རབ་ཏུ་བྱུང་བ་ནི་དགེ་བའི་ལས་ བསྒོམ་པ། བྲམ་ཟེ་ནི་ཚངས་པར་སྤྱོད་པ། རྒྱལ་རིགས་ནི་དགྲ་ཐུབ་པ། དགེ་སྦྱོང་ནི་ཉོན་མོངས་པ་འཇོམས་པ་ཡིན་ན། བདག་དེ་ངག་ལས་ལྡོག་པས་ན་ཇི་ལྟར་རབ་ཏུ་བྱུང་བ་ལ་སོགས་པར་འགྱུར་ཞེས་སོ། །རྒྱ་ཆེར་རོལ་པ་ལས་ཀྱང། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་ འདྲ། །འགྲོ་བའི་སྐྱེ་འཆི་གང་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རིག་ཟར་འབབ་ཆུ་ལྟ་བུར་མྱུར་མགྱགས་འགྲོ། ཞེས་སོ། །རྒྱ་མཚོས་ཞུས་པ་ལས་ཀྱང། ཚེ་ནི་ཡུན་ཐུང་སྟེ་འཇིག་རྟེན་ཕྱི་མར་འགྲོ་དགས་སོ། །འབྱོར་པ་ཐམས་ཅད་ནི་མཐར་རྒུད་ པའོ། །རྒྱལ་པོའི་ལོངས་སྤྱོད་དང་དབང་ཕྱུག་ཀྱང་མི་རྟག་པས་ལྷན་ཅིག་མཐུན་ཞིང་གནོད་སེམས་མེད་པ་དང། འཇིག་རྟེན་ཕ་རོལ་ལ་བལྟ་བ་དང། ལས་དང་རྣམ་པར་སྨིན་པ་ལ་བརྟོན་པས་གནས་པར་བྱའོ་ཞེས་སོ། །བསྟན་བཅོས་ལས་ཀྱང། བདག་ནི་ཁྱིམ་ལ་ཆགས་ [049B] འཆི་བའི་དགྲ་ཡིས་དེའུ་རེ་བསད། །དེ་བས་ཕན་པའི་ལམ་བཟང་པོས། །བདག་ནི་རབ་ཏུ་འབྱུང་བར་འདོད་ཅེས་སོ། །ཡང་གཞན་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུའི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྡུབ་གཉིད་ཀྱིས་ལོག་པ་ ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ་ཞེས་སོ། །ཡང་མར་མེ་མེ་ལེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་ནི་སྐད་ཅིག་གནས་པའི་གདེང་ཡང་ཡོད་མ་ཡིན་ཞེའོ། །ཡང་ཚེ་ནི་རྟག་ཏུ་གོད་འགྱུར་ཞིང། །སྣོན་པ་གུད་ན་ཡོད་མིན་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར་ ཞེའོ། །ཡང་མི་རྣམས་ཚེ་ནི་ལོ་བརྒྱ་ལའང། །མཚན་མོ་ཉལ་བས་ཕྱེད་དུ་བྱས། །དེ་ནི་ཉིན་པར་ཡང་ཉལ་བས། །དེའི་ཕྱེད་ཀྱང་དུམ་བུར་བྱས། །སྲོག་ནི་གཤིན་རྗེའི་འཁོར་ལོ་སོག་ལེར་ལྡན་ན་གསོན་འདྲ་གང་ཕྱིར་ཉལ་བྱེད་པ། །ཅི་ཞིག་རྙེད་པ་ལས་ནི་དབུག་ཕྱིན་ཅི་ཞིག་ རྟོགས་ཤིང་གེགས་ནི་ཅི་དག་སྤངས། །ངན་འགྲོ་རྣམས་ལས་བརྒལ་ལམ་ཅི་ཡིན་མི་བྱའི་ངེས་པའི་ལས་ནི་གང་ཞིག་ཡིན། །ཕྲ་རྒྱས་མེ་རྣམས་ཀྱིས་ནི་བསྲེག་པའི་སྲིད་པ་རྣམས་ཀྱིས་གང་ཞིག་འདས་པ་སྨྲོས། །ནང་པར་མར་མེ་རླུང་གིས་བསྐྱོད་དང་འདྲ་བ་དང། །ཆུ་བོའི་འགྲམ་ གྱི་ལྗོན་ཤིང་རྩ་བ་འགུལ་འདྲ་དང། །སྣོད་ཆག་ནང་གི་ཆུ་ནི་འཛག་པར་བྱེད་པ་ལྟར། །འགྲོ་བ་འདི་ནི་དབང་མེད་འཇིག་པའི་ཆོས་ཅན་ཡིན་ཞེས་སོ། ༈ །དེ་ཉིད་འཆི་བའི་གནོད་པ་ལྔ་བསམ་པས་བསྒྲུབ་པ་ལས། དུས་ལ་མི་ལྟ་བའི་གནོད་པ་ལས་ནི། བརྟན་པར་འཇིན་པས་བྱ་བ་སྣ་ ཚོགས་དང། །འདོད་པས་བསླུས་བས་རེ་བ་རྣམ་མང་རྣམས། །འདི་དང་འདི་དག་འདི་ཙམ་གྱིས་བསྒྲུབ་ཅེས། །རེ་བ་བཞག་རྣམས་གློ་བུར་འཆི་བས་འཇོམས། །མི་འཆི་བའི་རྣམ་རྟོག་འབའ་ཞིག་དང་ལྡན་པ་རྣམས་འདོད་པའི་གདོན་མི་བཟད་པས་དབང་མེད་དུ་བསླུས་པས་འཕྲལ་གྱི་ སེམས་རླབས་ཆེ་ཆུང་དང་ཕྱི་ཐག་རིང་ཐུང་གི་བྱེ་བྲག་གིས་བྱ་བ་ཆེ་བ་དང་བར་མ་དང་ཆུང་བ་འདི་དང་འདི་དག་ནི་ལོ་ལ་སོགས་པའི་དུས་འདི་དང་འདི་ཙམ་གྱིས་བཙལ་བར་བྱའོ། །དོན་འདི་དང་འདི་དག་ནི་འདི་ཙམ་དག་གིས་སོ། །འདི་དང་འདིའི་ཚེ་ནི་འདི་དག་ཉེ་བར་བསགས་ལ། །བདེ་ [050A]༄༅། །བ་འདི་དང་འདི་དག་ལ་སྤྱད་པར་བྱའོ། །ཞེས་འཆི་བ་མེད་པ་ལྟར་རེ་བ་ཆེན་པོ་འཇོག་ཅིང་གནས་པ་ན། བློ་བུར་ཐོ་བརྡུངས་སུ་འཆི་བདག་གི་སྲིན་པོ་བརྩེ་བ་པ་མེད་པ་འཇིགས་སུ་རུང་བའི་ཞགས་པ་སྐེ་བར་བཏབ་ཟིན་ཕ་ཅུང་ཟད་བསྡམས་ པས་རེ་བ་ཐམས་ཅད་འབྲས་བུ་མེད་དེ་ཁ་སྟོང་པར་བྱེད་དོ། །ཚོམས་དག་ལས། འདི་ནི་བྱ་བ་བྱས་ཟིན་དེ་འདི་བྱ། །དེ་དག་བྱས་ནས་བདག་གིས་འདི་བྱའོ་ཞེས། །དེ་ལྟར་མི་ནི་ཡོངས་སུ་གཤོམ་པ་ན། །རྒ་དང་ན་བཅས་འཆི་བས་མངོན་དུ་འཇོམས་ཅེས་སོ། །ཡང་མི་ཡི་ ཡིད་ནི་རྣམ་ཆགས་དག་མེ་ཏོག་བཞིན་དུ་བསགས་བྱས་ནས། །བྱ་བ་མཐར་ནི་མ་ཕྱིན་པར། །འཆི་བདག་གིས་ནི་དབང་དུ་བྱེད་ཅེས་སོ། །གཞན་ལས་ཀྱང། འདི་ནི་སང་བྱ་འདི་དེང་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེའུ་རེ་བྱ་ཞེས་སྐྱེ་བོ་སེམས་པ་ན། །གཤིན་རྗེ་བེ་ཅོན་ལག་ཐོགས་ ཟུར་གྱིས་བལྟ་བ་ཡིས། །མིག་རྩ་དམར་ཁྲོས་མ་རངས་གང་མོ་རེ་སྙན་འདེབས། །སོ་ག་མེ་ཏོག་རྒྱས་པའི་དུས་འདི་འབྱུང་བར་འགྱུར། །ཟླ་བ་གསལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །སྐྱེ་བོ་ཐམས་ཅད་དགར་འགྱུར་བདག་གི་ཚེ་འདི་ནི། །ཟད་པར་འགྱུར་ ཞེས་ཤིན་ཏུ་མི་དགར་འགྱུར་བ་མེད་ཅེས་སོ། །ཡང་གཞན་ལས། ནད་མེད་ནི་མ་འདི་ལྟ་བུར། །ཟས་བཅས་འཚེ་བ་མེད་ཀྱང་ནི། །ཚེ་ནི་སྐད་ཅིག་བསླུ་བ་སྟེ། །ལུས་ནི་ཐང་ཅིག་བརྙན་པོ་བཞིན། །ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ ཀུན་གྱིས་ཀྱང། །གློ་བུར་ཚེ་ལ་ཡིད་མི་བརྟན། །འདི་ནི་མ་བྱས་བརྩམས་པ་དང། །འདི་ཕྱེད་བྱས་པར་གནས་པ་ན། །གློ་བུར་འཆི་བདག་འོངས་ནས་ནི། །ཀྱི་ཧུད་བཅོམ་ཞེས་སེམས་པར་འགྱུར་ཞེས་སོ། ༈ །ཐམས་ཅད་ངེས་པར་འཇོམས་པས་ནི། །འདིས་ནི་རང་དབང་ མེད་ཅིང་གྲོགས་མེད་པར། །ཆེ་བར་གྲགས་པ་ཚང་དབང་སྐྱོང་བཞི་དང། །དྲག་ཅིང་གཏུམ་པའི་གནོད་སྦྱིན་སྲིན་པོ་སོགས། །གདུག་ཅིང་དབང་ལྡན་ཀླུ་རྒྱལ་ལ་སོགས་དང། །ཚན་ཆེན་སྟོབས་ལྡན་སྲེད་མེད་བུ་སོགས་དང། །རིགས་དང་བརྟུལ་ཞུགས་གྲུབ་པའི་ [050B] །དེ་མོད་པ་མི་བཟད་འདོར་ནུས་དྲང་སྲོང་དང། །མཁའ་ལ་རྒྱང་རིང་གསལ་འགྲོ་ཉི་ཟླ་སོགས། །སྐྱེ་དགུ་གང་ལའང་གདམས་དང་ཐོགས་མེད་པར། །རྩྭ་ཤིང་ཚོགས་ཆེན་མེ་ཡིས་བསྲེག་བཞིན་འཇོམས། །འཆི་བའི་མེ་ཆེན་པོ་རབ་ཏུ་མི་བཟད་པ་འདིས་ ནི་རང་དབང་སྐད་ཅིག་ཀྱང་མེད་ཅིང། སྐྱོབས་པའི་གྲོགས་སམ་རྟེན་འྒའང་མེད་པ་འང། ཡང་ན་གྲོགས་གང་ལའང་མི་ལྟོས་པ་ཉིད་དུ་འཇིག་རྟེན་ན་བརྟན་པ་གནས་པར་འོས་པ་ཆེ་བའི་བདག་ཉིད་དུ་གྲགས་པ་ཚངས་པ་དང། དབང་པོ་དང་འཇིག་རྟེན་སྐྱོང་བ་བཞི་དནག་ འཁོར་ལོས་བསྒྱུར་བ་གླིང་བཞི་ལ་དབང་བ་ལ་སོགས་པ་དང། ཡང་དྲག་ཅིང་གཏུམ་པས་ཐམས་ཅད་ལ་འཚེ་བར་བྱེད་པ་གནོད་སྦྱིན་དང་སྲིན་པོའི་དབང་པོ་དག་དག་དུག་མི་བཟད་པ་གཏོང་ཞིང་ཀུན་གྱིས་འདའ་བར་བྱ་བ་མ་ཡིན་པ་ཀླུ་ཆེན་པོ་རྣམས་དང། ཚན་པོ་ཆེ་ཆེན་པོའི་ སྟོབས་ཀྱིས་ཕ་རོལ་གཞོན་པ་སྲེད་མེད་ཀྱི་བུ་ལ་སོགས་པ་དང། རིག་སྔགས་དང་གསང་སྔགས་དང་དམ་ཚིག་བརྟུལ་ཞུགས་གྲུབ་པའི་མི་དང་ལྷ་ལ་སོགས་པ་དང། དེ་མོད་པ་ཆེན་པོའི་འདོར་བས་ཕན་འདོགས་པ་ལ་སོགས་པར་ནུས་པའི་དྲང་སྲོང་དམ་པ་དག་དང། གླིང་བཞིར་ སྣང་བར་བྱེད་ཅིང་རྒྱང་རིང་དུ་འགྲོ་བར་ནུས་པའི་ཉི་མ་དང་ཟླ་བ་ལ་སོགས་པའི་སྐྱེ་དགུ་མ་ལུས་པའི་གང་ལ་ཡང། གདམ་ཞིང་ཚོལ་བ་དང་ཐོགས་ཤིང་རྡུགས་པ་ཅུང་ཟད་ཀྱང་མེད་པ་ཉིད་དུ་གར་བབ་བབ་ཀྱིས། རྩི་ཤིང་དང་སྦར་སྦུར་གྱི་ཚོགས་རི་བོ་ཙམ་ཡང་མེ་མ་དག་གཅིག་ གིས་མྱུར་དུ་མ་ལུས་པར་བསྲེག་པ་ལྟར་ཀུན་ཏུ་འཇོམས་པར་བྱེད་པ་ཉིད་ཀྱིས་ཤིན་ཏུ་འཇིགས་པར་འོས་པ་ཆེན་པོའོ། །རྒྱ་ཆེར་རོལ་པ་ལས། འཆི་བ་དབང་ཡོད་པ་དག་དབང་མེད་བྱེད། །འཆི་བ་འཕྲོག་བྱེད་ཆུ་བོས་ཤིང་དེད་བཞིན། །མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་ འགྲོ། རང་ལས་འབྲས་བུ་ལྡན་པས་དབང་ཡང་མེད། །འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། །འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །ཀླུ་ལ་མཁའ་ལྡིང་བློ་ལ་ཆེན་སེང་གེ་འདྲ། །རྩྭ་རྩི་འབྱུང་པོའི་ཚོགས་ལ་མེ་དང་མཚུངས། ཞེས་སོ། །འདས་ཆེན་ལས་ [051A]༄༅། །ཀྱང། འཆི་བས་ནི་ཐམས་ཅད་ཚིག་པར་བྱེད་ཅིང་མེད་པར་བྱེད་དོ། །མེ་དང་ཆུ་དང་རླུང་གིས་འཇིག་རྟེན་འཇིག་པ་ན་བསམ་གཏན་གཉིས་པ་ལ་སོགས་པ་མ་གཏོགས་པ་ཐམས་ཅད་འཇིག་པ་ལྟར། འཆི་བས་ཀྱང་བྱང་ཆུབ་སེམས་དཔའ་ མདོ་འདི་ལ་གནས་པས་དབང་ཐོབ་པ་ལ་སོགས་པ་མི་འདོད་བཞིན་འཆི་བ་མེད་པ་མ་གཏོགས་པ་ཐམས་ཅད་མེད་པར་བྱེད་དོ། །ནམ་མཁའ་ལྡིང་གི་རྒྱལ་པོས་རྡོ་རྗེ་མ་གཏོགས་པ་ཀླུ་དང་གསེར་ལ་སོགས་པ་ཐམས་ཅད་འཇུ་བར་ནུས་སོ། །འཆི་བའི་རྒྱལ་པོ་ལ་ནི་དེ་ལྟ་བུ་ དག་མང་དུ་བྱས་ཀྱང་ཐར་བར་མི་འགྱུར་རོ་ཞེས་སོ། །ཚོམས་དག་ལས་ཀྱང། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །ཆུ་ཆུང་ནང་གི་ཉ་ལྟ་བུར། །གང་ ཞིག་ཉིན་ཞག་འདའ་བ་ཡིས། །ཚེ་ནི་ཤིན་ཏུ་ཐུང་འགྱུར་ན། །དེ་ལ་དགའ་བ་བྱར་ཅི་ཡོད། །རྒྱུན་ཏུ་ནད་ཀྱིས་མངོན་གདུང་ཞིང། །རྟག་ཏུ་མི་གཙང་འཛག་པ་ན། །རྒ་དང་འཆི་བས་འགྲིབ་པ་ཡི། །ལུས་འདི་དོར་ན་ཅིར་མི་རུང། །གང་ཞིག་ནུབ་མོ་ཁོ་ན་ནས། །མངལ་དུ་དང་པོ་འཇུག་པའི་ མི། །དེ་ནི་བསོད་མེད་འགྲོ་འགྱུར་ཞིང། །སོང་བ་ལས་ཀྱང་ལྡོག་པ་མེད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །ཁ་ཅིག་དག་ནི་ཡོངས་བརྒྱུག་ན། །ལ་ལ་གཞོན་དང་ལ་ལ་རྒན། །ལ་ལ་དར་ལ་བབ་ །དེ་ལ་མི་ འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །དཔེར་ན་ངེས་པར་གསོད་པ་དག་གོམ་པ་གང་དང་གང་བོར་བས། །གསོད་པའི་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པ་ཇི་ལྟ་བར། །དེ་བཞིན་མི་ཡི་ཚེ་ འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །ཅེས་སོ། །ཡང་གཞན་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འཕར་བས་བསྲེགས་པས་ལུས་ཅན་འདི་དག་ཀྱང། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟས་སྨོས་ཅི་འཚལ། ཞེས་སོ། ༈ །བདག་ [051B] ཕངས་ཤིང་སྡུག་པའི་ཕུ་དང་ཁྱིམ་ཐབས་སོགས། །བཤེས་པའི་སྐྱེ་བོའི་ཚོགས་དང་ཤིང་རྟ་དང། ཅང་ཤེས་རྟ་དང་ངུལ་བའི་གླང་པོ་སོགས། །ནོར་འབྲུ་རིན་ཆེན་མཛོད་མང་སོགས་ཀུན་འདོར། །བུ་དང་ཆུང་མ་ལ་སོགས་པ་གཉེན་ བཤེས་ཀྱི་ཚོགས་དང། ཤིང་རྟ་ལ་སོགས་པ་བཞོན་པ་དང་ཕྱུགས་ཀྱི་ཚོགས་དང། ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ་དང་གསེར་དངུལ་ལ་སོགས་པ་རིན་པོ་ཆེའི་ཚོགས་དང། ནོར་དང་འབྲུ་ལ་སོགས་པའི་བང་མཛོད་མང་པོ་དང། ཞིང་དང་སྐྱོང་མོས་ཚལ་ལ་སོགས་པ་དང་ ཁང་ཁྱིམ་ལ་སོགས་པ་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་ཐམས་ཅད་དང། མི་སྡེ་དྲང་ཡུལ་ཕྱོགས་ལ་སོགས་པ་བདག་གིར་བྱ་བ་ལུས་ཀྱི་ཤ་རུས་ཕན་ཆད་ཐམས་ཅད་འདོར་ཞིང་འབྲལ་བར་འགྱུར་པས་ཅུང་ཟད་ཙམ་དང་ཡང་འགྲོགས་པ་མེད་པའོ། །རྒྱ་ཆེར་རོལ་པ་ལས། འཆི་ དང་འཕོ་དང་འཆི་འཕོ་དུས་བྱེད་པ། །ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ། །ཕྱིར་མི་འོང་ཞིང་ཕྲད་པར་འགྱུར་མ་ཡིན། །ཤིང་ལས་ལོ་འབྲུལ་འདྲ་ཞིང་ཆུ་རྒྱུན་མཚུངས། །ཅེས་སོ། །སྐྱེས་པའི་རབས་ལས་ཀྱང། །ཡུན་རིང་ལྷན་ཅིག་འཁོད་འཁོད་ཀྱང། །འཆི་བས་སོ་སོར་འབྲལ་ འགྱུར་ཞིང། །མྱ་ངན་ཆེན་པོས་གདུང་འགྱུར་བ། །འདི་ནི་འཇིག་རྟེན་འདི་ན་ངེས། ཞེས་སོ། །གཞན་ལས་ཀྱང། ལུས་མཐའ་ཐལ་བ་མཐར་བསྐམ་མཐར་འདྲུལ་ཞིང། །ཐ་མར་མི་གཙང་སྙིང་པོ་མ་མཆིས་པ། རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ ཆོས་ཅན་དུ་མཁྱེན་པར་མཛོད། །ཅེས་སོ། །ཡང་གཞན་ལས་ཐམས་ཅད་པོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ཏེ། །མཇའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མཛའ་བ་རྣམས་ཀྱང་མེད་འགྱུར་ཞིང། །མི་མཛའ་རྣམས་ཀྱང་མེད་ པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །ཞེས་སོ། ༈ །བཟློག་པར་མི་ནུས་པའི་ལུས་དང་སེམས་ཀྱི་སྡུག་བསྔལ་གྱིས་ནི། །རིན་ཆེན་སྲ་བ་འཕན་མེད་འཐུག་པོ་ཡིས། །ཀུན་ནས་འཇོམས་དང་མི་བཟད་སེང་གེའི་ཁར། །རི་དྭགས་ [052A]༄༅། །ཕྲ་མོ་ཆུད་ལྟར་སྟོབས་སོགས་ཀྱིས། །བཟློག་ཏུ་མེད་པའི་ལུས་སེམས་གདུང་བས་གཟིར། །རྒྱལ་པོ་ལ་གདམས་པ་ལས་དཔེར་ན་ཕྱོགས་བཞི་ཅར་ནས་རི་ཆེན་པོ་སྲ་པ་བརྟན་པ་སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གྱེས་པ། འཕན་མེད་པ་ ཤིན་ཏུ་འཁྲེགས་པ། ཤིན་ཏུ་སྟུག་པ། གནམ་ལ་རེག་པ་བཞིས་བཟློག་སྟེ། རྩྭ་དང་ཤིང་ལ་སོགས་པ་དང་སྲོག་ཆག་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི་མགྱོགས་པས་བྲོས་པའམ། སྟོབས་གྱིས་ ནོར་གྱིས་བཟློག་པའམ། རྫས་དང་ སྔགས་དང་སྨན་གྱིས་བཟློག་པར་སླ་བ་མ་ཡིན་ནོ། །དེ་བཞིན་དུ་རྒ་བ་དང་ན་བ་དང། འཆི་བ་དང། རྒུད་པའི་འཇིགས་པ་ཆེན་པོ་འདི་བྮིའང་དར་ལ་བབ་པ་དང་ནད་མེད་པ་དང་སྲོག་དང་ཕུན་སུམ་ཚོགས་པ་འཇོམས་ཤིང་འོང་སྟེ། དེ་དག་ལས་ཀྱང་མགྱོགས་པས་བྲོས་པའམ་ སྟོབས་དང་ནོར་དང་སྔགས་ལ་སོགས་པས་བཟློག་པར་སླ་བ་མ་ཡིན་ནོ། །ཡང་དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེས་རི་དྭགས་བཟུངས་ཏེ་ཅི་འདོད་དུ་བྱ་བ་བྱེད་དོ། །དེ་ནི་སྟོབས་པོ་ཆེའི་ཁ་མི་བཟད་པས་ །དེ་བཞིན་དུ་འཆི་བདག་གི་གསལ་ ཤིང་གིས་ཟུག་སྟེ་རྒྱགས་པ་དང་བྲལ། མགོན་མེད་སྐྱབས་མེད་དཔུང་གཉེན་མེད། གཤིས་ནི་བྱེ། ཚིགས་ནི་བྱེ་བྲལ། ཤ་ཁྲག་ནི་བསྐམས། ལུས་ནི་ནད་ཀྱིས་གསུངས། སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོབ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་ དང་སྣབས་དང་གཅིན་དང་ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། མིག་ལ་སོགས་པའི་དབང་པོ་རྣམས་ནི་འགགས། སྐྱིགས་བུ་ནི་འབྱུང། སྒྲ་ངར་ངར་ སྨན་པས་ནི་བོར། སྨན་པར་ འགྲོ་བ་གཞན་དུ་འགྲོ་ བར་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་རྒ་ན་འཆིའི་འཁོར་བའི་རྒྱུན་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཙམ་ལུས། གཤིན་རྗེའི་མིས་ནི་འཇིགས་སྐྲག་བྱུར་ དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་བྱིན་ཞེས་དེ་ [052B] ལས་ཀྱི་སྲིད་པ་ནས་ཡང་སྲིད་པར་ནི་འཇུག་གཅིག་པུ་གཉིས་མེད་གྲོགས་ནི་མེད། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། བསྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་འཇུག་གཡང་ས་ཆེན་པོར་ནི་ལྟུང། ཁྲོད་སྟུག་པོར་ནི་འཇུག་ དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་དམར་གྱིས་ནི་བདས། གཡུལ་ངོ་ཆེན་པོར་གདོན་ཆེན་པོས་ནི་ཟིན། ནམ་ཁའ་ལ་ནི་འཆེལ། ཕ་མ་དང་ཕུ་ནུ་དང། སྲིང་མོ་དང་བུ་དང་བུ་མོས་ནི་བསྐོར་ དབུགས་ནི་ཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ་ཀྱི་ཧུད་ཕ་ཀྱི་ཧུད་བུ་ཞེས་ནི་ཟེར། སྒྲ་ སྦྱིན་པ་ལ་སོགས་པ་ཆོས་མ་གཏོགས་པའི་སྐྱབས་མེད་པའོ། ༈ །ཤིན་ཏུ་དམན་པའི་གནས་སྐབས་སུ་རྣམ་པར་འགྱུར་བས་གནོད་པ་ནི། ལེགས་པར་ བསྲུངས་ཤིང་གོས་བཟང་སྣ་ཚོགས་དང། །རིན་ཆེན་སྤྲས་པའི་ཁྲི་སྟན་བཅས་པར་ནི། །རོ་བྲོའི་མཆོག་སོགས་ལོངས་སྤྱོད་བཟང་སྤྱད་ཀྱང། །གཅེར་བུ་འཇིགས་རུང་ཅེ་སྦྱང་སོགས་ནང་འདོར། །དེ་ཉིད་ལས་རྒྱལ་པོ་ཆེན་པོར་ ཟད་པ་དང་དེངས་ པར་ལྟ་སྟེ་འཆི་བས་འཇིགས་སྐྲག་པར་བྱའོ། །ཆོས་ཀྱི་རྒྱལ་སྲིད་གྱིས་ཤིག་ཆོས་མ་ཡིན་པས་ནི་མི་བྱའོ། །ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ལུས་འདི་ལྟར་ལེགས་པར་བསྲུངས་ཤིང་ཡོངས་སུ་བཙས་པ་ཡང་འཆི་བའི་དུས་བྱེད་པར་འགྱུར་རོ། །ཤིན་ཏུ་ཡུན་རིང་པོར་བཟའ་བ་དང་བཅའ་ བ་དང་མྱང་བ་དང་བཏུང་བ་བསོད་ཅིང་མང་པོས་ཚིམ་པར་བྱས་པས་བསྐྱེད་བསྐྱེད་པའང། ཐ་མའི་མལ་དུ་སྨན་པས་བོར་ཏེ་སྨན་པ་དང་བཟའ་བཏུང་གིས་ཀྱང་གླེས་ལ་བོར་ནས་བཀྲེས་སྐོམ་གྱིས་ཉེན་ཅིང་ཡིད་མི་བདེ་བཞིན་ །ཁྱོད་ཀྱིས་ལུས་དཀྲུས་ཤིང་བསྐུས་ བདུག་པས་བདུགས་མེ་ཏོག་དྲི་ཞིམ་པོས་བསྒོས་ཀྱང། དུས་སུ་རང་བཞིན་གྱིས་ལྷན་ཅིག་སྐྱེས་པའི་དྲི་ང་བ་ངེས་པར་འབྱུང་ངོ། །གོས་ཀ་ཤི་ཀ་དང། སྲིན་བལ་དང། དུ་ཀུ་ལ་དང། དར་ལ་སོགས་པའི་བྱེ་བྲག་གིས་གཡོགས་ཀྱང། མལ་གྱི་ཐ་མར་སྣུམ་དང་ཆུས་གོས་པ་དྲི་མ་ [053A]༄༅། །ཅན་གྱི་གོས་གྱོན་ཞིང་འཆིའོ། །བཙུན་མོའི་འཁོར་གྱིས་ནང་ན་བུད་མེད་ཀྱི་ཚོགས་ཀྱིས་གླུ་གར་དང་རོལ་མོ་སྣ་ཚོགས་ཀྱི་རྩེ། དགའ་མགུར་སྤྱོད་པ་ཡང་འཇིགས་ཤིང་ཡིད་མི་བདེ་བཞིན་དུ་འཆིའོ། །ཁྱིམ་ནང་ན་སྤོས་དྲི་ཞིམ་པོས་ནི་བསྐུས་ གཏན་པ་ནི་བཅུག་སྐར་ཁུང་ནི་བཅད། འབྲུ་མར་དྲི་ཞིམ་པོའི་མར་མེ་སྤར། དར་གྱི་ལྡ་ལྡི་བྲེས། མེ་ཏོག་དྲི་ཞིམ་པོ་མང་པོ་བཅལ་དུ་བཀྲམ། སྤོས་བཟང་པོས་བདུགས། རིན་པོ་ཆེའི་ཁྲི་ལ་པ་ཏི་ཀ་དང། དྲེའུ་རྡོག་ལ་སོགས་པའི་སྟན་དུ་མས་བཀབ་ཅིང། གཡས་གཡོན་ དར་དམར་པོའི་སྔས་བཞག་པ་ལ་ཉལ་ཉལ་བ་ཡང། བྱ་རོག་དང་ཝ་ལ་སོགས་པ་དང་རོ་དང་ཤ་དང་རུས་པ་དང། སྐྲ་དང་རྣག་ཁྲག་གིས་གནས་མཆོག་ཏུ་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོར་ལུས་གཡོ་བ་མེད་པར་ས་ལ་ཉལ་དུ་ངེས་སོ། །གླང་པོ་ཆེའམ་ རྟའི་རྒྱབ་བམ་ཤིང་རྟ་ལ་ཞོན་ཏེ་དུང་དང་རྔ་ལ་སོགས་པ་སིལ་སྙན་ལེན་ཅིང། གདུགས་དང་རྒྱལ་མཚན་ལ་སོགས་པ་བསྒྲེང། བསིལ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་གཡོབ་ཅིང་དཔུང་གི་ཚོགས་དུ་མ་ནི་ཕྱི་བཞིན་འབྲང། རྒྱལ་བུ་དང་བློན་པོ་དང་མདུན་ན་ འདོན་དང་སྐྱེ་བོ་ཐལ་མོ་སྦྱར་བ་དུ་མས་ཕྱག་བྱེད་ཅིང་རྒྱལ་བར་སྤྱོན་ཅིག་ཅེས་སྙན་པ་བརྗོད་ཅིང་ཕྱིར་འབྱུང་འབྱུང་བ་ཡང། རིང་པོ་མི་ཐོགས་པར་ཤི་སྟེ་གཡོ་བ་མེད་པར་མི་བཞིས་བཏེགས་ནས་འཁོར་གྱི་སྐྱེ་བོ་མང་པོ་མྱ་ངན་གྱི་དབང་དུ་སོང་བ་ལག་པ་བཏེག་ ནས་བྲང་བརྡུང་བ་དང། མཆོག་ཏུ་སྙིང་རྗེ་རྗེ་སྐད་ཀྱེ་ཧུད་མགོན་པོ་ཀྱེ་ཧུད་ཕ་ཀྱེ་ཧུད་བུ་ཞེས་དུ་ཞིང། སྐྱེ་བོ་ཀུན་གྱིས་འཇིགས་པ་ལྟ་སྟེ་ལྷོ་ཕྱོགས་ཀྱི་སྒོར་ཕྱུང་ནས་ས་འོག་ལ་སོགས་པར་བཅུག་ཀྱང་ཝ་ལ་སོགས་པས་ཟ་བའམ། ཡང་ན་མེར་བསྲེགས་སམ་ཆུར་བསྐྱུར་ ཡང་དངས་ཤིང་རུལ་བར་འགྱུར་རོ། ༈ །ཞར་ལ་གཉེན་པོ་ལ་སྦྱར་བ་བརྗོད་པ། དེ་ཚེ་ཆོས་མ་གཏོགས་པའི་སྐྱབས་གཞན་མེད། །ཆོས་ཉིད་མགོན་དང་རྟེན་དང་གླིང་ཡིན་ཏེ། །གྲང་བས་ཉེན་ལ་མེ་སོགས་ཇི་བཞིན་དུ། །ཆོས་ཀྱིས་སྐྱོབ་པས་ཆོས་ལ་ལེགས་བརྟོན་བྱ། ། [053B] སྦྱིན་པ་དང་དཀའ་ཐུབ་དང་ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན་ཆོས་མ་གཏོགས་པ་སྐྱབས་གཞན་མེད་མགོན་གཞན་མེད། དཔུང་གཉེན་གཞན་མེད་དོ། །དེའི་ཚེ་ཆོས་ནི་གླིང་དང་གནས་དང་མགོན་དང་བརྟེན་པར་འགྱུར་རོ། །དཔེར་ན་གྲང་བས་ཉེན་པ་ལ་མེ་དང། མེས་གདུངས་པ་ལ་མེ་གསོད་ པ་དང། ཚ་བས་ཉེན་པ་ལ་བསིལ་བ་དང། སྐོམ་པ་ལ་ཆུ་གྲང་མོ་དང། ནད་ཀྱི་བཏབ་པ་ལ་སྨན་དང་སྨན་པ་དང། ནད་གཡོག་དང། ཆུས་ཁྱེར་བ་ལ་གཟིངས་དང། དབུལ་ཕོ་ལ་ནོར་དང། བྱེད་པར་འདོད་པ་ལ་གྲོགས་དང། བཅད་པར་འདོད་པ་ལ་ལག་ཆ་དང། བཤིག་པར་འདོད་པ་ལ་རྡོ་རྗེ་ ལ་སོགས་པ་དག་མགོན་དང་སྐྱབས་དང་རྟེན་དུ་གྱུར་པ་ལྟ་བུའོ་ཞེས་གསུངས་པ་བཞིན་ནོ། ༈ །འདུ་ཤེས་དེ་བསྒོམ་པའི་བྱེད་པའི་དབང་དུ་བྱས་ནས་ཉེས་པ་ཐམས་ཅད་འདོར་བ་ནི། འདི་ལ་ངེས་པར་ཡིད་ཆེས་བློ་ལྡན་གང། །འཇིག་རྟེན་ཆོས་ཀུན་དོན་མེད་ཉིད་རྟོགས་པས། དེ་ ཡི་སྤྲོས་ལ་ཆགས་སོགས་ངེས་བཟློག་ཅིང། །ཉེས་པར་སྤྱོད་པའི་ཚང་ཚིང་ །འདིའི་ངེས་ཤེས་རྣལ་མ་སྐྱེས་ན་ནི། །དེ་རིང་ངམ་སང་ཉིན་རང་འཆི་བར་ཤེས་ན་ཉེ་དུ་དང་ནོར་རྫས་ལ་སོགས་པ་གང་དང་ཡང་འགྲོགས་སུ་མེད་པས་དེ་དག་ལ་སྲེད་པ་ལ་སོགས་ པ་བཟློག་ཅིང། གཏོང་བ་ལ་སོགས་པས་སྙིང་པོ་ལེན་པའི་བློ་ཕལ་ཆེར་ལ་ངང་གིས་ཀྱང་འབྱུང་བ་ལྟར། རྙེད་པ་དང་གྲགས་པ་ལ་སོགས་པ་འཇིག་རྟེན་པའི་ཆོས་ཐམས་ཅད་སྤུན་པ་འཕྱར་བ་ལ་སོགས་པ་ལྟར་སྙིང་པོར་བྱ་བའི་དོན་ཅི་ཡང་མེད་ཅིང། བྱིས་པ་རྣམས་བསླུ་བྲིད་བྱེད་ པ་འབའ་ཞིག་ཏུ་རྟོགས་པས། དེ་དག་ལ་མངོན་པར་ཞེན་པའི་སྤྲོས་པས་སྦྱར་བའི་ཉོན་མོངས་པ་ཐམས་ཅད་དང། དེས་ཀུན་ནས་བསླང་བའི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ངང་གིས་ཀྱང་འདའ་བས་ན་འདི་ལས་དོན་ཆེ་བའི་ཆོས་གཞན་གང་ཞིག་ཡོད། ། ༈ ཐམས་ཅད་བསྒྲུབ་པ་ནི། རྒུད་པ་ཀུན་སེལ་བདེ་ལེགས་ཉིད་སྦྱིན་པ། །དམ་པའི་སྐྱབས་མཆོག་རིན་ཆེན་ལྷར་བཟུང་ནས། །ཅིས་ཀྱང་ཆོས་ལས་མི་འདའ་བསོད་ནམས་ཀྱི། །ལས་ཀྱི་མི་ངོམས་སྙིང་པོ་ལེན་པར་ངེས། །དེས་ནི་འཚེ་བ་དང་ངན་སོང་དང་འཁོར་བའི་སྡུག་བསྔལ་དང་ [054A]༄༅། །གནོད་པ་དང་རྒུད་པ་ཐམས་ཅད་སེལ་ཞིང་བདེ་ལེགས་མ་ལུས་པ་ཐམས་ཅད་ཀྱི་འབྱུང་གནས་སྐྱབས་ཀྱི་དམ་པ་རིན་པོ་ཆེ་གསུམ་ལ་སྐྱབས་སུ་འགྲོ་བ་དང་མཆོད་པ་ལ་སོགས་པའི་སྒོ་ནས་ལྷ་ཉིད་དུ་བཟུང་ནས། འདུན་པ་དང་ཞེ་སྡང་དང་རྨོངས་པ་དང་འཇིགས་ པ་ལ་སོགས་པའམ། ཡང་ལོངས་སྤྱོད་ཐམས་ཅད་དང་ལུས་དང་སྲོག་ལ་ལྟ་བ་ལ་སོགས་པ་ཇི་ལྟ་ཇི་ལྟ་བུས་ཀྱང་ཆོས་ལས་མི་འདའ་བར་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བྱས་ཏེ། སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོ་ཅི་ནུས་ཅི་ འོས་སུ་གསོག་པ་ལ་རྟག་ཏུ་དང་གུས་པར་སྦྱོར་བས། ལུས་དང་སྲོག་དང་ལོངས་སྤྱོད་སྙིང་པོ་མེད་པ་ཐམས་ཅད་ལ་སྙིང་པོ་དམ་པ་ལེན་པས་སྐྱེ་བ་དོན་ཡོད་པའི་འགྲོས་བཟང་པོ་དང་ཆེན་པོས་ཀུན་ཏུ་འགྲོ་བར་ངེས་པར་ཤེས་པར་བྱའོ། ། ༈ །དཔེས་ཀྱང་བསྔགས་པ་ ནི། དེས་ན་འདི་ནི་འདུ་ཤེས་མཆོག་ཉིད་དང། །ཉོན་མོངས་ཉེས་ཚོགས་ཀུན་འཇོམས་ཐོ་བ་དང། །དགེ་ལེགས་ཅི་ལྕོགས་ཅིག་ཅར་བསྒྲུབ་པའི་སྒོ། །ལ་སོགས་ལེགས་ཚོགས་མང་པོས་རབ་ཏུ་བསྔགས། །འདས་ཆེན་ལས། ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་ མཆོག་གོ་རྗེས་ཐམས་ཅད་ཀྱི་ནང་ན་བ་ལང་གི་རྗེས་མཆོག་གོ། འདུ་ཤེས་ཐམས་ཅད་ཀྱི་ནང་ན་ཡང་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ཏོ་ཞེས་སོ། །དེ་ བཞིན་དུ་ཉོན་མོངས་པ་དང་ཉས་པ་སྤྱོད་པ་ཐམས་ཅད་ཅིག་ཅར་འཇོམས་པའི་ཐོ་བ་དང། དགེ་ལེགས་ཐམས་ཅད་ཅིག་ཅར་བསྒྲུབ་པ་ལ་འཇུག་པའི་སྒོ་ཆེན་པོར་གྱུར་པ་ལ་སོགས་པས་ཀྱང་བསྔགས་པའོ། །ཚོམས་ལས། ལུས་འདི་རྫ་སྣོད་འདྲ་བར་རྟོགས་བྱས་ཤིང། ། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཚོན་ནི་འདིར་གཅོད་པ། །འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ་ཞེས་གསུངས་སོ། ༈ །སྐབས་ཀྱི་དོན་བསྡུ་བའི་དབང་དུ་བྱས་པ། །དེ་ལྟར་ངེས་བསམས་ཅི་ནུས་རབ་བསྒྲིམས་ཏེ། །བརྟུལ་ཞུགས་ [054B] །གཡེལ་མེད་དགེ་ཚོགས་སྤེལ་དང་སྡིག་རྣམས་ཀུན། །སྦྱངས་ནས་སྣང་མཐའ་ཆེས་ལྷག་དེས་བགྲོད་བྱ། །དེ་ལྟ་བུའི་དོན་ལ་བརྟེན་ཅིང་ལན་མང་དུ་བྱས་པ་ལ་ངེས་པ་བརྟན་པར་བྱས་ནས། ཁྱད་པར་དུའང་འཆི་བའི་སྦྲོན་པ་ནད་མང་བ་ དང། རྒ་བའི་ཁུར་གྱིས་ནོན་ཅིང་སྐྲ་དཀར་བ་དང་གཉེར་ སྐྱ་རེང་སྐྱ་རེང་གིས་མཚམས་བཅད་ཅིང་ཐུབ་པའི་བརྟུལ་ཞུགས་རིན་པོ་ཆེ་ལ་ ལྟུང་བ་ཕྲ་བས་ཀྱང་སྔར་ཕན་བྱུང་བ་རྣམས་བཤགས་བསྡོམས་ལ་སོགས་པ་ཅི་རིགས་པས་ཕྱིར་གསོ་ཞིང། ཕྱི་མ་མི་འབྱུང་བར་དྲན་པ་དང་ཤེས་བཞིན་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་རབ་ཏུ་བསྒྲིམས་ཏེ་དྲི་མ་མེད་ཅིང་རྣམ་པར་དག་ལ་རབ་ཏུ་གཙང་བས་གནས་པར་ བྱའོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་རེ་རེར་ཡང་གཡེང་བ་མེད་པར་བརྩོན་འགྲུས་དྲག་པོས་དཀོན་མཆོག་མཆོད་པ་ལ་སོགས་པ་སྒོ་སྣ་ཚོགས་ནས་བསོད་ནམས་ཀྱི་ལས་ངོམས་པའམ་སྐྱོ་བ་མེད་པར་ཆུང་ངུའི་ཆུང་དུ་ཡན་ཆད་ལ་གཙིགས་པོ་ཆེར་བཟུང་སྟེ་བསྒྲུབ་ཅིང་ སྤེལ་བ་དང། ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཆེ་ཕྲ་ཐམས་ཅད་སྟོབས་བཞིས་བྱང་བའི་མཚན་མ་མང་དུ་དམིགས་པ་དང་བཅས་པར་སྦྱང་བ་ལ་འབད་པ་མི་ཞན་པ་རང་སེམས་ཀྱིས་མ་ཁྲེལ་བ་དམ་པ་རྣམས་ལ་མི་གནོད་པའི་ངོ་སོ་དང་བཅས་པར་ཉིན་མཚན་ འདའ་བས། ནམ་འཆི་ཡང་འགྱོད་པ་མེད་ཅིང་དགའ་བ་དང་བཅས་པ་ངེས་པ་ཐོབ་པའི་རེ་བ་དང་བཅས་པས་སྣང་བ་ནས་སྣང་བའི་མཐའ་ཆེས་ལྷག་ཅིང་གྱ་ནོམ་པ་ལམ་བསྒྲུབ་པའི་ནུས་པ་ལྷག་པ་ལྷག་པར་བརྒྱུད་པ་དག་གིས་གོ་འཕང་ཇེ་མཐོ་ཇེ་མཐོར་འཛེག་ཅིང་འགྲོ་བ་ལས་ སེམས་ཅན་གྱི་ཚོགས་མཐའ་དག་ལ་བརྩེ་བའི་མིག་གིས་རྣམ་པར་བལྟ་ཞིང་བསྡུ་བའི་ལག་པས་ཡང་བའི་གནས་ནས་ཙེན་གྱིས་དྲངས་ཏེ། ཕན་པ་དང་བདེ་བའི་ལོངས་སྤྱོད་ཆེན་པོ་ཅིས་ཀྱང་མི་བྲེལ་བའི་གནས་མཆོག་དམ་པར་བཀོད་པས་དབུགས་འབྱིན་པ་སྦྱིན་པའི་ [055A]༄༅། །སྦྱིན་བདག་ཆེན་པོར་འགྱུར་བར་བསླབ་པར་བྱའོ། །བསྟན་པ་ལ་འཇུག་པའི་རིམ་པ་རྣམ་པར་བཤད་པ་ལས་མི་རྟག་པ་ལ་འཇུག་པ་སྟེ་ལེའུ་གསུམ་པའོ།། ༈ །།དེ་ལྟར་རྟེན་དེས་མི་རྟག་པ་ཡིད་ལ་བྱ་བས་བསྐུལ་ ཏེ་སྙིང་པོ་བླང་བར་འབད་པར་བྱ་བའང་མི་དགེ་བ་སྤང་ཞིང་དགེ་བ་བསྒྲུབ་པའི་སྒོ་ཁོ་ནས་ཡིན་ཏེ། འཇིག་རྟེན་གཞན་དང་གཞན་དུ་འཕོ་བ་ན་དགེ་བའི་རྩ་བ་ནི་ཆུང་དུས་ཀྱང་ཕན་འདོགས་པ་ཆེན་པོར་འགྱུར་ལ། སྡིག་པ་ནི་ཆུང་དུས་ཀྱང་གནོད་པ་ཆེན་པོར་འགྱུར་ པས་ན། དེ་དག་བསྒྲུབ་ཅིང་སྤང་པ་ལ་འབད་པའི་དོན་དུ་ལས་དང་འབྲས་བུ་བསམ་པ་སྟོན་ཏོ། ༈ །འདི་ལ་མདོར་བསྡུས་ཏེ་བསྟན་པའི་དབང་དུ་བྱས་ནས་ཆོས་ཐམས་ཅད་རྒྱུའི་གཞན་གྱིས་དབང་ཅན་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ལས་རྒྱུ་གཙོ་བོ་ཡང་བཟའ་བོར་ དང་ངན་པའི་ལས་ཉིད་དུ་ཟད་པས་ན་ལས་ལ་བལྟོས་པར་སྨྲས་པ། འཇིག་རྟེན་མཐའ་དག་ལས་ཀྱིས་བསྒྲུབ་པ་སྟེ། །དེ་ནི་བསྐལ་པ་སྟོང་དུའང་ཆད་མི་ཟ། །རང་གིས་བྱས་ལ་སྤྱོད་ཅིང་ཆུང་ལས་ཀྱང། །རྣམ་པར་སྨིན་པ་ཆེད་སྨིན་ངེས་པར་བསམ། །སྣོད་དང་སེམས་ཅན་ གྱིས་བསྡུས་པའི་འཇིག་རྟེན་མཐའ་དག་ནི་ལས་དང་ཉོན་མོངས་པ་ལས་སྐྱེས་ཤིང་དེ་དག་གི་དབང་གིས་བྱུང་བར་གསུངས་ལ། ཉོན་མོངས་པ་ཡང་ལས་ཀུན་ནས་སློང་ཞིང་གསོས་འདེབས་པའི་རྐྱེན་ཡིན་པའི་ཕྱིར་ལས་ཀྱི་རྒྱུ་ཅན་ཉིད་དུ་གྲུབ་པ་སྟེ། སྙིང་རྗེ་ཆེན་པོ་པདྨ་ དཀར་པོ་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ་ལས་ཀྱིས་སྤྲུལ་པའོ། །སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་སོ། །ལས་དེ་ནི་གཉེན་པོ་སྐྱེས་པ་མ་གཏོགས་པ་བསྐལ་པ་མཐའ་ཡས་པར་ཡང་འབྲས་བུ་མེད་ པས་ཆུད་ཟ་བར་མི་འགྱུར་ཏེ། བག་ལ་ཉལ་ཡུན་རིང་དུ་གནས་པ་དག་ཀྱང་ཅི་ཞིག་ལྟར་རྐྱེན་དང་ཕྲད་ན་འབྲས་བུ་འབྱིན་པར་ནུས་པས་ན། རྦ་བརྒལ་བཞིན་དུ་འབྱུང་ཞེས་ཀྱང་གསུངས་ལ། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ། [055B] །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་ཀྱང་མང་དུ་གསུངས་སོ། །ལས་དེའང་རང་གིས་བྱས་པ་ལ་སྤྱོད་པ་སྟེ་བྱེད་པ་པོའི་ཟིན་པའི་ཕུང་པོ་ཉིད་ལ་སྨིན་གྱི། གཞན་ལ་མ་ཡིན་པའི་ཕྱིར་རོ། །མདོ་ལས་ལྷས་བྱིན་གྱིས་བྱས་པའི་ལས་ནི་ས་དང་ཆུ་ལ་ སོགས་པ་ལ་མི་སྨིན་གྱི། དེ་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སྨིན་པར་འགྱུར་ཏེ་གཞན་སུ་ཞིག་ལ་སྨིན་པར་འགྱུར་ཞེས་སོ། །དེ་ལྟ་མ་ཡིན་ན་ལས་བྱས་པ་ཆུད་ཟོས་པ་དང། མ་བྱས་པ་དང་ཕྲད་པའི་ཉེས་པར་ཡང་འགྱུར་བས་སོ། །དེའང་ཆུང་ངུ་ལས་ཆེ་བ་དང་ ཆེས་ཆེན་པོ་ལ་སོགས་པ་ཉིད་དུ་སྨིན་གྱི། མཉམ་པའམ་ཆུང་བར་ནི་ནམ་ཡང་མི་སྲིད་དེ། ཉ་གྲོ་དྷ་ལ་སོགས་པ་བཞིན་ནོ། །ཞེ་སྡང་ལ་སོགས་པའི་སྡིག་སེམས་སྐད་ཅིག་གི་གྲངས་ཀྱིས་བསྐལ་པར་དམྱལ་བར་སྡུག་བསྔལ་མྱོང་བར་འགྱུར་བ་ལ་སོགས་པ་མང་དུ་ གསུངས་པ་ལྟར་རོ། ། ༈ དེ་ཕྱིར་དགེ་བ་ཕྲ་བས་བདེ་འབྱོར་ནི། །ཆེན་པོས་དབུགས་འབྱིན་སྡིག་པ་ཕྲ་བས་ཀྱང། །སྡུག་བསྔལ་ཆེན་པོས་གདུང་འགྱུར་ངེས་བསམས་ཏེ། །ཕྲ་བའི་ཕྲ་ལའང་ཆེར་བསྒྲིམ་ནན་ཏན་བྱ། ། འཆད་པར་འགྱུར་བ་ལྟར་དགེ་བའི་རྩ་བ་ཆུང་ངུས་ཀྱང་ཡུན་རིང་པོར་བདེ་བ་ཆེན་པོ་དང་མང་པོ་བསྐྱེད་པར་ནུས་ལ། ངག་གིས་ཉེས་པར་སྤྱོད་པ་རེ་རེ་ཙམ་གྱིས་ཀྱང་སྐྱེ་བ་ལྔ་བརྒྱ་ལ་སོགས་པར་སྡུག་བསྔལ་མང་པོ་བསྐྱེད་པར་ནུས་པས་ན། ཤིན་ཏུ་བསྒྲིམ་པར་བྱ་དགོས་ཏེ། དགེ་བ་ ཆུང་ངུའང་ཁྱད་དུ་གསོད་ན་སྐུར་པ་འདེབས་པའི་སྡིག་པ་ཡང་འགྱུར་ལ། ཆུང་ངུ་ནས་མ་སྦྱངས་ཤིང་མ་བསགས་པར་ཆེན་པོ་ཉིད་མི་འགྲུབ་པས་ན་ལག་པ་སྟོང་པར་འགྱུར་རོ། །སྡིག་པ་དང་ལྟུང་བ་ལ་ཡང་ཆུང་ངུ་ཁྱད་དུ་གསོད་ན་སངས་རྒྱས་དང་ཆོས་ལའང་སྐུར་བར་འགྱུར་ བས་ཆུང་ངུ་ཉིད་དུ་མི་འགྱུར་བའི་ཕྱིར་རོ། །མདོ་ལས། ཆུའི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་དུས་དེ་ཡོངས་འགེངས་པ་ལྟར། །ཞེས་བྱ་བ་དང། སྡིག་པ་ཤིན་ཏུ་ཆུང་ངུ་ལའང། མི་གནོད་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིག་པ་བསགས་པས་ [056A]༄༅། །ཀྱང། །སྣོད་ཆེན་ཁད་ཀྱིས་འགེང་བར་འགྱུར། །ཞེས་བྱ་བ་དང། ཡང་སྡིག་པ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག་ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །སྣོད་ཆེན་གང་བ་དེ་བཞིན་དུ། །ཅུང་ཟད་བསགས་པའི་སྡིག་པས་ཀྱང། །བྱིས་པ་རབ་ཏུ་ གང་བར་འགྱུར། །དགེ་བ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག་ཆུ་ཡི་ཐིག་པ་ལྷུང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་དུ། །ཅུང་ཟད་བསགས་པའི་དགེ་བ་ཡིས། །བརྟན་པ་རབ་ཏུ་གང་བར་འགྱུར། ༈ །ཞེས་གསུངས་སོ། །དེས་ན་དགེ་བ་ཆུང་ངུའི་ཆུང་ངུ་ལའང་ གུས་པར་བསྒྲིམས་པས་ས་བོན་བཏབ་ཅིང་བསགས་པ་ལས་ཆེན་པོ་བདེ་བླག་དུ་སྐྱེ་ཞིང་སྤྱོད་ཡུལ་དུ་འགྱུར་ལ། །སྡིག་པ་ཕྲ་བའི་ཕྲ་བ་ནས་ཆེར་འཛེམ་པས་སྤངས་པས་ནི་ཆེན་པོའང་རང་གིས་བཟློག་ཅིང། གཉེན་པོ་མ་འདྲེས་པ་སྟོབས་དང་ལྡན་པ་ལ་འཇུག་པས་དོན་ཤིན་ཏུ་ ཆེན་པོར་འགྱུར་ཏེ། ཆུང་ངུ་དག་ལའང་སྤྲོས་པ་དང་འཇིགས་པ་ཆེན་པོས་འཇུག་པའི་དད་ལྡན་དག་ལ་ནི་ཆོས་ཆེན་པོ་ཐམས་ཅད་ལག་མཐིལ་དུ་བྱུང་ཟིན་པས་ན་འདི་ནི་མན་ངག་ལས་ཀྱང་ཆེས་མན་ངག་ཆེན་པོ་ལ་ཞུགས་པར་ངེས་སོ། །ཡང་བཙོ་བླག་མཁན་དག་ཆུས་འཁྲུ་ཞིང་ མདའ་མཁན་མེས་ནི་སྲོང་བ་དང། །ཤིང་མཁན་ཤིང་ལ་འཇོག་སྦྱོང་ལྟར། །མཁས་པས་བདག་ཉིད་དགེ་བས་འདུལ། །ཞེས་ཏེ། རིམ་གྱིས་ཞེས་དགོངས་སོ། ༈ །ལས་རྣམས་བསམ་གྱིས་མི་ཁྱབ་པར་བརྗོད་པ། ཆོས་དང་ཆོས་མིན་ཞེས་བརྗོད་དགེ་བ་དང། །མི་དགེའི་ལས་ ལམ་འདི་དག་རྟེན་འབྲེལ་ནི། །ཟབ་མོའི་ཆོས་སྒོ་བསམ་མི་ཁྱབ་པའི་གནས། །ཀུན་མཁྱེན་རྒྱལ་པོའི་སྤྱོད་ཡུལ་ཁོ་ནར་ཟད། །ཆོས་དང་ཆོས་མ་ཡིན་པ་དང་ཁ་ན་ཐོ་བ་མེད་པ་དང། ཁ་ན་མ་ཐོ་བ་དང་བཅས་པ་ལ་སོགས་པའི་རྣམ་གྲངས་ཅན། དགེ་བ་ཟག་བཅས་དང་ཟག་མེད་ལ་ སོགས་པ་དང། མི་དགེ་བ་དག་ལས། འབྲས་བུ་འདོད་དང་མི་འདོད་པ་སྣ་ཚོགས་སུ་འགྱུར་བའི་རྒྱུ་འབྲས་ཀྱི་ངེས་པ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པ་ཕྲ་བ་མཁས་ཤིང་མཛངས་པས་རིག་པར་བྱ་བའི་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པའི་གནས་ཆེན་པོས་ཏེ། རྣམ་པ་ [056B] །འདི་རྣམ་པར་ངེས་ཤིང་ཡིད་ཆེས་དང་ལྡན་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཟབ་མོ་དང་ལྡན་པས་ངན་འགྲོ་གཅོད་པར་ཡང་གསུངས་སོ། །དྲན་པ་ཉེ་བར་བཞག་པ་ལས་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་ གྲངས་ནི་ཆོས་ལ་ཆོས་དང་ཆོས་མ་ཡིན་པ་ལའང་ཆོས་མ་ཡིན་པ་ཉིད་དུ་མཐོང་བ་དེ་དྲན་པ་རྟག་ཏུ་ཉེ་བར་གནས་ཤིང་ཐེ་ཚོམ་མེད་པས་ལུས་དང་ངག་དང་ཡིད་ཀྱི་ལས་དང། ལས་ཀྱི་རྣམ་པར་སྨིན་པ་དང་སྐྱེ་བ་དང་འཆི་བའི་རྣམ་པར་སྨིན་པ་ཤེས་ཏེ་ལྟ་བ་ཕྱིན་ཅི་མ་ལོག་པས་ན་གཞན་ གྱིས་ཁ་མ་ཕྱིན་ཏོ། །ཞེས་སོ། །ཡང་གནས་འདི་ནི་བྱིས་པ་རྟོག་གེ་པ་དག་གི་སྤྱོད་ཡུལ་དུ་འགྱུར་བ་ལྟ་ཞོག་འཕགས་པའི་ཡེ་ཤེས་དང་ལྡན་པ་དག་གིས་ཀྱང་ཐམས་ཅད་ཡུལ་དུ་བྱ་བར་མི་ནུས་པས་ན་དགེ་སློང་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཤེས་པ་དེས་ཐོས་པ་ལས་བྱུང་བའི་ ཤེས་པའམ་ལྷའི་མིག་གིས་བལྟས་ན་ཞེས་ཕལ་ཆེར་དྲང་སྲོང་ཆེན་པོ་ཆོས་ལ་སྤྱན་དུ་གྱུར་པ་ཉིད་ཀྱི་ལུང་ལ་བལྟོས་པར་གསུངས་སོ། །སྙིང་རྗེ་ཆེན་པོ་བསྟན་པ་ལས་ཀྱང། དེ་བཞིན་གཤེགས་པ་རྒྱུ་ལ་མཁས་པ་སྟེ། ལས་ཀྱི་རྣམ་སྨིན་ཚུལ་མཁྱེན་སྤྱན་དང་ལྡན། །དུས་གསུམ་ དག་ལ་ཆགས་པ་མི་མངའ་སྟེ། །སེམས་ཅན་ཀུན་གྱི་སྤྱོད་པ་རབ་ཏུ་མཁྱེན། །རྒྱུ་ནི་གང་ཞིག་བདེ་བར་འགྱུར་བ་སྟེ། །ལྷ་དང་མི་ཡི་རྣམ་པར་སྨིན་ལྡན་དང། །གང་ཡང་སྡུག་བསྔལ་དག་ཏུ་འགྱུར་བྱེད་པ། །དེ་ནི་བདེ་བར་གཤེགས་པས་རབ་ཏུ་མཁྱེན། །དགེ་བ་དང་ནི་མི་དགེའི་ལས་ རྣམས་ཀྱི། །རྒྱུ་དང་རྣམ་པར་སྨིན་པ་ཅིར་འགྱུར་བ། །དེ་ནི་བདེ་བར་གཤེགས་པས་རབ་མཁྱེན་ཏེ། །ནོར་བུ་རིན་ཆེན་ཕྱག་ཏུ་བཞག་པ་བཞིན། །ཞེས་སོ། ༈ །ལས་དེའང་སེམས་ཀྱི་རྩ་བ་ཅན་དུ་བསྒྲུབ་པ། ལས་ཀྱང་སེམས་པ་དང་ནི་བསམ་པས་བསྡུས། །གཉིས་ཀའང་རྟོག་སོགས་ སེམས་ཀྱིས་བྱེད་པ་སྟེ། །སེམས་དམན་མཆོག་སོགས་གཡོ་བ་སྣ་ཚོགས་ཀྱིས། །སྲིད་དང་ཞི་སོགས་མཐོ་དམན་སྣ་ཚོགས་ཕྱེ། །ལས་ཀྱི་བྱེ་བྲག་སྣ་ཚོགས་ཐམས་ཅད་ནི་སེམས་པ་དང་བསམ་པའི་ལས་གཉིས་ཀྱིས་བསྡུས་པ་སྟེ། དྲང་སྲོང་མཆོག་གིས་ལས་རྣམས་ [057A]༄༅། །ནི། །སེམས་པ་དང་ནི་བསམ་པར་གསུངས། །ལས་དེ་དག་གི་བྱེ་བྲག་ནི། །རྣམ་པ་དུ་མར་ཡོངས་སུ་བསྒྲགས། །ཞེས་གསུངས་པ་ལྟར་རོ། །ཡང་འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །དེ་ཡང་སེམས་པ་དང་དེས་བྱས། སེམས་པ་ཡིད་ཀྱི་ལས་ཡིན་ཏེ་ དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་སོ། །དེ་གཉིས་ཀའང་རྣམ་པར་རྟོག་པ་ཅན་གཙོ་བོར་བྱས་པའི་སེམས་ཀྱིས་བྱེད་པ་ཁོ་ན་སྟེ། སེམས་དམན་པ་དང་གྱ་ནོམ་པ་དང། འདོད་པ་དང་སྡང་བ་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གཡོ་བ་སྣ་ཚོགས་ཀྱིས་ལེགས་ པར་སྤྱོད་པ་དང་ཉེས་པར་སྤྱད་པ་ལ་སོགས་པའི་ལས་སྣ་ཚོགས་བསྒྲུབ་པ་ལས་འབྲས་བུ་འཁོར་བ་དང་མྱ་ངན་ལས་འདས་པ་དག་དང། འགྲོ་བ་དང་སྐྱེ་བ་དང་ལུས་དང་དབང་པོ་ལ་སོགས་པ་རབ་དང་འབྲིང་དང་ཐ་མ་སྣ་ཚོགས་ཡང་དག་པར་ལེན་པའི་ཕྱིར་རོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ ཞུས་པ་ལས། འཇིག་རྟེན་གནས་པ་འདི་ནི་ལས་སྣ་ཚོགས་ཀྱིས་བསྐྱེད་ནས། སེམས་ཀྱི་དམིགས་པ་སྣ་ཚོགས་ཀྱིས་ལས་སྣ་ཚོགས་དག་མངོན་པར་འདུ་བྱེད་དེ་འགྲོ་བ་སྣ་ཚོགས་སུ་འགྱུར་བའོ། །ཞེས་སོ། ༈ །རྒྱུ་འབྲས་ཀྱི་རྣམ་པར་དབྱེ་བ་བསྡུས་པ་ནི། མ་རིག་ལ་སོགས་ཉོན་མོངས་ལས་ དང་ནི། །སྐྱེ་བའི་འཁྲུལ་འཁོར་ཆེན་པོར་སྲིད་གསུམ་འཁོར། །ཡང་དག་ལྟ་བས་མ་རིག་འགགས་ལས་ཀུན། །ཉེར་ཞི་འདི་དག་རྒྱུ་འབྲས་མ་ལུས་སྡོམ། །ས་ལུ་ལྗང་པ་ལས་འདི་ཡོད་པས་འདི་འབྱུང། འདི་སྐྱེས་པས་འདི་སྐྱེ་བ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་ བྱ་བ་ལ་སོགས་པ་དང། འདི་འགགས་པས་འདི་འགག་པའང་འདི་ལྟ་སྟེ། སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། འདི་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང་ལུགས་ལས་ལྡོག་པར་འཇུག་པར་འཁོར་བ་དང་མྱ་ ངན་ལས་འདས་པའི་རྒྱུ་དང་འབྲས་བུ་རྣམ་པར་དབྱེ་བ་གཉིས་སུ་ཐམས་ཅད་བསྡུ་བའོ། །སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ་སྟེ་མ་རིག་པའི་རྐྱེན་གྱི་འདུ་བྱེད་ལ་སོགས་པ་འཇུག་པ་དང་ལྡོག་པ་མ་གཏོགས་པ་བྱེད་པ་པོའམ་བྱེད་དུ་འཇུག་པ་པོའམ་ [057B] ལས་དང་ཉོན་མོངས་དང་སྡུག་བསྔལ་ཟད་པ་ཙམ་མྱ་ངན་ལས་འདས་པར་འཇོག་པའོ། ཞེས་སོ། །འདས་ཆེན་ལས། མ་རིག་པ་ནི་འདས་པའི་ཉོན་མོངས་པའོ། །འདུ་བྱེད་ནི་འདས་པའི་ལས་སོ། །རྣམ་པར་ཤེས་པ་ནི་ད་ལྟར་གྱི་ཐོག་མར་ མངལ་དུ་འཇུག་པའོ། །མིང་དང་གཟུགས་ནི་ཡན་ལག་ལྔ་དང་དབང་པོ་བཞི་མ་ཚང་བའོ། །སྐྱེ་མཆེད་དྲུག་ནི་དབང་པོ་བཞི་དང་ལྡན་པའོ། །རེག་པ་ནི་བདེ་བ་དང་སྡུག་བསྔལ་གྱི་བྱེ་བྲག་མི་ཤེས་པའོ། །ཚོར་བ་ནི་སྲེད་པ་གཅིག་ལ་ཆགས་པའོ་སྲེད་པ་ནི་འདོད་པའི་ཡོན་ཏན་ལྔ་ ལ་ཆགས་པའོ། །ལེན་པ་ནི་ནང་དང་ཕྱི་རོལ་དག་ལ་ཆགས་པའོ། །སྲིད་པ་ནི་ཕྱི་དང་ནང་གི་དངོས་པོ་ལུས་དང་ངག་དང་ཡིད་ཀྱི་ལས་བསྐྱེད་པའོ། །སྐྱེ་བ་ནི་ད་ལྟར་གྱི་རྣམ་པར་ཤེས་པར་བཞག་པ་མ་འོངས་པའི་སྐྱེ་བའོ། །རྒ་ཤི་ནི་ད་ལྟར་གྱི་མིང་དང་གཟུགས་ནས་ཚོར་བའི་བར་མ་འོངས་ པའི་རྒ་ཤིའོ། །མངལ་དུ་ཤི་བ་ལ་སོགས་པ་ནི་བཅུ་གཉིས་མེད་དེ་རྫོགས་ལྡན་ལ་ཡོད་པའོ། །གཟུགས་དང་གཟུགས་མེད་པ་དག་ན་ཡང་ཐམས་ཅད་ཀྱི་ས་བོན་ཡོད་པས་བཅུ་གཉིས་སུ་བཞག་གོ་ ༈ །རྩ་བ་སེམས་སུ་གྲུབ་པ་ཉིད་བསྡུ་བ་ནི། དེས་ན་ཆོས་ཀུན་བཅོས་བུ་ གཟུགས་བརྙན་ལྟར། །ཇི་ལྟར་བསྒྲུབ་བཞིན་འགྲུབ་པར་དམིགས་པ་སྟེ། །འདི་ལ་བདག་པོའམ་བྱེད་པོ་འགའ་མེད་པར། །མཐུ་ཆེན་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་གདའ། །རྟེན་འབྲེལ་ནི་སྟོང་པའི་རྟགས་སུའང་འཆད་པར་འགྱུར་བས་ན་དེ་ལས་ཆོས་ཐམས་ཅད་ཀྱི་རྩ་བ་རྒྱུ་རྐྱེན་གྱིས་གློ་བུར་ དུ་བྱས་པས་རྩྭའི་མེ་ལ་སོགས་པ་ལྟ་བུ་ཡིན་པའི་ཕྱིར། གང་ཞིག་ཇི་ལྟར་བསྒྲུབས་པ་དེ་ལྟར་འགྲུབ་པས་ན་བདེན་པར་གནས་པའི་རང་བཞིན་གང་ཡང་མ་གྲུབ་པས། བྱེད་པ་པོ་ལ་སོགས་པའི་བདག་མེད་ཅིང་གཡོ་བ་མེད་བཞིན་དུ་སེམས་བག་ཆགས་སྣ་ཚོགས་རྒྱས་པ་ཅན་ གྱི་གར་མཁན་གྱིས་སྦྱར་བའི་རྣམ་འཕྲུལ་གྱི་སྣང་བ་ཙམ་དུ་ཟད་པར་བལྟའོ། །རྒྱ་མཚོས་ཞུས་པ་ལས། སེམས་སྣ་ཚོགས་ཀྱིས་དགེ་བ་དང་མི་དགེ་བ་སྣ་ཚོགས་ཀྱིས་ལུས་སྣ་ཚོགས་བྱས་པའོ། །སེམས་ནི་གཟུགས་མེད་བསྟན་དུ་མེད་དེ། དེས་ན་ཆོས་ཐམས་ཅད་ནི་བཅོས་མ་ [058A]༄༅། །རྣམ་པར་བསྒྲུབས་པས་གནས་པའི་མཚན་ཉིད་དོ། །ལས་ཀྱང་ཅི་ལྟར་བསྒྲུབས་པ་ལྟར་འགྲུབ་པས་བདག་པོའམ་བྱེད་པ་པོ་གང་ཡང་མེད་དོ། །ཆོས་འདི་དག་ནི་བསམ་གྱིས་མི་ཁྱབ་པ་སྒྱུ་མའི་རང་བཞིན་ནོ་ཞེའོ། ༈ །རྩ་བ་སེམས་ཉིད་དུ་འདུལ་ བར་བསླབ་པ་ནི། དེ་བས་མཁས་པས་སེམས་ཉིད་རབ་བརྟགས་ཏེ། །འདུལ་སྦྱོང་མཁས་པའི་ལྕགས་ཀྱུས་ལེགས་བཏུལ་བའི། །གླང་པོ་བཞིན་དུ་ལོག་འཇུག་རབ་བཟློག་ནས། །བཟང་པོའི་དམིགས་ལ་གཏད་དེ་ལེགས་པར་བཀོལ། །དེས་ན་བློ་དང་ལྡན་པ་བདག་ལེགས་ སུ་འདོད་པ་རྣམས་ཀྱིས་རྩ་བ་སེམས་ཉིད་ཀྱི་གྱ་གྱུ་དང་ཡོན་པོ་ལ་སོགས་པ་སྐྱོན་རྣམས་རིག་པར་བྱས་ལ། གླང་པོ་མ་དུལ་བ་མྱོས་པ་དྲེགས་པ་ཅན་མི་ལ་སོགས་པ་ལ་གནོད་པ་སྣ་ཚོགས་བྱེད་པར་དཔའ་ཞིང་ཆས་པ་དག་འདུལ་སྦྱོང་མཁན་གྱིས་ལྕགས་ཀྱུ་ཀླད་དུ་བཙུགས་ པས་མྱུར་བར་གང་འདོད་དུ་བཞག་ཅིང་དཀྲི་བ་དང་བཀོལ་བར་ནུས་པ་ལྟར། སེམས་དེ་ཉིད་ལོག་པའི་ཡུལ་སྣ་ཚོགས་ལ་ཡན་པར་འཇུག་པ་ལས་དྲན་པ་དང་ཤེས་བཞིན་གྱིས་ལེགས་པར་བསླན་ཏེ། བཟང་པོའི་གནས་དགེ་བ་དང་ཞི་བ་དང་མཐུན་པ་དང་མཚུངས་པར་སྤྱོད་ པ་དག་ལ་སྟོབས་ཅི་ཡོད་པས་སྦྱར་བར་བྱའོ། །དྲན་པ་ཉེ་བར་གཞག་པ་ལས། སེམས་ཅན་ཀུན་གྱི་ལས་ཀུན་ནི། །སེམས་ལ་རག་ལས་འཇུག་པར་འགྱུར། །དེ་ལྟར་རྟག་ཏུ་སེམས་འདུལ་བ། །འཆི་མེད་གནས་སུ་འཁྲིད་པར་བྱེད། །དེ་ལྟའི་སེམས་ནི་གང་ཡིན་པ། །མཁས་པ་ རྣམས་ནི་འདུལ་བར་བྱེད། །དེ་དག་བདུད་ཀྱི་འཆིང་ལས་འདས། །ཕ་རོལ་བདེ་བ་འབྱུང་བ་ཐོབ། །རྣམ་རྟོག་མི་བཟད་གཡོན་ཅན་ཏེ། །དེ་ནི་གཏིང་དཔག་དཀའ་ཞིང་གཡོ། །དེ་ལྟ་བུ་ལ་བརྟེན་པའི་སེམས། །དམྱལ་བའི་གཡང་སར་ཉེ་བར་ལྟུང། ཞེས་སོ། །གཞན་ལས་ཀྱང། ཡིད་ ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བཟང་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཏིང་འཛིན་ལྕགས་ཀྱུས་རིམ་དབང་བྱ། ཅེས་སོ། །ཡང་ཆོས་ལ་སེམས་པའི་ཀ་ཆེན་ལ། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་པར་འགྱུར། ། [058B] ཞེས་སོ། ༈ །སེམས་ལེགས་པར་བཏུལ་བའི་ཆེ་བ་བརྗོད་པ། སེམས་ཀྱི་དགྲ་ཆེན་ལེགས་བཏུལ་འཇིག་རྟེན་གྱི། །གནོད་ཆེན་ཀུན་བཟློག་བསྔགས་ཚོགས་མ་ལུས་ཐོབ། །དེ་ཕྱིར་མཁས་རྣམས་ཤུགས་ཆེན་དེར་གཏུག་གི། དོན་ མེད་དཀའ་ཐུབ་དྲག་པོས་ཅི་བྱར་ཡོད། །འདི་མ་དུལ་བ་ཉོན་མོངས་དང་ཉེས་པར་སྤྱོད་པ་སྣ་ཚོགས་ལ་རྣམ་པར་གཡོ་བ་ནི་མ་རུངས་པའི་དགྲ་ཆེན་པོ་སྟེ། འདིས་ཞེ་སྡང་དྲག་པོ་སྐད་ཅིག་གིས་ཀྱང་མནར་མེད་པར་བསྐྱུར་བ་ལ་ཚེགས་མེད་པས་ན། གལ་ཏེ་ལྷ་དང་ ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་འཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ཆེན་དགྲ་འདི་ནི། །གང་དང་ཕྲད་ན་རི་རབ་ཀྱང། །ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་ འདོར། ཞེས་གསུངས་པ་དང། ཡང་སེམས་ཀྱི་གླང་པོ་ཡན་བཏང་བས། །མནར་མེད་གནོད་པ་བྱེད་པ་ལྟར། །གླང་ཆེན་མ་དུལ་མྱོས་བ་ཡིས། །འདི་ན་དེ་འདྲའི་གནོད་མི་བྱེད། །དེ་ལྟས་འཇིག་རྟེན་གསུམ་པོ་ན། །སེམས་ལས་འཇིག་པ་གཞན་འྒའང་མེད། །ཅེས་སོ། ། དེ་ལེགས་པར་ཐུལ་བ་ལ་ནི་འཇིག་རྟེན་ན་གནོད་པ་གང་མི་སྙེད་ཡོད་པ་དེ་ཐམས་ཅད་བཟློག་པར་འགྱུར་ལ། དེ་ལམ་ལེགས་པར་ཚུད་པས་ནི་ཡོན་ཏན་ཐམས་ཅད་ཀྱང་བདེ་བླག་ཏུ་ཐོབ་པས་ན། མཁས་པ་རྣམས་ཀྱིས་ནི་ནུས་པ་ཐམས་ཅད་སྤྲུགས་པས་སེམས་ཁོ་ན་འདུལ་ བ་ཉིད་ལ་ནན་ཏན་བྱའོ། །སེམས་འདུལ་བར་མི་ནུས་པའི་ལུས་ཀྱི་དཀའ་ཐུབ་དྲག་པོ་གཡང་དུ་མཆོང་བ་དང་མེར་བསྲེག་པ་དང་ཏྲི་ཤུ་ལ་ལ་བརྒྱུག་པ་དང་ཟས་གཅོད་པ་ལ་སོགས་པ་ཐམས་ཅད་ནི་ངལ་བ་འབྲས་བུ་མེད་པས་བདག་དུབ་པའི་མཐར་ལྷུང་དུ་ཟད་དོ། །དྲན་པ་ ཉེ་བར་བཞག་པ་ལས། དེ་ལྟར་ན་སེམས་ཅན་འདི་དག་སྡུག་བསྔལ་ཏེ། སྲེད་པས་བསླུས་ཤིང་གཏི་མུག་གིས་བཅིངས་ཏེ་བག་ལ་ཉལ་དང་ལྡན་པས་དུས་གསུམ་དུ་འཚེད་པར་བྱེད་ཀྱང། སྲིད་པ་གཅོད་པ་ལ་འབད་པ་དང་རྩོལ་བ་མི་བྱེད་པ་ཅི་ འདི་དག་ལ་ [059A]༄༅། །སྙིང་མེད་དམ། འོན་ཏེ་སྙིང་ལ་མི་ཤེས་པ་ཡོད་དམ། ཤེས་ཀྱང་ཡིད་མི་འབྱུང་ངམ་ཇི་ལྟར་གྱུར་པ་ཡིན། མཐོ་རིས་སུ་ཡུན་རིང་ན་ཡང་སེམས་སྐྱོ་བར་འོས་ན་སེམས་བསྲ་བ་དེ་ལྟ་ཅི་སྨོས། ཐོག་མ་མེད་པ་ནས་བསླུ་བར་བྱེད་པའི་སེམས་ལ་ མི་མཐུན་པར་གྱུར་པ་ལྔ་སྟེ། རྒ་བ་དང་ན་བ་དང་འཆི་བ་དང་མི་སྡུག་པ་དང་ཕྲད་པ་དང་སྡུག་པ་དང་བྲལ་བའོ། །ཡང་ཉེས་དམིགས་བཅུས་གནོད་དེ། བཀྲེས་པ་དང་སྐོམ་པ་དང། སྡུག་པ་དང་བྲལ་བ་དང། ཡུལ་ནས་ཡུལ་དུ་འགྲོ་བ་དང། སྐྱེ་ཞིང་འཆི་བ་དང། གཞན་ གྱིས་བརྙས་པ་དང། གཞན་གྱིས་བཀོལ་བ་དང། ཚ་ཞིང་གྲང་བ་དང། ཟླས་དབྱེ་བ་དང། འབྱོར་བ་རྒུད་པ་དང། འདོད་པའི་ཉེས་དམིགས་སོ། །དེ་ལྟ་བུས་མནར་ཀྱང་མི་དགག་བ་མེད་པའི་སེམས་དགྲ་ལྟ་བུ། རྣ་བ་དང་སྙིང་མེད་པ། རྡོ་དང་རྡོ་རྗེ་ལྟ་བུ་འདོད་པ་ལ་ཆོག་མི་ཤེས་ པ། དམ་པའི་ཆོས་ལ་དགའ་བ་རྣམས་ཀྱང་མི་བྱེད་པས་ཡོན་ཏན་ཐམས་ཅད་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་ཤིན་ཏུ་བསླུས་པས་ན་སྙིང་རྗེ་བར་འོས་པའོ་ཞེས་སོ། །ཡང་སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བདེ་བ་ཐོབ་པར་བྱེད། །གང་གིས་རྟག་ཏུ་སེམས་བཏུལ་བ། །དེ་ ཡིས་རྟག་ཏུ་ཉེས་པ་བཅོམ། །ཉེས་པ་བཅོམ་པའི་བརྟན་པོ་ལ། །སྡུག་བསྔལ་ཉིད་ཀྱིས་གནོད་མི་འགྱུར། །ལས་ཀྱི་ཐག་པ་དམ་པོ་ཡིས། །སྐྱེ་བོ་བཅིངས་པ་སྡུག་བསྔལ་ཆེ། །ཚེ་རབས་དག་ནི་སྟོང་སྙེད་དུ། །འཁྲིད་པར་བྱེད་ཀྱང་མི་མཐོང་ངོ། །སྐད་ཅིག་ཏུ་ནི་དགེ་བྱེད་ཅིང། །སྐད་ ཅིག་ཏུ་ནི་མི་དགེ་བྱེད། །དགེ་དང་མི་དགེ་བྱེད་པ་ཡི། །སེམས་དུལ་བ་ནི་བདེ་བར་འགྱུར། །གང་ཞིག་འདིར་ནི་སྡུག་བསྔལ་ཞིང། །ཕ་རོལ་ཏུའང་སྡུག་བསྔལ་བ། །དེ་དག་ཐམས་ཅད་མི་བཟད་པའི། །སེམས་འདི་ཡང་ཞིང་གཡོ་བ་ཡིན། །ལྷ་དང་ལྷ་མིན་ཤ་ཟ་ཀླུ། ལྟོ་འཕྱེ་སྲིན་པོར་ བཅས་པ་ཡིས། །གཙོ་བོ་མཆོག་ཅིག་སེམས་ཡིན་ཏེ། །དེ་ནི་སྲིད་གསུམ་རྒྱལ་པོ་བཞིན། །སེམས་ཀྱིས་ལྷ་ཡི་ཡུལ་རྣམས་དང། །སེམས་ཀྱིས་མི་ཡུལ་རྣམས་སུ་འཁྲོད། །སེམས་ཀྱིས་ངན་འགྲོ་རྣམས་སུ་འཁྲིད། །སེམས་ཀྱིས་སྐྱེ་དགུ་འཁྱམ་པར་བྱེད། །ཕན་པ་མེད་པའི་ [059B] །འཁྲུལ་ཞིང་ཉམས་པར་གྱུར་པའི་སེམས། །སྲེད་པ་ཡིས་ནི་བདས་པས་ན། །སྡུག་བསྔལ་མཐའ་མེད་པ་ལ་གནས། །སྤྱོད་པ་གཅིག་ལ་རྟག་ཏུ་སྦས། །སྙོན་པར་དཀའ་བ་སྟོབས་པོ་ཆེ། །ཉམས་པར་བྱེད་ལ་མི་མངོན་པ། །དེ་ནི་མི་བརྟན་མྱུར་དུ་འགྲོ། ཞེས་སོ། ། གཞན་ལས་ཀྱང། །སེམས་ནི་གཅིག་བུ་བཏུལ་བ་ཡིས། །གནོད་པ་མ་ལུས་ཐུལ་བར་འགྱུར། །སེམས་འདི་གཅིག་པུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་ སོ།། ༈ །སྤྲོས་ཏེ་བཤད་པ་ལ་དང་པོར་ལས་འབྲས་བསྒོམ་པའི་རྩ་བར་ཡང་དད་པ་བསྒོམ་པའི་དབང་དུ་བྱས་ནས། །ལས་འབྲས་སོ་སོར་ངེས་པ་སྣ་ཚོགས་ལ། །ཡིད་ཆེས་བརྟན་ཞིང་སྐྱབས་མཆོག་རྣམས་ལ་ནི། །རབ་དང་ཐར་པ་དམ་པ་དོན་གཉེར་གང། །དེས་ནི་རྟེན་འབྲེལ་ ཟབ་སྒོར་འཇུག་པ་ཐོབ། །དད་པ་ནི་ཡིད་ཆེས་པ་དང། དང་བ་དང། འདོད་པའི་དད་པ་གསུམ་མོ། །དང་པོ་ལས་འབྲས་སོ་སོར་ངེས་པ་ཉིད་ལ་མི་སྲིད་པར་དོགས་པ་ལ་སོགས་པས་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་ཟ་བ་སྤངས་ནས། ཡིད་ཆེས་པ་བརྟན་པས་དགེ་བ་ མངོན་པར་འདུ་བྱ་ཞིང་མི་དགེ་བ་སྤང་བར་དོན་དུ་གཉེར་བ་སྐྱེད་པར་བྱེད་པའོ། །དང་བ་ནི་དཀོན་མཆོག་དང་བླ་མ་ལ་སོགས་པའི་ཡོན་ཏན་ལ་སེམས་མངོན་པར་དད་ཅིང་དགའ་བ་དང་གུས་པར་བྱེད་པའོ། །འདོད་པ་ནི་བདེན་པ་བཞི་ལ་སོགས་པ་ལ་ཐོབ་པ་དང་དོར་བར་ཆེད་ དུ་བྱེད་པ་སྟེ། ཕན་པ་དང་མི་ཕན་པའི་འབྲས་བུ་དག་བསྒྲུབ་པ་དང་སྤང་བ་དོན་དུ་གཉེར་བར་བྱེད་པའོ། །དེ་ལྟ་བུའི་དད་པ་དང་ལྡན་པ་ནི་ལས་ཕྲ་བའང་ཆུད་མི་ཟ་བར་ངེས་པ་ལས་རྟེན་འབྲེལ་གྱི་སྒོ་རྒྱུ་དང་འབྲས་བུ་ཟབ་ཅིང་ཕྲ་ལ་ཞིབ་པ་བསམ་གྱིས་མི་ཁྱབ་པའི་ནུས་པ་ དང་ལྡན་པ་རྣམ་པར་ངེས་པ་ལ་འཇུག་པ་ཐོབ་པའོ། ༈ །དེ་དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བར་ཡང་བསྒྲུབ་པ་ནི། གཞན་ཡང་རྒྱུན་ཏུ་སྐྱབས་མཆོག་མི་འབྲས་ཞིང། །ལོག་པའི་ལམ་སྤངས་བག་ཡོད་ལམ་སྤྱོད་པས། ཡོན་ཏན་ཀུན་སྡུད་མྱུར་དུ་སྲིད་པ་ཡི། ། [060A]༄༅། །རྒྱ་མཚོ་བརྒལ་ནས་འགྲོ་ཀུན་སྒྲོལ་བར་འགྱུར། །དེ་དང་ལྡན་པས་དུས་དང་གནས་སྐབས་དང་སྐྱེ་བ་ཐམས་ཅད་དུའང་དཀོན་མཆོག་གསུམ་དང་བླ་མ་ལ་སོགས་པ་སྐྱབས་དམ་པ་དག་རང་མི་འབྲས་བས་སངས་རྒྱས་མཐོང་བ་ལ་སོགས་པས་ མི་གཏོང་བའི་ཕྱིར། ལོག་པའི་ལམ་ཐམས་ཅད་སྤངས་ཤིང་བཟང་པོའི་ལམ་དུ་ཞུགས་ཏེ། བག་ཡོད་པ་ཐོབ་པས་དཀར་པོའི་ཆོས་ཐམས་ཅད་བསྒྲུབ་པ་དང་བཟློག་པ་སྤོང་བར་བསྒྲིམས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་སྡུད་པས་ན། མྱུར་བར་ རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་ལུས་པ་བསྒྲུབ་པར་ནུས་པའོ། །རྩ་བ་དད་པ་བསྒོམ་པ་འདིའི་དབང་དུ་བྱས་ནས་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་ལས། དད་པ་གང་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་དང་མོས་པ་དང་ཡིད་ཆེས་པ་དང་ཐེ་ ཚོམ་མི་ཟ་བ་དེ་ནི་དད་པའོ། །ཡང་ལས་དང་རྣམ་པར་སྨིན་པ་ལ་དད་པ་དང། རྙོག་པ་མེད་པའི་སེམས་ལ་དད་པ་དང། ཆོས་ཐམས་ཅད་སྟོང་པ་ལ་སོགས་པ་ལ་དད་པ་དང། སྦྱིན་པ་དང་སྦྱིན་པའི་འབྲས་བུ་ནས་ཤེས་རབ་དང་ཤེས་རབ་ཀྱི་འབྲས་བུའི་བར་ལ་དད་པའོ། ། དང་བའི་མཚན་ཉིད་ནི་དད་པ་སྟེ་ཐེག་པ་ཆེན་པོ་ལ་མོས་པའོ་ཞེས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་དད་པ་དང་ལྡན་པ་ཞེས་བྱ་བ་ནི་དད་པ་མང་བ་དང་འཕགས་པ་ལ་བལྟ་བར་འདོད་པ་དང། དམ་པའི་ཆོས་ཉན་པར་འདོད་པ་དང། ལས་དང་རྣམ་པར་སྨིན་པ་ ལ་ཡིད་ཆེས་པ་དང། མི་དགེ་བ་བཅུ་སྤངས་ཤིང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་དགེ་བའི་བཤེས་གཉེན་དུ་ཤེས་ནས་ཡིད་ཆེས་ཤིང་བསྟེན་པར་བྱེད། མཉེས་པར་ བྱེད་པའོ་ཞེས་སོ། །ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང། དཀོན་མཆོག་གསུམ་ལ་དད་ཅིང་དང་བའི་སེམས་ཅན་ནི་དཀོན་ཏེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་ནོ། །ཞེས་སོ། །རྒྱ་མཚོས་ཞུས་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་པ་ནི་དད་པ་ཅན་ [060B] མོས་པའི་སྟོབས་དང། ལས་དང་རྣམ་པར་སྨིན་པ་ལ་འཇུག་པའི་སྟོབས་དང། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྟོབས་དང། ཡི་དམ་ལ་བརྟན་པའི་སྟོབས་དང། མི་དགེ་བ་ཐམས་ཅད་སྤངས་ཏེ་ཉེས་པར་བྱས་པ་ཐམས་ཅད་བཟོད་པའི་སྟོབས་དང་ལྡན་པའོ་ ཞེས་སོ། །གཞན་ལས་ཀྱང། འདི་ན་སྐྱེས་བུའི་ནོར་མཆོག་དད་པ་སྟེ། །འདི་ན་ཆོས་ལ་ལོངས་སྤྱོད་བདེ་བ་ཐོབ། །བདེན་པ་ཁོ་ན་རོ་བྲོ་རྣམས་ཀྱི་ཕུལ། །ཤེས་རབ་ཀྱིས་འཚོ་འཚོ་བའི་མཆོག་ཅེས་གསུངས། །འཕགས་པ་བལྟ་བར་འདོད་པ་དང། །དམ་ཆོས་ཉན་པར་དགའ་བ་དང། ། སེར་སྣའི་དྲི་མ་རྣམ་སྤངས་པ། །དེ་ནི་དད་པ་ཅན་ཞེས་བྱ། །ཞེས་སོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང། དད་པ་དང་ལྡན་ན་སངས་རྒྱས་མཐོང་བ་དང་ཆོས་ཉན་པ་དང་དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལས་མི་ཉམས་སོ། །གང་དུ་སྐྱེས་པར་ཡང་དེ་དག་དང་མི་ འབྲལ་ལོ། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་སྐྱེས་ནས་དགེ་བ་འཚོལ་བ་བརྩོན་པས་ཁྱིམ་དང་ཆུང་མ་དང། བུ་དང་མུ་མོ་ལ་སོགས་པ་དོན་དུ་མི་གཉེར་རོ། །གཞོན་པ་ན་ཡང་རྩེ་བ་ལ་མི་དགའ་བས་ན་ཚོང་མཛེས་པའི་ཚེ་དད་པས་རབ་ཏུ་བྱུང་སྟེ། དགེ་བའི་བཤེས་གཉེན་ བསྟེན་ཅིང་དགེ་བའི་བསམ་པས་ཆོས་ཉན་ཏོ། །བསྒྲུབ་པ་སྙིང་པོར་བྱེད་ཀྱི། ཚིག་ལྷུར་ལེན་པར་མི་བྱེད་དོ། །མང་དུ་ཐོས་པ་ལ་བརྩོན་པར་བྱེད་ཅིང་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་ཟང་ཟིང་ལ་མི་ལྟ་བས་སྙིང་བདེན་པ་གཞལ་ལ་སྟོན་ཏོ། །དེ་ཆོས་འབའ་ཞིག་སྒྲུབ་པར་ བྱེད་ཀྱི། འདོད་པ་འཚོལ་བར་མི་བྱེད་དོ། །དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་ནོ། །འཇིག་རྟེན་པ་རྣམས་ཀྱི་རྟོན་པར་ཡང་འགྱུར་རོ། །བག་ཡོད་པ་ལྷུར་བྱེད་པས་དབང་པོའི་སྒོ་སྡོམ་ཞིང། རང་གི་སེམས་འདུལ་བར་བྱེད། གཞན་གྱི་སེམས་ཀྱང་སྲུང་བར་བྱེད་དོ། །དེ་ ལྟར་དད་པ་དང་བག་ཡོད་པ་གཉིས་དང་ལྡན་པས་ན་ཆོས་ལ་གཅིག་ཏུ་གཞོལ་བས། ཚེ་ཕྱི་མ་ངན་འགྲོར་འགྲོ་བས་མི་འཇིགས་ཏེ། ཉེས་པར་སྤྱོད་པ་རྣམས་ལ་སེམས་མི་འགྲོ་ཞིང། འཕགས་པ་རྣམས་ཀྱིས་བསྔགས་པའི་ལས་བྱེད་པའི་ཕྱིར་རོ། །ཡང་དད་པ་དང་དད་ [061A]༄༅། །མང་བ་དང། རྙོག་པ་མེད་པའི་སེམས་དང་ལྡན་པ་དང། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང། མོས་པ་དང་རྟོགས་པ་དང་སོམ་ཉི་མེད་པ་དང། ཐེ་ཚོམ་མེད་པ་དང་ཡིད་གཉིས་མེད་པ་དང། དཀར་བ་དང་གནག་པའི་ལས་ དང་རྣམ་པར་སྨིན་པ་ཆུད་མི་ཟ་བར་ཤེས་ནས་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དེ། སྲོག་མི་གཅོད་པ་ལ་སོགས་པས་མི་དགེ་བའི་ལས་ཀྱི་ལམ་རྣམ་པ་བཅུ་པོ་ལ་མི་དམིགས་པ་ན་ཆུད་མི་ཟ་པའི་ལམ་ཡིན་ནོ། །སྦྱིན་པས་ལོངས་སྤྱོད་དང། ཚུལ་ཁྲིམས་ཀྱིས་ མཐོ་རིས་དང། ཐོས་བས་ཤེས་རབ་ཆེ་བ་དང། བསྒོམ་པས་འབྲེལ་བར་འགྱུར་བའང་ངོ་ཤེས་སོ། །དཀོན་མཆོག་ཏ་ལ་ལས་ཀྱང། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག། ལག་པ་ བཞིན་དུ་དག་སྡུད་རྩ་བ་ཡིན། ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ། །དེ་ལྟར་དད་པའི་རྩ་བ་བརྟན་པས་དཀར་ནག་གི་ལས་འབྲས་སྤྱིར་བསམ་པ་སྟོན་པ་ན། ༈ ལེགས་སྤྱད་ཉེས་སྤྱང་སོ་སོར་སྤྱད་ པ་ཡིས། །རྣམ་སྨིན་སྡུག་ཅིང་ཡིད་འོང་མ་ལུས་དང། །མི་འདོད་སྣ་ཚོགས་སོ་སོར་མྱོང་འགྱུར་བ། །རྒྱུ་འབྲས་རྗེས་སུ་བྱེད་པའི་ཆོས་ཉིད་དོ། །ལེགས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་ནི་འདོད་པ་སྡུག་པ་ཡིད་དུ་འོང་བ་དཔེན་པ་ཕངས་པ་བདེ་འགྲོ་རྣམས་ཀྱི་བདེ་འབྱོར་སྣ་ཚོགས་ ཅི་རིགས་པ་དག་དང། ངན་སོང་དག་ཏུ་ཐ་ན་དམྱལ་བའི་མེས་ཡོངས་སུ་བསྲེག་ཅིང་གདུང་བ་ན་བསེར་བུ་བསིལ་བས་སྐད་ཅིག་ཐང་ཅིག་དུ་ངལ་གསོ་བ་ཙམ་ཡན་ཆོད་ལུས་དང་ལོངས་སྤྱོད་ལ་སོགས་པའི་བདེ་བ་གང་དང་གང་སོ་སོར་མྱོང་བ་ཐམས་ཅད་དོ། །ཉེས་པར་སྤྱོད་པ་ རྣམས་ཀྱི་རྣམ་པར་སྨིན་པ་ནི་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་མི་དབེན་པ་མི་ཕངས་པ་ངན་སོང་དག་དི་སེམས་ཅན་དམྱལ་བར་ལུས་འབར་པ་ལ་སོགས་པ་དྲག་ཅིང་ཡུན་རིང་བ་བར་མ་ཆད་པ་རྣམས་དང། བདེ་འགྲོ་དག་ཏུའང་ཚེ་ཐུང་བ་དང་ནད་མང་བ་ལ་སོགས་པ་གང་ [061B] །དེ་དག་ཀྱང་ལས་ལྕི་བ་དང་ཡང་བ་དང་པར་མ་དག་ལས་གནས་དང་ལུས་དང་ཚེ་དང་བདེ་སྡུག་གི་ལོངས་སྤྱོད་རབ་དང་འབྲིང་དང་ཐ་མ་ཅི་རིགས་པར་སོ་སོར་ངེས་པ་ཐོབ་པ་ཉིད་ཀྱིས་ཅུང་ཟད་ཀྱང་མ་འཆོལ་བར་ཉམས་སུ་མྱོང་བར་ འགྱུར་བ་སྟེ། དེ་དང་དེ་མིན་རང་བཞིན་ཅན། །དེ་དང་དེ་མིན་རྒྱུ་ལས་སྐྱེས། །དེ་དག་ཕུལ་བྱུང་འགྲིབ་པ་ལས། །འགྲིབ་དང་འཕེལ་བ་འཐོབ་པར་འགྱུར། །ཞེས་མཁས་པ་དག་གིས་གསུངས་པའི་ཚུལ་གྱི་འབྲས་བུ་ས་པོན་ཇི་ལྟ་བའི་རྗེས་སུ་བྱེད་པ་ནི་རྟེན་ཅིང་འབྲེལ་བར་ འབྱུང་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །མདོ་དག་ལས་ཀྱང་སེམས་ཅན་འདེ་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་འཕགས་པ་ལ་སྐུར་པ་མི་འདེབས་པ་ཡང་དག་པར་ལྟ་བ་དག་སྟེ། ཡང་དག་པར་ལྟ་བའི་ལས་ དང་ཆོས་ཡང་དག་པར་བླངས་པའི་རྒྱུ་དང་རྐྱེན་དེས། ལུས་ཞིག་སྟེ་ཤི་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེའོ། །སེམས་ཅན་འདེ་དག་ནི་ལུས་གང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་འདེབས་པ་ལོག་པར་ ལྟ་བ་དག་སྟེ། ལོག་པར་ལྟ་བའི་ལས་དང་ཆོས་ཡང་དག་པར་བླངས་པའི་རྒྱུས། ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེའོ་ཞེས་ལས་ཇི་ལྟ་བར་ཉེ་བར་འགྲོ་བའོ་ཞེས་སོ། །རྒྱ་མཚོས་ཞུས་པ་ལས་ཀྱང། མཁས་པ་རྣམས་ ཀྱིས་ནི་བསམ་གྱིས་མི་ཁྱབ་པ་སྒྱུ་མའི་མཚན་ཉིད་དུ་ཤེས་ནས་དགེ་བའི་ལས་ཁོ་ན་མངོན་པར་འདུ་བྱ་སྟེ། དེས་ཡང་དག་པར་བསྒྲུབས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་མཛེས་ཤིང་གསལ་བ་འགྲུབ་པོ། །སངས་རྒྱས་ཀྱི་སྐུ་བསོད་ནམས་བྱེ་བ་འཕག་འབྲམ་གྱིས་ཡང་ དག་པར་བསྒྲུབས་ཤིང་བརྒྱན་པས་ལྷ་དང་བཅས་པའི་འཇིག་རྟེན་དང། འབུམ་ཕྲག་བཅུ་ལ་དབང་བའི་ཚིངས་པའང་མོག་མོག་པོར་ཟིལ་གྱིས་མནན་ཅིང། དེ་ལ་ལྟ་ནའང་མིག་ཁྲལ་ཁྲུལ་དུ་འགྱུར་བ་ལ་ལྟོས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་དུ་གྱུར་པའི་མཚན་བཟང་ [062A]༄༅། །པོ་རྣམས་ལ་ལྟོས། དེ་དག་ཐམས་ཅད་ཀྱང་དགེ་བའི་རྩ་བས་རྣམ་པར་བསྒྲུབས་པའོ། །གང་ཡང་དུད་འགྲོ་ལ་སོགས་པ་མི་སྡུག་པ་འཇིགས་སུ་རུང་བ། རྒས་པ་དང་ཕྲ་བ་སྣ་ཚོགས་དེ་དག་ཀྱང་རང་གི་སེམས་དང་དགེ་བ་དང་མི་དགེ་བ་རྣམས་ ཀྱིས་བྱས་པ་སྟེ། དེས་ན་ལས་བདག་གིར་བྱ་བ་དང་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་བསླབ་པར་བྱའོ། དེ་ལྟ་ན་དགེ་བ་ཉིད་བྱ་བར་བློ་འཇུག་ཅིང་རྟག་པ་དང་ཆད་པར་ལྟ་བར་མི་འགྱུར་རོ། །སྦྱིན་གནས་རྣམས་མགུ་བར་བྱས་ཤིང་ཐུགས་མ་ཕྱུང་བར་བཀུར་སྟེ་བྱས་ པའི་དགེ་བའི་རྩ་བས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཀུར་སྟིའི་གནས་སུ་འགྱུར་བར་བྱའོ། །ཆོས་གཅིག་གིས་ནི་ངན་འགྲོ་གཅོད་པར་འགྱུར་ཏེ། བདག་ཇི་ལྟར་གྱུར་པས་ཉིན་མཚན་འདའ་ཞིང་འདུག་སྙམ་དུ་དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པའོ། །དེས་ནི་ མི་བདེ་བའི་སྐབས་མི་འབྱེད་པས་དགེ་བའི་སེམས་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་བ་རྙེད་དོ་ཞས་ས། །དྲན་པ་ཉེ་བར་གཞག་པ་ལས་ཀྱང། དགེ་བའི་ལས་ཀྱིས་སྐྱེ་པོ་དག། །ལྷག་ཡི་ཡུལ་དུ་མཆོད་བར་འགྱུར། །དེ་ལྟར་མི་དགེས་དམྱལ་ བར་འཁྲིད། །ལས་ཀྱི་འགྱུར་བ་དེ་འདྲའོ། །ལས་ཀྱི་ཐག་པ་རིང་པོ་ཡིས། །སྲིད་པར་རྒྱུ་བ་བཅིངས་པ་རྣམས། །དགྲ་དག་འཁོར་ལོས་བཅིངས་པ་ལྷར། དབང་མེད་ལས་ཀྱིས་འཁྱམས་པར་བྱེད། །ཇི་ལྟར་མཁའ་ལ་རླུང་ཤུགས་ཀྱིས། །ཕྱག་དར་དུམ་བུར་འཐོར་བ་ལྟར།། དེ་ལྟར་སྲིད་པར་རྒྱུ་བ་རྣམས། །ལས་ཀྱིས་སྟེང་འོག་ཐད་ཀར་འཁྱམ། །ཇི་ལྟར་ཆུ་ནི་རབ་དྭངས་ཤིང། །ཇི་ལྟར་ནམ་མཁའ་རབ་དྭངས་པ། །བདེ་བ་མཆོག་ཏུ་འགྲོ་བར་འགྱུར། །ངོ་ཚ་མེད་ཅིང་ཁྲེལ་མེད་དང། །རྒོད་དང་སྡིག་པའི་གྲོགས་པོ་ནི། །འདི་དག་དུག་དང་མེ་དང་ འདྲ། །མཁས་པས་དེ་དག་སྤང་བར་གྱིས། །བདེན་དང་སྦྱིན་དང་དེ་བཞིན་དུ། །བཟོད་དང་དགེ་བཤེས་རྟག་ཏུ་བསྟེན། །འབྱུང་བོ་རྣམས་ལ་རྟག་བྱམས་པ། །ལྷ་ཡུལ་གྱི་ནི་ལམ་བརྒྱགས་ཡིན། །ཆོས་དང་ཆོས་མིན་གཙོར་འཛིན་པ། །ཀུན་ལས་འཇིག་རྟེན་སྲོག་ཡིན་ཏེ་ [062B] །དེ་བས་ཆོས་ལ་དགའ་བར་གྱིས། །གང་ཞིག་ཆོས་ནི་ཡོངས་སྤངས་ནས། །མི་དག་ཉེས་པ་བྱེད་ལ་དགའ། །དེ་ནི་ཉེས་པས་གདུངས་པ་ཡིས། །རྟག་ཏུ་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་སོ། །ཡང། སེམས་ཅན་རྣམས་ལ་བདེན་ དང་དེ་བཞིན་དུ། །སྦྱིན་དང་བྱམས་པ་བསྲུང་ཞིང་ཚིག་སྙན་སྨྲ། །ཡང་དག་ལྟ་དང་དྲི་མ་བྲལ་བའི་ཡིད། །སངས་རྒྱས་ཀྱིས་ནི་མཐོ་རིས་ལམ་དུ་གསུངས། །དཀར་པོའི་ཆོས་དང་ཡང་དག་ལྡན། །དཀར་པོའི་སེམས་ལ་བརྟེན་པ་རྣམས། །སྣང་ལས་སྣང་བའི་མེ་ཏོག་ དང། །སྒྲོན་ལས་སྒྲོན་མ་གཞན་འབྱུང་ལྟར། །སྣང་ལས་སྣང་བའི་མཆོག་འབྱུང་ཞིང། །བདེ་ལས་ཤིན་ཏུ་བདེ་བར་འགྲོ། །དེ་བས་སྐྱེས་བུ་འགྲོན་མས་ངམ་གྲོག་ཏུ་ནི་ལྟུང་མི་འགྱུར། །འདོད་པའི་དྲི་མས་མ་གོས་བརྐམ་པ་མེད། །སྐྱོན་དག་སྤངས་ཤིང་བཅོམ་སྟེ་ སྲེད་དང་བྲལ། །ཉེས་མེད་དྲི་བྲལ་སེམས་ཅན་བརྟན་པ་དེ། །རང་གི་འབྲས་བུ་ལ་སྤྱོད་མཐོ་རིས་འགྲོ། སེམས་ཅན་མིར་ནི་གྱུར་པ་དག། ལེགས་པར་སྤྱད་པ་མང་སྤྱད་པ། །ལས་ཀྱི་རྣམ་སྨིན་དེ་ཡིས་ནི། །ལྷ་ཡི་འཇིག་རྟེན་རབ་ཏུ་འགེངས། །མི་ཡི་མཐུ་ཡིས་ལྷ་འབྱུང་ལ། །ལྷ་ཡི་ མཐུ་ཡིས་མི་འབྱུང་སྟེ། །ཕན་ཚུན་མཐུས་བྱུང་འདི་དག་ནི། །དམ་པའི་ཆོས་ཀྱི་ལམ་དུ་གནས། །ལྷ་ཡི་བདེ་འགྲོ་མི་ཡིན་ལ། །མི་ཡི་བདེ་འགྲོ་ལྷ་ཡིན་ཏེ། །ངན་སོང་གསུམ་གྱིས་དག་ནི། །དགེ་བའི་ལས་རྣམས་སྤངས་པ་ཡིན། །བདེ་བ་ཐམས་ཅད་ཆོས་ལ་ལས། །མྱ་ངན་འདས་པ་ ཆོས་ལ་ལས། །གཉིད་ལོག་རྣམས་ལ་ཆོས་སྟོན་ཅིང། །འགྲོ་བ་མཆོག་ནི་ཆོས་ཡིན་ནོ། །ཞེས་སོ། །ཡེ་ཤེས་རྒྱས་པ་ལས་ཀྱང། བདག་གི་ཕྱིར་དང་གཞན་གྱི་ཆེད་དག་ཏུ། །བདེ་བ་འདོད་ན་སྡིག་པ་མི་བྱ་སྟེ། །བྱིས་པ་བདེ་འདོད་གང་ཞིག་སྡིག་བྱེད་ན། །དེ་ཡི་འགྲས་བུ་སོ་སོར་མྱོང་ བར་འགྱུར། །ཞེས་སོ། །ཚོམས་དག་ལས་ནི། སྡིག་པའི་འབྲས་བུ་དམྱལ་སོགས་དང། །བསོད་ནམས་བྱས་པས་བདེ་འགྲོ་སྟེ། །གཞན་དག་གིས་ནི་ལམ་བསྒོམས་པས། །ཟག་མེད་མྱ་ངན་འདའ་བར་འགྱུར། །ཞེས་སོ། ༈ །དེ་དག་ལ་སྤང་བ་དང་བསྟོན་པས་འཇུག་པའི་ཚུལ་ནི། དེ་ [063A]༄༅། །ཕྱིར་རྟོག་ལྡན་དམ་པའི་རྗེས་འབྲང་བས། །འབད་པ་ཀུན་གྱིས་ཆགས་སོགས་སྡིག་འདོད་པའི། །རྟོག་ངན་རབ་སྤངས་དགེ་བ་འཚོལ་ཡིད་ཀྱིས། །ལེགས་སྤྱད་འབའ་ཞིག་ལྷུར་བྱ་བརྩོན་པའི་རིགས། །མཁས་པའི་སྐྱེ་བོ་དམ་པ་རྣམས་ཀྱི་རྗེས་ སུ་འབྲང་བ་རྟོག་པ་དང་ལྡན་པ་རྣམས་ཀྱིས་ནི་ལས་དང་རྣམ་པར་སྨིན་པའི་སྒོ་དེ་ལྟ་བུ་ལ་སོགས་པ་མང་དུ་བཀའ་དང་བསྟན་བཅོས་དག་དང་བླ་མའི་མན་ངག་ལས་རྣམ་པར་ངེས་པར་བྱས་ནས། རང་དང་གཞན་གྱི་དོན་ཆེན་པོ་བསྒྲུབ་པར་འདོད་པས་བདག་ཉིད་འདམ་ན་ གནས་པས་ནི་གཞན་སྒྲོལ་བར་མི་ནུས་པའི་ཕྱིར། དང་པོར་རང་ཉིད་བཟང་བོའི་གནས་སུ་དབུགས་ཕྱིན་པར་བྱ་བའི་དོན་དུ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལས་སྡིག་པ་བྱེད་འདོད་པའི་རྣམ་རྟོག་ངན་པ་ཐམས་ཅད་གཉེན་པོ་སྒོ་སྣ་ཚོགས་ནས་བསྒོམ་ པས་གཞོལ་ཞིང། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆེན་པོའི་ནན་ཏན་གྱིས་ཉེས་པར་སྤྱོད་པ་ཕྲ་བ་ནས་མ་ལུས་པར་སྤང་བ་དང། དགེ་བ་གང་ཡིན་འཚོལ་བའི་ཡིད་དྲག་པོས་ཐུབ་པའི་བརྟུལ་ཞུགས་ནས་བརྩམ་པའི་ལེགས་པར་སྤྱོད་པ་ཐམས་ཅད་ལ་ཆུང་དུ་ནས་ གཙིགས་པོ་ཆེར་འཛིན་པའི་ནན་ཏན་གྱིས་ཅི་ནུས་སུ་བསླབ་ཅིང་བསྒྲུབ་པ་ཁོ་ན་ལྷུར་བྱ་བ་ལ་འབད་ཅིང་བསྒྲུབ་པར་བྱ་བའོ། །འདས་ཆེན་ལས། བདག་གཉེན་བཤེས་ལ་སོགས་པ་ཐམས་ཅད་བཏང་ནས་རབ་ཏུ་བྱུང་སྟེ་ལམ་འཚོལ་བར་བྱེད་བས། དགེ་བའི་རྟོག་པ་ཉིད་ བསྒོམ་གྱི། ངན་རྟོག་བསྒོམ་པའི་དུས་མ་ཡིན་ནོ། །དཔེར་ན་རྒྱ་མཚོ་ཆེན་པོར་སོང་སྟེ། རིན་པོ་ཆེ་ཡང་དག་པ་མི་ལེན་པར་ཆུ་ཤེས་ལེན་པ་དང་ རོལ་མོ་དམ་པ་སྤངས་ཏེ་ལུད་ཁུང་དུ་རྩེ་བ་དང། རིན་པོ་ཆེའི་བུ་མོ་སྤངས་ཏེ། བྲན་མོ་དང་ལྷན་ཅིག་ཉལ་བ་དང། གསེར་ སྣོད་བོར་ཏེ་ཁམ་ཕོར་སྤྱོད་པ་དང། བདུད་རྩི་བོར་ཏེ་དུག་འཐུང་བ་དང། སྨན་པ་མཛའ་བོ་དོར་ཏེ་ཁོ་ན་ཅན་མ་རུངས་བ་བསྟེན་པ་ལྟར། སྟོན་པ་ཆེན་པོའི་ཆོས་བདུད་རྩི་དོར་ཏེ་བདུད་ཀྱི་སྡིག་པའི་རྣམ་རྟོག་སྣ་ཚོགས་འཐུང་བའོ། །ཡང་བཅོམ་ལྡན་འདས་རྟག་ཏུ་འདི་སྐད་ཅེས་ [063B] ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་ནི་རྣམ་པར་དཀར་བའི་ཆོས་ཡིན་པས་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་སུ་འགྱུར་བར་བྱེད་པའོ། །དེ་གཉིས་ནི་རིམ་པ་བཞིན་དུ་བདག་སྡིག་པ་མི་བྱེད་པ་དང་གཞན་སྡིག་པ་བྱེད་པ་བྱེད་དུ་མི་འཇུག་པའམ། བདག་ཉིང་ངོ་ཚ་ བ་དང་གཞན་ལ་མཐོལ་བའམ། མི་ལ་ངོ་ཚ་བ་དང་ལྷ་ལ་ངོ་ཚ་བ་སྟེ། དེ་གཉིས་དང་མི་ལྡན་པ་ནི་བྱོལ་སོང་ཡིན་གྱི། མི་ནི་མ་ཡིན་པའོ། །འདི་གཉིས་དང་ལྡན་པ་ནི་ཕ་མ་དང་བླ་མ་ལ་མཆོད་པར་བྱེད་ཅིང། ཕ་མ་དང་ཕུ་ནུ་དང་མིང་སྲིང་ལ་སོགས་པ་ཡོད་པར་སྨྲ་བའོ་ཞེས་ སོ། །ཚོམས་དག་ལས་ཀྱང། ཅི་ཙམ་མང་དུ་སྨྲ་བྱེད་པ། །དེ་དག་དམ་ཆོས་འཛིན་མ་ཡིན། །གང་དག་འདི་ན་ཐོས་ཉུང་ཡང། །ལུས་ཀྱི་ཆོས་དག་མངོན་སུམ་བྱས། །གང་དག་ཆོས་ལ་བག་བྱེད་པ་དེ་དག་དམ་ཆོས་འཛིན་པ་ཡིན། །གལ་ཏེ་རིགས་བཅས་མང་དུ་སྨྲས་ཀྱང་ནི། བག་ མེད་མི་དག་དེ་ལྟར་བྱེད་མི་འགྱུར། །དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲངས་ལྟར། །དེ་དག་དགེ་སྦྱོང་སྐལ་པ་ཐོབ་མ་ཡིན། །གལ་ཏེ་རིགས་བཅས་ཉུང་དུ་སྨྲས་བྱེད་ཀྱང། །ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དང། །འདོད་ཆགས་ཞེ་སྡང་གཏིབ་མུག་སྤོང་བྱེད་པ། །དེ་དག་དགེ་སྦྱོང་སྐལ་ བ་ཐོབ་པ་ཡིན། །དགེ་སྦྱོང་བག་ཡོད་ལ་དགའ་ཞིང། །བག་མེད་པ་ལ་འཇིགས་ལྟ་བས། །བདག་ཉིད་ངན་འགྲོ་ལས་འདྲེན་ཏེ། །འདམ་རྫབ་ལས་ནི་གླང་ཆེན་བཞིན། །དགེ་སློང་བག་ཡོད་ལ་དགའ་ཞིང། །བག་མེད་པ་ལ་འཇིགས་ལྟ་བས། །སྡིག་པ་ཐམས་ཅད་སྤྲུག་པར་བྱེད། །རླུང་གིས་ ལྗོན་ཤིང་ལོ་མ་བཞིན། །ཞེས་སོ། །ཡང་ཐོས་པ་མང་ །ཤེས་རབ་ལྡན་ཞིང་མཉམ་གཞག་པ། །དེ་དག་སུས་ཀྱང་སྨད་འོས་མིན། །འཛམ་བུའི་གླིང་གི་གསར་རྒྱན་བཞིན། །གང་ཞིག་འཕགས་པས་བསྟན་པའི་ཆོས་དགའ་ཞིང། །དེ་བཞིན་ལུས་དང་ངག་གིས་ སྤྱོད་བྱེད་པ། །དེ་དག་བཟོད་ལྡན་འགྲོགས་དགའ་དབང་པོ་བསྡམས། །ཐོས་དང་ཤེས་པའི་ཕ་རོལ་ཕྱིན་པ་ཐོབ། །གང་ཞིག་སྟོང་ཕྲག་སྟོང་དག་གིས། །མི་ཡི་གཡུལ་ལས་རྒྱལ་བ་ལས། །གང་ཞིག་བདག་ལས་རྒྱལ་བྱེད་པ། །དེ་ནི་མི་ཡི་གཡུལ་ལས་རྒྱལ། །བདག་ཉིད་དང་པོར་རིགས་ [064A]༄༅། །པར་གནས་བྱས་ནས། །ཕྱི་ནས་གཞན་དག་བདག་བཞིན་གདུལ་བར་བྱ་བདག་ཉིད་དང་པོར་རིགས་པར་གནས་བྱས་ནས། །ཕྱི་དུས་འདུལ་ཚེ་མཁས་ལ་དཀའ་བ་མེད། །གང་དག་ཆོས་དང་མི་ལྡན་ཚིག། ཚིག་བཅད་བརྒྱ་དག་སྨྲ་བ་བས།། གང་དག་ཉེ་བར་ཞི་འགྱུར་བའི། །ཆོས་ལྡན་ཚིག་གཅིག་ཐོས་པ་རུང། །ཚུལ་འཆལ་མཉམ་པར་མ་གཞག་དང། །བརྩོན་མེད་ལོ་ལོ་ལྡན་པ་དང། །ཤེས་འཆལ་མཉམ་པར་མ་གཞག་པ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཚུལ་ཁྲིམས་ལྡན་ཞིང་མཉམ་གཞག་དང་ བརྩོན་འགྲུས་བརྟན་པར་བརྩམས་པ་དང། །ཤེས་རབ་ཆེན་པོ་མཉམ་གཞག་པ། །ཉིན་ཞག་འགའ་ཞིག་གསོན་པར་རུང། །དགེ་བ་བྱེད་པས་དགེ་བ་དང། །སྡིག་པ་བྱེད་པས་སྡིག་པ་སྟེ་།མི་ཡིས་གང་དང་གང་བྱས་པ། །དེ་དེ་རང་གིས་མཐོང་བར་འགྱུར། །བདག་གིས་སྡིག་ པ་བྱས་ན་ནི། །དེ་བདག་ཁོ་ན་ཀུན་ཉོན་མོངས། །བདག་གིས་སྡིག་པ་མ་བྱས་ན། །བདག་ཉིད་ཁོ་ན་རྣམ་པར་དག། གཞན་གྱིས་གཞན་སྦྱོང་མི་བྱེད་ཀྱི། །དག་དང་མ་དྒ་རང་རང་བྱེད། །ཅེས་སོ། །གཞན་ལས་ཀྱང། ངན་པ་རྣམས་ནི་སྙིང་རྗེ་མེད་པར་སྡིག་པ་སྤྱོད། །འབྲིང་པོ་རྣམས་ ནི་ཕོངས་ན་སྙིང་རྗེར་བཅས་ཤིང་སྤྱོད། །སྐྱེ་བོ་དགེ་བ་དག་ནི་སྲོག་དང་བྲལ་གྱུར་ཀྱང། །རྒྱ་མཚོའི་འདུས་བཞིན་རང་གི་ཚིག་དང་འགལ་མི་བྱེད། །ཅེས་སོ། །ཡང་གཞན་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང། །ཇི་ལྟར་འདི་ལས་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །ཅེས་གསུངས་སོ། ༈ །དེ་ལས་འདས་ཏེ་ཉེས་པར་སྤྱོད་པ་སྨད་པ། གལ་ཏེ་ཉོན་མོངས་ཆུ་བོ་བཟློག་དཀའ་བས། །ཕམ་བྱས་ཉེས་སྤྱོད་མི་བཟད་རབ་བསགས་ནས། །ཕྱིར་ཡང་སྡུག་བསྔལ་མུན་ནག་སྨོག་གཞུགས་ན། །དྲེའུ་མོ་རང་གི་ མངལ་གྱིས་བརླག་སོགས་བཞིན། །དེ་ལྟར་འབད་པས་ཞུགས་ཀྱང་ཐོག་མ་མེད་པ་ནས་གོམས་པ་བརྟན་པ་ཉོན་མོངས་པའི་ཚོགས་རྣམས་ཆུ་པོའི་རྒྱུན་ལྟར་རྟག་ཏུ་ངང་གིས་འཇུག་པས་བཟློག་པར་མ་ནུས་ནས། དམ་པའི་ལམ་ཅི་ཞིག་ལྟར་དོར་ཏེ་ཉེས་པར་སྤྱོད་པ་གང་ [064B] འགྱོད་བཞིན་དུ་འཆི་བའི་དུས་བྱེད་པར་གྱུར་ན་ནི་ཆོས་དང་ཕྲད་ཅིང་སྡོམ་པ་དང་ཡི་དམ་ལ་སོགས་པ་མང་ དུ་ཁས་བླངས་པས་ཕྱིར་བརླག་པ་ལྟ་བུར་ཡང་འགྱུར་ཏེ། དྲེའུ་མོ་མངལ་ཆགས་པ་དང་སྨིག་མ་འབྲུ་ཆགས་པ་ལ་སོགས་པ་རང་ཉིད་རང་ཉིད་རང་བརླག་པའི་རྒྱུར་གྱུར་པ་ལྟར་རོ། །འོན་ཀྱང་དགེ་བའི་ལས་ནི་ཐ་ན་སངས་རྒྱས་ལ་ཕྱག་གཅིག་བྱས་པའང་འབྲས་བུ་གཏན་མེད་ པར་འགྱུར་བར་ནི་མི་སྲིད་པར་ལྟའོ། །འདས་ཆེན་ལས་ཉེས་པར་སྤྱོད་པའི་ཉས་དམིགས་དྲུག་གསུངས་ཏེ། མི་དགེ་བ་ལ་གནས་པ་ནི་ལྷ་ལ་སོགས་པས་སྨོད་པ་དང། འཕགས་པས་སྨོད་པ་དང། འཇིགས་པ་སྐྱེ་བ་དང། བླ་མ་རྣམས་ཀྱིས་སྤོང་བ་དང། སེམས་ཅན་ གྱི་དོན་དུ་མི་འགྱུར་བའོ། །དགེ་བ་མེད་པར་འགྱུར་བ་ནི་སྡིག་པའི་འབྲས་བུ་མང་པོ་སྐྱེ་བ་དང། མ་རིག་པས་རྟག་ཏུ་བརླག་པ་དང། མི་ངན་ལ་བརྟེན་པ་དང། དགེ་བ་བསྒྲུབ་པའི་ཐབས་མི་ཤེས་བ་དང། སེམས་ཕྱིན་ཅི་ལོག་པའོ། །ཆོས་སྨེ་བར་བྱེད་པ་ནི་ལུས་དང་ ངག་རྟག་ཏུ་སྨེ་བའོ། །སེམས་རྣམ་པར་དག་པ་སྨེ་བར་བྱེད་པ་ནི་སྡིག་པ་བསྐྱེད་པ་དང་དགེ་བ་སྤོང་པའོ། །སྲིད་པ་བསྐྱེད་པ་ནི་དེ་གསུམ་གྱི་ངན་འགྲོ་བསྐྱེད་དེ། ཆོས་མི་སེམས་ཤིང་ལུས་ངག་གིས་སྲིད་པ་ལ་མི་སྐྱོ་བས་སོ། །ཉོན་མོངས་པས་གདུང་ས་པ་ནི་བཞི་པོ་དེས་ ལུས་དང་སེམས་ཉོན་མོངས་ཤིང་ཞི་བས་སྤོང་བས་གདུང་བའོ། །དམྱལ་བའི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པས་ནི་སེམས་བསྲག་བས་གདུང་ཞིང་དགེ་བའི་ཆོས་ཚིག་པས་གདུང་བ་སྟེ། དད་པ་ནི་བསིལ་ཞིང་ཚིམ་པ་ཡིན་ལ་དེ་དང་མི་ལྡན་པས་སོ། །སྡིག་པའི་འབྲས་བུ་ མྱོང་བ་ནི་ལྔ་པོ་དེས་ཤི་བ་ན་ངན་སོང་གསུམ་དུ་སྐྱེ་བའོ་ཞེས་སོ། །ཚོར་ས་དག་ལས་ཀྱང། བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་པོ་བྲེགས་ཙམ་དགེ་སྦྱོང་མིན། །ཞན་པའི་ལས་ནི་ཇི་སྙེད་དང། །ཀུན་ནས་ཉོན་མོངས་དཀའ་ཐུབ་དང། །ཚངས་སྦྱོད་ཡོངས་སུམ་དག་དེ། ། [065A]༄༅། །དོན་ཆེན་འགྱུར་སྙམ་མི་བྱེད་དོ། །ཞེས་སོ། །གཞན་ལས་ཀྱང། བདག་ཉིད་ཤེས་དང་ལྡན་བཞིན་དུ། །ཕྱིར་ཡང་དམྱལ་བ་དེར་འཁྲིད་ན། །སྔགས་ཀྱིས་རྨོངས་པར་བྱས་པ་བཞིན། །བདག་ལ་འདིར་སེམས་མེད་དུ་ཟད། །ཅེས་སོ། ༈ །སྐབས་ཀྱི་ དོན་བསྡུ་བ་ནི། འདི་ནི་ཡང་དག་ལྟ་བ་ཟབ་ཡངས་ཏེ། །འཇིག་རྟེན་འཇིག་རྟེན་འདས་པའི་ཆོས་ཀུན་གྱི། །རྩ་བ་ཉིད་ཀྱིས་ཐེག་པ་ཐམས་ཅད་དང། །ལམ་འབྲས་ཡོན་ཏན་མ་ལུས་གཞིར་རྟོགས་བྱ། །རྟེན་འབྲེལ་ལ་རྣམ་པར་ལྟ་བ་འདི་ནི་འཇིག་རྟན་པའི་ཡང་དག་པའི་ལྟ་བ་ཉིད་ཀྱིས་ ངན་སོང་སྦོང་བ་དང། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བའི་ཡང་རྒྱུ་མཚན་ཆེན་པོར་གྱུར་བ་བཞིན་ཏེ། འདིས་ཉེས་པའི་ཚོགས་ཅི་ནུས་སུ་སྤོང་བ་དང་ཡོན་ཏན་གྱི་ཚོགས་ཅི་ནུས་སུ་བསྒྲུབ་པ་ནི་ཐེག་པ་ཐམས་ཅད་དུ་གཏོགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་ལམ་དང་འབྲས་བུས་བསྡུམ་པའི་ཡོན་ཏན་མ་ལུས་པ་ཐམས་ཅད་ཀྱི་རྩ་བ་དང་གཞི་དང་རྟེན་དང་རྨང་དུ་གྱུར་བས་ན། འདི་ཉིད་རྟག་ཏུ་དང་གུས་པར་བྱེད་པའི་སྦྱོར་བས་གོམས་པར་བྱེད་པ་ཁོ་ན་ལས། ལས་དང་པོ་པའི་ས་དག་ཏུ་ནི་ཉེས་པ་སྤོང་བ་ལ་སུན་འབྱིན་པ་གཉེན་ པོ་དང། ཡོན་ཏན་ཐམས་ཅད་ཀྱི་ནི་ས་བོན་གསོག་ཅིང་ཚོགས་དང་སྟ་གོན་དང་རྩོམ་པ་དང་སྦྱོར་བར་གྱུར་པའོ། །མཐོང་ལམ་དང་སྒོམ་ལམ་དག་གི་གནས་སྐབས་སུ་མཐོང་སྤང་དང་སྒོམ་སྤང་ཐམས་ཅད་སྤོང་བ་དང་ཐག་བསྲིད་བར་བྱེད་ལ། དེ་དག་གི་ལམ་གྱི་ཡེ་ཤེས་དང་ཡོན་ ཏན་ཡོངས་སུ་སྦྱོང་བ་ཉིད་དོ། །མི་སློབ་པའི་ལམ་མཐར་ཕྱིན་པར་ནི་སྤངས་པ་དང། ཡོན་ཏན་མཐར་ཐུག་པ་ཉིད་ཡིན་པས་ན། དེ་ཁོ་ནར་བཚལ་བར་བྱ་བ་དང་རྟོགས་པར་བྱ་བ་དང་བགྲོད་པར་བྱ་བ་དང་སྦྱང་བར་བྱ་བ་དང་འབད་པར་བྱ་བ་དང་ཐོབ་བར་བྱ་བ་ཐམས་ཅད་བསྡུས་པའི་ ཆོས་ཀྱི་སྡོམ་ཆེན་པོ་ནི་འདི་བཙན་པར་གོ་བར་བྱའོ། ༈ །ཡང་ཞར་ལ་འགྲོ་བ་དྲུག་རྣམ་པར་འབྱེད་པའི་ལས་ལྡོག་པའི་གཉེན་པོ་ལ་བསླབ་པ་ལས། འགྲོ་བ་དྲུག་ནས་མིར་སྐྱེ་བའི་ཚུལ་ནི། མི་རྣམས་ཕལ་ཆེར་མངལ་ན་སྐྱེ་བ་སྟེ། ། ལས་དང་ཉོན་མོངས་བསགས་པའི་རྒྱུ་རྐྱེན་ལས། ། [065B] །སྐྱེ་ཞིང་འཕེལ་བ་རྒྱས་ལས་བཙའ་བར་འགྱུར། །ཡབ་སྲས་མཇལ་བ་ལས། མངལ་དུ་འཇུག་པའི་ཆོས་ཀྱི་རྣམ་གྲངས་ལ། །མ་ཞིས་བྱ་བ་ནི་སྔོན་གྱི་ལས་བསགས་པའི་རྐྱེན་ནོ། །ཕ་ནི་རྒྱུའོ། །དྲི་ཟ་ནི་རྣམ་ཤེས་ལས་ཀྱིས་འཕངས་པའོ། ། མེར་མེར་པོ་ནི་དེའི་གནས་སོ། །མངལ་ནི་རྣམ་ཤེས་དེའི་གཞི་སྟེ་དེར་སྐྱེ་ཞིང་འཕེལ་བ་དང་རྒྱས་པར་འགྱུར་བས་སོ། །དཔེར་ན་ས་ཆེན་པོའི་གཞི་ལ་རྩྭ་དང་ཤིང་ལ་སོགས་པ་སྐྱེ་བ་དང་འཕེལ་བ་དང་རྒྱས་པ་གཞིན་ནོ། །རྒྱས་ནས་ནི་སྐྱེ་བར་འགྱུར་ལ། བཙས་ནས་ཡང་འཕེལ་བར་ གྱུར་རོ་ཞེས་སོ། ༈ ། འགྲོ་བ་དྲུག་ནས་འཕོས་པའི་རྟགས་ཀྱི་དབྱེ་བ་ནི། དེ་ལས་འགྲོ་དྲུག་གང་ལས་འཕོས་པ་ཡི། །སྦྱོད་པའི་རྟགས་དབྱེ་མཁས་པས་ལེགས་བརྟགས་ཏེ། །ཞེས་བྱ་བ་སྟེ། ཡང་དེ་ཉིད་ལས། འཕེལ་ནས་སྦྱོད་པ་སྣང་བར་འགྱུར་ཏེ། འགྲོ་བ་གང་ནས་ཤི་འཕོས་པ་དེ་ འདྲ་བའི་སྤྱོད་པ་འབྱུང་ལ། དེའང་མཁས་པས་ཤེས་པར་བྱ་སྟེ། བླུན་པོས་ནི་མ་ཡིན་ནོ། །ཡུན་རིང་དུ་འགྲོགས་པས་ཤེས་ཀྱི། ཐུང་དུས་ནི་མ་ཡིན་ནོ། །ཡང་དག་པར་དབྱོད་པས་ཤེས་ཀྱི། མི་བརྩོན་པས་ནི་མ་ཡིན་ནོ། །དེ་ལ་དམྱལ་བ་ནས་འཕོས་པའི་རྟགས་ནི་ཉི་ཤུ་སྟེ། སྐད་ཤ་ཤ་པོ་ དང། སྐད་གྱོ་དུམ་གྱི་སྒྲ་ལྟ་བུ་དང། སྐད་བརྟག་དགོས་པ་དང། སྐད་ཆེ་བ་དང། སྐད་ལྷང་ལྷང་པོ་དང། རྟག་ཏུ་འདར་བ་དང། རྟག་ཏུ་སྡང་བ་དང། རྟག་ཏུ་སྤུ་ཟིང་ཞེས་བྱེད་པ་དང། རྨི་ལམ་ན་མེའི་ཕུང་པོ་འབར་བ་མཐོང་བ་དང། མེ་མདག་འབབ་པ་མཐོང་བ་དང། རི་བརྒྱུག་ པ་མཐོང་བ་དང། ལྕགས་ཟངས་སུ་བཅོ་བ་དང། དབྱིག་པ་ཐོགས་པ་དང། སྲིན་པོས་བདག་འཕེན་པ་དང། བདག་གསོན་པོར་གསལ་ཤིང་ལ་འཛུགས་པ་དང། ཁྱིས་དབྲད་པ་དང། ཁྱིས་བསྐོར་བ་དང། གླང་པོ་ཆེ་ལ་སྦྲུལ་གྱིས་གཙེ་བ་མཐོང་བ་དང། ཕྱོགས་བཞིར་བྲོས་ན་ ཕྱོགས་མི་ཤེས་པ་དང། སེམས་ཅན་ཀུན་ལ་ཡིད་མི་རྟོན་པ་ཡིན་ནོ། །དུད་འགྲོ་ནས་ཤི་འཕོས་པའི་རྟགས་ནི་གཉིད་དང་རྨུགས་པ་ཆེ་བ་དང། ལེ་ལོ་ཆ་བ་དང། མང་དུ་ཟ་བ་དང། ས་ལ་འདྲུད་པ་དང། མི་འཇིགས་པ་མེད་པ་དང། ཚིག་མི་གསལ་བ་དང། གླེན་པ་ལ་དགའ་བ་ [066A]༄༅། །དང། མུན་པ་ལ་དགའ་བ་དང། འདམ་རྫབ་ལ་དགའ་བ་དང། སོས་རྩྭ་ཡང་ནས་ཡང་དུ་གཅོད་པ་དང། རྒྱུན་ཏུ་རྐང་བའི་མཐེ་བོས་ས་བརྐོ་བ་དང། ཡང་དང་ཡང་མགོ་ལ་སྦྲང་བུ་འདུ་བ་དང། ཡང་དང་ཡང་ནམ་མཁའ་ལ་སོ་འདེབས་པ་དང་ བསྐུམས་ཏེ་ཉལ་བ་དང། ས་སྒྲེ་བོ་ལ་ཉལ་བ་དང། མི་གཙང་བ་མི་ཟློགས་པ་དང། ཡང་དང་ཡང་ནམ་མཁའ་ལ་སྣོམ་པ་དང། ཡང་དང་ཡང་མ་སྨིན་པ་ཟ་བ་དང། གཞན་དུ་སྨྲ་ལ་གཞན་དུ་བྱེད་པས་གཡོ་ཆེ་བ་དང། གར་བབ་བབ་ཏུ་སྤྱོད་པ་དང། རྨི་ལམ་ན་རྫབ་ཀྱིས་ གོས་པ་རྨི་བ་དང། ནགས་སུ་སོང་སྟེ་རྩྭ་ཟ་བ་དང། སྦྲུལ་གདུག་པས་བསྐོར་བ་དང། རི་ཁྲོད་དུ་ཞུགས་པ་རྨི་བ་ཡིན་ཏེ་དེ་དག་ལ་སོགས་པ་མཐའ་ཡས་སོ། །ཡི་དྭགས་ནས་ཤི་འཕོས་པའི་རྟགས་ནི་སྐྲ་སེར་བ་དང། མིག་ཝའི་འདྲ་བ་དང། རྟག་པར་བཀྲེས་ཤིང་སྐོམ་པ་ དང། སེར་སྣ་ཆེ་བ་དང། འདོད་ཆེན་ཆེ་བ་དང། ཐོབ་པ་མི་རྙེད་པ་དང། གཞན་གྱི་ལ་རེ་བ་དང། ཁྲོ་བ་མང་བ་དང། ཟས་ཐམས་ཅད་ལ་སྲེད་པ་དང། བདོག་པ་ཐམས་ཅད་ལ་ཆགས་པ་དང། སྦྱིན་གནས་མཐོང་བར་མི་འདོད་པ་དང། དངོས་པོ་ཐམས་ཅད་ལ་བརྐུ་སེམས་ སྐྱེ་བ་དང། དངོས་པོ་ངན་པ་ལ་དགའ་བ་དང། འཐབ་པ་ལ་མོས་པ་དང། ཟས་སྐོམ་མི་གཙང་བ་ལ་དགའ་བ་དང། གཞན་གྱི་འབྱོར་བ་ལ་ཕྲག་དོག་སྐྱེ་བ་དང། གཞན་གྱི་ལོངས་སྤྱོད་ལ་སྲེད་ཅིང་དེ་བདག་གི་སྙམ་དུ་སེམས་པ་དང། ཟས་གཏོང་བ་ན་སེམས་ཀྱིས་མི་ ཚུགས་པ་དང། ཚོང་དུས་ཀྱི་སྲང་ནས་ཤིང་ལེན་པ་སྟེ་དེ་ལ་སོགས་པ་མང་དུ་ཡོད་དོ། །ལྷ་མ་ཡིན་ལས་ཚེ་འཕོས་པའི་རྟགས་ནི་ཁེངས་པ་དང། འཐབ་ཀྲོལ་ཆེ་བ་དང། ཁོན་དུ་འཛིན་པ་དང། ང་རྒྱལ་ཆེ་བ་དང། ལུས་ཆེ་བ་དང། མིག་ཆེ་བ་དང། མིག་དཀར་བ་དང། མཆེ་བ་ སྣང་བ་དང། མཐུ་དང་ལྡན་པ་དང། འཐབ་པའི་བློ་མང་བ་དང། དབྱེན་ལ་དགའ་བ་དང། བྱ་བ་ཐམས་ཅད་ལ་ང་རྒྱལ་ཆེ་བ་དང། སོ་སྣང་བ་དང། འཇིག་རྟེན་ཐམས་ཅད་ལ་བརྙས་པའི་བློ་བསྐྱེད་པ་དང། མཚོན་ཆ་རྣོ་བ་དང། ཚིག་ན་བ་དང། བདག་གཟེངས་བསྟོད་པ་དང་ [066B] །མི་ལས་ཤི་འཕོས་པའི་རྟགས་ནི་ངོ་མཚར་དུ་འཛིན་པ་ཅན་དང། འཕགས་པ་ལ་བརྟེན་པ་དང། འཕགས་པ་མ་ཡིན་པ་ལ་སྨོད་པ་དང། དགེ་བ་བྱེད་པ་དང། མངོན་རྟགས་འདོད་པ་དང། གྲགས་པ་འདོད་པ་ དང། སྙན་པ་འདོད་པ་དང། བཟོ་ལ་དགའ་བ་དང། ཤེས་པ་ལ་དགའ་བ་དང། ཉོན་མོངས་པ་ཆུང་བ་དང། ཁྲེལ་ཡོད་ཅིང་ངོ་ཚ་ཤེས་པ་དང། རིགས་ཀྱི་བུའི་ཚུལ་ཕུན་སུམ་ཚོགས་པ་དང། བྱས་པ་གཟོ་བ་དང། མཛའ་བོ་ལ་འདུ་བ་དང། གཏོང་བ་དང་ལྡན་པ་དང། བྱེ་བྲག་ ཤེས་པ་དང། བྱས་པ་དང་མ་བྱས་པ་ལ་རྟོག་པ་དང། ཚིག་གི་མཐུ་ཡོད་པ་དང། གྲོས་བཟུང་བར་བྱ་བའི་མཐུ་ཡོད་པ་དང། བཟླུམ་པར་བྱ་བ་དང་འཐབ་མོ་བྱ་བ་ལ་མཁས་པ་དང། ཕོ་ཉ་ནུས་པ་དང། སྐད་ཐམས་ཅད་འཛིན་ནུས་པ་དང། གནས་དང་གནས་མ་ཡིན་པ་ཤེས་པ་ལ་སོགས་ པ་ཡིན་ནོ། །ལྷ་ལས་ཤི་འཕོས་པའི་རྟགས་ནི་མཛེས་པ་དང། གཙང་སྦྲ་ཆེ་བ་དང། ཕྲེང་བ་དང་སྤོས་དང་བདུག་པ་ལ་དགའ་བ་དང། གླུ་ལེན་པ་དང། བྱུག་པ་ལ་དགའ་བ་དང། འདོད་པའི་ཡོན་ཏན་ངན་ངོན་ཙམ་གྱི་མི་མགུའི། རྒྱ་ཆེན་པོ་ལ་དགའ་བ་དང་རོལ་མོ་དང་གླུ་ཐམས་ཅད་ ལ་དགའ་བ་དང། སྐྱོ་བོ་ཆེན་པོ་དང་འགྲོགས་པར་དགའ་བ་དང། གནས་ཁང་དང་ལོངས་སྤྱོད་ཆེན་པོ་ལ་དགའ་བ་དང། བྱམས་པ་དང་ལྡན་པ་དང། དགོད་བ་དང། འཇམ་པར་སྨྲ་བ་དང། དགའ་བ་ལ་མཁས་པ་དང། རྒྱན་ལ་དགའ་བ་དང། ཆ་ཞིང་འགྲོ་བའི་ངང་ཚུལ་ཅན་ དང། ལུས་ཀྱི་ཤུགས་འབྱིན་པ་དང། ཆགས་པ་དང་མ་ཆགས་པའི་མཚན་མ་ཤེས་པ་དང། ཕན་པར་བྱ་བ་ལ་མཁས་པ་ལ་སོགས་པ་ཡིན་ནོ། ༈ །དེ་དག་གི་ལས་ལྡོག་པའི་གཉེན་པོ་ཉིད་བཤད་པ་ལ་སྤྱིར་བསྟན་པའི་དབང་དུ་བྱས་ནས། རྟགས་ལས་འདའ་ཕྱིར་གཉེན་པོ་ སྟོན་པ་ཡི། །དགེ་བཤེས་བསྟེན་ཏེ་གཉེན་པོའི་ལམ་ལ་བསླབ། །རྟགས་དེ་དག་ལས་འདའ་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་རྟགས་དེ་དག་ལས་འདའ་བའི་ཆོས་སྟོན་པ་བསྟན་པར་བྱ་བར་གསུངས་ཏེ། དེ་ལ་མཉན་ནས་དེ་དག་གི་ལས་ལྡོག་པའི་གཉེན་པོར་གྱུར་ [067A]༄༅། །པའི་ལམ་ལ་ནན་ཏན་གྱིས་བསླབ་པར་དགོངས་པའོ། ༈ ། དྲུག་པོ་སོ་སོར་བཤད་པ་ལ་དམྱལ་བའི་དབང་དུ་བྱས་ནས། ཕལ་ཆེར་སྡང་བས་བྱས་པའི་སྡིག་པའི་ལས། །མི་བཟད་རྣམས་ཀྱིས་དམྱལ་བར་ལྷུང་བས་ན། དེ་ནས་འཕོས་པས་བྱམས་པ་ ནན་ཏན་གྱིས། །བསྒོམས་པས་ཕ་རོལ་ཕྱིན་དྲུག་སོགས་ལ་འབད། །དམྱལ་བ་ནས་འཕོས་པ་དེས་ནི་སྔོན་མིར་གྱུར་བའི་ཚེ་ཡང་ཞེ་སྡང་གིས་ལས་ངན་པ་བསགས་པས་དམྱལ་བར་སྐྱེས་ཏེ། དེའི་སྤྱོད་པ་སྤྱད་ནས་ཡང་མིར་སྐྱེས་ཀྱང་སྤྱོད་པ་དེ་དང་ལྡན་པའི་རྟགས་འདི་ དག་སྣང་ན་དེའི་རྒྱུ་སྤང་བའི་ཕྱིར་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དེས་ཀྱང་ཞེ་སྡང་གི་གཉེན་པོ་བྱམས་པ་དང། དེ་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དག་དང་ཚུལ་ཁྲིམས་ཀྱིས་ལྷག་པར་ཡང་བསྡམས་པར་བྱའོ། །དེ་ལྟར་བསླབས་པས་ཞེ་སྡང་གི་ས་བོན་སྤོང་ཞིང་ཕ་རོལ་ ཏུ་ཕྱིན་པ་ཐམས་ཅད་རྫོགས་པར་འགྱུར་རོ། ༈ །དུད་འགྲོའི་དབང་དུ་བྱས་ནས། །གཏི་མུག་ལྷག་པས་མི་དགེ་མང་སྤྱད་ལས། །རབ་བླུན་དུད་འགྲོའི་སྤྱོད་པ་ཐོབ་པས་ན། །རྟེན་འབྲེལ་བསྒོམ་ཞིང་ཆོས་རྣམས་མཉམ་ཉིད་ལ། །འཇུག་པའི་ཤེས་རབ་སྦྱང་བས་རྨོངས་པ་གཞོམ་ ། དུད་འགྲོའི་རྟགས་ཅན་དེས་ནི་སྔོན་ཡང་གཏི་མུག་གིས་སྡིག་པའི་ལས་བྱས་པས་དུད་འགྲོའི་སྤྱོད་པ་ཐོབ་པ་ཡིན་པས་ན། དེ་ལས་འདའ་བར་བྱེད་པའི་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དེས་ཀྱང་གཏི་མུག་སྤང་བའི་ཕྱིར་རྟེན་འབྲེལ་བསྟན་པ་བསྒོམས་པས་གཏི་མུག་གིས་ བོན་སྤོང་ངོ། །ཡང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་གསུམ་མཉམ་པ་ཉིད་བསྟན་པས་གཏི་མུག་ངོ་བོ་ཉིད་མེད་པར་ཤེས་པ་སྐྱེའོ། །ཡང་ན་ཆོས་ཐམས་ཅད་མཉམ་པ་ཉིད་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པའོ། ། ༈ ཆགས་པས་སེར་སྣ་མང་ལྡན་སྡིག་སྤྱད་པས། །བཀྲེས་སྐོམ་ལྷག་པས་མནར་བའི་འགྲོ་བར་ལྟུང། །དེ་ནས་འཕོས་པས་གཏོང་ལ་མོས་སྒོམ་ཞིང། །གཏོང་ལྡན་ལེགས་སྤྱད་མང་པོས་འཇུངས་ །ཡི་དྭགས་ཀྱི་རྟགས་ཅན་ [067B] ཆགས་སེམས་ཀྱིས་སྡིག་པའི་ལས་མང་དུ་བྱས་པ་ཡིན་པས་སྤྱོད་པ་དེ་ལས་འདའ་བའི་དོན་དུ་བླ་མ་བསྟེན་པར་བྱའོ། །དེས་ཀྱང་གཏོང་བ་ལ་གདམས་པས་སེར་སྣའི་ས་བོན་སྤོང་བར་འགྱུར་རོ། །ཡང་ན་གཏོང་བ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་རྣམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་བསྡམས་པར་བྱས་ཏེ། དེ་སྒོམས་པས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་འགྱུར་རོ། ༈ །ལྷ་མ་ཡིན་གྱི་དབང་དུ་བྱས་ནས། དགེ་བ་རྣམ་མང་བསྒྲུབས་ཀྱང་ང་རྒྱལ་གྱིས། །ཁེངས་ལས་མ་རུངས་སྡིག་སྤྱད་ལྷ་མིན་དུ། ། ལྷུང་ཞིང་དམན་པའི་སྤྱོད་ལྡན་གྱུར་པས་ན། །ཁམས་རབ་དབྱེ་དང་སྟོང་ལྟས་ཁེངས་པ་གཞོམ། །ལྷ་མ་ཡིན་གྱི་རྟགས་ཅན་དེས་ནི་སྔོན་དགེ་བ་རྒྱ་ཆེ་བ་བྱས་ཀྱང་ང་རྒྱལ་གྱིས་སྡིག་པའི་ལས་བྱས་པ་ཡིན་པས། སྤྱོད་པ་དེ་ལས་འདའ་བར་བྱ་བའི་ཕྱིར་བླ་མ་ལ་བསྟེན་པར་བྱའོ། །དེས་ ཀྱང་ང་རྒྱལ་གཞོམ་པའི་ཕྱིར་ཁམས་རབ་ཏུ་དབྱེ་བ་བསྟན་པས་དེ་སྤོང་ངོ། །ཡང་ན་སྟོང་པའམ་རྟེན་འབྲེལ་ལམ་ཆོས་རྣམས་མཚན་ཉིད་གཅིག་པ་བསྟན་པས་དེ་སྤོང་ཞིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་ཐམས་ཅད་མཁྱེན་པ་ཐོབ་བོ། ༈ །མིའི་དབང་དུ་བྱས་ ནས། དགེ་བཅུ་བསྟེན་པས་མི་ཡི་སྤྱོད་ལྡན་དེས། །མི་རྟག་ལ་སོགས་འཁོར་བའི་ཉེས་དམིགས་དང། ཞི་བ་དོན་གཉེར་མང་དུ་བསམས་ནས་ནི། །བྱང་ཆུབ་སེམས་སོགས་ཀུན་མཁྱེན་ལམ་མཆོག་སྦྱང། །མིའི་རྟགས་ཅན་གྱིས་ནི་སྔོན་དགེ་བ་བཅུ་བསྟེན་པ་སྟེ། མིའི་ སྤྱོད་པ་ལས་འདའ་བའི་དོན་དུ་བླ་མ་བཙལ་བར་བྱའོ། །དེས་ཀྱང་མི་རྟག་པའམ་འཁོར་བའི་ཉེས་དམིགས་དང་མྱ་ངན་ལས་འདས་པའི་བསྔགས་པ་བསྟན་པས་སྤྱོད་པ་དེ་སྤོང་ཞིང་ཞི་བ་དོན་དུ་གཉེར་བར་འགྱུར་རོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་པས་བྱང་ཆུབ་ཏུ་སེམས་ བསྐྱེད་ཅིང། ཐབས་ལ་མཁས་པ་བསྟན་པས་དེ་ཡོངས་སུ་བཟུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མྱུར་དུ་ཐམས་ཅད་མཁྱེན་པ་ཐོབ་བོ། ༈ །ལྷའི་དབང་དུ་བྱས་ནས། ཚངས་སྤྱོད་སྦྱིན་དང་ཚུལ་ཁྲིམས་མཆོག་འཛིན་པས། །ལྷ་ཡི་དཔལ་ལ་སྤྱད་པའི་རྟགས་ཅན་དེས། །མཆོག་ [068A]༄༅། །འཛིན་སྤངས་པའི་ཚངས་སྤྱོད་སོགས་བསྟེན་ཅིང། །ཐབས་མཁས་སྤྱོད་པས་ཀུན་མཁྱེན་མྱུར་ཐོབ་བྱ། །ལྷའི་རྟགས་ཅན་དེས་ནི་སྔོན་ཚངས་པར་སྤྱོད་པ་མཆོག་ཏུ་བཟུང་སྟེ་སྤྱད། སྦྱིན་པ་མཆོག་ཏུ་བཟུང་སྟེ་བྱིན། ཚུལ་ཁྲིམས་མཆོག་ཏུ་བཟུང་ སྟེ་བསྲུངས་པས་ལྷ་སྤྱོད་པ་ཅན་དུ་སྐྱེས་ལ། མིར་གྱུར་པ་ན་ཡང་སྤྱོད་པ་དེ་ཉིད་སྤྱོད་པར་གྱུར་པས་བདག་ལྷ་ནས་འོངས་པར་ངེས་པར་བྱས་ཏེ། སྤྱོད་པ་དེ་ལས་འདའ་བར་བྱ་བའི་ཕྱིར་བླ་མ་བསྟེན་པར་བྱའོ། །དེས་ཀྱང་མཆོག་ཏུ་འཛིན་པ་སྨད་ཅིང་དེ་མེད་པ་མི་གནས་པའི་ ཚངས་པར་སྤྱོད་པ་ལ་སོགས་པ་གསུམ་བསྟན་པས་མཆོག་ཏུ་འཛིན་པའི་ས་བོན་སྤོང་ངོ། །ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ་དེ་བསྒོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ཤིང། ཐབས་ལ་མཁས་པ་བསྟན་པས་མྱུར་དུ་ཐམས་ཅད་མཁྱེན་པ་འབྱུང་ངོ། ༈ ། འགྲོ་བ་དམན་པ་བཞིའི་ཁྱད་པར་གྱི་གཉེན་པོ་བརྗོད་པ། གཞན་ཡང་དམྱལ་བའི་རྟགས་ཅན་དང་པོ་དེས། །འཁོར་བཞིས་གང་བའི་སར་གནས་བླ་མ་དང། །གྲོགས་བཟང་བསྟེན་ལ་དུས་གསུམ་མཉམ་ཉིད་བསྒོམ། །དེས་ནི་ཆོས་ཀུན་སྟོང་པ་ཉིད་རྟོགས་འགྱུར། །གཉིས་ པས་བསྟན་བཅོས་ལ་མཁས་སྐྱེ་བོ་ལ། །བརྟེན་ཏེ་སྟོང་པའི་ལྟ་བས་གཏི་མུག་གཞོམ། །གསུམ་པས་གང་ལས་གཏོང་བློ་རྙེད་འགྱུར་ཞིང། །མཚན་མེད་ལྟ་བས་སྲེད་གཅོད་བླ་མ་བསྟེན། །བཞི་པ་ཉོན་མོངས་བདུད་དང་གཡུལ་སྤྲད་དེ། །མི་དམིགས་ལྟ་བས་རློམ་སེམས་ ཐག་བསྲིང་བྱ། །གཞན་ཡང་དེ་ལྟར་དྲུག་ལས་དང་པོས་ནི་བླ་མ་ལ་བརྟེན་ཏེ་དུས་གསུམ་མཉམ་པ་ཉིད་བསྒོམ་པར་བྱའོ། །གྲོང་ལ་སོགས་པ་གང་ན་འཁོར་བཞི་ཡོད་པར་གནས་པར་བྱའོ། །མཉམ་པ་ཉིད་དེ་གོམས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུས་གསུམ་མཉམ་པ་ མངོན་སུམ་དུ་འགྱུར་རོ། །གཉིས་པས་ནི་བླ་མ་བསྟེན་ཅིང་བསྟན་བཅོས་ལ་མཁས་པའི་སྐྱེ་བོ་དང་འགྲོགས་ན་གཏི་མུག་སྤོང་བར་འགྱུར་རོ། །བསྟན་བཅོས་ཀྱི་དོན་རྟོགས་པས་རང་བཞིན་མེད་པ་དུས་གསུམ་མཉམ་པ་ཉིད་མངོན་དུ་འགྱུར་ཞིང། ཐམས་ཅད་མཁྱེན་པ་ཉིད་ [068B] །གསུམ་པས་ནི་གང་ལ་བརྟེན་ན་སྦྱིན་པའི་བློ་སྐྱེ་བ་དང། གང་གི་དུས་གསུམ་མཉམ་པ་ཉིད་དང་མཚན་མ་མེད་པར་མཚན་ཉིད་གཅིག་མངོན་དུ་འགྱུར་བ་དང། གང་བསྒོམས་པས་ཐམས་ཅད་མཁྱེན་པ་ཐོབ་པ་སྟོན་པའི་དགེ་བའི་ བཤེས་གཉེན་བསྟེན་པར་བྱའོ། །བཞི་པས་ནི་བླ་མ་ལ་བརྟེན་ཏེ་ཉོན་མོངས་པའི་བདུད་དང་འཐབ་པར་བྱའོ། །ང་རྒྱལ་ཞེས་བྱ་བ་དེ་གང་ཡིན། ཅིས་ཡོངས་སུ་བཟུང། གང་ལས་ལངས། གང་གིས་དེ་སྤོང་བར་བྱེད་ཅེས་དེ་དག་མི་དམིགས་ཤིང། ལོག་པར་རྟོག་པ་ཉིད་ལས་ བྱུང་བས་བདག་དང་འཇིག་རྟེན་བསླུ་བར་བྱེད་པར་བལྟའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་རང་བཞིན་མེད་པས་ཅིའང་མི་དམིགས་པའོ། །འཇིག་རྟེན་གདགས་པ་ཐམས་ཅད་ནི་ང་རྒྱལ་ལས་ཏེ། དེ་ལས་འགྲོ་བ་དྲུག་གི་འཆི་འཕོ་གདགས་སུ་ཡོད་ཀྱི། ང་རྒྱལ་མེད་ན་གནས་ སུ་མེད་པ་ནི་ང་རྒྱལ་མེད་པའི་ཡེ་ཤེས་སོ། །དེའང་ཐབས་དང་ཤེས་རབ་དང་དགེ་བའི་བཤེས་གཉེན་གསུམ་གྱིས་ཡོངས་སུ་ཟིན་པས་ཤེས་ནུས་པར་གསུངས་པའོ། ༈ །ལས་དང་འབྲས་བུ་སོ་སོར་རྣམ་པར་དབྱེ་བ་ལས་དགེ་བ་དང་མི་དགེ་བ་བཅུའི་དབང་དུ་བྱས་ནས་མི་དག་ པའི་ལས་ཀྱི་དབྱེ་བ་བྱས་ ལུས་ཀྱི་གསོད་དང་བརྐུ་དང་འཁྲིག་པ་དང། །བརྫུན་དང་ཕྲ་མ་ཚིག་རྩུབ་ངག་ཀྱལ་ཏེ། །ངག་ལས་རྣམ་བཞི་ཡིད་ཀྱི་བརྣབ་སེམས་དང། །གནོད་སེམས་ལོག་ལྟ་མི་དགེའི་ལས་ལམ་བཅུ། །མི་དགེ་བའི་ལས་ཀྱི་ལམ་རྣམས་ནི་གསུམ་དང་ བཅུར་དབྱེ་བའོ། །ལུས་ཀྱི་ལས་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གསེམ་པ་གསུམ་དང། ངག་གི་ལས་བརྫུན་དུ་སྨྲ་བ་དང། ཕྲ་མ་དང་ཚིག་རྩུབ་མོ་དང། ངག་ཀྱལ་བ་བཞི་དང། ཡིད་ཀྱི་ལས་བརྣབ་སེམས་དང། གནོད་སེམས་དང་ ལོག་པར་ལྟ་བ་གསུམ་ལས་སོ། ༈ །དེ་དག་གི་རང་བཞིན་བཤད་པའི་དབང་དུ་བྱས་ནས་ལས་ཀྱི་ལམ་གྱི་དངོས་གཞི་རྣམས་ཀྱི་མཚན་ཉིད་སྤྱིར་བསྟན་པ། སེམས་ཅན་སེམས་ཅན་མིན་གཏོགས་བཞི་དག་དང། །འདུ་ཤེས་ཀུན་སློང་ཉོན་མོངས་བསམ་པ་གསུམ། ། [069A]༄༅། །སྦྱོར་དང་མཐར་ཐུག་རྣམས་ཀྱིས་མི་དགེ་བའི། །ལས་ལམ་བཅུ་པོའི་མཚན་ཉིད་སོ་སོར་བཞག་ལས་ཀྱི་ལམ་བཅུ་པོ་དེའི་སོ་སོའི་མཚན་ཉིད་ཀྱི་རྣམ་པར་དབྱེ་བ་ནི་རེ་རེ་ལའང་རྣམ་པ་བཞི་བཞིར་རྣམ་པར་བཞག་སྟེ། གཞི་དང་བསམ་པ་དང་ སྦྱོར་བ་དང་མཐར་ཐུག་པའོ། །གཞི་ནི་སེམས་ཅན་དུ་བགྲང་བའམ་སེམས་ཅན་མ་ཡིན་པར་བགྲང་བའི་དངོས་པོ་སོ་སོར་ངེས་པ་དག་ལས་ལས་ཀྱི་ལམ་བཅུ་པོ་སོ་སོ་ཅི་རིགས་པར་འབྱུང་བའོ། །བསམ་པ་ནི་གསུམ་སྟེ་འདུ་ཤེས་དང་ཀུན་སློང་དང་ཉོན་མོངས་པའི་ བསམ་པ་ཅི་རིགས་པའོ། །འདུ་ཤེས་ནི་བཞི་རྣམ་པར་འབྱེད་པའི་བསམ་པ་སྟེ། དེ་ལ་དེར་འདུ་ཤེས་པ་དང། དེ་མ་ཡིན་པ་ལ་དེར་དང། དེ་ལ་དེ་མ་ཡིན་པར་དང། དེ་མ་ཡིན་པ་ལ་དེ་མ་ཡིན་པར་འདུ་ཤེས་པ་བཞིའོ། །ཀུན་སློང་ནི་ལས་བྱེད་འདོད་ཀྱི་བསམ་པ་སྟེ། འདུ་ཤེས་ཕྱིན་ཅི་ལོག་པའི་ མ་ལོག་པའང་རུང་ལས་དེ་དང་དེ་བྱ་བར་འདོད་པའོ། །ཉོན་མོངས་པ་ནི་རྗེས་སུ་ཆགས་པ་ལ་སོགས་པའི་བསམ་པ་སྟེ། འདོད་ཆགས་ལ་སོགས་པ་རེ་རེའམ་གཉིས་སམ་གསུམ་ཅར་གྱིས་བྱེད་པའོ། །ཆགས་པ་དང་སྡང་བ་ནི་ཅིག་ཅར་མཚུངས་པར་མི་ལྡན་པས་ན། རིམ་གྱིས་ ལས་དེ་ལ་འཇུག་བྱེད་དུ་དགོངས་པའོ། །སྦྱོར་བ་ནི་གཞི་དེ་ལ་བསམ་པ་དེས་རང་ངམ་གཞན་ནམ་གཉིས་ཀ་ཅི་རིགས་པའི་ལུས་དང་ངག་དང་ཡིད་ཀྱི་རྩོམ་བ་ལས་དེ་དག་ལ་སྦྱོར་ཞིང་བྱེད་ལ་བསྒྲུབ་ཅིང་རྩོལ་བའོ། །མཐར་ཐུག་ནི་སྦྱོར་བ་དེས་དེ་ཉིད་ཀྱི་ཚེའམ་གཞན་གྱི་ ཚེའང་རུང་སྟེ་ལས་ཀྱི་ལམ་དེ་དག་ཡོངས་སུ་རྫོགས་ཤིང་ཟིན་པར་བྱས་པའོ། ༈ །སོ་སོར་བཤད་པ་ལས་སྲོག་གཅོད་པ་ལ་སྦྱར་བ་བརྗོད་པ། སྲོག་ལྡན་གཞན་ལ་དེ་ལྟར་འདུ་ཤེས་ཤིང། །གསོད་པར་འདོད་པ་ཉོན་མོངས་ཅན་གྱི་བློས། །རང་ངམ་གཞན་གྱི་གསོད་སྦྱོར་གང་ རུང་ལས། །ཤི་བས་སྲོག་གཅོད་ལས་ལམ་རྫོགས་པ་ཡིན། །སྲོག་གཅོད་པའི་གཞི་ནི་སྲོག་ཆགས་སུ་གྱུར་པ་གཞན་ནོ། །འདུ་ཤེས་ནི་དེ་ལ་དེ་ཉིད་དུ་ཤེས་པས་ཕྱིན་ཅི་མ་ལོག་པའོ། །ཀུན་སློང་ནི་དེ་གསོད་པར་འདོད་པའི་སེམས་མངོན་པར་འདུ་བྱེད་པའོ། །ཉོན་མོངས་པ་ནི་ [069B] །སྦྱོར་བ་ནི་རང་དང་གཞན་གྱིས་གསོད་པའི་རྩོམ་པ་ལུས་ངག་གང་རུང་གིས་བསྒྲུབ་པ་མཚོན་འདེབས་པ་ལ་སོགས་པའོ། །མཐར་ཐུག་པ་ནི་སྦྱོར་བ་དེས་དེ་ཉིད་ཀྱི་ཚེའམ་ཕྱིས་ཀྱང་རུང་ཤི་བར་གྱུར་པའོ། ༈ ། ལྷག་མ་དགུའི་ཡང་དེ་ལས་བསྒྲེ་བ་ནི། །གཞན་གྱིས་བཟུང་དངོས་བདག་གིར་ཐོབ་བྱས་དང། །བགྲོད་མིན་གནས་སུ་རེག་བདེ་མྱོང་བ་དང། །མཐོང་སོགས་གཞན་དུ་བསྒྱུར་སྨྲས་གོ་བྱས་དང། །མཐུན་དང་མི་མཐུན་འབྱེད་ཚིག་རིག་བྱེད་དང། །མནར་སེམས་གཞིར་ གྱུར་རྩུབ་ཚིག་གིས་སྤྱོད་དང། །དོན་མེད་མ་འབྲེལ་བྱུང་རྒྱལ་བརྗོད་པ་དང། །གཞན་གྱི་རྫས་ལ་བདག་བྱར་ངེས་བསམས་དང། །མནར་སེམས་གཞི་སོགས་གནོད་བྱར་ངེས་བསམས་དང། །ཡོད་མེད་དོན་ལ་སྐུར་བར་ངེས་བསམས་པ། །རྣམས་ཀྱང་དེ་ལས་མཚན་ ཉིད་ཇི་བཞིན་སྦྱར། །སྔ་མ་ལྟར་རྒྱས་པར་སྦྱར་ཏེ་འདུ་ཤེས་དང་ཉོན་མོངས་པ་ནི་ཐམས་ཅད་ལ་གཞི་དེར་ཤེས་པ་དང་ཉོན་མོངས་པ་ཅི་རིགས་པ་དག་ཏུ་ཟད་དོ། །མ་བྱིན་པར་ལེན་པ་ནི་གཞན་གྱིས་བཟུང་བའི་དངོས་པོ་ལ་འབྲོག་པར་འདོད་པས་རྐུ་འཕྲོག་གི་སྦྱོར་བ་གང་ རུང་གིས་བདག་གིས་ཐོབ་པར་ངེས་པའི་གནས་གཞན་དུ་སྤོས་པའོ། །འདོད་པས་ལོག་པར་གཡེམ་པ་ནི་འཇུག་པར་བྱ་བ་མ་ཡིན་པའི་བུད་མེད་དམ་འཇུག་པར་བྱ་བ་ཡིན་ཡང་ཡན་ལག་མ་ཡིན་པ་དང་གནས་མ་ཡིན་པ་དང་དུས་མ་ཡིན་པ་དང། ཚོད་མ་ཡིན་པ་དང་མི་རིགས་པར་ བྱེད་པ་དང། སྐྱེས་པ་ཐམས་ཅད་དང། མ་ནིང་ལ། བགྲོད་པར་འདོད་པར་གཉིས་སྤྲད་པ་མྱོང་བར་བྱས་པའོ། །བརྫུན་དུ་སྨྲ་བ་ནི་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་བཞི་དང་ལྡོག་པ་བཞི་ལ། འདུ་ཤེས་བསྒྱུར་ཏེ་སྨྲ་བར་འདོད་པས་སྒྱུའི་ དབང་པོའི་སྦྱོར་བ་ལས་ཕ་རོལ་གྱིས་གོ་བའོ། །ཕྲ་མ་ནི་སེམས་ཅན་མཐུན་པ་དང་མི་མཐུན་པ་དག་ལ་དབྱེ་བ་དང་མི་འདུམ་པར་འདོད་པས་འབྱེད་པའི་ཚིག་སྨྲས་པ་དབྱེ་བར་བྱ་བ་དག་གིས་གོ་བའོ། །ཚིག་རྩུབ་ནི་ཀུན་ནས་མནར་སེམས་ཀྱི་གཞིར་གྱུར་བ་ལ་སོགས་ [070A]༄༅། །པའི་སེམས་ཅན་ལ་རྩུབ་པོ་སྨྲ་བར་འདོད་པས་བརྗོད་པ་དེས་གོ་བའོ། །ངག་ཀྱལ་ནི་དོན་མེད་པ་དང་ལྡན་པ་སྨྲ་བར་འདོད་པས་མ་འབྲེལ་བའི་བྱུང་རྒྱལ་སྨྲས་བའོ། །བརྣབ་སེམས་ནི་གཞན་གྱི་ནོར་རམ་ཡོ་བྱད་ལ། བདག་གིར་བྱ་བར་འདོད་དེ་ བདག་གིར་བྱ་བའི་བསམ་པའི་རྩོམ་པས་བདག་གིར་བྱ་བས་ངེས་པར་བྱས་པའོ། །གནོད་སེམས་ནི་ཚིག་རྩུབ་ཀྱི་གཞི་ལྟ་བུ་ལ་བསྣུན་པ་ལ་སོགས་པར་འདོད་པས་དེའི་ཡིད་ཀྱི་རྩོམ་པས་བསྣུན་པ་ལ་སོགས་པར་ངེས་པར་བྱས་པའོ། །ལོག་པར་ལྟ་བའི་གཞི་ནི་ཡོད་ པའི་དོན་ཏོ། །འདུ་ཤེས་ནི་དེ་བདེན་པར་ཤེས་པའོ། །ཀུན་སློང་ནི་སྐུར་བར་འདོད་པའོ། །ཉོན་མོངས་པ་ནི་ཅི་རིགས་པའོ། །སྦྱོར་བ་ནི་སྐུར་པའི་ཡིད་ཀྱི་རྩོམ་པའོ། །མཐར་ཐུག་ནི་སྐུར་པ་གདབ་པར་ངེས་པར་བྱས་པའོ། །ཡང་ཡིད་ཀྱི་ལས་གསུམ་ཡོངས་སུ་རྫོགས་པ་ནི་ མཚན་ཉིད་ལྔ་ལྔས་རྣམ་པར་བཞག་སྟེ། དང་པོ་ནི། རང་གི་ལོངས་སྤྱོད་ལ་ལྷག་པར་ཆགས་པ་དང། དེ་གསོགས་པར་འདོད་པའི་བརྐམ་ཆགས་དང། གཞན་གྱི་ནོར་བཟང་པོ་ལ་རོ་མྱང་བས་འཆུམས་པ་དང། དེ་བདག་གིར་བྱ་འདོད་པས་འཁུ་བའི་སེམས་དང་ དེ་ལ་འཛེམ་པ་མེད་ཅིང་ཉེས་པར་མི་ལྟ་བས་ཟིལ་གྱི་ནོན་པ་ལྔ་ཚོགས་པས་སོ། །གཉིས་པ་ནི་གནོད་པ་བྱེད་པ་ལ་དེའི་མཚན་མར་འཛིན་པས་ཞེ་སྡང་བ་དང། གནོད་པ་མི་བཟོད་པ་དང། ཡང་དང་ཡང་ཚུལ་བཞིན་མ་ཡིན་པ་དྲན་པས་ཁོན་དུ་འཛིན་པ་དང། འདི་ དག་བརྡེགས་སམ་བསད་ན་ཅི་མ་རུང་སྙམ་པ་འཁུ་བའི་སེམས་དང། སྔ་མ་ལྟར་ཟིལ་གྱིས་ནོན་པས་སོ། །གསུམ་པ་ནི་ཤེས་བྱ་ཇི་ལྟ་བ་མི་ཤེས་པས་རྨོངས་པའི་སེམས་དང། སྡིག་བྱ་བར་དགའ་བས་དྲག་ཤུལ་གྱི་སེམས་དང། ཚུལ་བཞིན་མ་ཡིན་པའི་ཆོས་ལ་ རྟོག་པས་ལོག་པར་ཞུགས་པའི་སེམས་དང་སྦྱིན་པ་དང་མཆོད་སྦྱིན་ལ་སོགས་པ་མེད་པར་སྐུར་བས་ཉོན་མོངས་པའི་སེམས་དང། ཟིལ་གྱིས་ནོན་པའི་སེམས་དང་ལྡན་པས་སོ། །དེ་རྣམས་ནི་སའི་རྗེས་སུ་འབྲངས་ཏེ་བཤད་པའོ། །ཡང་དྲན་པ་ཉེར་གཞག་ལས་ [070B] །རྒྱུ་ལྡས་ནི་བྱས་ཀྱང་ཉེས་པ་མེད་དེ། ལམ་དུ་འགྲོ་བས་མ་ཤེས་ཏེ་སྲོག་ཆགས་ཕྲ་མོ་དག་བསད་པ་དང། གསོད་སེསྨ་མེད་པ་གཞན་ལ་མཚོན་ཆ་གཟས་པས་བོག་པ་དང་ སྨན་པས་ཕན་པར་འདོད་ནས་སྨན་བྱིན་ནས་ཤི་བ་དང། མས་བུ་གདུལ་བར་བརྡེགས་པས་ཤིང་དང།མེ་བུས་པའི་སར་མི་འདོད་བཞིན་དུ་ལྷུང་བའོ། །མ་བྱིན་པར་ལེན་པ་ནི་གཞན་གྱིས་བཟུང་བ་ལ་བརྐུ་སེམས་གྱིས་བརྐུ་བས་བདག་གིར་བྱེད་པའོ། །རྒྱལ་བོའི་ ཆད་པས་ཉེན་པ་དང། ཕ་མ་དང་བླ་མ་དང་ནད་པ་ལ་སོགས་པའི་དོན་དུ་བརྐུ་བ་ནི་ཉེས་པ་ཆུང་ངོ། །འདོད་པས་ལོག་པར་གཡེམ་པ་ནི་རང་དང་གཞན་གྱི་ཆུང་མ་ལ་སྐྱེ་གནས་མ་ཡིན་པར་འཇུག་པ་ལ་སོགས་པའོ། །བརྫུན་དུ་སྨྲ་བ་ནི་རང་དང་གཞན་བསླུ་ཞིང་ལོག་པའི་བསམ་ པས་བརྫུན་གྱི་ཚིག་སྨྲས་པའོ། །བརྫུན་དུ་སྨྲ་བ་དག་དང་འགྲོགས་པར་མི་བྱ་སྟེ། འདི་འང་བརྫུན་དུ་སྨྲ་བའོ་ཞེས་གཞན་དག་དོགས་པར་འགྱུར་བས་སོ། །ལས་དྲི་མ་ཅན་ལ་དགའ་བ་དང་འགྲོགས་ན་དྲི་མ་ཅན་དུ་བརྩི་བར་འགྱུར་བས་སྡིག་པའི་གྲོགས་པོ་དང་མི་འགྲོགས་ ཏེ། །དེ་ནི་འཁོར་བར་འཆིང་བར་བྱེད་པ་དང་ངན་སོང་གསུམ་གྱི་གནས་ཡིན་ནོ། །དགེ་བའི་བཤེས་གཉེན་དང་འགྲོགས་པ་ནི་ཐར་པའི་མཆོག་ཡིན་ནོ། །ཕྲ་མ་ནི་མཐུན་པ་དབྱེ་བར་འདོད་པས་འབྱེད་པའི་ཚིག་སྨྲ་བའོ། །ཚིག་རྩུ་བ་ནི་རང་དང་གཞན་གདུང་བར་བྱེད་པའི་ བསམ་པ་གང་ཡང་རུང་བས་དེ་བརྗོད་པའོ། །ངག་ཀྱལ་ནི་སྔ་གྱི་འབྲེལ་མེད་སྨྲ་བས་སྟེ། མྱོང་བར་མ་ངེས་ཤིང་ཉེས་བ་ཆུང་བའོ། །དེའང་གཉིས་ཏེ་ཚིག་སྔ་ཕྱི་མ་འབྲེལ་བ་ཉིད་དང། སེམས་གཡེང་བས་འབྲེལ་མེད་སྨྲ་བ་སྟེ། ཐམས་ཅད་ཀྱིས་སྨད་པའི་རྒྱུ་དོན་མེད་པར་སྨྲ་པའོ། །དེ་ རྣམས་སྨྲས་ན་འགྱོད་ལ་འཆགས་ཤིང་སྡོམ་པར་བྱེད། གཞན་ཡང་ཟློག་པར་བྱེད། སྤེང་བའི་ལམ་ལའང་འཇོག་པ་ནི་འབྲས་བུ་ཆུང་ལ་ལྡོག་པ་ནི་ཆེ་བའོ། །བས་རྣམ་སེམས་ནི་གཞན་གྱི་ནོར་མཐོང་ནས་རྟོག་ཅིང་འདོད་ལ་བདག་གིར་བྱ་བར་སེམས་པའོ། །གནོད་སེམས་ [071A]༄༅། །ནི་གཞན་གྱི་ཕུན་སུམ་ཚོགས་པ་མཐོང་ནས་ཡིད་རབ་ཏུ་སྡང་བའོ། །ལོག་པར་ལྟ་བའི་ཕྱིན་ཅི་ལོག་ཏུ་མཐོང་བ་སྟེ། ཡོད་པ་འཇིག་པ་དང། ལོག་པར་ཤེས་པ་གཉིས་སོ། །དང་པོ་ནི། སྦྱིན་པ་མེད། སྦྱིན་སྲེག་མེད། ཅེས་ལྟ་བ་ལ་སོགས་པའོ། ། གཉིས་པ་ནི་བདེ་བ་དང་སྡུག་བསྔལ་ལྷས་བྱས་ཀྱི་ལས་ཀྱིས་མ་ཡིན་པར་ལྟ་བའོ་ཞེས་གསུངས་སོ། ༈ །རྗེས་སུ་མཐུན་པ་དང་བཅས་པའི་དབང་དུ་བྱས་ནས། ལུས་ངག་ཡིད་ཀྱི་གནས་ངན་ལེན་གཏོགས་པ། །བཅུ་པོ་ཉིད་དང་དབྱུག་པས་བརྡེག་སོགས་དང། །རྐང་ལག་ རྣམ་འགྱུར་ཉེས་པར་སྨྲ་སོགས་དང། །ཕྲག་དོག་སེར་སྣ་འདོད་རྟོག་ལ་སོགས་པའོ། །ཆོས་བཅུ་པ་ལས། ལུས་ཀྱི་གནས་ངན་ལེན་ཅེས་བྱ་བ་ནི་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། དབྱིག་པ་དང་མཚོན་ཆ་དང་བོང་བ་ དང་ལག་པས་བརྡེག་པ་དང། རྐང་པ་རྒོད་པ་དང་ལག་པ་རྒོད་པ་དང། དཀྱུ་བ་དང་མཆོང་པ་དང་མགྱོགས་པར་འགྲོ་བ་དང་རྐྱལ་པའོ། །ངག་གི་གནས་ངན་ལེན་ནི་བརྫུན་དང་ཕྲ་མ་དང་ཚིག་རྩུབ་དང་ངག་ཀྱལ་སྨྲ་བ་དང། ཉེས་པར་སྨྲ་བ་ཐམས་ཅད་དང། མདོ་སྡེ་ ཟབ་མོ་སྤོང་བ་དང། མཁན་པོ་དང་སློབ་དཔོན་དང་བླ་མའི་གནས་ལྟ་བུ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མི་སྙན་པར་བརྗོད་པའོ། །ཡིད་ཀྱི་གནས་ངན་ལེན་ནི་བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་དང། ཕྲག་དོག་དང། སེར་སྣ་དང་ རྙེད་པ་འདོད་པ་དང། གྲགས་པ་འདོད་པ་དང། ཤེས་ཀྱི་ཁེ་འདོད་པ་དང། རིགས་ཀྱིས་རྒྱགས་པ་དང། གཟུགས་དང་ལང་ཚོ་དང་ནད་མེད་པ་གསོན་པ་དང་མང་དུ་ཐོས་པ་དང། བསྒོམས་པས་རྒྱགས་པ་དང། འདོད་པའི་རྣམ་པར་རྟོག་པ་དང། གནོད་སེམས་ དང་རྣམ་པར་འཚེ་བ་དང། ཉེ་དུ་དང་ཡུལ་དང་ཆོས་གོས་དང་ལྷུང་བཟེད་དང། མལ་ཅ་དང་སྟན་དང་ན་བའི་གསོས་སྨན་དང། ཡོ་བྱད་ཀྱི་རྣམ་པར་རྟོག་པ་དང། གནས་ལ་ལྷག་པར་ཞེན་པ་དང། བཞོན་པ་དང་མལ་ཆ་དང། བཟའ་བཏུང་དང། ཆེ་བའི་བདག་ཉིད་དང། ། [071B] གཤོལ་དང་ཞིང་ལས་དང་བྲན་ཕོ་མོ་དང། ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང། མཛའ་བཤེས་དང་གྲོས་གྲོགས་དང། ཉེ་དུ་དང་སྣག་གི་གཉེན་མཚམས་དང། ནོར་དང་འབྲུ་དང་མཛོད་དང་བང་ འཚོ་བའི་ཡོ་བྱད་སྣ་ཚོགས་ཀྱི་པར་ ལ་ལྷག་པར་ཞེན་པ་དང། དེ་དག་ལས་གང་ཡང་རུང་བ་ཆུང་ཟོས་པ་ན་མྱ་ངན་དང་སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་དང། ཡིད་མི་བདེ་བ་དང་འཁྲུག་པ་འབྱུང་ཞིང། སྲེད་པའི་བརླན་གྱིས་བརླན་ཏེ་ཡིད་ཀྱི་ལས་ཀྱི་འཁྲུལ་འཁོར་གྱིས་འཕངས་ནས་འཁོར་བའི་འཁོར་ལོར་འཁྱམས་ ཤིང་ཉིང་མཚམས་སྦྱོར་བའོ་ཞེས་གསུངས་པའོ། ༈ །ལྕི་ཡང་གི་ཁྱད་པར་སྲོག་གཅོད་པ་ལས་བསྟན་པ། སྲོག་གཅོད་ཆགས་སོགས་དྲག་ཅིང་མངོན་ཞེན་དང། །མི་བཟད་གདུག་པས་རྒྱུན་ཏུ་སྦྱོར་བྱེད་དང། །བསྙེན་གནས་སྦྱིན་སོགས་འཛེམ་དང་འགྱོད་མེད་དང། ། སྡིག་མེད་ཆོས་འཕེལ་སོགས་ལྟ་ལོག་པས་འཇུག། ཕ་མ་བླ་མ་ལ་སོགས་གསོད་བྱེད་པ། །རྣམ་ལྔས་ལྕི་ཞིང་ལྡོག་རྣམས་ཡང་པར་གསུངས། །རྒྱུ་རྣམ་པ་ལྔས་ལྕི་བ་སྟེ། བསམ་པས་ནི་འདོད་ཆགས་ལ་སོགས་པ་དྲག་པོས་བྱེད་པ་དང། ཐམས་ཅད་དུ་སེམས་རངས་ ཤིང་དགའ་བ་དང། རང་ཡང་བྱེད་ཅིང་གཞན་བྱེད་དུ་འཛུད་ལ། རྗེས་སུ་ཡི་རང་ཞིང་ལེགས་པ་བརྗོད་པ་དང། ཡུན་རིང་དུ་བསམས་ཤིང་བསགས་པའི་སེམས་ཀྱིས་བྱེད་པའོ། །སྦྱོར་བས་ནི་རྟག་ཏུ་གུས་པར་བྱེད་པ་དང། ལན་རེ་རེ་ལའང་མང་དུ་གསོད་པ་དང། སྡུག་བསྔལ་དྲག་པོ་ བསྐྱེད་པས་གསོད་པ་དང། ཞན་པ་དང་བཀྲེན་པ་དང་སྙིང་རྗེ་རྗེ་སྐད་དུ་སྨྲེ་བཞིན་པའང་གསོད་པའོ། །གཉེན་པོ་མེད་པས་ནི་དུས་བཟང་གི་བསྙེན་གནས་ཙམ་ དུས་དུས་སུ་སྦྱིན་པ་དང་བསོད་ནམས་དང་ཕྱག་འཚལ་བ་དང་ འདུད་པ་ལ་སོགས་པ་མི་བྱེད་པ་དང། དུས་དུས་སུ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་འགྱོད་པ་མི་འཐོབ་པ་དང། འཇིག་རྟེན་གྱི་འདོད་ཆགས་དང་བྲལ་བའམ་ཆོས་མངོན་པར་རྟོགས་པ་ལ་མི་རིག་པར་གསོད་པའོ། །ལོག་པར་མངོན་པར་ཞེན་པས་ནི་དགེ་སྦྱོང་དང་བྲམ་ཟེ། ། [072A]༄༅། །མཆོད་སྦྱིན་བྱེད་པ་དག་གི་ལྟ་བ་ལ་བརྟེན་པས་ཆོས་འདོད་ནས་གསོད་པ་དང། ཕྱུགས་རྣམས་ནི་སྐྱེ་དགུའི་བདག་པོས་ལོངས་སྤྱོད་ཀྱི་རྒྱུར་སྤྲུལ་པས་ན་བསད་ཀྱང་ཉེས་པ་མེད་པར་ལྟ་བ་ལ་སོགས་པ་ལོག་པར་ལྟ་བ་གང་ཡང་རུང་བ་ལ་ བརྟེན་ཏེ་གསོད་པའོ། །གཞིས་ལྕི་བ་ནི་དུད་འགྲོ་བོང་ཆེན་པོའམ་མང་པོའམ། མིའམ་མིར་ཆགས་པའམ། ཕ་མ་དང་བུ་ཚ་དང་ཕུ་ནུ་དང་མཛའ་བཤེས་སམ། སློབ་པ་དང་བྱང་ཆུབ་སེམས་དཔའ་དང་དགྲ་བཅོམ་པ་དང་རང་སངས་རྒྱས་གསོད་པ་དང། དེ་བཞིན་ གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལ་སོགས་པའོ། །རྒྱུ་ལྔ་པོ་དེ་ལས་ལྡོག་པས་ནི་ཡང་བར་བལྟའོ།། ༈ །གཞན་ལ་སྦྱར་བ་ནི། དཀོན་མཆོག་གསུམ་གྱི་དཀོར་སོགས་བརྐུ་བ་དང། །ཕ་མ་སོགས་ལ་ལོག་སྤྱོད་བསླུ་བྱེད་ཅིང། །འབྱེད་དང་རྩུབ་ པོས་སྦྱོ་དང་ཅོ་འདྲི་དང། །འདོད་དང་གནོད་སེམས་ཐམས་ཅད་མེད་ལྟའང་ལྕི། །ལྷག་མ་དགུ་ལ་ནི་གཞི་ལ་ལྕི་བ་བརྗོད་པ་སྟེ། གཞན་ནི་སྲོག་གཅོད་པ་ལྟར་ཅི་རིགས་སུ་ལྟ་བའོ། །དེ་ལ་མ་བྱིན་པར་ལེན་པ་ནི་མང་པོ་དང་བཟང་པོ་བརྐུ་བ་དང། ཡིད་བརྟན་པ་ལ་ འཁུ་ཞིང་བརྐུ་བ་དང། དམན་པ་དང་བཀྲེན་པ་ལ་སོགས་པ་དང། རབ་ཏུ་བྱུང་བ་ལ་སོགས་པ་དང། གྲོང་དུ་ཆུད་པ་དང། སློབ་པ་ལ་སོགས་པ་དང། དགེ་འདུན་གྱི་ལས་བརྐུ་བའོ། །མཆོད་རྟེན་གྱི་ལས་བརྐུ་བའོ། །འདོད་པ་ལ་ལོག་པར་གཡེམ་པ་ནི་གཞུག་པར་བྱ་བ་མ་ཡིན་ པ་དང། མ་དང་འབྲེལ་བ་དང་མཛའ་བོའི་ཆུང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་ལ་ཉལ་བ་དང། ཡན་ལག་མ་ཡིན་པ་ཁ་དང། དུས་མ་ཡིན་པ་སྦྲུམ་མ་ཟླ་བ་ཚང་བ་དང། ནད་པ་དང། གནས་མ་ཡིན་པ་མཆོད་རྟེན་གྱི་ཉེན་ཀོར་དང་དགེ་འདུན་གྱི་ ཀུན་དགའ་རབ་རྣམས་སུ་འཇུག་པའོ། །བརྫུན་དུ་སྨྲ་བ་ནི་གཞན་བསླུ་ཞིང་ཕྲིད་པ་ལ་དོན་མང་པོས་སྨྲ་བ་དང། ཕ་མ་ནས་སངས་རྒྱས་ཀྱི་བར་དང། བཟང་པོའམ་མཛའ་པོ་ལ་སྨྲ་བ་དང། སྲོག་གཅོད་པ་ལ་སོགས་པ་སྔ་མ་གསུམ་ལྕི་བ་བསྐྱེད་པ་སྨྲ་བའོ། །ཕྲ་མ་ནི་དགེ་འདུན་ [072B] །ཕ་མ་དང་བུ་དང་བུ་མོ་འམ་བླ་མའམ་ཡུན་རིང་པོ་ནས་མཛའ་བ་འབྱེད་པ་དང། སྔ་མ་གསུམ་པོ་ལྕི་བ་དག་བསྐྱེད་པའི་ཕྲ་མའོ། །ཚིག་རྩུབ་ཀྱང་ཕ་མ་དང་བླ་མ་ལ་སོགས་པ་ལ་དང། བརྫུན་གྱིས་དང། མངོན་སུམ་དུ་བརྒྱད་བཀག་དང། གཤེབ་ དང་སྤྱོ་པས་སྨྲ་བའོ། །ངག་ཀྱལ་ནི་བརྫུན་ལ་སོགས་པ་གསུམ་པོ་ལྕི་བའི་སྒོ་ནས་སྨྲ་བ་དང། འཐབ་པ་དང་རྩོད་པ་དང་འགྱེད་པ་ལ་བརྟེན་པ་དང། ཆགས་པའི་སེམས་ཀྱིས་ཕྱི་རོལ་བའི་བསྟན་བཅོས་ཀློག་པ་ལ་སོགས་པ་དང། ཕ་མ་ལ་སོགས་པ་ལ་ཅོ་འདྲི་བའོ། །བརྣབ་སེམས་ ནི་དགེ་འདུན་དང་མཆོད་རྟེན་གྱི་དཀོར་ལ་འདོད་པ་དང། ཡོན་ཏན་གྱིས་རློམ་པས་རྒྱལ་པོ་ལ་སོགས་པ་དང། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལས་ཤེས་ཀྱི་ཁེ་དང་བཀུར་སྟི་འདོད་བའོ། །གནོད་སེམས་ནི་ཕ་མ་དང་ཉེ་དུ་དང་བླ་མ་ལ་དང། ཉེས་པ་མེད་པ་དང་ བཀྲེན་པ་དང་སྡུག་བསྔལ་བ་དང་སྙིང་རྗེ་བ་དག་དང། ཉེས་པ་མེད་པ་དག་སྙིང་ཐག་པ་ནས་བཤགས་པ་བྱེད་པ་ལ་མནར་སེམས་བསྐྱེད་པའོ། །ལོག་པར་ལྟ་བ་ནི་གཞི་ཐམས་ཅད་ལ་སྐུར་པ་འདེབས་པར་ཞུགས་པ་སྟེ་དེ་ནི་ལོག་ལྟ་གཞན་པས་ཀྱང་ལྕི་བས་སོ། །འཇིག་རྟེན་ན་ དགྲ་བཅོམ་པ་དང་ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་དག་མེད་ཅེས་ལྟ་བ་ཡང་ངོ། །ངོ་བོ་ཉིད་ཀྱིས་ལྕི་བ་དང་ཡང་བ་ཡང་ཡོད་དེ་དང་པོ་བདུན་པོ་ནི་སྔ་མ་སྔ་མ་ལྕི་ཞིང་ཕྱི་མ་ཕྱི་མ་དག་ཡང་བའོ། །ཐ་མ་གསུམ་པོ་ནི་ཕྱི་མ་ལྕི་བར་བལྟའོ། ༈ །ཉེས་ དམིགས་ཀྱི་ཁྱད་པར་ནི་བདུན་ལ་སོགས་ཏེ། མི་དགེའི་ལས་ཀྱིས་རང་དང་གཞན་དག་དང། གཉི་ག་རྣམ་འཇོམས་འདི་དང་ཕྱི་མ་དང། གཉིས་པ་ཁ་ན་མ་ཐོ་འཕེལ་འགྱུར་ཞིང། །དེས་བསྐྱེད་སྡུག་བསྔལ་ཡིད་མི་བདེ་སོགས་ཐོག། །ལས་ཀྱི་ལམ་རེ་རེས་ཀྱང་ཉེས་ དམིགས་བདུན་ཏེ། བདག་ལ་གནོད་པ་དང། གཞན་ལ་གནོད་པ་དང། གཉིས་ཀ་ལ་གནོད་པ་དང། ཚེ་འདིའི་དང། ཕྱི་མའི་དང། གཉིས་ཀའི་ཁ་ན་མ་ཐོ་བསྐྱེད་པ་དང། དེ་ལས་སྐྱེས་པའི་སེམས་ཀྱིས་སྡུག་བསྔལ་བ་དང། ཡིད་མི་བདེ་བ་མྱོང་བར་འགྱུར་བའོ། །དང་པོ་ནི་ [073A]༄༅། །གཞན་གྱི་སྲོག་ལ་སོགས་པ་ལ་གནོད་པ་བྱེད་པ་ན་དེ་མ་གྲུབ་པར་ཡང་རང་ལ་ཡང་གསོད་པ་ལ་སོགས་པ་འབྱུང་བས་སོ། །གཉིས་པ་ནི་གྲུབ་པས་ཕ་རོལ་གྱི་སྲོག་བཅད་པ་ལ་སོགས་པས་སོ། །གསུམ་པ་ནི་བདག་གི་ཚུལ་ཁྲིམས་ལ་སོགས་པ་ ཉམས་པར་བྱེད་ཅིང་དེས་གཞན་དག་ལའང་གནོད་པ་སྣ་ཚོགས་བསྐྱེད་པས་སོ། །བཞི་པ་ནི་དེ་ལྟར་སྡིག་པའི་ལས་བྱས་པ་ན་བདག་གིས་སྨད་པས་ཉམས་པ་དང་བཅས་པར་གནས་པ་དང། གཞན་གྱིས་སྨད་པས་རྙེད་པ་ལ་སོགས་པས་དམན་པ་དང། ལྷ་རྣམས་ཀྱིས་ སྨད་པས་བསྲུང་བ་ལ་སོགས་པ་ཉམས་པ་དང། སྟོན་པས་ཀྱང་སྨོད་པ་དང། ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱིས་ཀྱང་ཆོས་ཉིད་ཀྱིས་སྨོད་པ་དང། ཕྱོགས་དང་ཕྱོགས་མཚམས་སུའང་མི་སྙན་པའི་སྒྲ་གྲག་པར་འགྱུར་བའོ། །ལྔ་པ་ནི། །དེ་ལས་ཚེ་ཕྱི་མར་མི་ ཁོམ་པ་རྣམས་སུ་སྐྱེ་བར་འགྱུར་བའོ། །དྲུག་པ་ནི་འདི་དང་ཕྱི་མ་དག་གིས་ཐོབ་པ་དང་མ་ཐོབ་པའི་བདེ་ལེགས་ལས་ཉམས་པར་འགྱུར་བའོ། །བདུན་པ་ནི་དེ་ལྟར་གཞན་ལ་གནོད་པའི་ལས་དག་གྲུབ་ན་ནི་ཤར་གཉེར་བ་ལ་སོགས་པའི་རྒྱུས། སྡུག་བསྔལ་དང་ཡིད་ མི་བདེ་བ་ཐོབ་ལ། མ་གྲུབ་ནའང་འདོད་པས་ཕོངས་པའི་གཞི་ལས་སྡུག་བསྔལ་ཞིང། ཡིད་མི་བདེ་བ་མྱོང་བར་འགྱུར་བའོ། །ཉེས་དམིགས་དེ་ལྟ་བུ་འབྱུང་བ་ན་ཡང་མི་དགེ་བ་འདི་དག་སྒོ་རྣམ་པ་བརྒྱད་ཀྱིས་སེམས་ཅན་ལ་ལོག་པར་ཞུགས་པའི་རྒྱུ་མཚན་ལས་ ཡིན་ཏེ། སྲོག་དང་ལོངས་སྤྱོད་དང་ཆུང་མ་ལ་གནོད་པ་གསུམ་དང། རྒྱུའི་དབང་པོས་གནོད་པ་དང། གྲོགས་པོའི་ཚུལ་གྱིས་གནོད་པ་དང། མཚང་འབྲུ་བའི་གནོད་པ་དང། བག་མེད་པ་བསྐྱེད་པ་ཡིས་དང། འཇིགས་པ་བསྐྱེད་པའི་གནོད་པས་སོ། །སོགས་པས་ བསྡུས་པ་ནི་མདོ་ལས། འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་དམིགས་བཅུ་རྒྱས་པར་གསུངས་པ་དང། དགའ་བྱེད་ཀྱི་མདོར་དགེ་བསྙེན་གྱི་བསླབ་པའི་གཞིའི་དབང་དུ་བྱས་ཏེ། དང་པོ་བཞིས་ཉེས་དམིགས་བཅུ་བཅུ་དང། ལྔ་པ་མྱོས་བྱེད་འཐུང་བ་ལ་ཉེས་དམིགས་ [073B] །ཡང་དྲན་པ་ཉེ་བར་བཞག་པ་ལས། བརྫུན་དུ་སྨྲ་བས་ནི་མཆོག་ཏུ་དོན་མ་ཡིན་པ་བྱེད་པ། ཆོས་ཀྱི་སྟེགས་ཐམས་ཅད་ལས་བརྒལ་བ། དོན་མ་ཡིན་པ་ཐམས་ཅད་ཀྱི་སྒོ། དགེ་བའི་ལོ་ཐོག་མ་ལུས་པའི་སེར་བ་ ངན་འགྲོ་ཐམས་ཅད་ཀྱི་སྒོ། བྱ་བ་མ་ཡིན་པ་ཐམས་ཅད་ཀྱི་གཞི། སེམས་ཅན་ཐམས་ཅད་ཀྱི་ཡིད་མི་ཆེས་པའི་ས། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་མི་གཙང་བ་ལྟར་སྨད་པ། དུག་ལྟར་བོར་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་མུན་ནག་ སུའང་འདོད་པ་མེད་པ། གཅིག་ཏུ་དམྱལ་བ་མངོན་སུམ་དུ་གྱུར་ཅིང་མཚུངས་པ་མེད་པའི་མུན་ནག་དོན་མེད་པ་མང་པོ་འབྱུང་བ་སྟེ། འདིས་རང་དང་གཞན་བསླུ་བར་བྱེད་པ་ནི་དགེ་བའི་རྩ་བ་ཐམས་ཅད་མ་རུངས་པར་བྱེད་པ་མུན་པ་ཆེན་པོར་གྱུར་པ། སྐྱེ་པོ་ཆེན་པོ་དག་ ཡིད་མི་ཆེས་པ། སྐྱེ་བོ་མཁས་པ་ཐམས་ཅད་དང་ལོ་སྟོང་དུ་མི་མཐུན་པ། ཉན་ཐོས་ལ་སོགས་པ་འཕགས་པ་ཐམས་ཅད་ཀྱིས་སྨད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་སྐྱོན་དུ་བགྲང་བ། དགེ་བའི་རྩ་བའི་སྟེགས་ཐམས་ཅད་ལ་སྟ་རེར་གྱུར་པ་ རྟག་ཏུ་གནོད་པའི་གཡང་སར་འགྱུར་བ། རོ་མྱགས་པ། སྙིང་པོ་མེད་པ་ལས་དུག་ལྟར་ལངས་པ། འཁོར་བའི་འགྲོ་བ་ངན་བའི་རྒྱུར་གྱུར་པ། ཉལ་ཉིལ་དུ་གྱུར་པ། ཁ་དྲི་ང་བ། རྟག་ཏུ་ཁའི་དྲ་བར་གྱུར་པ། མི་འདོད་པ་མི་སྡུག་པ། ཡིད་དུ་མི་འོང་བ་དམྱལ་བའི་འཇིགས་པ་ ཆེན་པོའི་པོ་ཉ། འཆི་བ་ན་སྡངས་པར་བྱེད་པ་ཆེན་པོ། གཤིན་རྗེའི་ཡུལ་དུ་ཕྱིན་པ་རྣམས་ཀྱི་དགྲ་ཆེན་པོ། ཡི་དྭགས་དང་དུད་འགྲོའི་གཡང་ས། ཉེས་པའི་ལས་ཀྱི་མཐའ་ཐམས་ཅད་ཀྱི་རྒྱུ། དབུལ་པའི་རྒྱུ། དམྱལ་བར་གནོད་པ་ཆེན་པོ་བྱེད་ལ། དུད་འགྲོ་གཅིག་ལ་གཅིག་ ཟ་བའི་རྐྱེན་དུ་གྱུར་པ། ཐོག་མ་མེད་པ་ནས་ཞུགས་པའི་འཁོར་བའི་ས་བོན་དུ་གྱུར་པའོ། །ཡང་ཚིག་རྩུབ་པོ་ནི་རང་དང་གཞན་ལ་གཅིག་ཏུ་གནོད་པར་བྱེད་པ། ཁོང་ཁྲོ་བའི་རྒྱུ་མཐུན་པ། ཡིད་དུ་མི་འོང་བ། ཉན་པ་དང་མི་མཐུན་ བྱིས་པ་ཐམས་ [074A]༄༅། །ཅད་དང་ལྷན་ཅིག་སྤྱོད་པ་རྣམ་པར་སྨིན་པ་མང་བ། བདེ་འགྲོ་འཇིག་པར་བྱེད་པ། སྐྱེ་བོ་ཐམས་ཅད་ལ་མི་དགའ་བར་བྱེད་པ། འཇིག་རྟེན་པ་ཐམས་ཅད་སྡང་བའི་རྒྱུར་གྱུར་པ། མཐུན་པ་འཇིག་པར་བྱེད་པ། ཡིད་མི་ཆེས་པའི་གནས་སུ་གྱུར་པ། ཡིད་ བ་ཅུགས་པ་མ་ཡིན་པ། ལྕེ་དུག་ལྟ་བུའི་དག་གིས་དྲི་མར་གྱུར་པ། ཚངས་པ་མཚུངས་པར་སྤྱོད་པ་ཐམས་ཅད་ཀྱིས་སྨད་པའོ། །ཡང་གནོད་སེམས་ནི་སེམས་ཅན་དམྱལ་བ་བསྐྱེད་པར་བྱེད་པ། དགེ་བའི་ལོ་རྟོག་གི་སེར་བ། ཡང་དག་པའི་ཡེ་ཤེས་ཀྱི་མིག་གི་མུན་ གནག། སྙིང་ལ་གནས་པའི་མེ། ཚུལ་ཁྲིམས་ཐམས་ཅད་སྲེག་པར་བྱེད་པ། མདོག་ངན་པའི་རྒྱུར་གྱུར་པ། ཆོས་ཀྱི་སྟེགས་གཅོད་པར་བྱེད་པ། འཇིག་རྟེན་འདི་དང་ཕ་རོལ་གྱི་དགྲ་ནང་དུ་ཞུགས་པ། སེམས་གནས་པ་འཇིག་པར་བྱེད་པ། བྱམས་པ་དང་མི་མཐུན་པར་གྱུར་པ་ བདེན་པ་བཞི་འཇིག་པར་བྱེད་པ། སེམས་ཅན་དམྱལ་བའི་ཕོ་ཉ་ཆེན་པོ་སྟེ། སྐྱེས་བུ་དམ་པ་དག་དང་འཕགས་པ་ཉན་ཐོས་དག་དང་ཐོས་པ་དོན་དུ་གཉེར་བ་དག་གིས་བསྟེན་པར་བྱ་བ་མ་ཡིན་པའོ། །ཡང་ལོག་པར་ལྟ་བ་ནི་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ་ ངན་སོང་གསུམ་གྱི་རྒྱུ་ཐམས་ཅད་བསྐྱེད་པ། མུན་པ་མུན་ནག་ཆེན་པོ་ཡང་དག་པའི་ལམ་གྱི་འགལ་ཟླར་གྱུར་པ། མཚོན་དང་མེ་དང་དུག་དང་གཡང་ས་ལྟ་བུ། སྐྱེ་བོ་ཐམས་ཅད་འཇིག་པར་བྱེད་པ། ལྟ་བ་ངན་པ་ཕྱིན་ཅི་ལོག་ཏུ་ལྟ་བའོ་ཞེས་གསུངས་པའོ། ༈ ། མི་དགེ་བ་དེ་རྣམས་ཀྱི་འབྲས་བུའི་དབང་དུ་བྱས་ནས། གནས་སྐབས་ཀྱི་དབྱེ་བ་ནི། འདི་རྣམས་ཆེ་འབྲིང་ཆུང་ངུར་བཤད་པ་ཡི། །དམྱལ་བ་ཡི་དྭགས་དུད་འགྲོར་སྐྱེ་བ་སྟེ། །གཙོ་ཆེར་ཆགས་སྡང་རྨོངས་པ་ཆེ་འབྲིང་དང། །ཆུང་དུས་ཆེ་བའི་ལས་ལམ་རྣམས་ལས་ སོ། །མི་དགེ་བ་བཅུ་ཆེན་པོ་སྤྱོད་པ་རྣམས་ཀྱིས་ནི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེའོ། །འབྲིང་གིས་ནི་ཡི་དྭགས་རྣམས་སུ་སྐྱེའོ། །ཆུང་དུས་ནི་དུད་འགྲོར་སྐྱེའོ། །ཆེན་པོའི་གནས་སྐབས་རྣམས་ནི་ཆགས་པ་ལ་སོགས་པ་ཆེན་པོའི་གཞི་ཅན་ནོ། །འབྲིང་ [074B] ༈ །ངོ་བོ་ཉིད་ཀྱི་དབྱེ་བ་ལ་སོ་སོའི་འབྲས་བུའི་དབང་དུ་བྱས་ནས་རྣམ་པར་སྨིན་པའི་འབྲས་བུ་སྨྲས་པ། འདི་དག་བསྟེན་ཅིང་ལན་མང་བྱས་པ་ཡིས། །རྣམ་སྨིན་ངན་སོང་སྡུག་བསྔལ་མཐའ་དག་ཉིད། །བཅུ་ཅར་གྱི་སོ་སོར་བསྟེན་ཅིང་ བསྒོམས་ལ་ལན་མང་དུ་བྱས་པས་སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྡུག་བསྔལ་མི་བཟད་པ་མཐའ་ཡས་པ་རྣམ་པར་སྨིན་པར་འགྱུར་བའོ།། ༈ །རྒྱུ་མཐུན་གྱི་འབྲས་བུ་ནི། དེ་ནས་ཐར་ཀྱང་མཐོ་རིས་དག་ཏུ་ནི། །རྒྱུ་མཐུན་ཚེ་ཐུང་ དབུལ་དང་ཆུང་མ་ལྷོད། སྐུར་མང་མཛའ་བྲལ་མི་སྙན་ཚིག་མི་གཉན། །འདོད་ཆགས་ཞེ་སྡང་གཏི་མུག་ལྷག་སྤྱོད་འགྱུར། གལ་ཏེ་ངན་སོང་དག་ནས་ཐར་ཏེ་མི་རྣམས་སུ་སྐྱེས་ནའང་སྲོག་གཅོད་པ་ལ་སོགས་པས་རིམ་པ་བཞིན་ཚེ་ཐུང་བ་དང། ལོངས་སྤྱོད་གྱིས་ཕོངས་པ་དང་ ཆུང་མ་མ་བསྡམས་པ་དང། སྐུར་པ་མང་བ་དང། མཛའ་བོ་དང་དབྱེ་བ་དང། ཡིད་དུ་མི་འོང་བའི་སྒྲ་ཐོས་པ་དང། ཚིག་མི་སྙན་པ་དང། འདོད་ཆགས་ཆེ་བ་དང། ཞེ་སྡང་ཆེ་བ་དང། གཏི་མུག་ཆེ་བར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་སྡེ་སྣོད་ལས་ནི་སྲོག་གཅོད་ པས་ཚེ་ཐུང་བ་དང། མ་བྱིན་བར་ལེན་པས་དབུལ་པོ་དང། འདོད་པས་ལོག་པར་གཡེམ་པས་ཆུང་མ་འགྲན་ཟླ་དང་བཅས་པ་དང། བརྫུན་དུ་སྨྲ་བས་སྐུར་པ་མང་བ་དང། ཕྲ་མས་གཡོག་འཁོར་གཞན་གྱིས་འབྱོང་པ་དང། ཚིག་རྩུབ་ཀྱིས་རྟག་ཏུ་ཡིད་དུ་མི་འོང་བ་ཐོས་ པ་དང། ངག་ཀྱལ་བས་ཤིན་ཏུ་གདོན་མི་ཟ་བ་བའི་སྤོབས་པར་མི་འགྱུར་བ་དང། བརྣབ་སེམས་ཀྱིས་ལོངས་སྤྱོད་རབ་ཏུ་ཉམས་པར་འགྱུར་བ་དང། གནོད་སེམས་ཀྱིས་དམྱལ་བར་ལྟུང་བ་དང། ལོག་པར་ལྟ་པས་འཕགས་པའི་ལམ་མི་རྙེད་པར་གསུངས་སོ། །དྲན་པ་ ཉེར་གཞག་ལས་ཀྱང། སྲོག་གཅོད་པ་ལ་སོགས་པས་རིམ་པ་བཞིན་དུ་མིར་སྐྱེས་ཀྱང་ཚེ་ཐུང་བ་དང། གཞན་གྱིས་གསོད་པ་དང། དབུལ་བ་དང་ནོར་ཡོད་ཀྱང་རྒྱལ་པོ་ལ་སོགས་པ་ལྔས་ཆུད་གཟོན་པ་དང། ཆུང་མ་མི་གུས་པ་དང་མཚན་གཉིས་འབྱུང་བ་དང་ཐམས་ཅད་ [075A]༄༅། །ཀྱིས་བརྙས་པ་དང། ཚིག་གཟུང་བར་འོས་པ་མ་ཡིན་ཞིང་ཁ་དྲི་ང་ལ་སོ་དང་ཁ་དང་མདོག་མི་སྡུག་པ་དང། ཐམས་ཅད་ཀྱིས་ལོག་པར་སྦྱོར་བ་དང། རྟག་ཏུ་འཇིགས་ཤིང་ལས་བརྩམས་པ་མི་འགྲུབ་པ་ལ་དོན་མེད་པ་ཐམས་ཅད་སྤྱོད་ པ་དང། མཛའ་བ་མི་བརྟན་ཞིང་ལྐུག་པ་དང་འོན་པ་དང། ཁ་དྲི་ང་བར་འགྱུར་ལ་སུའང་ཡིད་མི་ཆེས། མདོག་མི་སྡུག་གནས་གཅིག་ལ་མི་དགའ་བ་དང། སུས་ཀྱང་དབུགས་འབྱིན་པ་མེད་ཅིང་ཐམས་ཅད་ཀྱིས་རྟག་ཏུ་གཙེ་ལ་སུ་ལས་ཀྱང་དགའ་བའི་ཚིག་མི་ཐོབ་ རྟག་ཏུ་འཇིགས་ཤིང་དགེ་བའི་བཤེས་གཉེན་དང་མི་འགྲོགས་པར་སྡིག་པའི་གྲོགས་པོ་བསྟེན་པ་དང། ཐམས་ཅད་མི་དགའ་ཞིང་ཡ་ང་བར་འགྱུར་ལ་གང་དུའང་སྨྱོན་ཐབས་མཁན་ལྟ་བུར་འགྱུར་བ་དང། རྟག་ཏུ་དབུལ་ཞིང་ནོར་རྒྱལ་པོ་ལ་སོགས་བས་འཕྲོག་ པ་དང། རི་བྲག་ཀླ་ཀློ་འཁྲུག་པ་མང་བར་སྐྱེ་ཞིང་གཡང་དུ་ལྟུང་ལ་ནམ་ཡང་སེམས་མི་བདེ་བ་དང་གནོད་པ་མང་བ་དང། ལོག་པར་ལྟ་བ་ལ་དེ་དགུ་ཅར་གྱི་སྐྱོན་རྣམས་སྟོང་འགྱུར་དུ་འབྱུང་བར་གསུངས་སོ། །བདེན་སྨྲའི་ལེའུ་ལས་ཀྱང། དེ་དག་གིས་རིམ་པ་བཞིན་དུ་ ཚེ་ཐུང་ཞིང་ནད་མང་བ་དང། དབུལ་བ་དང་ནོར་ཐུན་མོང་བར་འགྱུར་བ་དང། འཁོར་མི་སྲུན་ཞིང་ཆུང་མ་འགྲན་ཟླ་དང་བཅས་པ་དང། སྐུར་པ་མང་ཞིང་གཞན་གྱིས་བསླུ་བ་དང། འཁོར་ཉུང་བ་དང་འཁོར་མི་བཟླུམ་པ་དང། ཚིག་ངན་པ་ཉི་ཚེ་ཐོས་ཤིང་འཐབ་མོའི་ཚིག་ ཏུ་འགྱུར་བ་དང། ཚིག་མི་བཙུན་ཞིང་སྤོབས་པ་མ་ངེས་པ་དང། འདོད་ཆེན་ཆེ་བ་དང་ཆོག་མི་ཤེས་པ་དང། མི་ཕན་པ་ཚོལ་བ་དང་གཞན་ལ་གནོད་པ་བྱེད་པ་དང། ལྟ་བ་ངན་པ་དང་ལྡན་པ་དང་གཡོ་སྒྱུ་ཅན་དུ་འགྱུར་པར་གསུངས་སོ། །ས་བཅུ་པ་ལས་ཀྱང། དེ་དང་ དོན་འདྲ་བར་གསུངས་སོ། ༈ །དབང་གི་འབྲས་བུ་ནི། དབང་གི་འབྲས་བུ་ཕྱི་ཡི་དངོས་པོ་རྣམས། །མཐུ་ཆུང་མི་སྨིན་འདྲུལ་ཞིང་གཞན་དུ་འགྱུར། །ཤིན་ཏེ་མ་དང་རོ་ངན་མི་བརྟན་དང། །འབྲས་བུ་ཆུང་དང་གནོད་དང་མེད་འགྱུར་བའོ། །ཡང་རིམ་པ་བཞིན་དུ་ [075B] འབྲས་བུ་མི་སྨིན་པ་དང། འབྲས་བུ་འདྲུལ་པ་དང། འབྲས་བུ་གཞན་དུ་འགྱུར་བ་དང། འབྲས་བུ་ཤིན་ཏེ་མར་འགྱུར་བ་དང། འབྲས་བུ་མི་ཞིམ་པ་དང། འབྲས་བུ་རྟག་ཏུ་མ་ཡིན་པ་དང། འབྲས་བུ་ཆུང་བ་དང། འབྲས་བུ་ གནོད་པར་འགྱུར་བ་དང། འབྲས་བུ་མེད་པར་འགྱུར་བའོ། །རྒྱས་པར་ནི། སྲོག་བཅད་པ་ལས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཟའ་བཏུང་དང་སྨན་དང་འབྲས་བུ་ལ་སོགས་པ་མཐུ་ཆུང་བ་དང། ནུས་པ་དང་སྟོབས་ཆུང་བ་དང། ནད་བསྐྱེད་པས་སེམས་ཅན་ཕལ་ཆེར་ཚེ་མ་ཟད་ པར་ཡང་འཆི་བར་འགྱུར་བའོ། །མ་བྱིན་པར་ལེན་པའི་ནི་འབྲས་བུ་ཉུང་བ་དང། མི་གྲུང་བ་དང། འདྲུལ་བ་དང་ལོང་བ་དང། ཐན་པ་ཆེས་པ་དང། ཆར་ཆེས་པ་དང། འབྲས་བུ་བསྐམས་པ་དང་མེད་པར་འགྱུར་རོ། །འདོད་པ་དང་ལོག་པར་གཡེམ་པའི་ནི་བཤང་གཅི་དང་ འདམ་རྫབ་དང། ལྗན་ལྗིན་དང་མི་གཙང་བ་དང། དྲི་ང་བ་མང་བ་དང་དོག་པ་དང་ཉམ་ང་བ་དང་ཉམས་མི་དགའ་བའོ། །བརྫུན་དུ་སྨྲ་བའི་ནི་ཞིང་ལས་དང་གྲུ་སྤྱོད་པའི་ལས་ཀྱི་མཐའ་རྒྱས་པར་མི་འགྱུར་བ་དང། མཐུན་པར་མི་འགྱུར་ཞིང་ཕལ་ཆེར་བསླུ་བ་དང་ འཇིགས་པ་དང་འཇིགས་སུ་རུང་བའི་རྒྱུ་རྣམ་པ་མང་པོ་དང་ལྡན་པའོ། །ཕྲ་མའི་ནི་ས་ཕྱོགས་འབར་འབུར་དང་ལྕང་ལྕོང་དང། མཐོ་དམན་དང་བགྲོད་དཀའ་བ་དང། འཇིགས་པ་དང། འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པའོ། །ངག་རྩུབ་པོའི་ནི་ས་ཕྱོགས་སྡོང་ དུ་མ་དང་ཚེར་མ་དང་རྡོ་དང་གསེག་མ་དང་གྱོ་མོ་མང་བ་དང། རྩུབ་པ་དང་མདངས་མི་སྣུམ་པ་དང། འབབ་ཆུ་དང་མཚོ་དང་ལྟེང་ཀ་མེད་པ་དང། བསྐམས་པ་དང་ཚ་རྒོ་དང་དགོན་དུང་དང་ཐ་ཆད་དང། སྡིག་པ་ཅན་གྱི་ས་གཞི་དང་འཇིགས་པའི་རྒྱུ་མང་པོ་དང་ལྡན་པའོ། ། ཚིག་ཀྱལ་པའི་འབྲས་བུ་ནི་ལྗོན་ཤིང་ལ་འབྲས་བུ་མི་ཆགས་པ་དང། དུས་མ་ཡིན་པར་འབྲས་བུ་ཆགས་པ་དང། དུས་སུ་མི་ཆགས་པ་དང། མ་སྨིན་པ་སྨིན་པར་སྣང་བ་དང། རྩ་བ་མི་བརྟན་པ་དང། རིང་དུ་མི་གནས་པ་དང། ཀུན་དགའ་ར་བའམ། ནགས་ཚལ་ལམ་ [076A]༄༅། །རྫིང་བུ་ཉམས་དགའ་བ་མི་མང་བ་དང། འཇིགས་པའི་རྒྱུ་མང་པོ་དང་ལྡན་པའོ། །བརྣབ་སེམས་ཀྱིས་ནི་ཕུད་སུམ་ཚོགས་པ་ཐམས་ཅད་ལོ་རེ་རེ་དང་དུས་ཚིགས་དང་ཟླ་བ་དང་ཞག་རེ་རེར་ཡང་ཉམས་ཤིང་དབྲ་འཕེལ་བ་ནི་མ་ཡིན་པའོ། ། གནོད་སེམས་ཀྱིས་ནི་ཡམས་དང་གནོད་པ་དང། ཕ་རོལ་གྱི་དམག་ཚོགས་ལས་འཁྲུག་ལོང་མེད་པ་དང། སེངྒེ་དང་སྟག་ལ་སོགས་པ་དང་སྦྲུལ་གདུག་པ་དང། སྡིག་པ་དང་སྦྲིན་གྱི་མེ་མང་བ་དང། གནོད་སྦྱིན་གདུག་པ་དང་ཆོམ་རྐུན་ལ་སོགས་ པ་མང་བའོ། །ལོག་ལྟའི་ནི་སྣོད་ཀྱི་འཇིག་རྟེན་ན་འབྱུང་ཁུངས་མཆོག་དང་གཙོ་བོ་དག་ནུབ་པར་འགྱུར་བ་དང། དངོས་པོ་མི་གཙང་བ་དང་སྡུག་བསྔལ་ བདེ་བར་སྣང་བ་དང་གནས་དང་སྐྱོབ་པ་དང། སྐྱབས་མེད་པར་འགྱུར་བའོ། ༈ །མཐོང་བའི་ ཆོས་ལ་མྱོང་བའི་ཁྱད་པར་བརྗོད་པ། ལྟ་དང་མི་ལྟ་གནོད་དང་བརྩེ་བ་དང། །མནར་སེམས་དང་བ་བྱས་པ་མི་གཟོ་དང། །བྱས་གཞིའི་བསམ་དང་ཕ་མ་དགྲ་བཅོམ་དང། །སངས་རྒྱས་དགེ་འདུན་བྱམས་དང་འགོག་པ་དང། །རྒྱུན་ཞུགས་ལ་སོགས་གཞི་ཡི་དབང་གིས་ དང༑ ༑སངས་རྒྱས་བྱང་ཆུབ་སེམས་དཔའ་བརྩེར་ལྡན་དང། འཁོར་ལོ་བསྒྱུར་སོགས་གཞན་གྱི་དབང་གིས་ཀྱང། །མཐོང་ཆོས་ཉིད་ལ་འབྲས་བུ་སྨིན་པར་གསུངས། །འདིར་ནི་བསྟན་སླ་བས་ན་ཞར་ལ་དགེ་བ་དང་གཉིས་ཀའི་བཤད་པའོ། །ཚེ་འདི་ཉིད་ལའང་འབྲས་བུ་ མྱོང་བར་འགྱུར་བའི་རྒྱུ་ནི་གཉིས་ཏེ། །བསམ་པའི་དབང་དང་གཞིའི་དབང་གིས་སོ། །དང་པོ་ནི། བརྒྱད་ཀྱིས་ཏེ་ལུས་དང་ལོངས་སྤྱོད་དང་སྲིད་པ་ལ་ལྟ་བ་ཤས་ཆེ་བའི་བསམ་པས་ནི་མི་དགེ་བ་ཚེ་འདིར་མྱོང་བར་འགྱུར་བའོ། །དེ་དག་ལ་མི་ལྟ་བ་ཤས་ཆེ་བའི་བསམ་པས་ནི་ དགེ་བའོ། །དེ་བཞིན་དུ་སེམས་ཅན་ལ་གནོད་སེམས་ཤས་ཆེ་བ་དང། སྙིང་རྗེ་ཞིང་ཕན་སེམས་ཤས་ཆེ་བ་དག་དང། ཡང་དཀོན་མཆོག་དང་བླ་མ་ལ་སོགས་པ་ལ་མནར་སེམས་ཤས་ཆེ་བ་དང། དེ་དག་ལ་དང་བ་དང་མོས་པའི་བསམ་པ་ཤས་ཆེ་བ་དག་དང། ཡང་ཕ་མ་ [076B] སླར་ཕན་འདོགས་པས་བྱས་པ་གཟོ་བའི་བསམ་པ་ཤས་ཆེ་བ་དག་ལའང་སྦྱར་རོ། །གཞི་ལས་ནི་མི་དགེ་བ་མཚམས་མེད་པ་ལྔ་དང། དེ་དང་ཉེ་བ་ལྔ་ལ་སོགས་པ་དང། དགེ་བ་ཕ་མ་དད་པ་མེད་པ་ དད་པ་ལ་འཇོག་པ་ལ་སོགས་པ་དང། བྱམས་པ་དང་སྙིང་རྗེ་དང་ཉོན་མོངས་པ་མེད་པ་དང། འགོག་པ་དང་རྒྱུན་ཏུ་ཞུགས་པ་ལས་ལངས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང། སངས་རྒྱས་དང་སློབ་པ་དང་མི་སློབ་པའི་དགེ་འདུན་དག་ལ་བསྙེན་བཀུར་བྱེད་པ་ལ་སོགས་པའོ། ། ཡང་རྣམ་པ་གསུམ་གྱིས་མཐོང་བའི་ཆོས་ལ་མྱོང་བར་རྣམ་པར་བཞག་སྟེ། ཞིང་རྒྱ་ཆེ་བ་དང། སེམས་པ་རྒྱ་ཆེ་བ་དང། སེམས་ཀྱི་རྒྱུད་རྣམ་པར་དག་པས་སོ། །དང་པོ་ནི། ལྔ་སྟེ་སེམས་ཅན་ལ་མཆོག་ཏུ་ཕན་པའི་བསམ་པ་ཅན། བྱམས་པ་དང་སྙིང་རྗེ་ལས་ལངས་པ་དང་ སེམས་ཅན་ལ་མཆོག་ཏུ་སེམས་རྗེས་སུ་བསྲུང་བ་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ལངས་པ་དང། རབ་ཏུ་ཞི་ཞིང་མྱ་ངན་འདས་པའང་ མི་བྱ་བའི་སྡོམ་པ་ཐོབ་པ་རྒྱུན་ཏུ་ཞུགས་པ་དང། ཤིན་ཏུ་མཐར་ཐུག་པ་ དགྲ་བཅོམ་པ་དང་རང་སངས་རྒྱས་ལ་སོགས་པའི་དགེ་འདུན་ནོ། །གཉིས་པ་ནི་སྙིང་ཐག་པ་ནས་དད་པའི་སེམས་ཀྱིས་བསྙེན་བཀུར་བྱེད་པའོ། །གསུམ་པ་ནི་ཚེ་སྔ་མ་ལ་སོགས་པར་གཞན་དག་དེ་ལྟ་བུའི་ལས་བྱེད་པ་ལ་བར་ཆད་མ་བྱས་པས་དང་སྒྲིབ་པ་མེད་པའོ། །དེ་གསུམ་ཚོགས་པས་ ནི་ཚེ་འདིར་མྱོང་བར་ངེས་ཏེ། སྐྱེས་ནས་དང་ལན་གྲངས་གཞན་ལའང་མྱོང་བར་འགྱུར་རོ། །དཔེར་ན་སྐུད་པ་གཅིག་ལའང་མཆོག་མང་པོ་བརྒྱུར་རུང་བ་བཞིན་ནོ། །ཡང་གཞན་གྱི་དབང་འབྲས་ཀྱིས་ཀྱང་ཆེ་འདིར་མྱོང་བ་ཡོད་དེ། སངས་རྒྱས་གང་ན་བཞུགས་པར་ཡམས་ ལ་སོགས་པ་མེད་ཅིང་བདེ་བ་ལ་རེག་པར་གནས་པ་དང། བྱང་ཆུབ་སེམས་དཔའི་བྱམས་པ་དང་སྙིང་རྗེ་ལ་གནས་པ་དག་དང། འཁོར་ལོས་བསྒྱུར་བ་དག་གིས་ཀྱང་དབུལ་པོ་ལ་སོགས་པ་རྣམས་བདེ་བ་ལ་རེག་པར་བྱེད་པའོ། །དེ་དག་ལས་ལྡོག་པས་ནི་མི་དགེ་བ་མཐོང་བའི་ཆོས་ [077A]༄༅། །ལ་མྱོང་བར་འགྱུར་བར་བལྟའོ། །མི་དགེ་བ་ཚོགས་པའི་འབྲས་བུ་ནི་ངན་སོང་གསུམ་ཅི་རིགས་པར་སོ་སོའི་སྡུག་བསྔལ་མང་པོ་མྱོང་བར་འགྱུར་བའོ། ༈ །དེ་ལ་དམྱལ་བའི་དབང་དུ་བྱས་ནས་དྲེན་པ་ཉེར་གཞག་ལས་གསུངས་པ་ བསྡུས་བས་ནི་དམྱལ་བ་ཆེན་པོ་བརྒྱད་ལས་ཡང་སོས་ཀྱི་དབང་དུ་བྱས་པ། དེ་ལ་སྲོག་གཅོད་ཆེ་འབྲིང་ཆུང་དུ་དག། གཙོར་བྱས་མི་བཟད་སྡིག་པའི་ལས་རྣམས་ཀྱིས། །དམྱལ་བ་ཡང་སོས་འཁོར་ནི་མ་རུངས་པ། །བཅུ་དྲུག་ལྡན་པར་ཡུན་རིང་མནར་བར་འགྱུར། །འདི་ལ་ སྲོག་གཅོད་པ་ཉིད་སྤྱིར་གསུངས་ཀྱང་དེ་གཙོར་བྱས་བ་སྟེ་གཞན་ཡང་མེད་པ་ནི་མ་ཡིན་པས་འོག་མ་དག་ལའང་གཙོ་བོའི་རྒྱུས་ཉེ་བར་སྦྱར་རོ། །འདིའི་འཁོར་བཅུ་དྲུག་ནི་མི་གཙང་བའི་འདམ་རྫབ་དང། ལྕགས་ཀྱི་འཁོར་བ་དང། སྣོད་དུ་བཙོ་བ་དང། གནོད་པ་མ་ ཞི་བ་དང། མུན་པ་དང། ཀུན་ཏུ་མི་དགའ་བ་དང། ཚོར་བ་བདོ་བ་དང། ནད་ཐམས་ཅད་པ་དང། མཚོན་འབབ་པ་དང། གནོད་པ་དྲག་པ་དང། ནེའུ་ལེ་ནག་པོ་ལྟ་བུ་དང། གཞན་དུ་འགྱུར་བ་དང། སྡུག་བསྔལ་གྱི་གནོད་པ་དང། པདྨའི་ཕྲེང་བ་དང། མཚེའུ་གནོད་པ་ བདོ་བ་ཞེས་བྱ་བའོ། །འདི་རྣམས་སུ་བྱའམ་རི་དགས་དག་རྒྱ་དང་རྡོས་ཀྱིས་གསོད་པ་ལ་སོགས་པ་སྡིག་པའི་ལས་ཇི་ལྟ་བུས་སྡུག་བསྔལ་དང་གནོད་པའི་ཁྱད་པར་ཇི་ལྟ་བུ་མྱོང་བར་འགྱུར་བ་ནི་རྒྱས་པར་མདོ་ཉིད་ལས་བལྟ་བར་བྱ་སྟེ། གཞུང་ཧ་ཅང་ལྕི་བའི་འཇིགས་ པས་འདིར་མི་བྲིའོ། །འོག་མ་དག་ཏུའང་དེ་བཞིན་ནོ། །འདི་ལྟ་བུ་ལ་མང་དུ་སོ་སོར་རྟོག་པར་བྱེད་པ་ནི་མཆོག་ཏུ་དཔའ་བ་བདུད་ཀྱི་སྡེ་ཆེན་པོ་འཇོམས་པ། འཁོར་བའི་རྒྱ་མཚོ་ལས་སྤྲོལ་བ། ཚུལ་ཁྲིམས་ཀྱི་ཆུས་འདོད་པའི་མེ་གསོད་པ། བྱམས་པའི་ཆུའི་བུམ་པས་ ཞེ་སྡང་གི་མེ་གསོད་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲོན་མེས་གཏི་མུག་གི་རབ་རིབ་སེལ་བར་བྱེད་དོ། །ཐིག་ནག་ནི། སྲོག་གཅོད་ཆོམ་རྐུན་བྱེད་བཅས་ལས་ངན་གྱི། །ཚོགས་ཀྱི་ཐིག་ནག་རབ་འཇིགས་མི་བཟད་པ། གནས་ཚོགས་བཅུ་དྲུག་ལྡན་པར་གཤགས་ [077B] །སྡུག་བསྔལ་བྱེ་བས་ཀུན་ཏུ་གདུང་བར་འགྱུར། །མདོ་ལས། ཡང་སོས་ཀྱི་ཞབས་དང་འདིའི་མགོ་ལས་མང་དུ་ཆད་པར་སྣང་བས། འཁོར་ཚོར་བ་རྟག་ཏུ་འདུས་དང། རབ་ཏུ་མི་བཟད་པ་དང། བྱ་རྒོད་ཀྱིས་འཇིགས་པ་གསུམ་ལས་མི་འབྱུང་སྟེ། འདིར་སྲོག་གཅོད་པ་ དང། །མ་བྱིན་པར་ལེན་པ་གཉིས་གཙོར་བྱས་པའི་སྡིག་པའི་ཚོགས་ཀྱིས་སོ། ༈ །བསྡུས་འཇོམས་ཀྱི་ནི། དེ་དག་འདོད་པ་ལོག་པར་སྤྱོད་བཅས་པའི། །སྡིག་པའི་ཕུང་པོ་འཇིགས་རུང་ཉེར་སྤྱད་པས། །བསྡུས་འཇོམས་རི་བོ་ཆེས་འཇོམས་འཇིགས་རུང་བ། །བཅུ་དྲུག་འཁོར་ ལྡན་སྡུག་བསྔལ་ལྷག་པས་འཇོམས། །འདིར་ནི་སྔ་མ་གཉིས་འདོད་པས་ལོག་པར་སྤྱོད་པ་དང་བཅས་པའི་སྡིག་པའི་ཕུང་པོ་རྣམས་ཀྱིས་ཏེ། །འཁོར་བཅུ་དྲུག་ནི་ཚོར་བ་ཚད་མེད་པ། འབྲས་བུ་ཨ་ལ་བུད་ལྟར་གཅོད་པ་དང། ནད་དང་གནད་གཅོད་པ་དང། བསྡུས་པ་དང། འཇིགས་ པར་ལྟ་བ་དང། ཉམ་ང་བ་མང་བ་དང། གནོད་པ་མི་བཟད་པ་དང། ཨ་ཚ་ཟེར་དང། ཀྱི་ཧུད་ཟེར་དང། རྒྱོབ་ཤིག་པ་དང། མཆི་མའི་རྒྱུན་མེ་ལྟ་བུ་མི་འཆད་པ་དང། དབང་པོ་ཐམས་ཅད་འགགས་པ་དང། ཚོ་རབ་མཐའ་མེད་དང། པདྨ་ལྟར་གས་པ་དང། པདྨ་ལྟར་ཆེར་གས་པ་དང་ མེ་འཐབ་དང། ལྕགས་ཀྱི་མེའི་ར་བ་མཐོ་བ་ཞེས་བྱ་བའོ། ༈ །དུ་འབོད་ཀྱི་ནི། དེ་རྣམས་མ་རུངས་མྱོས་བྱེད་འཐུང་དང་བཅས། །མི་རིགས་ལས་མང་དགའ་བཞིན་ཉེར་སྤྱད་པས། །དུ་འབོད་ཅེས་བྱ་ནགས་མི་རབ་འབྱར་ཅན། །སྒྲ་ཆེན་ལ་སོགས་བཅུ་དྲུག་ཚོགས་ཆེན་ལྟུང། ། སྔ་མ་དག་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་བར་འགྱུར་བ་བག་མེད་པའི་གནས་འཐུང་བ་དང་བཅས་པས་སོ། །འཁོར་བཅུ་དྲུག་ནི་སྒྲ་ཆེན་པོ་དང། ཐམས་ཅད་སྒྲ་འབྱིན་དང། སྐྲ་མེ་འབར་བ་དང། མེའི་ཕྱེ་མའི་སྲིན་བུ་དང། ལྕགས་མེ་འབར་བའི་གཏུན་ཤིང་དང། རྡོ་མེ་ འབར་བ་ཆར་དུ་འབབ་པ་དང། གསོད་པ་མེད་པ་དང། ལྕགས་ཚལ་དགོན་པ་དང། རབ་རིབ་ཀུན་བསགས་དང། གཤིན་རྗེའི་མཚམས་ཀྱི་དགོན་པ་དང། ཤལ་མ་རིའི་ཚལ་ཆེན་པོ་དང། ཆུ་ཤིང་བསྲེགས་པའི་དུད་པའི་ཚལ་དང། མེ་མདག་དུད་པའི་ཚལ་དང། གློག་གི་ན་བུན་ [078A]༄༅། །ཚལ་དང། ཀུན་ཏུ་རྟོག་བྱེད་ཅེས་བྱའོ།། ༈ །ཞར་ལ་ཆང་ལས་ལྡོག་པར་གདམས་པ། ཆང་གིས་ཀུན་ཏུ་གཡེངས་པའི་ཡིད། །བྱ་དང་མི་བྱ་མི་ཤེས་པ། །མི་དེ་ཕྱུགས་དང་འདྲ་བ་ཡིན། །དེ་ལྟ་བས་ན་ཆང་སྤོངས་ཤིག། ཆང་གིས་གཡེངས་ པའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས། །གང་ཞིག་རྟག་ཏུ་གསོན་འདོད་པས། །རྟག་པར་ཆང་ནི་རྣམ་པར་སྤོངས། །ཆང་ནི་ཉེས་པ་ཀུན་གྱི་གཞི། །རྟག་པར་དོན་ཀུན་མེད་པར་བྱེད། །ངན་སོང་ཀུན་གྱི་ཐེམ་སྐས་ཏེ། །མུན་གང་གནས་ནི་ཆེན་པོ་ཡིན། ། ཆང་གིས་སེམས་ཅན་དམྱལ་བར་འགྲོ། དེ་བཞིན་ཡི་དྭགས་འཇིག་རྟེན་དང། །ཆང་གི་སྐྱོན་གྱིས་བསླུས་པ་ནི། །མི་དག་དུད་འགྲོ་རྣམས་སུ་འགྲོ། །དུག་གི་ནང་ན་དུག་ནི་ཆང། །དེ་བཞིན་དམྱལ་བའི་ནང་ན་དམྱལ། །ནད་ཀྱི་ནང་ན་ནད་མཆོག་རི། །ཆང་ཞེས་མཁས་པ་ རྣམས་ཀྱིས་བཤད། །བློ་དང་དབང་པོ་ཉམས་བྱེད་ཅིང། །རིན་ཆེན་ཆོས་ནི་ཟད་བྱེད་པ། །ཚངས་པར་སྤྱོད་པ་འཇིག་བྱེད་པའི། །མི་བཟད་ཆང་ནི་སྐྱེ་གནས་གཅིག། རྒྱལ་པོ་དང་ནི་བསྟན་བཅོས་མཁན། །ཆང་གིས་ཡང་བར་བྱེད་འགྱུར་ན། །ཐ་མལ་མི་དག་ཆང་འཐུང་པ། །བསླུས་ པར་འགྱུར་བ་ཅི་ཞིག་སྨོས། །མི་དག་ཆང་ལ་བརྟེན་པ་ནི། །ཆོས་རྣམས་ཀུན་གྱི་སྟ་རེ་ཡིན། །ངོ་ཚ་མེད་པར་བྱེད་པའི་མཆོག་ཡང་པ་དག་ཏུ་ཉེ་བར་བསྟན། །ཆང་གིས་ཕྲོགས་པར་གྱུར་པའི་སེམས། །བྱ་བ་དང་ནི་མི་བྱ་བ། །མི་ཤེས་རྣམ་པར་མི་ཤེས་ཤིང། །ཐམས་ཅད་མི་ཡིས་ མི་ཤེས་སོ། །གང་ཞིག་ཆང་ལ་བརྟེན་བྱེད་པའི། །སྐྱེ་བེ་རེས་འགའ་དགའ་བྱེད་ཅིང། །རེས་འགའ་ཡོངས་སུ་གདུང་བྱེད་ལ། །རེས་འགའ་སྡིག་པ་བྱེད་པ་ཡིན། །བློ་ནི་ཤིན་ཏུ་རྨོངས་བྱེད་ཅིང། །འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཐར་པའི་ཆོས་ལ་མེ་ལྟ་བུར། །སྲེག་བྱེད་ཁོ་ན་ ཆང་ཡིན་ནོ། །མི་གང་དག་ནི་ཆང་སྤོང་བ། །ཆོས་ཀྱི་དང་ཚུལ་མཉམ་པར་བཞག། གང་ན་འཆི་བ་མེད་པ་ཡི། །གནས་མཆོག་དག་ཏུ་དེ་འགྲོའོ། །ཆང་འཐུང་བ་ཡིས་བསླུས་པ་དག་དེ་ནི་བྱེད་པ་དམན་པ་ཡིན། །མི་བཟད་སེམས་ཅན་དམྱལ་བར་ལྟུང། །དོན་མེད་ཅི་ཞིག་ཡོངས་སུ་ [078B] །འཐུང་བའི་ཚེ་ན་ཆང་ཞིམ་སྟེ། །རྣམ་སྨིན་ཚེ་ན་མཆོག་ཏུ་ཚ། །ཀིམ་པ་ཀ་ནང་ཀིམ་པ་ཀ། ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མ་རྟོན། །མྱོང་ན་བསིལ་ཡང་རྣམ་སྨིན་ཚ། །ཆང་གིས་དམྱལ་བར་འགྲོ་བར་བྱེད་ཅེས་སོ། ༈ །། དུ་འབོད་ཆེན་པོ་ནི། ལས་ལམ་དེ་དག་རང་གཞན་བསླུ་བྱེད་པའི། །བརྫུན་སྨྲར་བཅས་པ་དུ་འབོད་ཆེན་པོར་ཏེ། །སྒྲ་འབྱིན་ཤིན་ཏུ་སྒྲ་འབྱིན་ལ་སོགས་པ། །འཇིགས་རུང་འཁོར་ནི་བཅུ་དྲུག་ལྡན་པར་བསྲིག་འདིར་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་ངག་གི་ལས་རྣམ་པ་བཞི་དང་བཅས་པ་ རྣམས་ཀྱིས་ཏེ། འཁོར་བཅུ་དྲུག་ནི་སྒྲ་འབྱིན་ཤིན་ཏུ་སྒྲ་འབྱི་ན་དང། ཚོར་བ་དཔག་མེད་དང། ཚོར་བ་ཚ་རྩུབ་བཟོད་དཀའ་དང། གནོད་པ་དཔེ་མེད་དང། ཐམས་ཅད་མུན་པ་དང། འཇིག་རྟེན་གྱི་བར་གྱི་དུ་བ་དང། ཕྱེ་མ་ལེབ་ལྟར་རབ་ལྟུང་དང། ཤི་མ་ཐག་འཚོ་བ་དང། གཞན་དུ་འགྱུར་ བ་དང། བསམ་པ་དགའ་མེད་དང། ཕན་ཚུན་སྣོད་འཇུག་དང། ནགས་མེས་མཆེད་པའི་རྒྱུད་ལྟ་བུ་དང། ཚོར་བ་རིང་བ་དང། ཚོར་བ་མཐའ་ཡས་དང། ཁྲ་མཆུ་རྡོ་རྗེ་ལྟ་བུ་དང། ཁྲག་དང། རྐང་ཟ་དང། མེ་ལྕེ་བཅུ་གཅིག་ཅེས་བྱའོ། ༈ །ཚ་བ་ནི། ལོག་པར་ལྟ་སོགས་བཅས་ པའི་ལས་རྣམས་ཀྱིས། །ཚ་བ་ཞེས་བྱ་རབ་འབར་ལྕགས་ཀྱིས་ནི། །ལྷག་སྒྲར་བཅས་པ་ཆེམ་ཆེམ་རབ་བརྡུང་བ། །བ་སྤུ་སློང་བའི་འཁོར་ལྡན་དག་ཏུ་བསྲེག། འདིར་ནི་ལོག་པར་ལྟ་བ་དང་བཅས་པ་ཐམས་ཅད་ཀྱིས་ཏེ། འཁོར་བཅུ་དྲུག་ནི་རབ་བསྲེག་ཆེན་པོ་དང། པདྨ་དཀར་པོ་ལྟ་ བུ་དང། སྦྲུལ་འཁྱིལ་བ་ལྟ་བུ་དང། ཟངས་ཞུ་བར་ཉ་འཁྱུག་པ་ལྟ་བུ་དང། ལྕགས་ཀྱི་བུམ་པ་དང། ཆུ་བོ་དམར་འབབ་དང། རྐང་དང་རུས་པ་སྲིན་བུ་མང་བ་དང། སྐྱེ་བོ་ཀུན་བསྲེག་དང། སར་འབྱིང་མཐའ་ཡས་དང། པདྨ་ཆེན་པོ་ལྟ་བུ་དང། མཐའ་དྲག་དང། རུས་པ་རྡོ་རྗེ་ལྟ་བུ་དང། ལྕགས་ ནག་པོའི་སྐུད་པས་འདྲལ་ཞིང་གཅོད་པ་དང། སྲིན་བུ་ན་ཏྲ་དང། འཁོར་ལོ་དང། མེ་འཇིགས་འཇིགས་ལྟར་སྐྱེས་པ་དང། ནགས་ཚལ་མེ་མན་ལྟར་འཁྲིགས་པ་དང། བུང་བ་རྡོ་རྗེ་ལྟ་བུས་གནོད་པའི་གོ་ཆའོ། ༈ །རབ་ཏུ་ཚ་བ་ནི། སྡིག་ལས་དེ་རྣམས་ལྷག་ཏུའང་དགེ་སློང་མ། །སུན་ [079A]༄༅། །འབྱིན་ལ་སོགས་མང་པོས་རབ་འཚེ་བ། །བུམ་ཆེན་འཚེད་པ་ཕྱོགས་ཀུན་རབ་བསྲེག་སོགས། །བཅུ་དྲུག་འཁོར་ལྡན་མི་བཟང་གཡང་སར་ལྟང། །འདིར་ནི་དེ་རྣམས་པ་ཁྱད་པར་དུའང་ རྣམས་ཀྱིས་ཏ། འཁོར་བཅུ་དྲུག་ནི་ཕྱོགས་ཀུན་བསྲེག་དང། ལུས་ཆེན་སྒྲ་ཆེན་འཇིགས་འཇིགས་ལྟ་བུ་དང། མ་སྤྱི་ཚུགས་ལྟ་བུ་དང། འདབ་མེ་བྱེ་མི་ལྟ་བུའི་ཆར་རྟག་ཏུ་འབབ་པ་པ་དང། ནང་ནམ་མ་དག་ཡིད་པ་དང། ཨ་ལ་ལ་ཟེར་དང། ཤར་གྱུར་པ་ཐམས་ཅད་སྡུག་ བསྔལ་དང། ཆུ་བེ་རབ་མེད་རབ་ཚ་དང། རྟག་ཏུ་མུན་ནག་དང། གནོད་པའི་རྒྱུད་དང། སྲད་བུའི་རྒྱུད་བབ་པས་དཀྲུགས་དང། སྐྲ་ཤད་འཛིངས་ཤིང་ཁྭ་ཡོད་པ་དང། སྙིང་རྗེ་རྗེ་སྐད་སྒྲ་འབྱིན་དང། སྙིང་རྗེ་ཆེན་པོ་དང། སྙིང་རྗེ་མེད་པའི་ས་དང། ཤིང་བསྐམས་བསྡུས་པ་ལྟ་བུའོ། ། ༈ མཚམས་མེད་ལ་སོགས་ཆེས་ལྕིའི་སྡིག་སྤྱད་རྣམས། །མདའི་ཤུགས་ཀྱིས་ཀྱང་འགྲན་མེད་རབ་མྱུར་བར། །མནར་མེད་མེ་ཆེན་བུད་ཤིང་ཉིད་འགྱུར་ཏེ། །བྱ་རོག་ཁྭ་སོགས་ཆེས་འཇིགས་འཁོར་དང་ལྡན། །འདིར་ནི་ལྷག་ཏུའང་མཚམས་མེས་པ་དང་དམ་ པའི་ཆོས་སྤོང་པ་དང། བླ་མ་ལ་འཁུ་བ་དང་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པ་མི་བཟད་པའི་སྡིག་པའི་ལས་ཀྱི་ཚོགས་ཀྱིས་ཏེ། འཁོར་བཅུ་དྲུག་ནི་བྱ་རོག་ཁྲ་དང། ས་ཀུན་གྱི་འོག་དང། ཚོར་བ་མཐའ་མེད་རིང་བ་དང། ཝ་ལྟར་སྒྲ་འབྱིན་དང། ལྕགས་ དང་ལྕེ་སྤྱང་ཟ་དང། བྱ་རོག་ལྟོ་དང། ལུས་ཞུ་དང། སྒྲ་འཇིགས་སྟོན་དང། མེ་ཏོག་ཁ་མ་བྱེ་ལྟ་བུ་དང། རི་བརྩེགས་འབབ་དང། ཆུ་སྒྲ་དང། འགྲམ་མངར་དང། སྡུག་བསྔལ་ཀུན་དཀྲིས་དང། དྲི་འདོད་དང། ལྕགས་སྣམ་དང། འགྲོ་བ་མེས་འཇིགས་ཞེས་བྱ་བའོ། ། མཚམས་མེད་པའི་ཁྱད་པར་ཡང་ཐོས་པ་ངན་པས་བསླུས་ཏེ། གཡང་དང་ཆུ་དང་མེ་དང་ཟས་བཅད་པ་ལ་སོགས་པས་མ་བསད་ན་མཐོ་རིས་འདོད་པ་གསོད་པ་ལ་སོགས་པར་གསུངས་སོ། ༈ །མངོན་པ་གཞན་ལས་བྱུང་བ་ལས་སེམས་ཅན་ནང་མྱལ་བ་ཆེན་པོ་བརྒྱད་ [079B] གཞན་ཡང་བློ་ངན་ཆགས་སོགས་རབ་བསླུས་རྣམས། །ལུས་ངག་ཡིད་ཀྱིས་ཉེས་སྤྱད་མང་བསགས་པས། །སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་གནས་སུ། །སྡུག་བསྔལ་རབ་འབར་མང་པོས་ཉེ་བར་གདུང། །གཞན་ཡང་ཞེས་བྱ་བ་ནི་ཆོས་མངོན་པ་ གཞན་དང་གཞན་ལས་དེ་དག་གི་ལས་དང་འབྲས་བུའི་རྣམ་གྲངས་གཞན་དང་གཞན་གསུངས་པ་བསྡུས་པའི་འགྲེལ་པ་བརྗོད་པའོ། ༈ །མི་རིགས་འཚོ་བའི་མི་རྣམས་ཀྱིས། །འདིར་ནི་གནོད་འགྱུར་ ལས་བྱས་པའི། །འགྲོ་བ་ཕྱི་མ་གང་ཡིན་པ། །དམྱལ་འགྲོ་དེ་དག་ང་ལས་ཉོན། །ཡང་སོས་ཐིག་ནག་བསྡུས་འཇོམས་དང། །དུ་འབོད་གཉིས་དང་ཚི་བ་གཉིས། །གཞན་ཡང་མནར་མེད་ཆེན་པོ་ཏེ། །དམྱལ་བ་བརྒྱད་པོ་འདི་དག་ནི། །ཐར་བར་དཀའ་བ་བསྟན་པའོ། །བརླང་ པའི་ལས་བྱས་རྣམས་ཀྱི་གང། །རེ་རེའི་འཁོར་ནི་བཅུ་དྲུག་ཡིན། །ཆ་བཞི་དང་ནི་སྒོ་བཞིར་ལྡན། །ཆ་ཡི་ཚད་ནི་རྣམ་པར་ཕྱེ། །ལྕགས་ཀྱི་རབས་ཀུན་ནས་བསྐོར། །ལྕགས་ཀྱི་སས་ནི་ཀུན་ཏུ་ཁབས། །ལྕགས་ཀྱི་གཞི་ནི་རབ་ཚེ་བ། །དཔག་ཚད་བརྒྱ་ཕྲག་དུ་མར་ཡང། །མེ་ལྕེ་ དག་ནི་མཆེད་པར་གནས། །འཇུངས་པ་འདུལ་བ་དྲག་པ་སྟེ། །མེ་ལྕེར་ལྡན་ཞིང་བསྟེན་པར་དཀའ། །དེ་དག་བ་སྤུ་སློང་བའི་གཟུགས། །འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་བ། །དྲང་སྲོང་དག་དང་སྡོམ་ཅན་དང། །དཀའ་ཐུབ་ཅན་ལ་ཁ་ཟེར་བ། །རྐང་པ་མཐོ་ཞིང་སྤྱི་ཚུགས་སུ། །དམྱལ་ པ་དེར་ནི་ལྟུང་བར་འགྱུར། །དབང་པོ་ཉམས་པ་དེ་དག་འཚེད། །ཉ་ནི་སྐམ་ལ་བོར་བ་བཞིན། །དེ་ལྟར་ཉེས་བྱས་ལས་བྱེད་པ། །ཉིན་དང་མཚན་དུ་ཆོ་ངེས་འདབས། །དེ་ནི་སྒྲ་ཆེན་རབ་ཏུ་སྒོགས། །འཕང་མདུང་གིས་ཕོག་གླང་ཆེན་བཞིན། །ལུས་ཀྱིས་ཉེས་པ་སྤྱད་བྱས་ཤིང། །ངག་ གིས་ཉེས་པ་སྤྱོད་རྣམས་དང། །ཡིད་ཀྱིས་ཉེས་པ་སྤྱད་བྱས་ན། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །ཞེས་སོ། ༈ ཡང་སོས་ཀྱི་སྒྲ་དོན་ནི། དེ་དག་ཕན་ཚུན་ནས་འདུས་པ་ན། ཀས་ཀས་སྐྱེས་པའི་ལ་གྲི་རྣོ་བསྤུ་གྱོན་དེད་ཆོད་པ་དག་ལག་ཏུ་བྱུང་ནས་ཕན་ཚུན་མཐོང་ [080A]༄༅། །བ་ན། སྡང་ཞིང་གསོད་སེམས་ཀྱིས་བསྣུན་པས་གཅོད་པ་དང། འབིགས་པ་དང། གཏུབ་པ་དང་གཤགས་པའི་སྒོ་ནས་བསད་དེ་རོ་ཕྱོགས་གཅིག་ཏུ་ཕུངས་པ་ལ། རླུང་བསིལ་བ་ལངས་ཤིང་ནམ་མཁའ་ལས་སེམས་ཅན་ཁྱོད་ཡང་སོས་ཤིག་ཡང་སོས་ཤིག་ ཅེས་སྒྲ་གྲགས་པས་འཚོ་བར་འགྱུར་རོ། །ཤང་ལང་དང་ཆུ་གྲི་དང་ལྕགས་ཀྱི་སེན་མོ་དང་མདུང་ཐུང་དང་ཐོ་བ་དང། འཁོར་ལོ་དང་རྡོ་རྗེ་རྩེ་གཅིག་པ་དང། མཚོན་རྩེ་གཅིག་པ་ལ་སོགས་པས་གསོད་པ་ལའང་རྒྱས་པར་སྦྱར་རོ། །ཕན་ཚུན་ཁོ་ན་ཅིང་ཞེ་ནོན་ལ། །མི་རྣམས་ མི་ལ་གསོད་པ་དག། ལོ་ནི་བྱེ་བ་སྟོང་དག་ཏུ། །བསད་ཅིང་བསད་ཅིང་ཕྱིར་ཡང་འཚོ། །གང་དག་ཕ་མའམ་སངས་རྒྱས་དང། ། ཉན་ཐོས་དག་ལ་སྡང་བ་ནི། །དམྱལ་བ་ཚེན་པོ་ཐིག་ནག་ཏུ། །སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །ཐིག་ནག་གི་སྒྲུ་དོན་ནི། དེར་ལྕགས་ལས་ སྐྱེས་པའི་མི་དག་གིས་ལྕགས་ཀྱིས་འབར་བ་ལ་གན་རྐྱལ་དུ་བཞག་ནས། ཟུར་བ་ཞི་ལ་སོགས་པར་གཞལ་ཞིང་ལྕགས་ཀྱི་ཐིག་ནག་པོ་བཏབ་སྟེ། སྟེའུ་འབར་བས་བཞོག། སྟ་རོའི་བར་བས་གསེང། སོག་ལེ་འབར་བས་གཤག་གོ། ལྕགས་ཀྱི་རྒྱུད་འབར་བས་མགོ་ནས་ རྐང་པའི་བར་ཐམས་ཅད་བཀྲི་བས་ཤ་དང་ཁྲག་དང་ལྤགས་པ་ཐམས་ཅད་ཕྱིར་འབྱུང་བའོ། །ཡང་སོས་དང་གཉི་གའི་བར་སྡོམ་ནི། རལ་གྲི་ཤང་ལང་ཆུ་གྲི་དང། །སེན་མོ་མདུང་ཐུང་ཐོ་བ་རྣམས། །སྟེའུ་དང་སྟ་རེ་སོག་ལེ་དང། །རྒྱུད་བཞི་དག་ནི་ཐིག་ནག་གིའོ། །སྡིག་པ་རྣམ་ གསུམ་བྱས་པ་དང། །དགེ་པ་དག་ནི་མ་བྱས་པའི། །བློ་ངན་བསྡུས་འཇོམས་སོང་ནས་ནི། །སྡུག་བསྔལ་ཚོར་བམྱོད་བར་འགྱུར། །བསྡུས་འཇོམས་ཀྱི་སྒྲ་དོན་ནི། །དེར་ལྕགས་ཀྱིས་གཞི་འབར་བ་དཔག་ཚད་མང་པོར་གནས་འཚོལ་ཞིང་མང་པོ་བརྒྱུག་པས་འདུའོ། །དེ་ལ་ སྟེང་དུ་ལྕགས་ཀྱི་དྲ་བ་བཀབ་ནས་ཐོ་བས་རབ་ཏུ་བཅོམ་པས་བསད་དེ་མི་སྣང་བར་འགྱུར་རོ། །ཡང་སོས་ཏེ་ལྕགས་ཀྱི་སྒྲོམ་དང་གཏུན་དུ་འབྲས་བརྡུང་བ་ལྟར་ཀུན་ཏུ་རྡུང་བར་བྱེད་དོ། །ཡང་དེ་ལྟར་དྲ་བས་བཀབ་པ་ལ་གླང་པོ་ཆེ་འབར་བས་འཆག་ཅིང་འཇོམས་སོ། །ཡང་ [080B] །ཡང་མང་པོ་དེར་འདུས་ཏེ་སྐྱབས་འཚོལ་བ་ན། ལྕགས་ཀྱི་རི་བོ་ཆེན་པོ་སྟེང་མཉམ་པ་འོག་རྩུབ་པ་སྟེང་དུ་ལྷུང་བས་གླེབ་སྟེ་གསོད་དོ། །ཡང་ལུག་དང་ ར་དང་རྟ་དང་གླང་པོ་ལ་སོགས་པའི་གདོང་ལྟ་བུའི་རི་སུལ་ཆེན་པོ་དག་གི་བར་དུ་བཙིར་ཞིང་འཛེམས་ལ་འགྱེད་པ་མང་དུ་བྱེད་དོ། །ཡང་ནགས་ཚལ་ཆེན་པོ་སྣང་བར་ཀུན་འདུས་པ་ན་ཕྱོགས་བཞི་ནས་མི་བྱུང་བས་ས་གཞི་ཐམས་ཅད་དང་ནགས་དང་སེམས་ཅན་དེ་དག་རིམ་གྱིས་འབར་བས་ ཕྱོགས་བཞི་གར་མེ་ལས་མི་སྣང་བར་འབར་རོ། །བ་ལང་ར་ལུག་མ་ཧེ་དང། །རི་དྭགས་ཕག་དང་བྱ་གག་དང། །དེ་བཞིན་གཞན་གྱི་སྲོག་བཅད་པས། །བསྡུས་འཇོམས་དུ་ནི་བཅོམ་པར་འགྱུར། །སྡོམ་ནིས་གཞི་དང་ནི་ཐོ་བ་སྒྲོམ། །འཁྲུལ་འཁོར་དང་ནི་འཇོམས་དང་རི། །དེ་ནས་རི་སུལ་ ནགས་ཚལ་རྣམས། །བསྡུས་འཇོམས་ན་ནི་གནོད་པ་བརྒྱད། །སྲོག་གཅོད་པའི་སེམས་ཅན་རྣམས། །བརླང་ཞིང་ཁྲག་ནི་འཐུང་བ་དང། །ངན་པའི་ལས་ནི་ཀུན་སྦྱོད་པ། །དུ་འབོད་ཆུང་དུར་འགྲོ་བར་འགྱུར། །དུ་འབོད་ཀྱི་སྒྲ་དོན་ནི། དེར་ལྕགས་ཀྱི་ས་གཞི་ལ་ནགས་འཐིབས་པོ་ མཐོང་སྟེ་སྐྱབས་འཚོལ་ཞིང་བརྒྱུཌ་པ་ན། ལྕགས་ཀྱི་ཁང་པར་ཞུགས་པའི་ཕྱོགས་བཞི་དང་སྟེང་འོག་ནས་མེས་བསྲེགས་པས་ནགས་སུ་བྲོས་པ་དང། མེ་དེས་ས་གཞི་དང་ནགས་ཚལ་དང་སེམས་ཅན་རབ་ཏུ་འབར་བས་མེ་འབའ་ཞིག་ལས་གཞན་མི་སྣང་བ་ན་དུ་ཞིང་ཉམ་ཐག་ པའི་སྐད་འབྱིན་པའོ། །མི་རྣམས་གླང་འདེབས་སྒྱུ་བྱེད་པའི། །སྐྱེ་བོ་དག་གིས་བསླུས་ནས་ཀྱང། །དུ་འབོད་དུ་ནི་རབ་བསྲེག་ཅིང། །འཇིགས་པའི་ང་རོས་ཆོས་ངེས་འདེབས། །དེ་ལྟའི་འཐིབས་པོས་ཁེ་བས་པ་དང། །སྲིད་པའི་འཆིང་བས་བཅིངས་པ་དག། དམའ་ལས་ནི་ཀུན་སྤྱད་པ་ དུ་འབོད་ཆེན་པོར་སྐྱེ་བར་འགྱུར། །ནགས་དེའི་ནང་གི་ཁྱིམ་དག་ཉིས་རིམ་དུ་གྱུར་པས་ཁང་སྒྲོམ་ཕྱི་ནང་དུ་ཕྱོགས་བ་ཞིའི་མེས་ས་དང་ནགས་དང་ཁྱིམ་དང་སེམས་ཅན་བསྲེགས་པ་ནི་འདིའི་ཁྱད་པར་རོ། །དང་པོ། སྒྱུ་བྱེད་པའི་མི་རྣམས་ནི། དུ་འབོད་ཆེན་པོར་སོང་ [081A]༄༅། །གྱུར་ནས། །ཚིག་ཅིང་སྤུའང་ལྡང་འགྱུར་ལ། །ཁྱིམ་གྱི་ནང་དུ་སྤུ་བཞིན་བསྲེག་སྐྱེ་བོ་མང་པོས་བསད་བྱས་ཤིང། །ཚ་བར་གྱུར་པའི་ལས་བྱས་པས། །བློ་ངན་ཚ་བར་སོང་ནས་ནི། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང། །ཚ་བར་ནི་དམྱལ་བའི་སྲུང་མ་དག་གིས་བཟུང་ སྟེ་ལྕགས་ཀྱི་ས་ལ་དོང་རབ་ཏུ་འབར་བར་བསྲེགས་ནས་སྐམ་པས་ཕྱང་ས་ལྕགས་ཀྱི་གཞིའི་སྟེང་དུ་གན་རྐྱལ་དུ་བཞག་ནས་མགར་བས་ལྕགས་ལྟར་རབ་ཏུ་བརྡུང་ཞིང་ཀུན་ཏུ་དམྱལ་ལོ། །ཡང་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་རབ་ཏུ་འབར་བས་ཕུག་སྟེ་རྩེ་མོ་གཉིས་ནི་དཀུ་གཡས་ གཡོན་ནས་ཕྲག་པར་འབྱིན་ཏོ། །གསུམ་པས་ནི་སྦུབས་ནས་བརྟོལ་ཏེ་སྤྱི་བོར་རོ། །ངེས་མིག་དང་རྣ་བ་དང་སྣ་དང་ཁ་དང་སྤུའི་ཁུང་ཐམས་ཅད་ནས་མེ་འབར་རོ། །ཡང་བུ་ག་དེ་ཐམས་ཅད་ནས་ཕུག་པས་ཀྱང་མེ་འབར་པས་རབ་ཏུ་བསྲེག་པའོ། །དགེ་སྦྱོང་བྲམ་ཟེ་དགེ་བ་དང། །དེ་བཞིན་གང་ཞིག་ཕ་ མ་ལ། །གནོད་པ་མིན་པས་གནོད་བྱེད་པ། །དེ་ནི་ཚ་བ་རབ་ཏུ་བསྲེག་བདེ་འགྲོར་འགྲོ་བའི་ལས་དང་ནི། །འདོད་པའི་འབྲས་བུར་འགྱུར་བ་སྤོང། །བློ་ངན་འདོད་མིན་ལས་བྱེད་པ། །དེ་ནི་རབ་ཏུ་ཚ་བར་བསྲེག་རབ་ཏུ་ཚ་བར་ནི་དམྱལ་བའི་བསྲུང་མས་མཚོན་གྱིས་དུམ་བུར་བཅད་དེ་གསལ་ ཤིང་ལ་བཙུགས་ཤིང། དོང་འབར་བའི་ནང་དུ་ལྡོག་ཅིང་ལྡོག་ཅིང་གཡོས་པ་དག་གིས་ཤའི་དུམ་བུ་བསྲེག་པ་ལྟར་བསྲེག་གོ་ཡང་དུམ་བུར་བཅད་དེ་ས་གཞི་འབར་བ་ལ་སྒྲེ་ཞིང་སྣོད་དུ་ཡང་བརྔོ་སྟེ། གཡོས་པས་ཤ་དུམ་བུ་སྣོད་དུ་སྒྲེ་ཞིང་བརྔོ་བས་ཁུ་བ་བསྐམ་པར་བྱེད་པ་ བཞིན་ནོ། །ཁ་མང་པོར་གཤགས་ནས་སླ་ངར་ཡང་ཉ་ལྟར་བརྔོའོ། །ཡང་ལྕགས་ཀྱི་རྫ་བུམ་དགའ་བ་དང་ཉེ་དགའ་དཔག་ཚད་ལྔ་བཅུ་པ་དང། ལྔ་བཅུ་གཅིག་པ་དགའ་ཚྭའི་ཆུ་ཁོལ་བས་བར་སྤྱི་ཚུགས་སུ་བོར་ཏེ། སྟེང་འོག་དང་ཕྱོགས་མཚམས་ཀུན་ཏུ་གཡེང་བསྐོལ་ ཞིང༑ ཏིལ་ལ་སོགས་པ་ལྟར་འཚེད་ལ། དབུས་ན་ནི་དབུ་བ་འདུའོ། །ཤ་ལྤགས་ཀུན་བུད་ནས་ཀེང་རུས་ཉི་ཆེ་ལུས་པ་ན་ཕྱིར་ཕྱུང་སྟེ་ལྕགས་ཀྱི་ས་ལ་འགྲེམས་སོ། །དེར་ཤ་ལ་སོགས་པ་ཕྱིར་སྐྱེས་པ་ན་ཡང་འཚེད་དོ། །དགེ་སྦྱོང་བྲམ་ཟེ་དགེ་བ་དང། །དེ་བཞིན་གང་ཞིག་ཕ་མ་དང། ། [081B] །དེ་ནི་རབ་ཏུ་ཚ་བར་བསྲེག་སྡོམ་ལ། དོང་དང་ལྕགས་དང་དབྱུག་པ་སྟེ། །ཚ་བ་ན་ནི་གནོད་པ་གསུམ། །གསལ་ཤིང་སྣོད་དང་སླ་ང་དང། །རྫ་བུམ་བཞི་ནི་རབ་ཚ་བའོ། །ངན་འགྲོར་འགྲོ་བའི་ལས་རྣམས་ལས། །ཤས་ཆེར་བྱས་པར་གྱུར་ན་ནི། བློ་དམན་ མནར་མེད་སོང་ནས་ཀྱང། །སྡུག་བསྔལ་མི་བཟོད་མྱོང་བར་འགྱུར། །མནར་མེད་དུ་ནི་དམྱལ་བའི་སྲུང་མས་བཟུང་སྟེ་ས་གཞི་འབར་བ་ལ་གན་རྐྱལ་དུ་མནན་ནས་མི་བཟང་པོའི་འཆིང་བ་ལྔས་གནོད་པར་བྱེད་དེ། ལག་པ་གཉིས་དང་རྐང་པ་གཉིས་དང་སྙིང་གར་ལྕགས་ཀྱི་ཕུར་པ་འདེབས་ པས་སོ། །ཡང་དེ་ལྟར་མནན་ཏེ་ལྕེ་ཕྱུང་ནས་ལྕགས་ཀྱི་ཕུར་པ་བརྒྱས་གཉེར་མ་རངས་ཤིང་ཐང་ཆད་པར་བ་ལང་གི་ཀོ་བ་ལྟར་བརྒྱངས་སོ། །ཡང་དེར་སྤྱིའུ་ཚུགས་སུ་མནན་ཏེ་གློ་གཉིས་ནས་ལྟག་པར་ཐུག་པར་ལྤགས་པ་བཤུས་ནས། ལྕགས་ཀྱི་ཤིང་རྟ་འདྲེན་དུ་བཅུག་སྟེ་ལམ་གྱི་ བརྒྱད་མདོར་གང་དུ་འདོད་པར་བཏང་ཞིང་ལྡོག་པ་མང་དུ་བྱེད་དོ། །ཡང་ལྕགས་ཀྱི་ཞིབ་མར་ལྕགས་ཀྱི་མདག་མ་རབ་ཏུ་འབར་བ་དག་ལ་འཁྲབ་ཅིང་གསིག་ཏུ་འཇུག་གོ། ཡང་ལྕགས་ཀྱི་རི་འབར་བ་དག་ལ་འཛེག་པ་དང་འབབ་པ་མང་པོ་བྱེད་དུ་འཇུག་གོ། གང་ཞིག་ཆོས་ལ་ཆོས་མིན་དང། །ཆོས་ མ་ཡིན་ལ་ཆོས་སུ་སྨྲ། སྐྱེ་བོ་དམ་པ་དག་ལ་སྡང། །མེད་པར་ལྟ་ན་མནར་མེད་ལྟུང། །སྡོམ་ནི། མི་བཟད་འཆིང་བའི་གནོད་པ་དང། །དེ་ན་ལྕེ་ནི་ཕུར་བརྒྱས་བརྒྱངས། །ཤིང་རྟ་འཁྲིད་དང་འཁྲབ་དང་རི། །གནོད་པ་ལྔ་ཚ་ན་སྦྱར་བ་ཡིན། །གཞན་ཡང་དེར་ནི་ཕྱོགས་བཅུ་ནས་ས་གཞི་ དཔག་ཚད་བརྒྱ་ཕྲག་མང་པོ་རབ་ཏུ་འབར་བ་ལས་མེ་འབར་བའི་ཤུགས་འོང་བས་ལྤགས་པ་དང་ཤ་ལ་སོགས་པ་ཐམས་ཅད་བཤིག་ནས་རྐང་པ་ལ་ཐུག་པ་ལུས་ཐམས་ཅད་མར་མེའི་སྙིང་པོ་ལྟར་མེ་ལྕེས་ཁྱབ་པར་འདུག་གོ། །དེ་ལྟ་བུས་མེའི་ཕུང་པོ་ཉིད་དུ་སྣང་སྟེ་ཉམ་ཐག་པའི་སྐད་ འབྱིན་པས་སེམས་ཅན་དུ་མངོན་པར་ཟད་དོ། །ཡང་ས་དེ་ཉིད་དུ་གན་རྐྱལ་དུ་བཞག་ནས་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཁ་ཕྱེ་སྟེ་ལྕགས་ཀྱི་ཐུ་ལམ་རབ་ཏུ་འབར་བ་བཅུག་པས་ནང་ཐམས་ཅད་ཚིག་ཅིང་ཐལ་བྱུང་དུ་འབྱུང་ངོ། །ཟངས་བསྐོལ་བ་ཁར་བླུག་པས་ཀྱང་དེ་བཞིན་ནོ། ༈ ། [082A]༄༅། །དེ་དག་གི་ཉེན་ཀོར་བའི་དབང་དུ་བྱས་ནས། སྟོ་བཞིའི་ཉེན་ཀོར་དག་ཏུ་བྲོས་པ་ན། །མེ་མ་མུར་དང་རོ་མྱགས་སྤུ་གྲིའི་ལམ། །རལ་གྲི་ལོ་མའི་ནགས་དང་ཤལ་མ་ལི། །བ་ཚྭ་ཁོལ་བའི་ཆུ་ཀླུང་རབ་མེད་རྣམས། །བགྲོད་པས་བཟོད་བརླག་སྡུག་ བསྔལ་མང་སྤྱད་ནས། །སླར་ཡང་རིམ་གྱིས་དེ་དག་ཀུན་ཞུགས་ཏེ། །ནང་དུ་སྔར་ལྟར་རབ་བསྲེག་དེ་ནས་ཡང། །ཕྱོགས་གཞན་ཀུན་ནས་མི་བཟད་ཡུན་རིང་འཁོར། །གནས་བརྒྱད་པོ་དེ་དག་གིས་ཕྱོགས་བཞིའི་རྩིག་ངོས་ལ་སྒོ་བཞི་ཡོད་ལ་ལྕགས་ཀྱི་ར་བས་བསྐོར་བའོ། ། སྒོ་གཅིག་བྱེ་ནས་བྲོད་པར་འདོད་པ་ན་ཡང་ཆོད་དེ་ཕན་ཚུན་རྩ་དང་ཤིང་ལྟར་སྤུང་ཞིང་བསྲེག་གོ་ཡུན་རིང་ཞིག་ན་དེ་བྱེ་ནས་བྲོས་པ་ན་ལྷག་པའི་འཁོར་བཞི་མྱོང་བར་འགྱུར་ཏེ། དང་པོ་ནི། དྲུང་དེ་ཉིད་ན་མེ་མ་མུར་པུས་ནུབ་ཙམ་དཔག་ཚད་མང་པོ་ཁྱབ་པར་རྐང་པ་ བཞག་ན་ནི་ལྤགས་པ་དང་ཤ་དང་ཁྲག་ཀུན་འཇིགས་ལ། གཏེག་ན་ནི་ཡང་སྐྱེ་བར་ལོ་དུ་མ་འཇུག་དགོས་སོ། །གཉིས་པ་ནི་དེའི་དྲུང་ཉིད་ན་ཕྱི་སའི་འདམ་རོ་མྱགས་ལྟར་མནམ་པ་མི་འགྲེང་ཙམ་དཔག་ཚད་མང་པོ་དྲི་ང་ཞིང་བརྩོག་པར་འབོག་པ་ན་དེར་འགྱེལ་ཏེ་མགོ་དང་རྐང་ལག་ དང་བཅས་པར་བྱིང་ངོ། །དེ་ན་འབུམ་ཆུ་རྣོན་ཐལ་ཀར་མགོན་གང་མཆུ་ཁབ་འདྲ་བ་ཡོད་པས། ལྤགས་པ་དང་ཤ་དང་རྒྱུས་པ་དང་རུས་པ་ཕུག་ནས་ལྷ་བ་དྲུའོ། །གསུམ་པ་ནི་དེའི་དྲུང་ཉིད་ན་སྤུ་གྲི་བལྟམས་པའི་ལམ། ལོ་མ་རལ་གྲི་ལྟ་བུའི་ཚིལ་དང་ཤལ་མ་ལིའི་ཚལ་དང་བཅས་པ་ཡོད་ དེ། སྤུ་གྲིའི་ལམ་དུ་བརྒྱུག་པ་དང་རྐང་པ་བཞག་ན་ཤ་ལྤགས་ཐམས་ཅད་གཅོད་ལ། བཏེག་ན་ཡང་སྐྱེ་བར་ལོ་མང་པོའོ། །དེའི་དྲུང་གི་ཚལ་དེ་ཨ་མྲ་སྔོན་པོའི་ཚལ་འདྲ་བར་སྣང་ནས་ཞུགས་པ་ན་རླུང་ཚ་བས་རལ་གྲི་དེ་དག་སྟེང་དུ་ལྷུང་སྟེ་ཡན་ལག་དང་ཉིང་ལག་ཐམས་ཅད་ གཅོད་དོ། །དེར་འགྱེལ་བ་ན་ཁྱི་སྲེ་པོ་དག་གིས་སྤྱི་བོ་ས་ལ་བརྡབས་ཏེ་གློ་གཉིས་ནས་བཤུས་ཤིང་གཤུལ་ཤ་དང་རྒལ་ཚིགས་ཀྱང་ཕྱུང་ནས་ཟའོ། །དེའི་དྲུང་ན་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་མི་འགྲིང་ས་ཡ་ཙམ་དུ་མཐོ་བ་ཚེར་མ་རྣོན་པོ་སོར་བཅུ་དག་པ་ཚལ་ [082B] བབས་ན་གྱེན་དུ་ལྟ་བས་ཡན་ལག་ཐམས་ཅད་འབིགས་ཤིང་གཤག་གོ། །ཁྭ་ལྕགས་ཀྱི་མཆུ་ཅན་དག་ཀྱང་ཕྲག་པའམ་མགོར་བབས་ཏེ་མིག་དང་ཀླད་པ་འདྲུའོ། །ལྕགས་ཀྱི་རྫ་བུམ་དང་ཁར་ཟངས་བ་ཚའི་ཆུ་བབ་པས་གང་ བར་ཡང་འཚེད་དོ། །བཞི་པ་ནི་ཤལ་མ་ལིའི་དྲུང་ཉིད་ན་འགྱུར་བྱེད་ཀྱི་ཆུ་ཁོལ་མས་གང་བའི་ཀླུང་རབ་མེད་དུ་ལྷུང་ནས་བསྐོལ་བས་སྟེང་འོག་ཏུ་འཕྱོ་ཞིང་འཚེད་པ་ནི་ཟངས་ཆུས་བཀང་བ་ལ་མེ་ཆེན་པོ་སྤར་བར་མོན་སྲན་གྲེའུ་ལ་སོགས་པ་འཚེད་པ་བཞིན་ནོ། །འགྲམ་གཉིས་ན་ནི་ གཤིན་རྗེ་རལ་གྲི་ལ་སོགས་པ་ཐོགས་པས་འབྱུང་དུ་མི་སྟེར་བར་འཚེད་དོ། །དེང་སྐྲ་དང་སྤུ་ཐམས་ཅད་ནི་འབྱི། ཤ་ཁྲག་ཐམས་ཅད་ནི་འཇིག་པས་རུས་པ་ཉིད་ལུས་པར་ཟད་དོ། །ཡང་ལྕགས་ཀྱི་མཆིལ་པ་དང་རྙ་རྒྱས་ཉ་ལྟར་བཅུས་ཏེ་ས་གཞི་འབར་བ་ལ་གན་རྐྱལ་དུ་བཞག་ ནས་ཁྱེད་ཅི་འདོད་ཅེས་སོ། །བདག་ཅག་ཉིད་ཀྱང་མི་ཤེས་མི་མཐོང་མོད་ཀྱི། འོན་ཀྱང་བཀྲེས་སོ་ཞེས་སོ། །དེ་དག་གིས་ལྕགས་ཀྱི་འབྱེད་དཔྱད་ཀྱིས་ཁ་ཕྱེ་ནས་ཐུ་ལུམ་འཇུག་ཅིང་ཟངས་ཁོལ་མ་བླུད་པ་ཡང་སྔ་མ་བཞིན་ནོ། །དེ་ནས་ཡང་ལྡོག་ཏེ་ཀླུང་རབ་མེད་དང། ཤལ་མ་ལིའི་ ཚལ་དང་རལ་གྲིའི་ལམ་དང། སྤུ་གྲིའི་ལམ་དང། རོ་མྱགས་ཀྱི་འདམ་དང་མེ་མ་མུར་གྱི་འོབས་ནས་ཡང་སྒོ་དེ་ཉིད་དུ་འཇུག་གོ། ཕྱོགས་གཞན་ནས་ཀྱང་དེ་ཁོ་ན་བཞིན་འཁོར་ལོ་ལྟར་འཁོར་བ་རྒྱས་པར་བྱེད་དོ། ༈ །གྲང་བའི་དམྱལ་བ་བརྒྱད་ཀྱི་དབང་དུ་བྱས་པ། མི་བཟད་ ལྷགས་པས་ཆུ་བུར་ལྟར་འཁུམས་དང། །ཆུ་བུར་རྡོལ་འདྲ་སོ་ཐམས་ཀྱི་ཧུད་དང། །ཨ་ཆུ་ཟེར་དང་སྔོ་ཞིང་ཁ་ལྔ་འམ། །དྲུག་གས་དམར་ཞིང་ཁ་བཅུ་སོགས་གས་དང། །ཤིན་ཏུ་དམར་ཞིང་བརྒྱ་ཚལ་གས་པ་ལས། །གྲང་བའི་སེམས་ཅན་དམྱལ་བའི་གནས་བརྒྱད་དོ། །ཆུ་བུར་ཅན་ ནི་ས་དེ་ན་ཡོད་པ་རུས་པ་ལ་ཐིངས་པའི་ལྷགས་པ་ཆེན་པོས་བཏབ་ནས་ལུས་ཐམས་ཅད་ཆུ་བུར་བྱུང་བ་ལྟར་འཁུམས་པའོ། །ཆུ་བུར་རྡོལ་བ་ནི་ཆུ་བུར་རྡོལ་བ་ལྟར་འཁུམས་པའོ། །སོ་ཐམས་དང་ཀྱི་ཧུད་ཟེར་དང་ཨ་ཆུ་ཟེར་ནི་སྒྲའི་བྱེ་བྲག་ལས་མིང་དུ་བཏགས་པའོ། །ཨུད་པ་ལ་ལྟར་གས་ [083A]༄༅། །པ་ནི་དེ་པས་ལྷག་པའི་ལྤགས་པ་སྔོ་ཞིང་ཁ་ལྔའམ་དྲུག་ཏུ་གས་པའོ། །པདྨ་ལྟར་གས་པ་ནི་སྔོན་པོ་དེ་ལས་འདས་ནས་དམར་ཞིང་ཁ་བཅུ་འམ་དེ་ལས་ལྷག་པར་ཡང་གས་པའོ། །པདྨ་ལྟར་གས་པ་ཆེན་པོ་ནི་ཤིན་ཏུ་དམར་བ་ཁ་བརྒྱ་འམ་ ལྷག་པར་ཡང་གས་པའོ།། ༈ ཉི་ཚེ་བ་རྣམས་འདི་དག་ཉིད་དང་ནི། །མཐོ་རིས་དག་ནའང་ཐོར་བུར་གནས་པ་སྟེ། །མི་དགེའི་ལས་རྣམས་སྤྱད་པས་རང་རང་གི། ལུས་ཀྱི་སྡུག་བསྔལ་བརྒྱ་ཕྲག་མྱོང་བའོ། །འདི་ནི་སྔ་མ་རྣམས་ཀྱི་ཉན་ཀོར་ནའང་ གནས་ལ། ཁ་ཅིག་མི་ལ་སོགས་པའི་ནང་ནའང་ཡོད་པས་གནས་གཞན་གུད་ན་མེད་དོ། །གནས་བརྟན་མཽངྒལ་གྱི་བུས་ངས་སེམས་ཅན་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་མཆེད་ཅིང་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ལས་དུ་མ་ ལས་སྡུག་བསྔལ་དུ་མ་ཅི་རིགས་པར་མྱོང་བ་སྟེ་བཙུན་མོ་དཔལ་ལྡན་གྱིས་མཽངྒལ་གྱི་བུ་ལ་དྲིས་པ་ལས་རྒྱས་པར་བལྟའོ།། ༈ །ཚ་གྲང་གི་དམྱལ་བ་གཉིས་ཀྱི་གནས་ཀྱི་ཁྱད་པར་བརྗོད་པ། ཡང་སོས་འདི་འོག་སུམ་ཁྲི་ཉིས་སྟོང་ན། །གཞན་རྣམས་དེ་འོག་བཞི་སྟོང་དག་ན་སྟེ། ། ཆུ་བུར་ཅན་ནི་ཡང་སོས་ཐད་ན་གནས། །གཞན་ནི་ཉིས་སྟོང་ཉིས་སྟོང་འོག་ནའོ། །ཡས་སོས་ནི་འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ནའོ། །དེའི་འོག་ན་དཔག་ཚད་བཞི་སྟོང་བཞི་སྟོང་གིས་བཅད་པ་ན་ནི་ཐིག་ནག་ལ་སོགས་པ་གནས་སོ། །དེ་དག་གི་ཐད་སོ་དཔག་ཚད་ ཁྲིའི་ཕ་རོལ་ཡང་སོས་དང་མཉམ་པ་ན་ཆུ་བུར་ཅན་ནོ། །དེའི་འོག་ཉིས་སྟོང་ཉིས་སྟོང་གིས་བཅད་པ་ན་ནི་གཞན་རྣམས་གནས་སོ། །མངོན་པ་གཞན་ལས་ནི། འདིའི་འོག་སྟོང་ཕྲག་ཉི་ཤུ་ན། མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། ཆུ་བུར་ཅན་སོགས་གྲང་བརྒྱད་ གཞན་ཞེས་གསུངས་སོ། ༈ །དེའི་ཚེའི་ཚད་ནི། མི་ལོ་ལྔ་བཅུ་རྒྱལ་ཆེན་ལྷ་ཡི་ཞག་དེས་བརྩིས་ལོ་ནི་ལྔ་བརྒྱ་ཚེ་ཆད་དེ། །དེ་ནི་ཡང་སོས་ནྨྱལ་བའི་ཉིན་ཞག་གཅིག་དེ་ཡི་ལོ་ནི་ལྔ་བརྒྱ་ཚེ་ཚད་དོ། །ཐིག་ནག་བསྡུ་འཇོམས་ངུ་འབོད་ཆུང་དང་ཆེ། །ཚ་བའི་བར་རྣམས་ [083B]གཉི་ག་དེ་ལས་ཉིས་འགྱུར་ཉིས་འགྱུར་ཏེ། །རབ་ཏུ་ཚ་བའི་བར་གྱི་བསྐལ་པ་ཕྱེད། །མནར་མེད་བསྐལ་པ་གཅིག་གིས་མཐར་ཐུག་པའོ། །གྲང་བ་རྣམས་ཀྱི་ཚེ་ནི་དེ་དག་གི། ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཞུགས་པ་སྟེ། །གཞན་ལས་གཞན་དུ་བསྒྲེ་བ་དག་ཀྱང་བཤད། །མི་ལོ་ལྔ་ བཅུ་ནི་རྒྱལ་ཆེན་རིས་བཞིའི་ཉིན་ཞག་གཅིག་གོ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་དེས་ཐུབ་བོ། །དེ་ཐམས་ཅད་ནི་ཡང་སོས་ཀྱི་ཉིན་ཞག་གཅིག་ཏུ་ཟད་དེ། དེས་བརྩིས་པའི་ལོ་ལྔ་བརྒྱ་ནི་ཡང་སོས་ཀྱི་ཚེའི་ཚད་དོ། །དེ་དག་ལས་ཉིན་ཞག་དང་ ལོ་གཉི་གཉི་ག་ཉིས་འགྱུར་གྱིས་ལྷག་པས་གཞན་འཕྲུལ་དབང་བྱེད་ཀྱི་ཚེའི་ཚད་ལོ་ཁྲི་དྲུག་སྟོང་རངས་པ་ནི་དམྱལ་བ་ཆེན་པོ་ཚ་བའི་ཉིན་ཞག་གཅིག་སྟེ། དེས་བརྩིས་པའི་ལོ་ཁྲི་དྲུག་སྟོང་ནི་ཚེ་ཚད་དོ། །རབ་ཏུ་ཚ་བའི་ཚེ་ནི་བར་གྱི་བསྐལ་པ་ཕྱེད་དོ། །མནར་མེད་ཀྱི་ནི་བར་གྱི་ བསྐལ་པ་གཅིག་གོ་ཆུ་བུར་ཅན་ལ་སོགས་པ་གྲང་བ་པ་བརྒྱད་ཀྱི་ཚེའི་ཚད་ནི་ཚ་བ་པ་བརྒྱད་པོ་དེའི་ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཞུགས་པར་བརྩི་བར་བྱའོ། །མངོན་པ་གཞན་ལས་ནི། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང། །ཏིལ་གཅིག་ཕྱུང་པས་ཟད་འགྱུར་པ། །ཆུ་བུར་ཅན་གྱི་ཚེ་ ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་བསྒྱུར་ཞེས་བཤད་དོ། །ཉི་ཚེ་བའི་ཚེ་ནི་ངེས་པ་མེད་ལ། ཉེན་ཀོར་བ་ནི་གནོད་པའི་བྱེ་བྲག་ཙམ་དུ་ཟད་ཀྱི། ཆེན་པོ་པ་ཉིད་ཡིན་ནོ། །ཡི་དྭགས་དང་དུད་འགྲོའི་ཡང་ལས་ནི་མི་དགེ་བ་བཅུ་པོ་ཉིད་ཀྱི་འབྲིང་དང་ཆུང་ངུ་དག་ཡིན་པར་བཤད་ ཟིན་ཏོ། །འོན་ཀྱང་འདི་དག་ཉིད་ཀྱི་ཁྱད་པར་དང་བཅས་པ་བསྟན་པར་བྱ་སྟེ། ༈ ལས་ལམ་བཅུ་པོའི་ཆ་དང་ཆ་དག་དང། །གཙོ་ཆེར་ཆགས་པས་སེར་སྣ་ཕྲག་དོག་གིས། །བསླུས་ཏེ་སྦྱིན་པ་རྣམ་གསུམ་མ་བཏང་ཞིང། །སྦྱིན་གནས་ སོགས་ལ་བགོ་བཤའ་མ་བྱས་དང། །སྦྱིན་པར་བསྔོས་ནས་ཕྲིའམ་མི་སྦྱིན་དང། །གཞན་དུ་བསྒྱུར་དང་སྦྱིན་པའི་གེགས་བྱེད་སོགས། །བློ་ངན་འཇུངས་ལས་སྨད་པའི་ལས་རྣམས་ནི། །རབ་འཇིགས་མང་བསགས་ཡི་དྭགས་འགྲོ་བར་ལྟུང། །མི་དགེ་བ་བཅུ་པོ་འབྲིང་དུ་སྤྱད་ [084A]༄༅། །བའི་ཆ་དང་ཆེན་པོ་དག་གི་ལྷག་མར་གྱུར་པའི་ཆ་དང། ཆའམ་ཆ་དག་དང། གཞན་ཡང་དྲན་པ་ཉེར་གཞག་ལས། གཙོ་ཆེར་སེར་སྣས་བསླུས་ཤིང་ལོངས་སྤྱོད་ངན་པ་འདོད་ལ། རྙེད་པ་ངན་པས་ཟིལ་གྱིས་ནོན་པ་རྣམས་སྦྱིན་པ་མ་བྱིན་ཏེ་ དགེ་སྦྱོང་དང་བྲམ་ཟེ་དང་ཕོངས་པ་དང་ལོང་བ་དང་བཀྲེན་པ་སློང་མོ་བ་ལ་མ་བྱིན། བསོད་ནམས་མ་བྱས། འཇིག་རྟེན་འདི་དང་ཕ་རོལ་ཏུ་རྒྱ་མཚོ་ལྟ་བུའི་ཚུལ་ཁྲིམས་མ་སྲུང། བུ་དང་ཆུང་མ་དང་བྲན་ཕོ་མོ་དང་ཞོ་ཤད་འཚོ་བ་རྣམས་ལའང་མ་བྱིན་པ་དང། སེར་སྣས་ འཇིག་རྟེན་འདི་དང་ཕ་རོལ་བསླུས་པ་དང། འཐབ་མོ་དང་ཕྲག་དོག་གི་དྲི་མས་བསླུས་པ་རྣམས་ནི་ཡི་དྭགས་སུ་སྐྱེ་བར་འགྱུར་ཏེ། ཕལ་ཆེར་ཡི་དྭགས་མོ་རྣམས་སུའོ། །ཞེས་གསུངས་སོ། །དེ་བཞིན་དུ་བསྔོས་ནས་མ་བྱིན་པ་ལ་སོགས་པ་ལས་ངན་པ་མང་པོ་ དག་གིས་ཀྱང་ངོ། ༈ །གནས་ཀྱི་ཁྱད་པར་ནི། འཇིག་རྟེན་ཀུན་རྒྱུ་ཡུལ་ན་གནས་པ་སྟེ། །ཡུལ་ནི་ས་འོག་དཔག་ཚད་ལྔ་བརྒྱ་དག་འདི་ནས་སུམ་སྟོང་དྲུག་བརྒྱའི་མཐའ་ན་གནས། །གནས་ནི་གཉིས་ཏེ། འཇིག་རྟེན་རྒྱུ་བ་དང། ཡུལ་ན་གནས་པའོ། །དང་པོ་ནི་མཚན་ མོ་མི་དག་གིས་ཀྱང་མཐོང་སྲིད་པའོ། །ཡུལ་ནི་ས་འོག་དཔག་ཚད་ལྔ་བརྒྱ་ན་སྟེ། རྐྱེན་གྱི་དབང་མ་གཏོགས་པར་འཛམ་བུ་གླིང་གི་མཐའ་ནས་དཔག་ཚད་སུམ་སྟོང་དྲུག་བརྒྱ་ན་ཡོད་དོ། །འདི་དང་ཐག་ཉེ་རིང་ནི་ངེས་པ་མེད་དོ། །ཞེས་གསུངས་སོ། ༈ །སྡུག་བསྔལ་ གྱི་ཁྱད་པར་ནི། ལོངས་སྤྱོད་དག་ལ་ཕྱི་དང་ནང་དང་ནི། །ཟས་སྐོམ་སྒྲིབ་པ་ཅན་གྱི་བྱེ་བྲག་གིས། །རྣམ་གསུམ་ཀུན་ཀྱང་བཀྲེས་སྐོམ་ལྷག་པ་ཡི། །མེ་ཡིས་རབ་གདུང་སྡུག་བསྔལ་བགྲང་ལས་འདས། །འདི་ལ་སྡུག་བསྔལ་གྱི་ཁྱད་པར་མདོར་བསྡུ་ན་གསུམ་ལས་ལོངས་ སྤྱོད་དག་ལ་ཕྱིའི་སྒྲིབ་པ་ཅན་ནི་ཆུ་མིག་དང་མཚེའུ་དང་ཆུ་ཀླུང་ལ་སོགས་པར་བཟའ་བ་དང། བཏུང་བ་དག་མཐོང་ཞིང་དེ་དང་དེར་བརྒྱུག་པ་ན་ལག་ན་རལ་གྲི་དང་དབྱུག་པ་ལ་སོགས་པ་ཐོགས་པས་འགོག་པ་དང། ཆུ་ལ་སོགས་པའང་རྣག་ལ་སོགས་པར་མཐོང་ [084B] །ནང་གི་སྒྲིབ་པ་ཅན་ནི་ཁ་ཁབ་ཀྱི་མིག་ཙམ་ལ་མེ་འབར་བ་དང། མགྲིན་པ་ཇེང་གི་རྒྱུད་ཙམ་ལ་གསུས་བོ་ཆེ་དག་སྟེ། གེགས་བྱེད་པ་མེད་ཅིང་ཟས་སྐོམ་རྙེད་དུ་ཟིན་ཀྱང་བཟའ་བཏུང་བྱེད་མི་ནུས་པའོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་ལ་ཡི་དྭགས་མེ་ལྕེའི་ ཕྲེང་བ་ཞེས་བྱ་བ་ནི་ཟོས་སོ་ཅོག་དང་འཐུངས་སོ་ཅོག་གིས་ཚིག་པ་སྟེ་བཀྲེས་སྐོམ་ཡང་ཞི་བར་མི་འགྱུར་བའོ། །ལྗན་ལྗིན་ཟ་བ་ཞེས་བྱ་བ་ནི། ཕྱི་ས་ཟ་ཞིང་གཅིན་འཐུང་བ་སྟེ། བཙོག་པ་མནམ་པ་གནོད་པ་སྨད་པ་དེ་ཙམ་སྤྱོད་པར་ནུས་པའོ། །ཁ་ བཅད་ཅིང་བཅད་ཅིང་ཟ་ལ། གཙང་བའམ་བསོད་པ་ལ་ནི་སྤྱོད་པར་མི་ནུས་པའོ། །ཐམས་ཅད་ཀྱང་བཀྲེས་པ་དང་སྐོམ་པས་གདུངས་པས་ལྤགས་པ་དང་ཤ་དང་ཁྲག་ཀུན་བསྐམས་ནས་སྡོང་དུམ་ཚིག་པ་འདྲ་ལ། གདོང་སྐྲས་ཁེབས་ཤིང་བཀྲེས་སྐོམ་གྱིས་ཉེན་པའི་བཞིན་ དང་ཁ་ཤིན་ཏུ་བསྐམས་པ་ལྕེས་བལྡག་པ། ༈ །དབྱེ་བ་ནི། མདོར་བསྡུས་རིགས་ཀྱིས་དབྱེ་བ་སུམ་ཅུ་དྲུག་ལྟོ་གུག་དང་ནི་ཁབ་ལྟར་ཕྲ་བའི་ཁ། །བཤང་ཟ་ཀུན་བསྟེན་དྲི་ཟ་ལ་སོགས་པའོ། །རྒྱ་ཆེར་ ལས་ཀྱི་དབྱེ་བས་མཐའ་ལས་འདས། །རིགས་ཀྱི་དབྱེ་བ་སྤྱིར་བསྡུ་བ་སུམ་ཅུ་རྩ་དྲུག་སྟེ། ལྟོ་གུག་དང། ཁ་ཁབ་ལྟར་ཕྲ་བ་དང། བཤང་ཟ་དང། དྲི་ཟ་དང། ཆོས་ཟ་བ་དང། སྦྱིན་པ་ཟ་བ་དང། ཆུ་འཐུང་བ་དང། བསམ་པས་འཚོ་བ་དང། མཆིལ་མ་ཟ་བ་དང་ ཕྲེང་བ་ཟ་བ་དང། ཁྲག་ཟ་བ་དང། ཤ་ཟ་བ་དང། དུད་པ་ཟ་བ་དང། དྲག་ཤུལ་སྤྱོད་པ་དང། གླགས་ལྟ་བ་དང། ས་འོག་ན་གནས་པ་དང། མཐུ་བོ་ཆེ་དང། མཚན་མོ་ལུས་འབར་བ་དང། མི་ལ་གླགས་ལྟ་བ་དག་འདོད་པའི་གཟུགས་ཅན་དང། གླིང་བར་ན་གནས་པ་དང་ གཤིན་རྗེའི་དབྱུག་པ་དང། བྱིས་པ་ཟ་བ་དང། ཚངས་པའི་སྲིན་མོ་དང། འབྲུ་དྲུས་པའི་ཤུན་པ་ཟ་བ་དང། མི་གཙང་བ་ཟ་བ་དང། ལམ་ཆེན་གནས་དང་མང་དུ་ཟ་བ་དང། མེ་མདག་ཟ་བ་དང། དུག་ཟ་བ་དང། དགོན་པ་ན་གནས་པ་དང། དུར་ཁྲོད་ན་གནས་པ་དང། ཤིང་ [085A]༄༅། །ལ་གནས་པ་དང། བཞི་མདོར་གནས་པ་དང། བདུད་ཀྱི་སྡེ་ཞེས་བྱ་བ་རྣམས་སོ། །འདི་རྣམས་ཀྱིའང་ལས་དང་སྡུག་བསྔལ་གྱི་ཁྱད་པར་ཅི་འདྲ་བ་ནི་མདོ་ལས་རྒྱས་པར་བལྟོའོ། །རྒྱ་ཆེར་དབྱེ་བ་ནི་བསམ་པ་སྣ་ཚོགས་ཅན་གྱི་སེམས་ཀྱི་ ཆའི་ལས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་བསྐྱེད་པས། སྡུག་བསྔལ་དང་སེམས་པ་དང་གཡོ་བ་དང་གནས་སྣ་ཚོགས་ཅན་དཔག་ཏུ་མེད་པར་བལྟའོ། །དེ་དག་ཀྱང་ཕལ་ཆེར་སེར་སྣ་དང་ཕྲག་དོག་གིས་ཉམས་པ་སྟེ། རྒྱ་ཆེར་ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་ བཅུ་སྐྱེ་བའོ། །རྒྱུ་དེ་ལ་སྲོག་ཆགས་ཐམས་ཅད་རག་ལས། དེ་ལ་སྤྱོད། དེ་ལས་སྐྱེ་ཞིང་འབྱུང། དེའི་ཕྱི་བཞིན་འབྲང་སྟེ། ངན་སོང་རྣམས་སུ་ཀུན་ཏུ་འཁོར་ཡང་སྐྱོ་བ་མེད་དོ། །སེམས་སྤྲེའུ་ལྟ་བུ་ཐོག་མ་མེད་པ་ནས་འཁོར་བར་ཞུགས་ཤིང་སྡུག་བསྔལ་གཟིངས་ གཟིངས་པའི་ནང་ན་གནས་པ་ལ་གོམས་པ། ལུས་སྣ་ཚོགས་ཅན་གྱི་དྲ་བ་ན་གནས་ཤིང་སྡོམ་པས་འཁོར་བའི་རི་ལ་འཛེག་པ། སེམས་གཟིངས་པའི་བག་ཆགས་ཀྱིས་རྟོགས་པའམ་ཤེས་པར་སླ་བ་མ་ཡིན་ལ། དེ་ལྟར་སེམས་འགྲོ་མྱུར་དུ་འགྲོ་བ་སྤྲེའུ་ ལྟ་བུ་འདི་ཐོག་མ་ཉིད་དུ་གདུལ་ཏེ། དེ་ལྟ་མ་ཡིན་ན་ངན་སོང་མི་བཟད་པས་ཤིན་ཏུ་སྡུག་བསྔལ་ཞིང་འཁོར་བར་སེམས་ཀྱི་དགྲས་ཟིན་པས་བདེ་བ་མི་འཐོབ་བོ། །དེས་ན་གཙོ་བོར་སྦྱིན་པ་རྣམ་གསུམ་ནི་མ་བྱིན་ལ། སེར་སྣ་དང་ཕྲག་དོག་གི་ཟིལ་གྱིས་ ནོན་པ་དག་ཡི་དྭགས་སུ་སྐྱེ་བའོ། །སྟོབས་དང་ལྡན་པའི་ལས་དག་གིས། །ཞགས་པ་ཡིས་ནི་ཁྲིད་པ་དང། །བཤེས་གཉེན་བུ་དང་ཆུང་མ་དག་རྩ་ལག་གིས་ནི་སྐྱོབ་མི་ནུས། །ལུས་དང་ཚེ་ཚད་ཕལ་ཆེར་མ་ངེས་ཏེ། །མཐར་ཐུག་ཟླ་ཉེ་ཞག་གིས་ལྔ་བརྒྱའོ། ། ལུས་ནི་ངན་སོང་གསུམ་ཆར་གྱིས་མ་ངེས་ཏེ། ལས་ཇི་ལྟ་བར་སྡུག་བསྔལ་གྱི་རྟེན་ལུས་ཀྱང་ཚེ་བར་འགྱུར་རོ། །ཚེ་ནི་ཡི་དྭགས་ཕལ་ཆེར་གྱི་མ་ངེས་པ་སྟེ། མཆོག་ཏུ་རིང་བའི་ནི་མིའི་ཟླ་བ་ལ་ཉིན་ཞག་ཏུ་བརྩིས་པའི་ལོ་ནི་ལྔ་བརྒྱ། ༈ ། དུད་འགྲོའི་སྐྱེ་ [085B] གཞན་ཡང་མི་དགེའི་ཆ་དང་ཆ་ཤས་དང། །གརྩོ་ཆེར་བླུན་པས་ཕྲ་བའི་ལས་རྣམས་ནི། །ཁྱད་དུ་བསད་སོགས་ལས་ངན་ཉེར་བསགས་པས། །དུད་འགྲོ་ཕན་ཚུན་གསོད་ཅིང་ཟ་བ་དང། །ལྷ་དང་མི་ཡིས་སྤྱད་བྱར་གྱུར་བ་ཡིས། ། དབང་མེད་གསོད་ཅིང་བཀོལ་སྤྱོད་བྱེད་པར་ལྟུང། །རྒྱུ་ནི་མི་དགེ་བ་བཅུའི་ཕྲ་བར་གཏོགས་པའི་ཆ་དག་དང། ཁྱད་པར་དུའང་རྨོངས་པ་ཤེས་ཆེ་བ་དག་གིས་བསླབ་པ་ཕྲ་མོ་ཕྲ་བ་མང་པོ་ཁྱད་དུ་བསད་པ་དང་གུས་པར་བྱ་བར་འོས་པ་རྣམས་ལ་མ་གུས་པ་ལ་སོགས་པའི་ ཉེས་པར་སྤྱོད་པ་མང་པོ་བསགས་པའོ། །སྡུག་བསྔལ་ནི་དུད་འགྲོ་ཉིད་ཕན་ཚུན་ལུས་དང་སྟོབས་ལ་སོགས་པ་ལྷག་པ་དག་གིས་དམན་པ་རྣམས་གསོན་མིད་བྱེད་པ་ལ་སོགས་པས་ཟ་ཞིང་གསོད་པ་དང། རྣམ་པར་འཚེ་བ་སྣ་ཚོགས་ཀྱིས་གནོད་པ་བྱེད་པ་དང་ ཁ་ཅིག་ནི་མི་ལ་སོགས་པའི་ལོངས་སྤྱད་བྱར་གྱུར་པས་ཀྱང་ཤ་དང་ལྤགས་པ་དང་རུས་པ་ལ་སོགས་པའི་ཕྱིར་གསོད་པ་དང། བརྩེ་བ་པོར་ཏེ་རང་དབང་མེད་པར་འབལ་བ་དང། བཞོ་བ་དང། བདའ་བ་དང། རྨེད་པ་དང། དྲངས་བ་ལ་སོགས་པས། བཀོལ་སྤྱད་ སྣ་ཚོགས་བྱེད་པའོ། ༈ །དབྱེ་བ་ནི། རིགས་ཀྱི་དབྱེ་བ་བྱེ་བ་སུམ་ཅུ་དྲུག། གཟུགས་དང་ཁ་དོག་སྐྱེ་གནས་སྣ་ཚོགས་ཏེ། །མཐུན་དང་མི་མཐུན་འདབ་བཅས་འདབ་མེད་སོགས་ །ལས་དང་སེམས་ཀྱི་དབྱེ་བས་མཐའ་ཡས་སོ། །རིགས་ལས་སྤྱིར་དབྱེ་བ་ནི་བྱེ་བ་ཕྲག་ སུམ་ཅུ་རྩ་དྲུག་སྟེ། མིའི་ལུས་ཉིད་ལ་ཡང་སྟོང་ཕྲག་བརྒྱད་ཅུ་ཡོད་པར་གསུངས་པ་ལ་སོགས་པས་སོ། །བྱེ་བྲག་ཏུ་ནི་ཆ་བྱད་སྣ་ཚོགས་འཆང་བ་དང། གཟུགས་སྣ་ཚོགས་དང་ལྡན་པ་དང། སྐྱེ་གནས་བཞི་སྐྱེ་བ་དང། ཟས་བཞི་ལ་བརྟེན་པ་དང། མཐུན་དང་མི་ མཐུན་པ་དང། སྡང། སྡང་བ་དང་མི་སྡང་བ་དང། བཤེས་པ་དང་མི་བཤེས་པ་དང། ལྷན་ཅིག་སྤྱོད་པ་དང་མི་སྤྱོད་པ་དང། འདབ་མ་ཡོད་པ་དང་མེད་པ་ལ་སོགས་པ་སྣ་ཚོགས་མཐའ་ཡས་པ་སྟེ། སེམས་སྣ་ཚོགས་དང་ལས་སྣ་ཚོགས་ཀྱི་བྱེ་བྲག་གིས་སོ། ༈ །གནས་ཀྱི་ [086A]༄༅། །ཁྱད་པར་ནི། བྱིངས་ཀྱི་གནས་ནི་རྒྱ་མཚོ་ཆེན་པོ་སྟེ། །གཞན་དག་ས་སྟེང་མཁའ་སོགས་ཀུན་ན་གནས། །འདི་ཡང་ལུས་དང་ཚེ་ཚད་ངེས་མེད་དེ། །ཆེ་ནི་མཆོག་རིང་བསྐལ་པར་གནས་པའོ། །དུད་འགྲོ་བྱིངས་ན་གནས་པའི་གནས་ནི་རྒྱ་མཚོ་ཆེན་ པོ་ཡིན་ལ། ཁ་འཐོར་དག་གི་གནས་ནི་ངེས་པ་མེད་པས་ས་སྟེང་དང་ས་འོག་དང་ནམ་མཁའ་དང་ཆུ་དང་སེམས་ཅན་གྱི་ལུས་ལ་སོགས་པ་ཐམས་ཅད་ནའང་ཡོད་དོ། །གང་དུ་དྲོད་ཤེར་ལས་སྐྱེས་པའི། །སྐྱེ་བོ་སྐྱེ་པར་མི་འགྱུར་བའི། །ས་སོགས་ཆ་དེ་འགའ་ནའང་མེད་ཅེས་ གསུངས་ལ། དུད་འགྲོ་ནི་ཕལ་ཆེར་ཡང་དྲོད་གཤེར་ལས་སྐྱེ་བའི་ཕྱིར་རོ། །ལུས་ཀྱི་ཚད་ནི་ངེས་པ་མེད་ལ། ཚེའང་ཕལ་ཆེར་ནི་མ་ངེས་ཏེ་མཆོག་ཏུ་རིང་བ་དག་ནི་བསྐལ་པར་གནས་པའོ། །འདི་ལའང་རྒྱ་མཚོ་ལ་སོགས་པ་འོག་ན་གནས་པ་རྣམས་ཀྱི་གནས་དང་ལུས་ དང་ལོངས་སྤྱོད་ལ་སོགས་པ་དང། སྤྱིར་ལས་ཀྱི་བྱེ་བྲག་གིས་བདེ་སྡུག་ཇི་ལྟ་བུ་མྱོང་བའི་ཁྱད་པར་ནི་རྒྱས་པར་མདོ་ལས་ལྟའོ། །འདིར་ནི་འཇིག་རྟེན་པ་དག་ལྟས་ཀྱི་རྣམ་པ་ཕྱིན་ཅི་ལོག་འཆད་པ་དགག་པའི་ཕྱོགས་ཅུང་ཟད་བརྗོད་པར་བྱའོ། ༈ །དེ་ལ་ཉི་ཟླ་གཟས་ཟིན་པ་ དང་གནམ་གྲུམ་པའི་དབང་དུ་བྱས་ནས། ལྷ་མིན་དབང་པོས་ལྷ་ཡ་ཚལ་རྣམས་དང། །ལྷ་ཡི་བུ་མོ་བལྟ་བར་འདོད་པ་དང། །ཉི་མའི་ཟེར་གྱིས་མིག་ལ་གནོད་ཕྱིར་དང། །ཟླ་རྒྱས་ལྷ་ཡི་བུ་མོའི་བཞིན་འདྲ་བས། །རེག་པར་འདོད་ཕྱིར་ཉི་ཟླ་ལག་པས་བསྒྲིབ། །དེ་ལ་བྲམ་ཟེ་རྟོག་ གེ་ངན་བསླུས་རྣམས། །ཉི་ཟླ་གཟའ་དམར་སོགས་ཀྱིས་ཟིན་པས་ན། །ལོ་ཡི་ཉེས་ལེགས་ལ་སོགས་ལྟས་སུ་སྟོན། །ཡང་དེ་ལྷ་མིན་ཚོགས་ཀྱི་དབང་པོ་ལ། །བསྔོ་ཕྱིར་རྦད་པས་ཁྲོས་ནས་རིང་བག་ཏུ། །སྐད་འབྱིན་བརྒྱུག་ལ་གནམ་གྲུམ་ལྟས་སུའོ། །ལྷ་ཡི་འོང་བྱེད་ཉི་ ཟླ་བསྒྲིབ་པས་དང། །གཟི་བྱིན་མི་བཟོད་འབྲོས་པའི་སྒྲ་ལས་ཀྱང། །དེ་གཉིས་སུ་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལ་རྒྱ་མཚོ་བར་མ་ལོངས་སྤྱོད་ལྡན་ལ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པའི་ཀླུའི་རྒྱལ་པོ་ རབ་འཇོམ་དང། བསྒྱིངས་ [086B] ནག་པོ་དང། ཧུ་ལུ་ཧུ་ལུའོ། །གང་གི་ཆ་འཛམ་བུའི་གླིང་ན་མི་རྣམས་ཕལ་ཕར་མི་འཛིན་པ་ལ་སོགས་པས་ཆོས་མ་ཡིན་པ་བྱེད་པ་དེའི་ཚེ། ཀླུ་དེ་དག་གི་དབང་དུ་འགྱུར་ཏེ་མི་ཤིས་པ་དང་སྡུག་བསྔལ་སྣ་ཚོགས་འབྱུང་ངོ། །རྒྱ་མཚོའི་གཏིང་གི་གཞི་ལ་ནི་ལྷ་དང་ འགྲན་པར་འདོད་པའི་ལྷ་མ་ཡིན་རྣམས་གནས་ཏེ། འདི་ལ་ཡི་དྭགས་དང་དུད་འགྲོར་གཏོགས་པ་གཉིས་སོ། །དང་པོའང་གཉིས་ཏེ་བདུད་ཀྱི་རིགས་དང། རྫུ་འཕྲུལ་ཆེན་པོའི་ཡི་དྭགས་སོ། །དུད་འགྲོར་གཏོགས་པ་ནི་འོག་གཞི་ལ་གནས་ཏེ། རི་རབ་ཀྱི་རྟེན་དཔག་ཆད་བརྒྱད་ཁྲི་ བཞི་སྟོང་ཡོད་པའི་ས་འོག་ན་གནས་སོ། །མདོར་བསྡུས་ན་གྮིའང་བཞི་ལས། དང་པོ་དཔག་ཚད་ཉི་ཁྲི་ཆིག་སྟོང་ན་དབང་པོ་སྒྲ་གཅན་གནས་སོ། །དེས་ནི་འདོད་པའི་ཁམས་སུ་ཐམས་ཅད་པས་ལྷག་པའི་ལུས་སྤྲུལ་ནུས་པ་སྟེ། ལས་འདྲེན་མའི་དབང་གིས་ལྷ་ ལའང་འགྲན་ཟླར་མཐོང་ནས་ལྷའི་ཚལ་དག་དང་ལྷའི་བུ་མོ་རྣམས་བལྟ་འདོད་པས། ནོར་བུ་མཐོན་ཁ་ལ་སོགས་པ་དང་གོས་ཀྱི་རྒྱལ་པོ་མ་བཏགས་པ་ཁ་དོག་བཞིས་བརྒྱན་ནས་འགྲོའོ། །དེའི་གྲོང་ཁྱེར་ནི་འོད་ཅན་ཞེས་བྱ་བ་དཔག་ཚད་བརྒྱད་སྟོང་པ་རིན་པོ་ཆེའི་ ཚལ་ལ་སོགས་པ་འབྱོར་པ་ཆེན་པོ་ཅན་ནོ། །དེ་ལྷའི་ཚལ་དག་བལྟ་བར་འདོད་པ་ན་གལ་ཏེ་མི་རྣམས་ཆོས་མ་ཡིན་པ་སྤྱོད་ན་ནི་ལྷ་ས་ཐ་མ་པ་རྒྱལ་ཆེན་བཞིའི་རིས་དག་མཐུ་ཆུང་བས་ཕན་ཚུན་སོགས་ནས། ཀྱེ་ལྷ་དག་སེངྒེ་མོའི་བུ་སྒྲ་གཅན་ནི་བདག་ཅག་བསད་ པའི་ཕྱིར་བརྟུལ་ཏེ་བྱུང་ངོ་ཞེས་འཛེར་ཏོ། །མི་དག་པ་ལ་ཕར་འཛིན་པ་ལ་སོགས་པས་ཆོས་བཞིན་བྱེད་ཅིང། དཀོན་མཆོག་གསུམ་མཆོད་ལ་དགེ་བ་དང་མི་དགེ་བའི་ལས་ལ་ལྟ་བ་ན་ནི་ལྷ་དེ་རྣམས་རིན་པོ་ཆེ་སྣ་ཚོགས་དང་མེ་ཏོག་ལ་སོགས་པ་སྣ་ཚོགས་ཀྱིས་བརྒྱན་ཏེ་ མཚོན་ཆ་སྣ་ཚོགས་ཆར་དུ་འབེབས་ལ་ཧ་ལ་ཧ་ལའི་སྒྲ་སྒྲོགས་ཤིང་རི་རབ་ཀྱི་ནང་དུ་སྒྲ་གཅན་ག་ལ་བར་བརྒྱུག་གོ། དེ་སྟེ་མི་རྒལ་ན་ནི་རི་རབ་ཀྱི་ངོས་ལ་ཚལ་དང་ཉེ་བའི་ཚལ་ཡོད་པ་ལ་ཉི་མའི་འོད་ཕོག་པའི་ཟེར་འབུམ་འབུམ་མང་པོ་དེའི་གདོང་དུ་བབ་པས་མིག་འཁྲུག་ [087A]༄༅། །པ་ན་ཚལ་དང་ལྷའི་བུ་མོ་དག་བལྟ་བར་མ་ནུས་པས། ཁྲོས་ཏེ་མིག་རྩ་དམར་པོར་གྱུར་ཅིང་ལག་པས་ཉི་མ་བསྒྲིབ་བོ། །དེས་དེ་དག་བལྟ་བ་ལ་རྩེ་ཚུགས་སུ་འདུད་པ་རྒྱ་མཚོས་ནི་སྐེད་པར་ཕྱིན། དེ་ཡན་ཆད་ནོར་བུའི་རྒྱན་གྱིས་ཁྱབ་པས་ནོར་བུ་ སོ་སོའི་འོད་ཀྱིས་དེའི་ལག་པའང་སྔོན་པོ་ལ་སོགས་པར་སྣང་བ་ན། བྲམ་ཟེ་རྟོག་གེ་བ་ལོག་པའི་ཐོས་པས་བསླུས་པ་དག་ཉི་མ་གཟའ་སྡིག་ཅན་གྱིས་ཟིན་ཏོ། །གཟའ་སྔོན་པོས་ཟིན་ཏོ། །དམར་པོས་ཟིན་ཏོ་ཞེས། ལས་དང་འབྲས་བུ་རྒྱབ་ཏུ་བོར་ནས་དེས་འཚོ་བ་ འཚོལ་བས་འདི་ལྟར་ལོ་ལེགས་སོ། །ལོ་ཉེས་སོ། །རྒྱལ་པོ་ལ་དགེའོ། །རྒྱལ་པོ་ལ་མི་དགེ་བར་འགྱུར་རོ། །ལྟས་བཟང་ངོ་ལྟས་ངན་ནོ་ཞེའོ། །ཡང་སྒྲ་གཅན་གྱི་འཁོར་དག་རྒྱ་མཚོའི་སྟེང་ན་རྒྱུ་བས་ཟླ་བ་ཤར་བ་ན་བཻ་ཌཱུརྱའི་འོད་ཀྱིས་དཀྱིལ་འཁོར་བརྒྱ་འགྱུར་བས་མཛེས་པ་ མཐོང་སྟེ། །སྒྲ་གཅན་ལ་ཟླ་བ་ཉ་བ་ནི་ལྷའི་བུ་མོའི་བཞིན་ཁོ་ན་འདྲའོ། །ཞེས་བརྗོད་པས། ཡང་དེ་ལྷའི་བུ་མོ་ལ་སྲེད་པའི་ཕྱིར་བལྟ་འདོད་ནས་དེར་སོང་སྟེ་ལྷའི་བུ་མོའི་བཞིན་ལ་རེག་པར་འདོད་ཅིང་སྔ་མ་ལྟར་བསྒྲིབས་པ་ན་ཡང་རྟོག་གེ་ངན་པ་དག་སྔ་མ་བཞིན་ལྟས་ སུ་སྒྲོག་གོ། ཡང་ལྷ་མ་ཡིན་དག་གིས་དབང་པོ་དང་གཡུལ་འགྱེད་པར་རྦད་པ་ན་ཁྲོ་བ་དང་བཅས་པས་གྲོང་ཁྱེར་འོད་ཅན་ནས་སྐད་ །ཉི་ཟླ་གཟས་ཟིན་པ་ དང་གནམ་གྲུམ་པའི་རྒྱུ་གཉིས་པ་ནི། ཡང་དེ་འདི་སྙམ་དུ་འོད་ཅན་ན་ནོར་བུ་དག་འོད་གསལ་ན་ཕོ་བྲང་ཡང་གསལ་ལ། ནོར་བུ་འོད་ཞན་ན་དེའང་ཞན་པ་ལྟར། ལྷའི་འོད་བྱེད་པའང་ཉི་མ་དང་ཟླ་བ་ཡིན་པས། འདི་གཉིས་བསྒྲིབས་ན་ལྷ་འོད་མེད་པར་འགྱུར་ཞེས་ཏེ་ ལག་པ་གཅིག་གིས་ནི་ཉི་མ་བསྒྲིབ་ལ་གཅིག་གིས་ནི་རི་རབ་ཀྱི་ཟོམ་ལ་ནོམ་མོ། །ལྷ་དག་གི་ལག་པ་དེ་མཐོང་སྟེ་བརྒྱུགས་པ་ན་དེ་དུད་འགྲོ་ཡིན་པས་སྙིང་སྟོབས་ཆུང་བའི་ཕྱིར་ལྷའི་གཟི་བྱིན་མི་བཟོད་ནས་སྐད་འབྱིན་ཅིང་འབྲས་པའོ། ༈ །ས་གཡོ་བའི་ལྟས་ཀྱི་ནི། མི་རྣམས་ [087B] །ལྷ་མིན་ཕམ་པས་དབང་པོ་མགུལ་ཕྲེང་དང། །བརྟན་པས་ནག་པོའི་ཕྱོགས་ཀྱི་ཀླུ་དབང་བཞི། །མི་ལ་གནོད་ཕྱིར་རྦད་པས་རྒྱ་མཚོ་ནི། །གཡོས་པས་ས་ཡང་དེ་ཙམ་གཡོ་བ་དང། །སེམས་ཅན་དག་གི་དགེ་མི་དགེ་ལས་ཀྱང། །ས་འཛིན་རླུང་གཡོས་ཆུ་དང་ས་གཡོ་ལའང། །རྒྱུ་མ་རྟོགས་པར་ ལྟས་རྣམས་ལོག་པར་འཆད། །ཡང་མི་དག་ཆོས་ཀྱི་རྗེས་སུ་འཇུག་པ་ན་ལྷ་མ་ཡིན་རྣམས་ཕམ་པས་དེ་དག་གིས་རྒྱལ་པོ་མགུལ་ཕྲེང་དང་བརྟན་པས་ཀླུའི་རྒྱལ་པོ་ཆོས་ཀྱི་རྗེས་སུ་མི་འཇུག་པ་བཞི་པོ་མི་རྣམས་ལ་གནོད་པ་བྱ་བར་རྦད་པ་ན། དེ་དག་གི་ཆུད་པག་ཚད་བྲྒྱའམ་ཉིས་ བྲྒྱའམ་སུམ་བརྒྱ་ལ་སོགས་པ་གཡོ་བར་བྱེད་དོ། །དེས་ས་ཡང་དེ་ཙམ་དེ་ཙམ་དག་གཡོན། ཡང་རྟོག་གེ་ངན་པ་དག་ལྟས་སུ་འཆད་དོ། །སེམས་ཅན་དེ་དག་གི་དགེ་བ་དང་མི་དགེ་བ་ལ་སྐྱང་རླུང་ས་འཛིན་ཅེས་བྱ་བ་གཡོ་ལ། དེས་ཆུ་གཡོ་ཞིང། དེས་ས་གཡོ་བའང་ཆད་སྔ་མ་ བཞིན་ཏེ། རླུང་གིས་ནི་ཆུ་འཛིན་ལ་སའང་ཆུ་ལ་བརྟེན་པའི་ཕྱིར་རོ། །དེ་དགེ་བས་གཡོ་བ་ཡིན་ན་ནི་བདེ་བ་བསྐྱེད་ལ། མི་དགེ་བས་གཡོན་ནི་མི་བདེ་བ་བསྐྱེད་དེ། བདེ་དང་སྡུག་བསྔལ་ཐམས་ཅད་ནི་ལས་ཀྱི་རྒྱུ་ཅན་ཡིན་གྱི། རྒྱུ་མེད་པ་མ་ཡིན། འདོད་རྒྱལ་ལས་མ་ བྱུང༑ བྱེད་པ་པོས་མ་བྱས་པས་སོ། །དེ་ལའང་རྟོག་གེ་ངན་པ་དག་དབང་པོའི་ཕྱོགས་ནས་ས་གཡོས་སོ། །མེའི་ཕྱོགས་ནས་ས་གཡོས་སོ། །ལོ་ལེགས་པར་འགྱུར་ཞེས་བྱ་བ་ལ་སོགས་པས་ལྟས་སུ་འཆད་པའོ་ཞེས་གསུངས་སོ། ༈ །ངན་སོང་ལས་གཞན་པའི་མི་ ཁོམ་པའི་དབང་དུ་བྱས་ནས། ལེགས་སྤྱད་བཞུང་ཡང་ང་རྒྱལ་གྱིས་ཁེངས་པས། །དཀོན་མཆོག་གསུམ་དང་བླ་མའང་ཆོས་སྨྲ་དང། །འཁོར་བཞི་དག་ལ་མ་གུས་ལས་རྣམས་ཀྱིས། །དབང་པོ་ཉམས་སོགས་མི་ཁོམ་དག་ཏུ་འཁྱམ། །སྡམ་པ་ཆེ་ལོང་དག་ལ་སོགས་པ་དགེ་ བ་འགལ་ཙམ་དང་ལྡན་དུ་ཟིན་ཀྱང། དཀོན་མཆོག་ལ་སོགས་པ་ལ་མ་གུས་པ་ཐ་ན་ཐལ་མོ་ལེགས་པར་མ་སྦྱར་བ་དང། སྤྱི་བོ་ས་ལ་མ་གཏུགས་པའི་ཕྱག་ལ་སོགས་པས་ཀྱང་ཡུལ་མཐའ་འཁོབ་དང་དབང་པོ་མ་ཚང་བ་ལ་སོགས་པར་སྐྱེ་ཞིང་དེ་ནས་ཡང་ངན་སོང་དུ་ [088A]༄༅། །འཁྱམ་པར་འགྱུར་བའོ། །དགེ་བའི་ལས་ཀྱང་ཕལ་ཆེར་མི་དགེ་བའི་ལས་ཀྱི་སྐབས་ལས་ལྡོག་པ་རྟོགས་བྱེད་ དབྱེ་བ་ནི་ལུས་དང་ངག་དང་ཡིད་ཀྱི་དགེ་བའི་ལས་གསུམ་ལས། སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུར་དབྱེ་བའོ་ རྒྱ་མཚོས་ཞུས་པ་ལས། དག་པའི་ཆོས་རྣམས་ནི་དགེ་བ་བཅུའི་ལས་ཀྱི་ལམ་དག་སྟེ། དེ་ནི་ལྷ་དང་མི་དང་ཉན་ཐོས་དང་རང་སངས་རྒྱས་དང། །སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱི་རྩ་བའམ་རྟེན་ནོ་ཞེས་གསུངས་སོ། ༈ །རང་བཞིན་ལས་དངོས་ གཞིའི་ལས་སོ་སོའི་མཚན་ཉིད་ཀྱི་དབང་དུ་བྱས་ནས། སེམས་ཅན་གཞན་གསོད་ཉེས་དམིགས་ལྟ་བ་ཡིས། །སྤོང་སེམས་དགེ་དང་ལྡན་པས་དེ་སྡོམ་པའི། །སྦྱོར་ལས་ཡང་དག་བླངས་ཏེ་གནས་པ་དང། །གཞན་ཡང་དེ་བཞིན་ཅི་རིགས་སྦྱར་བས་ལྟ། །སྲོག་གཅོད་ པ་སྤོང་བའི་གཞི་ནི་སྲོག་ཆགས་བཞིན་ནོ། །འདུ་ཤེས་ནི་དེ་ཉིད་དུ་ཤེས་པའོ། །ཀུན་སློང་ནི་སྲོག་གཅིད་པའི་ཉེས་དམིགས་ཤེས་པས་སྤོང་བར་འདོད་པའོ། །དགེ་བའི་བསམ་པ་ནི་དད་པ་ལ་སོགས་པ་ཅི་རིགས་པའོ། །སྦྱོར་བ་ནི་གསོད་པར་བྱེད་པ་ཡང་དག་པར་ སྡོམ་པའི་འདུ་བྱེད་དོ། །མཐར་ཐུག་ནི་དེ་ཡང་དག་པར་བསྡམ་བརྫོགས་པར་སྤྱོད་པའོ། །གཞན་དགུ་པོ་ཡང་གཞན་གྱིས་ཡོངས་སུ་བཟུང་བའི་དངོས་པོ་ལ་སོགས་པ་གཞི་སོ་སོ་ལ་སྔ་མའི་རྗེས་སུ་འབྲངས་ཏེ་ཅི་རིགས་སུ་སྦྱར་བས་རྟོགས་པར་སླའོ། །རྗེས་སུ་མཐུན་པ་དང་ བཅས་པའང་ལུས་ལ་སོགས་པའི་གནས་ངན་ལེན་རྣམས་ལས་ལྡོག་པ་ཕྱག་འཚལ་བ་དང། མངོན་སུ་ལྡང་བ་དང། སྔོན་དུ་གསོད་པོར་སྨྲ་བ་ལ་སོགས་པར་སྦྱར་རོ། །ལྕི་ཡང་གི་ཁྱད་པར་ཡང་མི་དགེ་བའི་བསམ་པ་ལ་སོགས་པ་ལས་ལྡོག་པ་ཉིད་ཀྱིས་ཏེ་ གཉེན་པོ་མེད་པ་ནི་མི་མཐུན་པའི་ཕྱོགས་ཀྱིས་མ་སྒྲིབས་ཤིང་བར་དུ་མཆོད་པ་ལ་ལྟའོ། །ཕན་ཡོན་ཡང་བདག་ལ་ཕན་པ་ལ་སོགས་པ་དང། དེ་ལས་སྐྱེས་པའི་བདེ་བ་དང་ཡིད་བདེ་བས་གནས་པར་སྦྱར་རོ། །འབྲས་བུ་ལ་གནས་སྐབས་ཀྱི་དབྱེ་བ་སྤྱིར་ནི། དགེ་བའི་ [088B] འབྲིང་རྣམས་ཀྱིས་འདོད་ཁམས་ཀྱི་ལྷ་དང། ཆེན་པོ་རྣམས་ཀྱིས་གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་ལྷར་སྐྱེ་བ་སྟེ། ཆུང་ངུ་ལ་སོགས་པ་ཡང་མ་ཆགས་པ་ལ་སོགས་པ་གཞིའི་དབང་གིས་དབྱེ་བའོ། །འབྲས་བུའི་ ངོ་བོའི་དབྱེ་བ་སོ་སོའང་རྣམ་པར་སྨིན་པ་ནི། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ལ་སོགས་པས་བདེ་འགྲོ་མཐོ་རིས་ལྷ་དང་མི་རྣམས་སུ་སྐྱེ་བའོ། །རྒྱུ་མཐུན་ནི་སྲོག་གཅོད་སྤོང་བས་ཚེ་རིང་བ་ལ་སོགས་པའོ། །དབང་གི་འབྲས་ བུ་ནི་ཕྱིར་རོལ་གྱི་དངོས་པོ་རྣམས་མཐུ་ཆེ་བ་ལ་སོགས་པའོ། །མཐང་བའི་ཆོས་ལ་མྱོང་བའི་ཁྱད་པར་ཡང་བཤད་ཟིན་ཏོ། །ཚོགས་པའི་འབྲས་བུ་ལ་གཉིས་ཏེ། རྒྱ་མཚོས་ཞུས་པ་ལས་དང། དྲན་པ་ཉེར་གཞག་ལས་གསུངས་པ་བསྡུས་པའོ། ༈ །དང་པོ་ལ་རེ་རེ་གཙོར་ བྱས་པ་ནི། སྲོག་གཅོད་སྤོང་སོགས་ལས་ལམ་བཅུ་པོ་ཡིས། །རབ་ཏུ་ཞི་བྱེད་བཅུ་དང་ཡིད་བརྟན་ལྔ། །མཁས་དང་ལྷ་སོགས་བསྔགས་འོས་བཞི་དང་བརྒྱད། །མི་ཕྱེད་ལྔ་དང་ངག་དག་བརྒྱད་ངེས་གསུམ། །བདག་པོའི་ཆོས་ལྔ་ཡིད་བདེ་བྱེད་ཆོས་བརྒྱད། །ཡོན་ཏན་ བཅུ་རྣམས་མཐར་ཐུག་བཅས་པ་ཐོབ། །རྒྱ་མཚོས་ཞུས་པ་ལས། སྲོག་གཅོད་པ་སྤོང་བས་རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་ཐོབ་སྟེ། དེས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན་པ་དང། བྱམས་པས་དམིགས་པ་དང། ཞེ་སྡང་འཆད་པ་དང། ནད་ཉུང་བའི་ལས་ བསགས་པ་དང། ཚེ་རིང་བའི་ས་བོན་བཏབ་པ་དང། མི་མ་ཡིན་པ་རྣམས་ཀྱིས་བསྲུང་བ་དང། བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པ་དང། སྡིག་པའི་རྨི་ལམ་མི་རྨི་བ་དང། གཉིད་ལོག་པ་ནའང་ལྷ་རྣམས་ཀྱིས་བསྲུང་བ་དང། ཤར་གཉེར་བ་མེད་པ་དང་ ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་དང། ཤི་ནས་བདེ་འགྲོར་སྐྱེ་བའོ། །དེ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་བས་ནི་མཐར་ཐུག་པ་ན་ཚེ་ལ་དབང་ཐོབ་པའོ། །མ་བྱིན་པར་ལེན་པ་སྤངས་པས་ཡིད་བརྟན་པའི་ཆོས་ལྔ་ཐོབ་སྟེ། ལོངས་སྤྱོད་ཡིད་བརྟན་པ་རྒྱལ་པོ་དང་ [089A]༄༅། །ཆོམ་རྐུན་དང་མེ་དང་ཆུ་དང་བགོ་སྒལ་ལ་སྤྱོད་པ་མི་མཛའ་བ་རྣམས་ཀྱིས་མི་འཕྲོགས་པ་དང། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང། དོགས་པ་མེད་པ་དང། ཕྱོགས་དང་ཕྱོགས་སུ་སྙན་པའི་སྒྲ་གྲགས་པས་གཞན་གྱི་གནོད་པས་མི་འཇིགས་ པ་དང། དེའི་སེམས་སྦྱིན་པའི་བགོ་བཤའ་ལ་འཇུག་པའོ། །སྔ་མ་བཞིན་དུ་བསྔོ་བས་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་རང་གིས་རྟོགས་ནས་འཚང་རྒྱའོ། །འདོད་པས་ལོག་པར་གཡེམ་པ་སྤོང་བས་མཁས་པས་བསྔགས་པའི་ཆོས་བཞི་འཐོབ་སྟེ། དབང་ པོ་ཤིན་ཏུ་བསྡམས་པ་དང། རྒོད་པ་ལས་འདས་པ་དང། འཇིག་རྟེན་པས་བསྔགས་པ་དང། ཆུང་མ་མི་འཕྲོགས་པའོ། །བསྔོ་བས་ནི་མཚན་སྦུབས་སུ་ནུབ་པ་འཐོབ་བོ། །བརྫུན་དུ་སྨྲ་བ་སྤངས་པས་ལྷ་དང་མི་རྣམས་ཀྱིས་བསྔགས་པའི་ཆོས་བརྒྱད་འཐོབ་སྟེ། ཨུཏྤ་ ལའི་དྲི་བྲོ་བས་ཁ་ཡོངས་སུ་དག་པ་དང། འཇིག་རྟེན་ཐམས་ཅད་ཀྱི་ཚད་མར་འགྱུར་བ་དང། ལྷ་དང་མི་ཐམས་ཅད་དགའ་བས་དབང་གཅིག་པུར་འགྱུར་བ་དང། བསམ་པ་དག་པས་དོགས་པ་མེད་པ་དང། ལྷག་པའི་བསམ་པ་དག་པས་ལུས་དང་ངག་དང་ཡིད་ ཡོངས་སུ་དག་པ་དང། ཚིག་འཁྲུག་པ་མེད་པས་དགའ་བ་མང་བ་དང། ཚིག་བཟུང་བར་འོས་པས་ངག་ཉན་པ་དང། ཤེས་རབ་ཐོབ་པས་ལྷ་དང་མིར་སྐྱེས་པ་ན་དབང་གཅིག་པུར་འགྱུར་བའོ། །བསྔོ་བས་ནི་བདེན་པའི་ཚིག་འགྲུབ་པའོ། །ཕྲ་མ་སྤངས་པས་མི་ཕྱེད་པ་ལྔ་ འཐོབ་སྟེ། གཞན་གྱི་གནོད་པ་མེད་པས་ལུས་མི་ཕྱེད་པ་དང། གཞན་གྱི་ལམ་ཆགས་པས་འཁོར་མི་ཕྱེད་པ་དང། ལས་དང་འབྲས་བུ་མཐོང་བས་དང་བ་མི་ཕྱེད་པ་དང། བསྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས་མི་ཕྱེད་པ་དང། མི་བསླུ་བས་མཛའ་བཤེས་མི་ཕྱེད་ པའོ། །བསྔོ་བས་ཀྱང་འཁོར་བདུད་ཀྱིས་མི་ཕྱེད་པའོ། །ཚིག་རྩུབ་སྤངས་པས་ངག་ཡོངས་སུ་དག་པ་བརྒྱད་འཐོབ་སྟེ། རན་པའི་ཚིག་དང། ཕན་པ་དང་རིགས་པ་དང་འཇམ་པ་དང་གཟུང་བ་དང་ཉན་པ་དང་སྐྱེ་བོ་མང་པོ་དགའ་བ་དང་མ་སྨད་པའི་ཚིག་གོ། །བསྔོ་བས་ནི་ [089B] །ངག་རྒྱལ་ མཁས་པ་རྣམས་གཅིག་ཏུ་ངེས་པར་དགའ་བ་དང། ལན་ལེགས་པར་ལྡོན་པས་གཅིག་ཏུ་ངེས་པར་བློ་བདེན་པ་ལ་འགྲོ་བ་དང། བཅོས་མ་མ་ཡིན་པས་གཅིག་ཏུ་ངེས་པར་ལྷ་ དང་མིའི་བདག་ཉིད་ཆེན་པོ་འཐོབ་པའོ། །བསྔོ་བས་ནི་ཕྱད་པར་ལུང་སྟོན་ཅིང་གཞན་དུ་མི་གསུང་བའོ། །བརྣབ་སེམས་སྤངས་པས་བདག་པོའི་ཆོས་ལྔ་འཐོབ་སྟེ། དབང་པོ་ཚང་བས་ལུས་དང་ངག་དང་ཡིད་ཀྱི་བདག་པོ་དང། དགྲས་མི་རྫི་བས་ལོངས་སྤྱོད་དང་དབང་ ཕྱུག་རྒྱ་ཆེ་བའི་བདག་པོ་དང། བསོད་ནམས་ལ་དབང་བས་སེམས་ཉེར་སྤྱད་དང་ལོངས་སྤྱོད་རྒྱ་ཆེན་པོ་ལ་འཇུག་པའི་བདག་པོ་དང། ཕྱིས་བཀྲབས་པ་ཐོབ་པས་རྒྱལ་པོ་བདག་པོས་མཆོད་པ་དང། ཕྲག་དོག་མེད་པས་ལོངས་སྤྱོད་ཇི་ལྟ་བར་འབུམ་འགྱུར་དུ་ཁྱད་པར་དུ་ འགྱུར་བའོ། །བསྔོ་བས་ནི་འཇིག་རྟན་ཐམས་ཅད་ཀྱིས་མཆོད་པའི་སྟོན་པ་གཅིག་པུར་འགྱུར་རོ། །གནོད་སེམས་སྤོང་བས་ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་འཐོབ་སྟེ། སེམས་རྣམ་པར་མི་འཚེ་བ་ལ་འཇུག་པ་དང། གནོད་སེམས་ཞི་བ་ལ་འཇུག་པ་དང། འཐབ་རྩོད་མེད་ པ་ལ་འཇུག་པ་དང། གནམ་པ་དང་མཉེན་དེས་ལ་འཇུག་པ་དང། བྱམས་པའི་སེམས་དང་ལྡན་པས་འཕགས་པའི་སྐྱེ་བོས་བཀུར་བ་དང། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་དགའ་བས་ཕན་པའི་དངོས་པོ་མང་བ་དང། སྐྱེ་བོ་མང་པོས་བཀུར་བས་མཛེས་པ་དང་ སེམས་ལས་སུ་རུང་བས་ཚངས་པར་སྐྱེ་བའོ། །བསྔོ་བས་ནི་ཡེ་ཤེས་ཐོགས་པ་མེད་པ་དང། སྐུ་བལྟ་བས་ཆོག་མི་ཤེས་པའོ། །ལོག་ལྟ་སྤངས་བས་ཡོན་ཏན་བཅུ་འཐོབ་སྟེ། བསམ་པ་དགེ་བས་དགེ་བའི་གྲོགས་པོ་རྙེད་པ་དང། ལས་དང་འབྲས་བུ་ལ་ཡིད་ཆེས་ པས་སྲོག་ལ་ཐུག་ཀྱང་སྡིག་པའི་ལས་མི་བྱེད་པ་དང། ལྷར་སངས་རྒྱས་འཛིན་པས་གཞན་ལ་ལྷར་མི་འཛིན་པ་དང། དགེ་མཚན་ནམ་བཀྲ་ཤེས་ལ་སོགས་པ་མི་འཛིན་པས་ལྟ་བ་དྲང་བ་དང། ལྷ་དང་མི་དག་གྲོགས་ཡིན་གྱི། དུད་འགྲོ་དང་ཡི་དྭགས་མ་ཡིན་པ་དང་ [090A]༄༅། །བསོད་ནམས་རབ་ཏུ་འབར་བས་ཁྱད་པར་དུ་འགྲོ་བ་དང། ལོག་པ་ཐམས་ཅད་མེད་པས་འཕགས་པའི་ལམ་དུ་འཇུག་པ་དང། འཇིགས་ཚོགས་ལ་ལྟ་བ་ལས་བསྐྱེད་པའི་སྡིག་པའི་ལྟ་བ་ཐམས་ཅད་དང་བྲལ་བ་དང། སྒྲིབ་པ་མེད་པར་མཐོང་ སྟེ་མི་ཁོམ་པ་དང་བྲལ་བའོ། །དེའི་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བས་ནི་སངས་རྒྱས་པ་ན་མངོན་པར་ཤེས་པ་མྱུར་བ་དང་ཆོས་ཐམས་ཅད་མངོན་སུམ་པའི་ཡེ་ཤེས་འཐོབ་པའོ། ༈ །དེ་དག་ཚོགས་པ་དགེ་ལེགས་གཞན་དང་བཅས་པ་ནི། འདི་ རྣམས་ཕ་རོལ་ཕྱིན་དྲུག་ཚད་མེད་བཞི། །བསྡུ་དངོས་བཞི་དང་ཕྱོགས་ཆོས་སུམ་ཅུ་བདུན། །ཞི་གནས་ལྷག་མཐོང་ཐབས་རྣམས་ཀྱིས་བརྒྱན་པས། །ཕུན་ཚོགས་མཆོག་ཀུན་ཅི་རིགས་བདེ་བླག་འཐོབ། །དགེ་བ་བཅུ་པོ་འདི་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་ པས་བརྒྱན་པས་ནི་ལོངས་སྤྱོད་ཆེ་ཞིང་ཚེ་རིང་བ་ལ་སོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱིས་བརྒྱན་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྨོན་པ་རྫོགས་པར་བྱེད་དོ། །བཟོད་པས་ནི་མཚན་དང་དཔེ་བྱད་ལ་སོགས་པ་འཐོབ་བོ། །བརྩོན་འགྲུས་ཀྱིས་ནི་ བདུད་ཐམས་ཅད་འཇོམས་ཤིང་སངས་རྒྱས་ཀྱི་ཆོས་རྣམས་མཐར་ཕྱིན་པར་འགྱུར་རོ། །བསམ་གཏན་གྱིས་ནི་དྲན་པ་དང་བློ་གྲོས་དང་བློ་ལ་སོགས་པ་རྣམ་པར་དག་པར་འགྱུར་རོ། །ཤེས་རབ་ཀྱིས་ནི་ལྟ་བ་ཐམས་ཅད་འཇོམས་པར་འགྱུར་རོ། །བྱམས་པས་ནི་སེམས་ ཅན་དང་ཞེ་འགྲས་པ་མེད་པར་འགྱུར་རོ། །སྙིང་རྗེས་ནི་སེམས་ཅན་ཡོངས་སུ་མི་གཏོང་བར་འགྱུར་རོ། །དགའ་བས་ནི་སེམས་མི་ཞུམ་པར་འགྱུར་རོ། །བཏང་སྙོམས་ཀྱིས་ནི་འདོད་ཆགས་དང་ཞེ་སྡང་མེད་པར་འགྱུར་རོ། །བསྡུ་བའི་དངོས་པོ་རྣམས་ཀྱིས་ནི་ སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ནི་ལུས་ལ་སོགས་པ་ལ་མཁས་པར་རོ། །ཡང་དག་པར་སྤོང་བས་ནི་དགེ་བའི་ཆོས་ཐམས་ཅད་རྫོགས་པར་རོ། །རྫུ་འཕྲུལ་གྱི་རྐང་པས་ནི་ལུས་དང་སེམས་ཡང་བར་རོ། །དབང་ [090B] བརྩོན་འགྲུས་བརྟུན་པ་དང་རྨོངས་པ་མེད་པ་དང་སེམས་ལས་སུ་རུང་བ་དང་ཉོན་མོངས་ཐམས་ཅད་སྤོང་བར་རོ། །སྟོབས་ཀྱིས་ནི་བརྫི་བ་མེད་ཅིང་དགྲ་ཐམས་ཅད་འཇོམས་པར་རོ། །བྱང་ཆུབ་ཀྱི་ཡན་ལག་གིས་ནི་ཆོས་ཐམས་ཅད་ཇི་ལྟ་བར་རྟོགས་ པར་རོ། །ལམ་གྱི་ཡན་ལག་གིས་ནི་ཡང་དག་པའི་ཡེ་ཤེས་འདྲེན་པར་རོ། །ཞི་གནས་ཀྱིས་ནི་ཉོན་མོངས་པ་ན་ །ལྷག་མཐོང་གིས་ནི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ཤེས་པར་རོ། །ཐབས་ལ་མཁས་པས་བརྒྱན་པས་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ བདེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་རོ། ༈ །སྐབས་ཀྱི་དོན་བསྡུ་བ་ནི། གྲོང་དང་གྲོང་ཁྱེར་ལོ་ཏོག་རྨོ་བརྐོ་ཡི། །ལ་སོགས་ཀུན་གྱི་གཞི་རྟེན་ས་ཡིན་ལྟར། །མཐོ་རིས་བྱང་གྲོལ་སངས་རྒྱས་ཆོས་ཀུན་གྱི། །མཐར་ཐུག་དགེ་ལེགས་གཞི་རྟེན་འདིར་འབད་བྱ། །དཔེར་ ན་ས་ནི་གྲོང་ལ་སོགས་པ་དང་ལོ་ཏོག་ལ་སོགས་པ་དང་རྨོ་བརྐོ་ལ་སོགས་པའི་ལས་ཐམས་ཅད་ཀྱི་གནས་དང་རྟེན་ཡིན་པ་ལྟར། འདི་རྣམས་ཀྱང་ལྷ་དང་མི་དང་སློབ་པ་དང་མི་སློབ་པ་དང། རང་རྒྱལ་དང། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང། སངས་ རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་དང་གནས་ཏེ། མདོར་ན་བཅུ་པོ་འདི་ཁོ་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བས། འདི་དག་ཉིད་རྒྱས་པར་རྣམ་པར་དབྱེ་བར་བྱ་ཞིང་རྒྱུན་དུ་བརྩོན་པར་བྱའོ་ ཞེས་གསུངས་སོ། །ས་བཅུ་པ་ལས་ཀྱང་མི་དགེ་བ་བཅུས་ངན་འགྲོར་ལྟུང་བ་ལས་དགེ་བའི་ལས་ཀྱི་ལམ་རྣམ་པ་བཅུས་བཟློག་པར་བྱེད་ཅིང་བདེ་འགྲོར་འགྲོ་བར་བྱེད་པའོ། །དེ་ལས་གོང་དུ་བཅུ་པོ་འདི་དག་འཁོར་བས་སྐྲག་ནས་སྙིང་རྗེ་དང་བྲལ་བར་གཞན་གྱི་སྒྲའི་ རྗེས་སུ་འབྲངས་ནས་བསྒོམས་པས་ནི་ཉན་ཐོས་ཀྱི་འབྲས་བུ་འགྲུབ་བོ། །ཡང་སྙིང་རྗེ་མེད་པར་གཞན་གྱི་དྲིང་མི་འཇོག་ཅིང་རང་ཉིད་འཚང་རྒྱ་བར་འདོད་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པས་སྦྱངས་ན་ནི་རང་རྒྱལ་བ་འགྲུབ་བོ། །སེམས་རྒྱ་ཆེ་བས་སྙིང་རྗེ་དང་ཐབ་ [091A]༄༅། །མཁས་པ་དང་སྨོན་ལམ་ཆེན་པོ་དང་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང། སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་ལ་དམིགས་པས་སྦྱངས་ན་བྱང་ཆུབ་སེམས་དཔའི་ས་དང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འགྲུབ་བོ། །དེ་རྣམ་པ་ ཐམས་ཅད་དུ་ཆོས་སྦྱངས་པ་ལས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་བོ། །དེ་ལྟ་བས་ན་བདག་གིས་བསྒྲུབ་ཏུ་འདྲ་བ་ལ་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་བ་ཉིད་བསྒྲུབ་ལ་འབད་པར་བྱའོ་ཞེས་སོ། ༈ །དྲན་པ་ཉེ་བར་གཞག་པ་ལ་ཡང་རེ་རེ་གཙོར་བྱས་པའི་ སྨྲས་པ། སྲོག་གཅོད་སྤོང་བས་མི་འཇིགས་སྦྱིན་སོགས་དང། །འདི་དང་ཕྱི་མར་བསྔགས་ཚོགས་རྨད་བྱུང་འཐོབ། །བསྔོ་བའི་སེམས་ཀྱི་ཁྱད་པར་ཅི་རིགས་པས། །བྱང་ཆུབ་གསུམ་སོགས་ཀུན་ཀྱང་ངེས་པར་བསྒྲུབ། །དེ་བཞིན་མ་བྱིན་ལེན་སོགས་སྤངས་པས་ ཀྱང། །གཞན་གྱི་རྫས་ལ་ཆགས་གྲོལ་ལ་སོགས་དང། །དགེ་བའི་ལམ་བཟང་སྤྱོད་པས་བསྔགས་སོགས་དང། །ཀུན་གྱི་ཡིད་བརྟན་སོགས་དང་འཁོར་བརྟན་སོགས། །ཐམས་ཅད་དབུགས་འབྱིན་སོགས་དང་ཚིག་བཙུན་སོགས། །ལོངས་སྤྱོད་བརྟན་སོགས་ གཞན་གྱི་ཡིད་འོང་སོགས། །ཡང་དག་ལྟ་བས་དོན་མེད་ཀུན་སྤོང་སོགས། །རྒུད་པ་ཀུན་སེལ་ཕུན་ཚོགས་མ་ལུས་འཐོབ། །མདོ་སྡེ་ལས། སྲོག་གཅོད་པ་སྤོང་བ་ནི་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང། ཚེ་འདི་ཉིད་དུའང་བསྔགས་པ་དང་ བཞིན་དང་དབང་པོ་གསལ་བ་དང། ཚེ་རིང་བ་དང། སྲིན་པོ་ལ་སོགས་པ་གཞན་ལ་འཚེ་བར་བྱེད་པ་རྣམས་ཀྱིས་ཀྱང་ཉིན་མཚན་དུ་བསྲུང་བ་དང། ལྷ་དག་ཀྱང་ཕྱི་བཞིན་འབྲང་ཞིང་བསྲུང་བ་དང། ཤི་འཕོས་ནས་ཀྱང་ལྷ་རྣམས་ཀྱི་ནང་དུ་སྐྱེ་ཞིང། ཅི་འདོད་པའི་ འབྲས་བུ་ཐམས་ཅད་ངེས་པར་འབྱིན་པ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་ཏུ་བསྔོས་ན་དགྲ་བཅོམ་པ་འཐོབ་བོ། །དེ་བཞིན་དུ་རང་རྒྱལ་བའི་བྱང་ཆུབ་དང། རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན་ཡང་དེ་དག་འཐོབ་བོ། །ཆོས་ཐམས་ཅད་ཀྱི་རྩ་བའམ་སྲོག་ཡིན་པས། དེ་བསྲུངས་ [091B]ཚུལ་ཁྲིམས་ཀྱི་ནང་ན་བདེ་འགྲོར་བསྐྱེད་པ་མཆོག་ཀྱང་འདི་བསྲུང་བའོ། །གཞན་ཡང་ཚངས་པ་དང་དབང་པོ་དང་འཁོར་ལོས་བསྒྱུར་བ་ལ་སོགས་པ་གང་དུ་བསྔོས་པ་ཐམས་ཅད་ཀྱང་འཐོབ་བོ། །འདི་ནི་དམ་ པའི་ཆོས་ཐམས་ཅད་ཀྱི་ས་བོན། འཁོར་བ་ཐམས་ཅད་ཀྱི་སྐྱབས། འཁོར་བ་མུན་ནག་གི་སྒྲོན་མ་སྟེ། འདིས་ནི་བྱམས་པ་བསྒོམས་ཤིང་སྙིང་རྗེ་རྒྱུད་ལ་གནས་ལ་དགའ་བ་དང་བཏང་སྙོམས་འཐོབ་པའོ། །དེའི་དགེ་བའི་རྩ་བ་ནི་སྙིང་པོ་བསམ་གྱིས་མི་ ཁྱབ་པ་སྟེ་ཇི་ལྟར་བསྔོས་པ་དག་འགྲུབ་པའོ། །གསེར་མགར་གསེར་ལས་རྒྱན་ལ་སོགས་པའམ། མི་འམ་ལྷ་འམ་སངས་རྒྱས་ཀྱི་སྐུའི་བར་ཅི་འདོད་བྱེད་པ་ལྟར། འདི་མ་ཉམས་ནའང་ཅི་འདོད་པ་འགྲུབ་སྟེ། མྱ་ངན་ལས་འདས་པ་དང་ཉེ་ཞིང། དགེ་བའི་བཤེས་ གཉེན་དང་བསྙེན་ལ། རང་དང་གཞན་ལ་ཕན་འདོགས་ནུས་ཤིང། ངན་སོང་གསུམ་གྱི་འགྲོ་བ་ལ་བསོད་ནམས་ཀྱི་ཞིང་དུ་འགྱུར་རོ། །ཆོས་དང་ལྡན་པའི་དོན་ཅིང་འདོད་འགྲུབ་ཅིང་སུས་ཀྱང་འཕྲོག་ཏུ་མེད་ལ། འགྲན་ཟླ་གཞན་གྱིས་ཟིལ་གྱིས་མི་ནོན་ཏོ། །མ་བྱིན་པར་ལེན་པ་སྤངས་པས་ ནི་གཞན་གྱིས་ཡོངས་སུ་བཟུང་བའི་ཆགས་པ་ལས་གྲོལ་བ་དང། ཚེ་འདི་ཉིད་ལ་དབུགས་ཕྱིན་པ་དང། རྒྱལ་པོ་ལ་སོགས་པའི་ཡིད་བརྟན་དང། སྡུག་ཅིང་ཚིག་གཟུང་བའི་འོས་སུ་འགྱུར་རོ། །ལོངས་སྤྱོད་རྟག་ཅིང་གཞན་ལ་མི་གནོད་པ་རྒྱལ་པོ་ལ་སོགས་པའི་ འཇིགས་པ་མི་འབྱུང། མ་བསམ་པར་འཕྲལ་དུ་འབྱུང་ཞིང་བྱུང་ནས་ཀྱང་ཞིང་བཟང་པོ་ལས་སྙིང་པོ་ལེན་པར་བྱེད་དོ། །སྔ་མ་བཞིན་དུ་གང་དུ་བསྔོས་པ་ཐམས་ཅད་ཀྱང་འགྲུབ་སྟེ་འོག་མ་དག་ཀྱང་དེ་བཞིན་དུ་ལྟའོ། །འདོད་པས་ལོག་པར་གཡེམ་པ་སྤོང་བས་ ནི་དགེ་བའི་ལམ་བཟང་པོ་ལ་སྤྱོད་ཅིང་ཚེ་འདིར་ཡང་བསྔགས་པ་དང། ཡིད་ཆེས་པའི་གནས་སུ་འགྱུར་ཏེ་བུད་མེད་ཀྱི་ནང་ན་འདུག་ཀྱང་འདོད་ཆགས་མེད། རྒྱལ་པོ་ལ་སོགས་པའི་ཡིད་བརྟན་པར་འགྱུར། ཆུང་མ་གཞན་གྱིས་མི་འཕྲོག་ཏེ་རང་གི་ཡིད་ [092A]༄༅། །བཞིན་དུ་རིམ་གྲོ་བྱེད་ཅིང་ཉམ་ཐག་པ་ནའང་ཁྱད་དུ་མི་གསོད་ལ། རྟག་ཏུ་ཡིད་དང་མཐུན་ཞིང་བརྙས་ཐབས་མི་བྱེད་དོ། །འཇིག་རྟེན་ཐམས་ཅད་ལ་ཡང་མ་སྲིང་ལྟར་སྤྱོད་པར་འགྱུར་རོ། །ལྷ་ལས་ཤི་ནས་དེར་ལྷའི་བུ་གཞན་ སྐྱེའོ། །འདོད་པས་ལོག་པར་གཡེམ་པས་ནི་མ་ཤི་བར་ལྷ་མོ་དེས་སྤོང་སྟེ། ལྷ་གཞན་དང་འདུ་བས་ཕྲག་དོག་གིས་དམྱལ་བར་ལྟུང་ངོ། །འདི་སྤོང་བ་ནི་དགེ་བའི་ལམ་ཆེན་པོ་སྟེ། མྱ་ངན་ལས་འདའ་བའི་སྐལ་པ་ཅན་ནོ། །དགེ་བའི་ཕྱོགས་ཐམས་ཅད་དང་ འགལ་བ་བརྫུན་དུ་སྨྲ་བ་སྤོང་བ་ནི་དག་པའི་ཕྱོགས་ཆེན་པོ་ཡོངས་སུ་འཛིན་པ་སྟེ། སྐྱེ་བོ་ཐམས་ཅད་ཀྱི་མིག་དང་རྣ་བའི་ལྐོག་ཏུ་གྱུར་བ་ལ་ཡང་ཡིད་ཆེས་པའི་གནས་སུ་འགྱུར། ནོར་མེད་ནའང་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་ ནམ་མཁའ་ལ་ཟླ་བ་སྐར་མའི་དབུས་ན་གསལ་བ་ལྟར་འཇིག་རྟེན་ཀུན་གྱི་ནང་ན་བདེན་པར་སྨྲ་བ་གསལ་ལོ། །རིན་པོ་ཆེའི་ནང་ན་བདེན་པར་སྨྲ་བའི་རིན་པོ་ཆེ་མཆོག་གོ་འཁོར་བ་ལས་སྒྲོལ་བྱེད་ཀྱི་ནང་ནའང་བདེན་པར་སྨྲ་བའི་སྒྲོལ་བྱེད་མཆོག་གོ་དེ་བཞིན་ དུ་ངན་འགྲོ་ལས་སྒྲོལ་བ་དང། སྒྲོན་མ་དང་ལམ་སྟོན་དང་རྩལ་དང་སྐྱོབ་པ་དང་རྫས་དང་མཛའ་བཤེས་ཀྱི་ནང་ནའང་བདེན་པའི་མཛའ་བཤེས་མཆོག་གོ་བདེན་པའི་ནོར་ཅན་ནི་ནམ་ཡང་ངན་འགྲོའི་དབུལ་བ་མེད་ཅིང་ལྷ་དང་ཉེ་ལ། གང་དུ་སྐྱེས་ཀྱང་ རིགས་ཆེ་བ་དང་གཟུགས་བཟང་བ་དང་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་ཡིད་ཆེས་པ་དང། གནོད་སྦྱིན་ལ་སོགས་པས་མི་མཐོང་ཞིང་གཙེ་བར་མི་ནུས་པ་དང། ཡུལ་གཞན་དུ་སོང་ཡང་ལོངས་སྤྱོད་ལ་སོགས་པ་རྙེད་པ་དང། གང་བསམ་པ་འགྲུབ་པ་དང་ ཚེ་རིང་བ་དང་རྫུ་འཕྲུལ་ཆེ་བ་དང་ཤིན་ཏུ་མཐོ་བར་སྐྱེའོ། །ཕྲ་མ་སྤོང་བས་ནི་མཛའ་བཤེས་དང་གཉེན་འདབ་དང་འཁོར་བརྟན་པ་དང། གཞན་གྱིས་ཁ་དྲང་དུ་མེད་པ་དང། རྒྱལ་པོ་ལ་སོགས་པས་ཀྱང་དབྱེ་བར་མི་ནུས་པ་དང། ནོར་དང་བྲལ་བའམ་ [092B] དེའི་སྐྱོན་སྨྲ་བ་ལའང་མི་ཉན་པ་དང། རྒྱལ་པོ་ལ་སོགས་པའི་ཡིད་བརྟན་པར་འགྱུར་བ་དང། དགྲ་ལ་སོགས་པའི་འཇིགས་པ་མེད་པའོ། །ཚིག་རྩུབ་པོ་འཇིག་རྟེན་ཐམས་ཅད་སྐྱོ་བར་བྱེད་པ་སྤང་བས་ནི་དགེ་བ་མཐོང་བ་དང། དྲང་པོ་ དབུགས་དབྱུང་བའི་གནས་སུ་འགྱུར་བ་དང། ཀུན་གྱིས་ཤེས་པ་དང། ཚིག་འཇམ་པས་གཞན་ལ་མི་འཚེ་བ་དང། ཐམས་ཅད་ཀྱི་དབུགས་འབྱིན་པ་དང། མཛའ་བཤེས་མང་པོ་དང་འདུ་བ་དང། རྫས་མེད་ན་ཡང་ཐམས་ཅད་དེའི་བྲན་དང་འདྲ་བར་འགྱུར་བ་དང་ དོན་ཐམས་ཅད་འགྲུབ་པ་དང། འཇིག་པ་ཐམས་ཅད་མེད་པ་དང། ལྷར་སྐྱེ་ཞིང་ཐམས་ཅད་ལ་ཕན་འདོགས་པ་དང། རྫུ་འཕྲུལ་དང་མཐུ་ཆེ་བར་འགྱུར་བའོ། །ངག་གྱལ་སྤོང་བས་ནི་རིགས་བཙུན་པ་དང། བཀུར་བའི་ཚིག་དང། ཚིག་སྔ་ཕྱི་འབྲེལ་པ་དང་ཚིག་ལ་ ཐམས་ཅད་དགའ་བ་དང། སུའང་འཚེ་བར་མི་བྱེད་པ་དང། དལ་སྙན་དང་ལྡན་པ་དང། ཆོས་དང་ལྡན་པ་དང། ཐམས་ཅད་ཀྱིས་བླ་མ་བཞིན་དུ་ལྟ་བ་དང། ནོར་རྫས་བརྟན་པ་དང། ཐམས་ཅད་ཀྱིས་ཡོན་ཏན་དང་ལྡན་པར་འཛིན་པའོ། །བརྣབ་སེམས་སྤོང་བས་ ནི་རྒྱལ་པོ་ལ་སོགས་པ་སུའང་དེའི་ནོར་འཕྲོག་པའི་བློ་མི་སྐྱེ་བ་དང། ནོར་སྟོར་ནའང་སུས་རྙེད་པས་གཏོད་པ་དང། རྟག་ཏུ་ནོར་དང་ལྡན་ཞིང་གཞན་གྱི་མི་རྫི་བ་དང། ལྷའི་དཔལ་ཡང་འཐོབ་པའོ། །གནོད་སེམས་སྤོང་བས་ནི་ཚེ་འདིར་ཡང་འབྱོར་ཅིང་བདེ་བར་ གནས་པ་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང། འཇིགས་པ་དང་འཚེ་བ་བརྒྱད་ལ་སོགས་པ་གང་ཡང་མི་འབྱུང། སྐྱེ་བོ་ཐམས་ཅད་ཀྱི་སྤུན་ལྟ་བུར་འགྱུར་རོ། །གང་དུ་འདོད་པར་སྐྱེ་བ་སྐྱེ། ལྷ་ལས་ཤི་འཕོས་ནའང་འཁོར་ལོས་བསྒྱུར་བ་གླིང་བཞི་ལ་དབང་བ་ རིན་པོ་ཆེ་བདུན་དང། ཉེ་བའི་རིན་པོ་ཆེ་བདུན་དང་ལྡན་པར་འགྱུར་རོ། །ལོག་ལྟ་སྤོང་བས་ནི་འཁོར་བ་ཐམས་ཅད་ཀྱི་ས་བོན་ཐོག་མ་མེད་པའི་མུན་པ་ཆེན་པོ་ལེགས་པའི་སྦྱོར་བ་ཐམས་ཅད་ཀྱི་བར་ཆད་དེ་ལས་གྲོལ་བ་ཡང་དག་པའི་ལྟ་བས་དོན་མེད་པ་ [093A]༄༅། །ཐམས་ཅད་སྤོང་ངོ། །འཁོར་བ་དང་རིང་ཞིང་མྱ་ངན་ལས་འདས་པ་དང་ཉེ་ལ། ཆོས་ལ་དགའ་བས་སངས་རྒྱས་ཀྱི་ཡོན་ཏན་ཐོས་ན་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ་དམིགས་ཤིང། འགྲོ་བ་ལྔའི་འཇིགས་པ་ལྔ་པོ་ལྷ་ལ་ འཆི་བ་དང། མི་ལ་འདོད་པ་དང། དམྱལ་བ་ལ་གནོད་པ་མང་པོ་མྱོང་བ་དང། དུད་འགྲོ་ལ་གཅིག་ལ་གཅིག་ཟ་བ་དང། ཡི་དྭགས་ལ་བཀྲེས་པ་དང་སྐོམ་པས་སྡུག་བསྔལ་གྱི་ཡན་ལག་དཔག་ཏུ་མེད་པ་དམིགས་སོ། །དེས་ཐོག་མར་སྲིད་པ་ལས་ངེས་པར་འབྱིན་ པའི་ལམ་བསྐྱེད་པར་སེམས་བསྐྱེད་དེ། སེམས་གཅིག་ལས་ཀྱང་དགེ་བའི་ཆོས་ཀྱི་རྒྱུན་ཉིད་སྐྱེའོ། །དེ་ལ་བར་སྣང་གི་གནོད་སྦྱིན་ལ་སོགས་པ་ཐམས་ཅད་དགའ་བས་བསྟོད་པར་བྱེད་དོ་ཞེས་སོ། ༈ །གཉིས་ལ་སོགས་པས་ཚོགས་པའི་དབང་དུ་བྱས་ནས་མིར་སྐྱེ་ བའི་ནི། འདི་དག་བསྙེན་གནས་ཡན་ཆད་སྡོམ་པ་དང། །སྦྱིན་དང་བཟོད་སོགས་བསོད་ནམས་ཅི་རིགས་ལས། །མི་ཉིད་གླིང་བཞི་འཁོར་བཅས་ཕལ་ཆེར་གནས། །ལུས་དང་ཚེ་ཚད་ངེས་དང་མ་ངེས་འཐོབ། །གཞན་ཡང་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། ། སྐྱབས་དང་བླ་མ་ཆོས་མཚུངས་གྲོགས་རྣམས་ལ། །གུས་སོགས་མང་བསྟེན་ལོངས་སྤྱོད་ཚེ་རིང་དང། །ནད་མེད་གཟུགས་རིགས་སྟོབས་དང་འཁོར་དང་ནི། །བསྟན་པ་རྒྱས་ཤིང་བཤེས་གཉེན་དམ་པས་ཟིན། །ང་རྒྱལ་མེད་ཅིང་དང་ལྡན་འཆི་བས་སྐྲག་དགེ་ལེགས་བསྒྲུབ་ པའི་རྐྱེན་རྣམས་འབྱོར་གྱུར་ཅིང། །ཉོན་མོངས་ལྷག་སོགས་འགལ་རྐྱེན་བྲལ་བ་འཐོབ། །དེ་ལས་མཉམ་མེད་ལས་ཀྱི་བདེ་ཆེན་ལ། །སྤྱོད་པ་འཁོར་བསྒྱུར་རིན་ཆེན་བདུན་སོགས་ལྡན། །རྒྱུའི་ཁྱད་པར་ནི་ལས་ཀྱི་ལམ་འདི་དག་ཆང་ལ་སོགས་པ་དང་བཅས་པ་རྣམས་ ཅི་རིགས་པར་སྤོང་བ་བསྙེན་གནས་ཡན་ཆད་ཀྱི་སྡོམ་པའི་ཚུལ་ཁྲིམས་ཅི་ནུས་ལ་བརྟེན་ནས། སྦྱིན་པ་ལ་སོགས་བསོད་ནམས་ཀྱི་ལས་ཅི་རིགས་པ་དག་བསྟེན་ཅིང་བསྒོམས་ལ། ལན་མང་དུ་བྱས་པས་ནི་མིའི་ལུས་འཐོབ་སྟེ། ལུས་དང་ལོངས་སྤྱོད་དང་རིགས་ [093B] །གནས་ཀྱི་ཁྱད་པར་ནི་གླིང་བཞི་གཡོག་དང་བཅས་པ་ཕལ་ཆེར་ཏེ། ལ་ལ་དག་ན་ནི་སྲིན་པོ་ལ་སོགས་པའང་གནས་པར་བཤད་པས་སོ། །ལུས་དང་ ཚེའི་ཚད་ནི་འཛམ་བུ་གླིང་པའི་མ་ངེས་པ་དང་གསུམ་པོའི་ངེས་པ་སྟེ། འཛམ་བུ་གླིང་པའི་ནི་ཚེ་རེས་འགའ་དཔག་ཏུ་མེད་ལ། རེས་འགའ་ལོ་བརྒྱད་ཁྲི་བ་ནས་བཅུ་པའི་བར་དུའང་འགྱུར་རོ། །ལུས་ཀྱང་རེས་འགའ་ཆེན་པོར་འགྱུར་ཞིང་རེས་འགའ་ཆུང་ངུར་ཡང་འགྱུར་ཏེ་ དེའང་ཕལ་ཆེར་རང་གི་ཁྲུ་ཚད་ཕྱེད་དང་བཞི་པའོ། །ཤར་གྱི་ལུས་འཕགས་པོའི་ཚེ་ནི་ངེས་པ་སྟེ་ལོ་ཉིས་བརྒྱ་ལྔ་བཅུའོ། །ནུབ་ཀྱི་བ་ལང་སྤྱོད་པའི་ནི་ལོ་ལྔ་བརྒྱར་ངེས་སོ། །བྱང་གི་སྒྲ་མི་སྙན་པའི་ནི་སྟོང་དུའོ། །ལུས་ཀྱང་ཤར་གྱི་ནི་ཤིན་ཏུ་ཆེ་བ་རང་གི་ཁྲུ་ཚད་ཕྱེད་ དང་བཞི་པའོ། །ནུབ་དང་བྱང་གི་ནི་ཆེས་ཆེ་བ་ཁྲུ་ཕྱེད་དང་བཞི་པའོ། །ཆོས་ཀྱི་སྣོད་དུ་རུང་བའི་ཁྱད་པར་ནི་ལས་དེ་དག་ལས་གཞན་ཡང་རྟེན་ཐམས་ཅད་ལ་མཉམ་དུ་གུས་པ་ལ་སོགས་པ་ལས་བསྟན་པ་དར་ཞིང་རྒྱས་པ་དང་ཕྲད་པ་ལ་སོགས་པ་དག་གིས་ཆོས་བསྒྲུབ་པ་ ཕུན་སུམ་ཚོགས་པ་ལ་འཇུག་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །མི་རྣམས་ལས་ཐུན་མོང་མ་ཡིན་པའི་ལས་ཀྱི་བདེ་བ་མཆོག་ལ་སྤྱོད་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟེ། གླིང་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྷའི་གནས་གཉིས་ལའང་དབང་བསྒྱུར་བ་ ལུས་མཚན་དང་ལྡན་པ། ནད་མེད་པ། བུ་སྟོང་དང་ལྡན་པ་རིན་པོ་ཆེ་བདུན་དང་ཉེ་བའི་རིན་པོ་ཆེ་བདུན་ལ་སོགས་པའི་ལོངས་སྤྱོད་ལ་སྤྱོད་པ་སྟེ། རིན་པོ་ཆེ་བདུན་ལ་བཙུན་མོ་ནི་ལུས་ལ་ཙན་དན་དང་སྤོས་ཀྱི་དྲི་འབྱུང་བ། ཁ་ནས་ཨུཏྤ་ལའི་དྲི་འབྱུང་བ། ལུས་རེག་ན་ བདེ་བ་སྟེ། གང་ལ་རེག་པ་དེ་ལ་ལུས་ཀྱི་ཉོན་མོངས་པ་མེད་པར་འགྱུར་ཏེ། དེ་གང་ན་གནས་པའི་གླིང་དེར་མི་རྣམས་བཀྲེས་པ་དང་སྐོམ་པ་དང་མྱ་ངན་དང་བྲལ་བར་འགྱུར། འཁོར་ལོས་བསྒྱུར་བའི་རྒྱལ་པོ་གྲང་བའི་དུས་སུ་ནི་དྲོ་བར་བྱེད། ཚ་བའི་དུས་སུ་ནི་བསིལ་ [094A]༄༅། །པར་བྱེད། གཞན་གྱིས་རེག་པར་ཡང་མི་ནུས། མི་ཐམས་ཅད་ཀྱིས་མ་སྲིང་ལྟར་མཐོང། རྒྱལ་པོའི་ཡིད་དུ་འོང་ཞིང་རྟག་ཏུ་བདེ་བར་བྱེད། བུད་མེད་ཀྱི་སྐྱོན་ལྔ་པོ་སྐྱེས་པ་གཞན་ལ་ཆགས་པ་དང། སེར་སྣ་དང་མི་རིགས་པར་ཆགས་པ་དང་ མི་རིགས་པའི་གནས་ལ་དགའ་བ་དང། ཁྱིམ་ཐབ་གསོད་པར་སེམས་པ་སྤངས་པའོ། །བུད་མེད་ཀྱི་ཡོན་ཏན་ལྔ་དང་ལྡན་ཏེ། བསམ་པ་མཐུན་པ་དང། བུ་མང་བ་དང། རིགས་མཐུན་པ་དང། སྲིད་མཐོ་བ་དང། ཁྱོ་བུད་མེད་གཞན་ལ་སེམས་ན་ཡང་ཕྲག་དོག་མེད་པའོ། ། བུད་མེད་ཆེན་མོའི་ཡོན་ཏན་གསུམ་དང་ལྡན་ཏེ། ཚིག་ཅལ་ཅོལ་མེད་པ་དང། ལོག་པར་ལྟ་བ་མེད་པ་དང། ཁྱིམ་ཐབ་མེད་ཀྱང་འདོད་པའི་ཡོན་ཏན་གྱི་དབང་དུ་མི་འགྱུར་བའོ། །ནོར་བུ་རིན་པོ་ཆེ་ནི་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། མཚན་མོ་སྟོན་གྱི་ཟླ་བ་ཉ་བ་ལྟར་འོད་ གསལ་བ་དང། ཉིན་པར་ཚ་བ་སིལ་བ་དང། ལམ་དུ་ཞུགས་ན་ཆུ་མེད་པས་སྐོམ་གྱིས་གདུངས་པ་ན་ཆུ་ཡན་ལག་བརྒྱད་དང་ལྡན་པས་སེལ་བ་དང། རྒྱལ་པོས་ཅི་བསམས་པ་འབྱུང་བ་དང། ཆ་བརྒྱད་ལས་ཆ་རེ་རེས་འོས་ཟེར་ཁ་དོག་ལྔ་པ་འགྱེད་པ་དང། དེ་དང་ ན་འདུག་པའི་དཔག་ཚད་བརྒྱ་ཚུན་ཆད་དུ་ནད་མེད་ཅིང་མཉམ་པས་སེལ་བ་དང། རྒྱལ་པོས་ཅི་བསམས་པ་འབྱུང་བ་དང། ཆ་རྣམས་ཀྱིས་ཆར་མི་བཟད་པ་འབེབས་ཅི་ནུས་པ་དང། མྱ་ངམ་དང་གཡང་ས་དགོན་པར་ལྗོན་པ་དང་ཚལ་གྱིས་རྒྱས་པར་བྱེད་པ་དང། མི་འགའ་ ཡང་དུས་མ་ཡིན་པར་མི་འྪ་ཞིང་སྦྲུལ་ལ་སོགས་པ་དུད་འགྲོ་གནོད་པ་བྱེད་པ་གང་ཡང་མི་འབྱུང་བའོ། །འཁོར་ལོ་ནི་ཡོན་ཏན་ལྔ་དང་ལྡན་པ་སྟེ། འཛམ་བུ་ཆུ་བོའི་གསེར་ལས་བྱས་པ་དཔག་ཚད་ལྔ་དང་ལྡན་པ་རྩི་བས་སྟོང་པ། འཇིག་རྟེན་ན་ཉི་མ་གཉིས་པ་ ལྟར་མཛེས་པ་དང། ནམ་མཁའ་ལ་ཉིན་གཅིག་གིས་དཔག་ཚད་འབུམ་དུ་འགྲོ་བར་ནུས་པ་དང། གླིང་གསུམ་པོ་དང་རྒྱལ་ཆེན་རིགས་བཞིར་འགྲོ་བར་འདོད་པ་ན་དེས་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་ནམ་མཁའ་ནས་འགྲོ་བ་དང། རྒྱལ་པོ་གང་དུ་མ་ [094B] བསྔོ་བ་གང་ཡང་མེད་དེ་རྒྱལ་རིགས་དང་བློན་པོ་དང་ཆོས་ཀྱི་གྲོགས་དག་གིས་མཐོང་མ་ཐག་ཏུ་ཐམས་ཅད་འབུལ་བའོ། །གླང་པོ་ཆེ་ནི་ཅང་ཤེས་མཆོག་ཏུ་བཀའ་ཉན་པ། སྡེ་གཞན་ལས་རྒྱལ་བར་བྱེད་པ། རྐང་ལག་བཞི་དང་མཇུག་ མ་དང་རླིག་པ་དང་སྣ་སྟ་ གླང་པོ་སྟོང་གི་སྟོབས་ཡོད་པ། མདོག་དངུལ་ལྟར་དཀར་བ། བརྒྱ་བྱིན་གྱི་གླང་པོ་ཆེ་འདྲ་བ། དེའི་དྲི་ཚོར་ན་གླང་པོ་གཞན་གྱིས་དེའི་མདུན་དུ་འདུག་མི་ནུས་པའོ། །གནས་གསུམ་དུ་གཡུལ་འགྱེད་དེ་ ཆུ་དང་བསྐམ་ས་དང་བར་སྣང་ལའོ། །ཤུགས་ཕུན་སུམ་ཚོགས་པས་ཉིན་ཅིག་གིས་འཛམ་བུ་གླིང་ལན་གསུམ་བསྐོར་བ། སྐུད་པས་ཀྱང་བཀྲིར་རུང་བ་རྒྱལ་པོས་བཞོན་པ་ན་མ་བསྐུལ་ཡང་གར་འདོད་དུ་འགྲོ་བ། དལ་གྱིས་འགྱིང་ཞིང་མཛེས་པར་འགྲོ་བ། བྱིས་པའི་ནང་ དུའང་སྐྲག་པར་མི་བྱེད་པ། ལམ་སྲང་ལ་སོགས་པར་བུད་མེད་ཀྱིས་ཀྱང་རེག་གཟོད་པ། གཡུལ་འགྱེད་པ་ན་རབ་ཏུ་དྲག་ལ་འཇུག་པ་ན་སྐུད་པས་ཀྱང་བཀྲིར་རུང་བའོ། །རྟ་ནི་མདོག་དཀར་བ་ལྷའི་ནོར་བུའི་གཙུག་ལ་སོགས་པ་མཚན་དང་ལྡན་པ། པོང་ས་ཆོད་དང་མདོག་ དབྱིབས་ཕུན་སུམ་ཚོགས་པ། བསྒོ་ན་ཉིན་ཞག་གཅིག་ལ་འཛམ་བུ་གླིང་ལན་གསུམ་བསྐོར་བ། ལས་ཡོངས་སུ་དག་པ་ནད་མེད་པའོ། །བློན་པོ་ནི་རྒྱལ་པོའི་དོན་དུ་བྱ་བ་གང་འདོད་པ་ལ་བྶྒོའང་ཤེས་ཏེ་འབུལ་བ་ཤིན་ཏུ་རྫོགས་པར་བསགས་པ། ཆགས་པ་མེད་ པ། ཆོས་མ་ཡིན་པ་སྤངས་པ། རིགས་པ་རྩོམ་པ་ཡུལ་དང་དུས་ཤེས་པ། ཉོན་མོངས་པ་དང་གནོད་པ་མོད་པ། སྐྱེ་བོ་རྣམས་ལ་མི་འཚེ་བ། ཡང་དག་པའི་ཐ་སྙད་དང་ལྡན་པ། སྐྱོ་བ་མེད་པ་རྒྱལ་པོའི་ཆོས་དང་ལྡན་པའི་བྱ་བར་འོས་པ་མ་འོངས་པ་རྣམས་ཀྱང་སྟོབ་ པ། འཇིག་རྟེན་ལ་པ་དང་མ་ལྟར་ཕན་འདོགས་པར་འདོད་པའོ། །ཁྱིམ་བདག་རིན་པོ་ཆེ་ནི་བཀའ་ཉན་པ། མ་བསྐོས་ཀྱང་རིན་པོ་ཆེ་དང་རྡོ་རྗེ་དང་སྤུག་ལ་སོགས་པས་ངམ་གྲོགས་ལ་སོགས་པ་འགངས་བ། རིན་པོ་ཆེ་རྣམས་ཀྱང་མི་ཟད་ན་གསེར་དང་དངུལ་ལ་སོགས་པ་ལྟ་ [095A]༄༅། །ཅི་སྨོས། འབྱོར་པ་རྟག་པ་གཡོ་སྒྱུ་མེད་པ། གཞན་ལ་གནོད་པ་སྤངས་པ། སྐྱེ་བོ་ཀུན་དེ་ལ་དགའ་བའོ། །དེ་བདུན་དང་ལྡན་པས་མིའི་གླིང་བཞི་ལ་བསྒོ་བར་བྱེད། ཀླུ་རྣམས་དང་ལྷའི་རིས་གཉིས་པོ་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་པའི་དབང་ པོའི་སྟེན་ཕྱེད་ཀྱང་འཕྲོག་པར་ནུས་པའོ། །ཉེ་བའི་རིན་པོ་ཆེ་བདུན་ནི་དེ་དག་ལས་ཅུང་ཟད་དམན་པ་སྟེ། རལ་གྲི་ནི་རྒྱལ་པོ་ལ་མི་ཉན་པའི་ཡུལ་དུ་རང་སོང་ནས་བཏབ་པ་མེད་པར་ཀུན་ཏུ་འདུད་པར་བྱེད་དེ། ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ཀྱང་ཡུལ་འཁོར་ཐམས་ ཅད་འདུལ་བའོ། །ལྤགས་པ་ནི་རྒྱ་མཚོ་ནས་བྱུང་བ་ཚོང་པས་རྒྱལ་པོ་ལ་འབུལ་ཏེ། ཀླུའི་ལྤགས་པ་ཆུ་ཞེང་དཔག་ཚད་ལྔ་བཅུ་པ། ཆར་གྱིས་མི་རླན་རླུང་གིས་མི་འཁྱེར་མེས་མི་འཚིག་པ། གྲང་ན་དྲོ་བར་བྱེད། ཚ་ན་བསིལ་བར་བྱེད་པ། རྒྱལ་པོ་གང་དུ་འགྲོ་བར་ བློན་པོས་ཁྱེར་ཏེ་ཁྱིམ་གྱི་བྱ་བ་གང་འོས་པ་ཐམས་ཅད་བྱེད་པ། བུད་མེད་མི་སྡུག་པ་མི་མཐོང་བ། ཉི་མ་དང་ཟླ་བའི་འོད་སྣང་བའོ། །མལ་ཆ་ནི་ཡང་ཞིང་འཇམ་ལ་མཐོ་དམན་ཅན་ཏེ། དེར་འདུག་པས་བསམ་གཏན་དང་ཤེས་རབ་སྐྱེ་བ། འདོད་ཆགས་ལ་སོགས་པ་སྐྱེས་ ན་འཇིལ་བར་བྱེད་པ། བསམ་གཏན་གྱི་གནས་དང་འདྲ་བ། དེ་ན་འདུག་པ་བུད་མེད་ཀྱིས་མཐོང་ན་རབ་ཏུ་དགའ་ཡང་ཆགས་པ་མི་སྐྱེ་བའོ། །ཚལ་ནི་དེའི་ནང་དུ་སོང་ན་བསམ་གཏན་ལ་དགའ་བ། ལྷའི་དགའ་ཚལ་གྱི་ཉེ་བར་སྤྱོད་པ་ཐམས་ཅད་འོང་བས། དེར་རྒྱལ་པོས་ ལྷ་བཞིན་དུ་འདོད་པའི་ཡོན་ཏན་ལྔ་དང་བུད་མེད་ལ་དགའ་མགུར་སྤྱོད་པའོ། །ཁྱིམ་ནི་ཉེར་ཉལ་ཏེ་ནུབ་མོ་ལྟ་བར་འདོད་ན་ཟླ་བ་དང་སྐར་མའི་ཚོགས་དེར་འོང། ནོར་བུ་མཐོང་ནའང་དགའ་ཞིང་ལྷ་མོ་དག་ཀྱང་རོལ་མོ་བྱེད་དོ། །བདེ་བར་གཉིད་ཀྱིས་ལོག་ཅིང་རྨི་ལམ་དགེ་བའང་ རྨི་བར་བྱེད་དོ། །གྲང་ན་དྲོ་བར་བྱེད། ཚ་ན་བསིལ་བར་བྱེད་ལ། རེག་ན་བདེ་བའི་རླུང་ལྡང་ངོ། །ཐུན་གཉིས་ཉལ་ཏེ་གསུམ་པ་ལ་སད་ནས་ཆོས་ལ་གནས་པར་བྱེད་པའོ། །གོས་ནི་ཐགས་བཟང་བ་འཇམ་པ་དྲི་མ་མེད་པ། གྱོན་ན་ཚ་བ་དང་གྲང་བ་དང་བཀྲེས་པ་དང་སྐོམ་ [095B] མེས་མི་ཚིག་མཚོན་གྱིས་མི་ཆོད་པའོ། །ལྷམ་ནི་གྱོན་ན་ཆུ་ལ་སྐམ་ལྟར་མི་བྱིང། འགྲོ་བར་འདོད་ན་དཔག་ཚད་བརྒྱར་ཡང་དལ་གྱིས་ཕྱིན་པའོ། །དེ་ལ་བུ་སྟོང་ཡོད་པ་ནི་ཐམས་ཅད་ཀྱང་དཔའ་བ་བརྟུལ་ཕོད་པ་ཡན་ལག་མཆོག་ གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། ཆོས་དང་ལྡན་པ་ཆོས་བསྒྲུབ་པ། རིགས་མཐུན་པ། འཁོར་ཐམས་ཅད་དགའ་ཞིང་ངོ་བོ་ཉིད་ཀྱི་རྗེས་སུ་ཆགས་པའོ། །མདོ་ལས་ནི་འདི་དག་སྐབས་གཞན་དུ་གསུངས་པའོ། ༈ །ལྷའི་དབང་དུ་བྱས་ནས་འདོད་པའི་ ཁམས་ཀྱི་སྤྱིར་བརྗོད་པ། དེ་བས་རླབས་ཆེའི་དགེ་བའི་ལས་རྣམས་ནི། །ཆུང་འབྲིང་ཆེན་པོས་འདོད་ལྷ་རིགས་དྲུག་ཏུ། །ཚེ་དང་ལུས་སོགས་ཆུང་འབྲིང་ཆེན་པོ་དག་ཅི་རིགས་དཔལ་གྱིས་རྒྱས་པའི་མཐོ་རིས་འཐོབ། །མདོ་ལས། ལས་དགེ་བ་རྣམས་ཀྱི་འབྲས་བུ་ནི་འདོད་ པ༑ སྡུག་པ། ཡིད་དུ་འོང་བ་ཡིན་ལ། གཙོ་བོར་སྤོང་བདུན་གྱི་ཚུལ་ཁྲིམས་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པས་ནི་མཐོ་རིས་དག་ཏུ་སྐྱེ་སྟེ། དེའང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གྱིས་འདོད་པའི་ཁམས་ཀྱི་ལྷ་རིས་དྲུག་ཏུ་སྐྱེ་བ་ནི་ཚེ་དང་ཟས་དང་ གཟུགས་དང་བརྩོན་འགྲུས་དང་བདེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་སུའོ། །འདི་རྣམས་ལས་གཉིས་ནི་རི་རབ་ལ་གནས་ལ། བཞི་ནི་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་ལྟར་གནས་སོ། །ཚུལ་ཁྲིམས་རྣམ་པ་བདུན་ལས་ཀྱང་གཙོ་བོར་སྲོག་གཅད་པ་སྤོང་བ་ནི་རྒྱལ་ ཆེན་རིགས་བཞི་དག་ཏུ་སྐྱེའོ། །མ་བྱིན་པར་ལེན་པ་སྤོང་བ་དང་གཉིས་ཀྱིས་ནི་སུམ་ཅུ་རྩ་གསུམ་དུའོ། །འདོད་པས་ལོག་པར་སྤྱོད་པ་སྤོང་བ་དང་གསུམ་གྱིས་ནི་འཐབ་བྲལ་དུའོ། །ངག་གི་བཞི་སྤོང་བ་དང་བདུན་གྱིས་ནི་དགའ་ལྡན་དུའོ། །འཇིག་རྟེན་པའི་སྡོམ་པ་བླངས་ལ་ སངས་རྒྱས་འབའ་ཞིག་ལ་དད་པ། ལུས་ཀྱི་རྣམ་པ་གསུམ་དང་ངག་གི་གསུམ་གྱིས་ནི་འཕྲུལ་དགར་རོ། །དེས་ངག་ཀྱལ་པ་སྤངས་པས་ནི་གཞན་འཕྲུལ་དབང་བྱེད་དུ་སྟེ། གོང་ནས་གོང་དུ་ཚེ་དང་ལུས་དང་བོངས་སྟོབས་དང། བརྩོན་འགྲུས་དང་སྤྲོ་བ་དང་གཟུགས་ [096A]༄༅། །དང་དབང་ཕྱུག་མཆོག་ཏུ་འགྱུར་བའོ། ༈ །སོ་སོར་བཤད་པ་ལས་རི་རབ་ལ་བརྟེན་པ་གཉིས་ལས། ངོས་ལ་གནས་པ་ནི་རྒྱལ་ཆེན་རིཌ་བཞི་སྟེ། རི་རབ་ལ་བརྟེན་གཉིས་ལས་རྒྱལ་ཆེན་རིས། །ཕྲེང་ཐོགས་ཡོལ་གོ་ཐོགས་དང་རྟག་མྱོས་ དང། །པི་ཝང་གསུམ་པ་ཀུན་ཏུ་རྒྱུར་བཅས་ཀྱི། །གནས་རྣམས་བཅུ་ཚན་བཞི་དག་ངོས་ལ་བརྟེན། །རི་རབ་ནི་རི་བོ་ཁྲི་ཕྲག་དྲུག་ཅུས་བསྐོར་བ། རིན་པོ་ཆེ་སྣ་ཚོགས་འབར་བའི་འོད་ཀྱིས་གསལ་བ། སྟེང་པདྨའི་རྫིང་ལ་སོགས་པས་མཛེས་པར་བྱས་པ། འཕང་དུ་དཔག་ ཚད་བརྒྱད་ཁྲི་བཞི་སྟོང་པ། ངོས་རིན་པོ་ཆེ་རྣམ་པ་བཞིའི་རང་བཞིན་ཅན། ལེགས་པར་སྤྱད་པའི་ལས་ལ་སྤྱད་པ་ལྷ་རྣམས་ཀྱིས་བསྐོར་བ། ས་གཞི་བདེ་ཞིང་འོད་ཟེར་དུ་མས་གསལ་ལ་ཉམས་དགའ་བའོ། །དེ་ལ་གནས་དང་པོ་ན་ནི། ལག་ན་ཕྲེང་ཐོགས་ཀྱི་ལྷའི་ གནས་བཅུ་སྟེ། ཟུར་ལ་གནས་པ་དང། མཐའ་ལ་གནས་པ་དང། འབྲས་བུས་འཚོ་བ་དང། ཡོན་ཏན་དཀར་སྤྱོད་དང། ཐམས་ཅད་རབ་ཏུ་དགར་གནས་དང། འགྲོ་མགྱོགས་དང། ཡུལ་ལ་ཆགས་དང། འདོད་ལ་ཆགས་དང། ཡིད་གཡོ་བ་དང། ཚལ་དང་ཉེ་བའི་ ཚལ་ན་གནས་པའོ། །དེའང་རིམ་པ་བཞིན་དུ་ལྷོ་དང་ནུབ་དང་ཤར་དང་བྱང་ལ་ལྟ་བ་བཞི་དང། ལྷོ་དང་ནུབ་དང་ཤར་ལ་ཉེ་བ་གསུམ་དང། བྱང་ལ་ཉེ་བ་གསུམ་དུ་ལྟའོ། །སོ་སོ་ལ་དཔག་ཚད་སྟོང་སྟོང་སྟེ་རྒྱ་མཚོའི་ནང་གི་སྟེང་ནའོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པས་ གཞན་ལ་མི་གནོད་པར་མེ་ཏོག་བསྐྱེད་པའམ་ཉོས་པ་སངས་རྒྱས་ལ་ཕུལ་ན། ཐམས་ཅད་དགར་གནས་ཀྱི་ལྷར་སྐྱེ་སྟེ། འགྲན་ཟླ་མེད་པ་དང་དགའ་མགུར་འགྲོ་བ་དང། ལྷ་གཞན་གྱིས་ཟིལ་གྱིས་མི་ནོན་པ་དང། ལྷ་མོའང་ལྷ་གཞན་མི་འདོད་པར་སིལ་སྙན་ཡན་ ལག་ལྔ་པས་རྩེ་བ་སྟེ། བདེ་བ་རྣམ་པ་བཞི་མྱོང་བ་ལ་སོགས་པ། ལས་དང་རྣམ་པར་སྨིན་པའི་དབྱེ་བ་རྒྱས་པར་ནི་འདི་དང་འོག་མ་དག་ཐམས་ཅད་དུའང་མདོ་ཉིད་ལས་རྒྱ་ཆེར་ལྟ་བར་བྱའོ། །གཉིས་པ་ལག་ན་གཞོང་ཐོགས་ཀྱི་ལྷ་རྣམས་ཀྱི་གནས་ཀྱང་བཅུ་སྟེ་ [096B] བུང་པ་སྒྲ་སྙན་དང། སྒྲ་ལ་ཆགས་དང། དྲིས་དྲེགས་དང། རླུང་སྤྱོད་དང། མེ་ཏོག་འཕྲེང་དགའ་དང། ཀུན་ཏུ་ལྟ་དང། རྟག་ཏུ་དགའ་དང། དྲི་ལ་ཆགས་དང། འཆི་རྩུག་ཅེས་བྱ་བའོ། །གསུམ་པ་རྟག་མྱོས་པའི་གནས་ཀྱང་བཅུ་སྟེ། ལྷག་པར་ དགའ་བ་དང། ཨུཏྤ་ལའི་མདོག་དང། པདྨ་དཀར་སྤྱོད་དང། གྲོང་ཁྱེར་དམར་གནས་དང། སྣ་ཚོགས་དང། མཐོ་བར་གནས་དང། རྒུན་ཆང་མྱོས་གནས་དང། ཡུལ་ལ་འདོད་དང། ཆུ་བསིལ་གནས་དང། བརྟན་དགའ་ཞེས་བྱ་བའོ། །བཞི་པ་པི་ཝང་གསུམ་ པ་ཅན་གྱི་གནས་ཀྱང་བཅུ་སྟེ། དྲི་དགའ་དང། སྒྲ་སྙན་དང། དེ་ལ་ཆགས་དང། སྐྱོར་ཆུས་སྐྱེས་དང། ལུས་དཀར་དང། ཕན་ཚུལ་དགའ་དང། ཡང་དག་ཆགས་སྤྱོད་དང། འཁོར་དང་རྣམ་སྤྱོད་དང། སྐྱིལ་ཀྲུང་སྟེང་སྐྱེས་དང། སྤྱོད་པ་དང་ལྡན་པར་གནས་ པ་ཞེས་བྱ་བའོ། །གནས་བཞི་པའི་ཀུན་ཏུ་རྒྱུ་ནི་དེ་ཁོ་ནར་ཟད་དེ། རི་རབ་ཀྱི་ངོས་བཞི་ལ་འཁོར་བའོ། །གཞལ་མེད་ཁང་དང་ལྡན་པ་དེ་དག་ལ་མུ་སྟེགས་ཅན་གཞན་གྱིས་གཟའ་དང་སྐར་མ་དང་རྒྱུ་སྐར་དུ་ཤེས་ཏེ། དེ་དག་གི་རགས་པར་གྲང་ན་བྱེ་བ་ཕྲག་སུམ་ ཅུ་རྩ་དྲུག་གོ། ཉི་མ་དང་ཟླ་བའང་དེ་དག་བཞིན་དུ་འཁོར་ཏེ་དེ་དག་ཐམས་ཅད་རླུང་འཁོར་ལོ་བསྐོར་བ་ཞེས་བྱ་བའི་དབང་གིས་འཁོར་རོ། །དེ་དག་གི་བར་ཡངས་པ་ན་འཇིག་རྟེན་སྐྱོང་བ་ཡུལ་འཁོར་སྐྱོང་དང་ཀུ་བེ་ར་གཉིས་རིན་པོ་ཆེ་སྔོན་པོ་དང་སེར་པོ་དང་ལྗང་ གུ་སྣ་ཚོགས་ཀྱི་ཁང་པ་ན་གནས་སོ། །བྱང་ཕྱོགས་ན་རླུང་འཁོར་ལོའི་གཟུགས་ཞེས་བྱ་བ་གནས་ཤིང། དེས་བྱང་ཕྱོགས་ཀྱི་སྐར་མ་དག་འཆར་ནུབ་བྱེད་དུ་མི་སྟེར་བར་བྱང་ཕྱོགས་དེ་ཉིད་ན་འཁོར་ཞིང་འདུག་གོ་མུ་སྟེགས་བྱེད་རྨོངས་པ་དག་གིས་སྐར་མའི་དཔྱད་ མི་ཤེས་པར་དེ་མཐོང་ནས་ཆུ་སྲིན་བྱིས་པ་གསོད་ཡིན་ཏེ་ནུབ་ཏུ་མི་སྟེར་ལ། དྲང་སྲོང་བདུན་གྱིས་ནི་འཇིག་རྟེན་འཛིན་པའོ་སྙམ་མོ། ༈ །སྟེང་ན་གནས་པ་སུམ་ཅུ་རྩ་གསུམ་པ་ནི། རི་བོའི་སྟེང་ན་སུམ་ཅུ་རྩ་གསུམ་སྟེ། །ཆོས་བཟང་དང་ནི་མཐོ་བར་གནས་ལ་སོགས། ། [097A]༄༅། །ཀུན་གྱི་བདག་པོ་བརྒྱ་བྱིན་རྡོ་རྗེ་དང། །དབང་པོ་སུམ་ཅུ་བརྒྱུད་པས་ལེགས་སྐྱོང་བའོ། །འདིའི་གནས་སུམ་ཅུ་རྩ་གསུམ་ནི་ཆོས་བཟང་ན་གནས་པ་དང། དེ་བཞིན་དུ་མཐོ་བ་དང། རི་རྩེ་དང། ལེགས་མཐོང་དང། ཕྱོགས་གཅིག་དང། ཤིང་གསེབ་དང། ཤིང་ རྟ་སྣ་ཚོགས་དང། དགའ་བྱེད་དང། ཡོངས་འདུ་དང། འདྲེས་པའི་འགྲམ་དང། ཚང་ཚིང་གི་འགྲམ་དང། ནོར་བུ་སྙིང་པོ་གནས་པ་རྣམས་དང། ཀུན་ཏུ་གསལ་སྤྱོད་དང། གསེར་ཕུག་ཁང་དང། ཕྲེང་བའི་གྲིབ་མ་དང། མཐོ་དམན་ན་རྒྱུད་དང། བཀྲ་བ་སྣ་ཚོགས་ཀྱིས་ ཕྱེ་བ་དང། སྦྱོར་བ་ལ་འཇུག་པ་དང། ཞིབ་ཏུ་སྤྱོད་པ་དང། གླུ་སྒྲ་ལ་ཆགས་དགའ་བ་དང། གཟི་བརྗིད་འབར་བ་དང། ཟླ་པའི་གནས་ལྟར་རྒྱུ་བ་དང། ཤིང་ས་ལ་ཟུང་དང། མིག་ཕྱེ་ནས་འགྲོ་བ་དང། བཙུམ་ནས་འགྲོ་བ་དང། ལུས་མདོག་ཆེ་བཟང་དང། ནོར་བུ་འཆང་དང་ རིས་མཐུན་དང། འཁོར་ན་གནས་དང། མཐོ་བར་སྤྱོད་དང། གཟི་བརྗིད་མཆོག་དང། གཟི་ཕྲེང་དང། མ་འདྲེས་པ་ཞེས་བྱ་བའོ། །དེ་རྣམས་ཀྱི་བདག་པོ་ནི་བརྒྱ་བྱིན་ཏེ། དེས་རིན་པོ་ཆེའི་ཁང་བཟང་གི་རྩིག་ངོས་དྭངས་བ་ལ་རང་ཚེ་འཕོས་པ་སུམ་ཅུ་དབང་པོ་ཉི་ཚེ་བརྒྱུད་པ་མིང་ དང་བཅས་པ་རི་མོར་བྲིས་པ་ལྟ་བུར་མཐོང་སྟེ། ལེགས་འབྱོར་དང། འབྱོར་པ་དང། ལེགས་སྤྱོད་ལྡན་དང། དཀར་པོ་དང། བློ་གྲོས་བཟང་དང། ཀུན་བདེ་དང། བརྟན་པ་དང། ཀུན་ཏུ་མིག་དང། མིག་སྟོང་དང། ཐམས་ཅད་དགའ་དང། སྟེང་སྣང་དང། གཟི་བརྗིད་ཕྲེང་དང་དཔལ་འཛིན་དང་ མདོག་སྔོ་དང། མི་འཆི་དང། མི་འགྱུར་དང། བདེ་བྱེད་དང། མཆོད་སྦྱིན་འཛིན་དང། བཀྲ་ཤིས་འཛིན་དང། ཀུན་དགའ་དང། བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པའོ། །ཡང་ངན་སོང་གསུམ་ཅར་དུ་སྡུག་བསྔལ་དཔག་ཏུ་མེད་པར་མྱོང་བའང་མཐོང་བས་ཤིན་ཏུ་ཡིད་འབྱུང་ངོ། ། ཡང་ལྷར་ལན་བདུན་མིར་ལན་བདུན་འཕོ་བ་མཐོང་སྟེ་བརྒྱད་པ་ནི་གང་དུའང་སྐྱེ་བ་མ་མཐོང་ནས། བསམ་པ་དང་དྲན་པ་རྙེད་པས་བཅོམ་ལྡན་འདས་ལ་ཆེ་རབས་བདུན་ན་རྒྱུན་དུ་ཞུགས་པ་ནས་མྱ་ངན་ལས་འདས་པར་འགྲོ་བ་ཐོས་པ་ལས་དད་པས་ཕྱག་འཚལ་ [097B] ༈ །ནམ་ཁའ་ལ་བརྟེན་པའི་དབང་དུ་བྱས་ནས། ནམ་ཁའ་ལ་བརྟེན་གཞལ་ཡས་ཁང་གནས་པ། །འཐབ་བྲལ་གནས་ནི་ཉི་ཤུ་རྩ་བརྒྱད་དེ། །གཞན་རྣམས་རྒྱས་པར་གསུངས་པ་མི་སྣང་ངོ། །འདི་རྣམས་ཚེ་ཚད་དམྱལ་བའི་སྐབས་ལས་ལྟ། །ལུས་ ནི་དང་པོའི་རྒྱང་གགས་བཞི་ཆ་སྟེ། །གཞན་རྣམས་རྒྱང་གྲགས་བཞི་ཆ་རེ་རེས་བསྐྱེད། །ནམ་ཁའ་ལ་བརྟེན་པ་བཞི་ལས་འཐབ་བྲལ་གྱི་གནས་ནི་ཉི་ཤུ་རྩ་བརྒྱད་དུ་རྒྱས་པར་གསུངས་ལ། དེ་ཡན་ཆད་གཟུགས་དང་གཟུགས་མེད་དང་བཅས་བ་ནི་མདོ་འདི་ལས་མ་གསུངས་ སོ༑ ༑གཞན་ལས་ཀྱང་འདི་ལྟ་བུའི་རྒྱས་པར་གསུངས་པ་ནི་མ་མཐོང་ངོ། །སྤྱི་ཙམ་དུ་གསུངས་པ་བསྡུས་པའི་དབང་དུ་བྱས་ནས། འདོད་པ་བའི་ལྷ་དྲུག་གི་ཚེའི་ཚད་ནི་ཕྱོགས་གཅིག་ཏུ་སྔར་དམྱལ་བའི་ཚེ་བཤད་པ་ལས་བརྗོད་ཟིན་ཏོ། །ལུས་ཀྱང་འདིར་ཕྱོགས་གཅིག་ ཏུ་བརྗོད་དེ། རྒྱལ་ཆེན་རིཌ་བཞི་པ་ནི་རྒྱང་གྲགས་ཀྱི་གཞི་ཆ་གཅིག་གོ་དེའི་གོང་མ་རྣམས་ནི་བཞི་ཆ་རེ་རེས་ལྷག་པར་ལྟའོ། ༈ །ཆོས་གཞན་དང་ལྡན་པའི་འབྲས་བུ་ལས་གཟུགས་ཀྱི་ཁམས་པ་ནི། གཟུགས་ཀྱི་ཁམས་ནི་གནས་གཞན་བཅོ་བརྒྱད་དེ། །བསམ་ གཏན་བཞི་པོ་ཆུང་འབྲིང་ཆེར་བསྒོམས་པས། །ཚངས་རིས་ལ་སོགས་བཅུ་གཉིས་སྤེལ་མ་ལྔས། །གནས་གཙང་ལྔ་དང་དབང་ཕྱུག་ཆེན་པོའི་གནས། །ས་དག་ལས། གཟུགས་ཀྱི་ཁམས་ནི་གནས་གཞན་བཅོ་བརྒྱད་དེ། བསམ་གཏན་དང་པོ་ཡན་ལག་ལྔ་དང་ལྡན་ པ་ཆུང་དུ་དང་འགྲང་དང་ཆེན་པོ་བསྒོམས་པས་ནི་ཚངས་རིས་དང་ཚངས་པ་མདུན་ན་འདོན་དང། ཚངས་པ་ཆེན་པོ་རྣམས་སུ་སྐྱེའོ། །བསམ་གཏན་གཉིས་པ་ཡན་ལག་བཞི་ལྡན་ཆུང་འབྲིང་ཆེན་པོས་ནི་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དུའོ། །བསམ་གཏན་ གསུམ་པ་ཡན་ལག་ལྔ་ལྡན་ཆུང་འབྲིང་ཆེན་པོས་ནི་དགེ་ཆུང་དང་ཚད་མེད་དག་དང་དགེ་རྒྱས་སུའོ། །བསམ་གཏན་བཞི་པ་ཡན་ལག་བཞི་དང་ལྡན་པ་ཆུང་འབྲིང་ཆེན་པོས་ནི་སྤྲིན་མེད་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ་བ་རྣམ་སུ་སྟེ་བསམ་གཏན་རྣམས་ནི་ [098A]༄༅། །ཡན་ལག་ལས་འདའ་བར་བྱེད་པ་ཡིན་པས་སོ། །འདུ་ཤེས་མེད་པ་ནི་འབྲས་བུ་ཆེའི་ནང་དུ་གཏོགས་སོ། །བསམ་གཏན་བཞི་པ་སྤེལ་མར་བསྒོམས་པ་ཆུང་དུ་དང་འབྲིང་དང་ཆེན་པོ་དང། ཆེས་ཆེ་བ་དང། མཆོག་ཏུ་ཆེ་བ་དང་ལྡན་པ་བསྒོམས་ བས་ནི་གནས་གཙང་མའི་ས་ལྔ་པོ་མི་ཆེ་བ་དང་མི་གདུང་བ་དང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་དང་འོག་མིན་རྣམ་སུའོ། །བྱང་ཆུབ་སེམས་དཔའི་ས་བཅུ་བསྒོམས་པས་ནི་གནས་གཙང་མ་རྣམས་ལས་འདས་པ་དབང་ཕྱུག་ཆེན་པོའི་གནས་སུ་སྐྱེ་བའོ།། ༈ ། དེ་རྣམས་ཀྱི་ལུས་དང་ཚེའི་ཚད་ནི། ཚངས་རིས་ལ་སོགས་བཞི་ཡི་ལུས་ཀྱི་ཚད། །དཔག་ཚད་ཕྱེད་ནས་གཉིས་པར་ཕྱེད་ཕྱེད་བསྐྱེད། །དེ་ཡི་གོང་རྣམས་ཉིས་འགྱུར་བསྐྱེད་པ་ལས། །སྤྲིན་མེད་ལ་ནི་དཔག་ཚད་གསུམ་ངོར་ །ཚེ་ཚད་རང་ལུས་ཚད་ཀྱི་ བསྐལ་ཆེན་ཏེ། །དང་པོ་གསུམ་གྱིས་རྣམ་གྲངས་གཞན་གྱིས་གསུངས། །ཚངས་རིས་པའི་ལུས་ནི་དཔག་ཚད་ཕྱེད་དོ། །ཚངས་པ་མདུན་ན་འདོན་གྱི་ནི་གཅིག་གོ། །ཚངས་ཆེན་གྱི་ནི་ཕྱེད་དང་གཉིས་སོ། །འོད་ཆུང་གི་ནི་དཔག་ཚད་གཉིས་སོ། །དེ་ཡན་ཆད་ཀྱི་ ལྷའི་ལུས་ནི་དེའི་ཉིས་འགྱུར་ཉིས་འགྱུར་དུ་བལྟ་བ་ལས་སྤྲིན་མེད་ལ་དཔག་ཚད་གསུམ་དབྲིའོ། །ཚངས་རིས་པའི་ཚེའི་ཚད་ནི་བར་ཀྱི་བསྐལ་བ་ཉི་ཤུ་ལ་བསྐལ་པ་གཅིག་ཏུ་བཞག་པའོ། །ཚངས་པ་མདུན་ན་འདོན་གྱི་ནི་བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པ་ གཅིག་ཏུ་བཞག་པའོ། །ཚངས་ཆེན་གྱི་ནི་བར་གྱི་བསྐལ་པ་དྲུག་ཅུ་ལ་བསྐལ་པ་གཅིག་ཏུ་བཞག་པའོ། །འོད་ཆུང་གི་ནི་བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་པ་གཅིག་ཏུ་བཞག་པའི་བསྐལ་པ་གཉིས་སོ། །དེ་ཡན་ཆད་ནི་དེའི་ཉིས་འགྱུར་ཉིས་འགྱུར་ལ་སྤྲིན་ མེད་ཀྱི་བསྐལ་པ་གསུམ་དབྲིའོ། ༈ །གཟུགས་མེད་པའི་ཁམས་ཀྱི་དབང་དུ་བྱས་ནས། གཟུགས་མེད་བཞི་ནི་སྙོམས་འཇུག་རྣམ་བཞི་ལས། །ཞི་དང་རྣམ་ཐར་བདེ་ལྡན་སྐྱེ་བ་བཞི། །གནས་ནི་གང་ནས་ཤི་འཕོས་དེ་ཉིད་དེ། །ཚེ་ཚད་ཉིས་ཁྲི་ནས་ནི་བརྒྱད་ [098B] །གཟུགས་མེད་པ་བཞི་པོ་འདི་ནི་ནམ་ཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དམིགས་པ་ལས་འདའ་བའི་སྙོམས་པར་འཇུག་པ་བཞི་ལས་སྐྱེ་བ་ཕྲ་རགས་བཞི་འགྲུབ་པ་སྟེ། ཐམས་ཅད་ཀྱང་ཞི་བ་དང་རྣམ་པར་ཐར་པའི་བདེ་བ་ཅན་མི་གཡོ་བ་མྱོང་ བའོ༑ ༑འདི་རྣམས་ལ་གཟུགས་ཀྱི་ལུས་མེད་པས་གནས་གཞན་རྣམ་པར་གཞག་པ་ནི་གུད་ན་མེད་དེ། གང་ནས་ཤི་འཕོས་པ་དེ་ཉིད་དུ་མིང་བཞིའི་ཕུང་པོ་ཙམ་འགྲུབ་པར་ཟད་པའི་ཕྱིར་རོ། །ཚེའི་ཚད་ནི་ནམ་ཁའ་མཐའ་ཡས་ནས་བསྐལ་པ་ཉི་ཁྲི་ཉི་ཁྲི་ལྷག་ ༈ །གཟུགས་དང་གཟུགས་མེད་འདི་དག་བསོད་ནམས་ཀྱི། །ལས་གཏོགས་སྔ་མ་དག་དང་མི་གཡོ་བའི། །བསམ་གཏན་སྙོམས་འཇུག་ཟག་མེད་ལམ་བཅས་པ། །ཏིང་འཛིན་ལས་བྱུང་སྐྱེ་བ་མཆོག་ཏུ་བརྗོད། །དེ་ལྟར་ན་ གཟུགས་ཀྱི་ཁམས་པ་དང་གཟུགས་མེད་པའི་ཁམས་པ་འདི་རྣམས་ནི་སྔར་གྱི་དགེ་བ་བཅུ་ལ་སོགས་པ་བསོད་ནམས་ཀྱི་ལས་སུ་གཏོགས་པའི་ཅི་རིགས་པ་དག་དང། དེ་ལས་གོང་དུ་མི་གཡོ་བའི་ལས་སུ་གཏོགས་པ་བསམ་གཏན་ལ་སོགས་པ་ཅི་རིགས་པ་དང་ ཟག་པ་མེད་པར་གཏོགས་པའི་ཏིང་ངེ་འཛིན་དག་དང་ལྡན་པ་ལས་འགྲུབ་པར་ལྟའོ། །གལ་ཏེ་དེ་ལྟ་ན་དགེ་བ་བཅུ་པོ་དག་ཀུན་གྱི་རྣམ་པར་སྨིན་པའི་འབྲས་བུ་ནི་བདེ་འགྲོ་ལྷ་དང་མིའི་སྐྱེ་བར་ཐུན་མོངས་དུ་བཤད་ལ། ཡང་མདོ་གཉིས་པོ་དག་ལས་ཀྱང་སྲོག་གཅོད་པ་ སྤོང་བ་ལ་སོགས་པའི་འབྲས་བུ་སོ་སོར་ངེས་པར་བཤད་པ་བཞིན་དུ་སྔ་མ་ནི་སོ་སོའི་འབྲས་བུ་དང་ཕྱི་མ་ནི་ཚོགས་པའི་འབྲས་བུར་བརྗོད་པ་ཅི་ལྟར་མི་འགལ་ཞེ་ན། དེ་ནི་འགལ་བ་མེད་དེ་འདི་ལྟར་བདེ་འགྲོ་ཙམ་གྱི་ལུས་འཕེན་པའི་ནུས་པ་ནི་དགེ་བ་བཅུའི་ལས་ཀྱི་སྲོག་གཅོད་པ་ལས་རྣམས་ པ་ཐམས་ཅད་དུ་ལྡོག་བ་ལྟ་བུ་རེ་རེ་ལའང་ངེས་པར་གནས་པར་ལུང་དུ་མ་ལས་གསུངས་པའི་ཕྱིར་དང། མདོ་གཉིས་ལས་གསུངས་པའི་འབྲས་བུ་ནི་རྣམ་གྲངས་དེ་དག་ཀྱང་རེ་རེ་གཙོར་བྱས་པ་ཙམ་ཡིན་གྱི། གཞན་དང་གཞན་དུ་མའི་འབྲས་བུར་ཡང་རྗེས་སུ་འགྲོ་ [099A]༄༅། །ལྡོག་ལས་མང་དུ་གསུངས་པ་དག་ལས་འགྲུབ་པའི་ཕྱིར། འདི་དག་ནི་ཤིན་དུ་འགྲིག་པ་ཉིད་དུ་བཟུང་ངོ།། ༈ །དེ་ལས་གཞན་པའི་དབང་དུ་བྱས་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་སོ་སོ་ནི། གཞན་ཡང་ཕ་རོལ་ཕྱིན་དྲུག་སྤྱད་པ་འདིས། །ལོངས་ སྤྱོད་སོགས་དང་ལྡོག་བས་དབུལ་སོགས་འབྱུང། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་སྦྱིན་པས་ལོངས་སྤྱོད་དང། ཚུལ་ཁྲིམས་ཀྱིས་བདེ་འགྲོ་དང། བཟོད་པས་གཟུགས་མཛེས་པ་དང། བརྩོན་འགྲུས་ཀྱིས་ཐོབ་པ་དང་མངོན་པར་རྟོགས་པ་དང་ བསམ་གཏན་གྱིས་ངེས་པར་གྱུར་བ་ལ་འཇུག་པ་དང། ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྤྱོར་བ་ཡང་དག་པར་འཇོམས་པ་འཐོབ་པར་གསུངས་ཏེ། སེར་སྣས་དབུལ་པོར་འགྱུར་བ་ལ་སོགས་པ་ནི་དོན་གྱིས་སོ། །འདི་དག་ནི་མདོ་མང་པོ་ལས་ཀྱང་གསལ་ ༈ ཟང་ཟིང་སྦྱིན་པས་ལོངས་སྤྱོད་ལྡན་པ་སྟེ། །མི་འཇིགས་སྦྱིན་པས་ཡུལ་བཟང་བདག་སོགས་འཐོབ། །སྦྱིན་པའི་ནང་ན། ཆོས་སྦྱིན་མཆོག་ཡིན་ཏེ། འོན་ཀྱང་བསམ་པའི་དབང་གིས་གཞན་དུའང་ འགྱུར། །མདོ་དེ་ཉིད་ལས་ཟང་ཟིང་སྦྱིན་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཐོབ་བོ། །མི་འཇིགས་པ་སྦྱིན་པས་ཡུལ་བཟང་པོའི་རྒྱལ་པོར་འགྱུར་ཏེ། །མཚོན་དང་ལོ་ཉེས་དང་དུས་མ་ཡིན་པར་འཆི་བ་དང། དགྲ་དང་ནད་དང་མེ་དང་ཆུ་ལ་སོགས་པའི་འཆི་ བའི་འཇིགས་པ་དང་བྲལ་ཏེ་ཚེ་རིང་བར་འགྱུར་རོ། །སྦྱིན་པའི་ནང་ན་མཆོག་ནི་ཆོས་ཀྱི་སྦྱིན་པ་སྟེ། སྲིད་པ་ཐམས་ཅད་ལས་ངེས་པར་འབྱུང་བའི་ས་བོན་ཡིན་པས་བྱང་ཆུབ་གསུམ་པོ་དག་འབྱིན་པའོ། །དེའང་བཞི་ལས་རང་གི་འཚོ་བའི་ཕྱིར་བྱིན་པ་ནི་ཐ་མ་སྟེ། རང་ ཉིད་བསྒྲུབ་པ་མེད་པར་གཞན་ལ་འཆད་པར་ཟད་པས་བྲོ་གར་བ་ལྟ་བུའོ། །དེའི་འབྲས་བུ་ནི་ལྷའི་བྱ་ཚིགས་སུ་བཅད་པ་སྨྲ་བ་ལ་མཁས་པའོ། །འབྲིང་ནི་གྲགས་པའི་ཕྱིར་དང། གཞན་ཟིལ་གྱིས་མནན་པའི་ཕྱིར་འཆད་པ་གཉིས་ཏེ། ལྷ་དང་མི་འབྲིང་པོའི་འབྲས་བུ་ [099B] །མཆོག་ནི་གཞན་ལ་ཕན་པའི་དོན་དུ་བརྩེ་བས་སྟོན་པའོ། ༈ །ཐུན་མོང་གི་ནི། གཞན་ཡང་སྦྱིན་པ་ཉིད་ཀྱིས་སྐལ་ལྡན་རྣམས། །འདི་དང་གཞན་གྱི་དཔལ་འབྱོར་མཐའ་དག་འཐོབ། །བདེན་པ་པོའི་ལེའུ་ལས། སྦྱིན་པ་བྱིན་པས་ཐོག་མར་སེར་སྣ་བཅོམ་སྟེ་གཏོང་ པའི་ལག་བརྐྱངས་པས་མེད་པར་ལྟ་བ་བསལ་ཞིང་ཡང་དག་པའི་ལྟ་བ་མངོན་པར་ཕྱུང་བའོ། །སྐྱེས་བུ་དམ་པ་རྣམས་ཀྱིས་རྗེས་སུ་བསྙགས་ཤིང་ངན་པ་རྣམས་དོར་བའོ། །མཐོ་རིས་དང་ཐར་པའི་སྒོ་ཕྱེ་བའོ། །ངན་འགྲོའི་སྒོ་བཅད་པའོ། །དགེ་བའི་རྩ་བ་བསྐྱེད་ཅིང་མི་ དགེ་བ་ཕྱུང་བའོ། །ཉོན་མོངས་པ་རྣམས་བསྲབས་ཤིང་དགེ་བའི་ཕྱོགས་སྤེལ་པའོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ཚིམ་པར་བྱས་ཤིང་རང་དང་གཞན་ལ་ཕན་པ་ཆེན་པོ་བྱས་པའོ། །ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་སྟེ། ཁ་དོག་ཕུན་སུམ་ ཚོགས་པ་བྱིན་པས་ནི་མདོག་བཟང་བ་འཐོབ་བོ། །དེ་བཞིན་དུ་དྲིས་གྲགས་བ་དང། རོས་ཡོ་བྱད་དམ་པ་དང། རེག་གིས་རྐང་ལག་འཇམ་ཞིང་གཞོན་ཤ་ཅན་དང། རིམ་གྲོ་དང་བཅས་པས་བསྙེན་གནས་ལ་སོགས་པ་ལས་རིམ་གྲོ་དང། ལག་བདར་བས་བསྟི་སྟང་ དང་དུས་སུ་བྱིན་པས་དོན་རྣམས་དུས་སུ་འགྲུབ་པ་དང། ཡིད་དུ་འོང་བས་ལོངས་སྤྱོད་ཅི་ལ་དགའ་བ་དང། གཞན་ལ་མི་གནོད་པས་ལོངས་སྤྱོད་བརྟན་པ་དང། དཀའ་བ་བཟོད་པས་འཁོར་སྙིང་ཉེ་བ་དང། ཁ་ཟས་ཀྱིས་ཉམས་སྟོབས་དང། གོས་ཀྱིས་མདོག་དང་ ལྡན་པ་དང། མར་མེས་མིག་དང། སིལ་སྙན་གྱིས་རྣ་བ་མ་ཉམས་པ་དང། བཞོན་པས་བདེ་བ་དང། སྨན་གྱིས་ནད་མེད་པ་དང། གནས་བྱིན་པས་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བའོ། །གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་སོགས་པས་ཚེ་རིང་བ་ ལ་སོགས་པ་དང། ང་རྒྱལ་སྤངས་པས་རིགས་མཐོ་བ་དང། ཁྲོ་བ་སྤངས་པས་མཛེས་པ་དང། ཕྲག་དོག་སྤངས་པས་གཟི་བརྗིད་ཆེ་བ་དང། ཡང་ཟས་བྱིན་པས་ནི་སྲོག་དང་ཁ་དོག་དང་སྟོབས་དང་བདེ་བ་དང་སྤོབས་པ་ལྔ་བྱིན་པའོ། ༈ །བཟོད་པའི་ཁྱད་པར་ [100A]༄༅། །ནི༑ ཁྲོ་བས་ཚིག་རྩུབ་སྨྲ་བ་ཀུན་ཏུ་ཕམ། །བཟོད་ལྡན་དཀའ་ཐུབ་མཆོག་འཐོབ་ཀུན་ལས་རྒྱལ། །ཚོམས་དག་ལས། བྱིས་པ་ཁྲོས་ནས་ཚིག་རྩུབ་དག། །སྨྲས་ན་རྒྱལ་བར་འགྱུར་སྙམ་སེམས། །གང་ཞིག་དེ་དག་བཟོད་བྱེད་པ། །དེ་ནི་རྟག་ཏུ་ རྒྱལ་བ་ཡིན། །གང་ཞིག་ཁྲོས་ལ་སླར་འཁྲོ་བ། །དེ་ནི་སྡིག་པ་ཅན་འགྱུར་བས། །ཁྲོས་ལ་སླར་ནི་མི་ཁྲོ་དང། །ཐུབ་པར་དཀའ་བའི་གཡུལ་ལས་རྒྱལ། །གང་ཞིག་ཁྲོ་བ་ཕྱུང་བ་དང། །ཤིང་རྟ་འཁྱམས་ལས་འཛིན་པ་དེ། །འདུལ་སྦྱོང་མཁན་དུ་ངེས་གསུངས་ཀྱི། ། ཞགས་འདེབས་སྐྱེ་བོ་ཕལ་བ་ཡིན། །ཞེས་གསུངས་པའོ། ༈ །ལུས་ལ་སོགས་པ་བཞི་བསྒོམས་པ་ལས་ལུས་བསྒོམས་པ་ནི། རྫ་སོ་མ་བཏང་ཆར་སོགས་མི་བཟོད་ལྟར། །ལུས་ཀྱང་བཀྲེས་སྐོམ་བརྡེག་སོགས་མི་བཟོད་དོ། །ཐོར་བུ་སྐྲངས་ལྟར་རེག་མི་བཟོད་པ་དང། ། དྲེའུ་སྦྲུམ་སོགས་བཞིན་ནད། ཚོགས་ལྡང་བས་གསོད། །དེས་ན་ངང་པ་དུར་ཁྲོད་མི་བསྟེན་ལྟར། །མཁས་པས་ལུས་ལ་མ་ཆགས་རྟག་ཏུ་བསྒོམ། །འདས་ཆེན་ལས། རྫ་སོ་མ་བཏང་བ་རླུང་དང་ཆར་དང་བརྡེག་པ་དང་འདོར་བ་དང་མནན་མི་བཟོད་པ་ལྟར་ ལུས་ཀྱང་བཀྲེས་སྐོམ་དང་ཚ་གྲང་དང་རླུང་དང་ཆར་དང་བརྡེག་པ་དང། འཆིང་པ་དང་སྦྱོ་བ་མི་བཟོད་དོ། །ཐར་བུ་སྐྲངས་པ་རྟག་ཏུ་པག་བྱེད་དེ་ཏེག་ཏུ་མི་སྟེར་ལ། རེག་ན་ན་ཚ་འབྱུང་བ་དང་འདྲའོ། །དྲེའུ་སྦྲུམ་ན་འཆི་བ་དང་ཆུ་ཤིང་འབྲས་བུ་ཆགས་ན་བསྐམས་ལ་ སྙིང་པོ་མེད་པ་ལྟར། ལུས་ཀྱང་ཁོང་གི་ནད་དག་གིས་འཆི་ཞིང་སྙིང་པོ་མེད་དོ། །སྦྲུལ་དང་སྲེ་མོ་རྟག་ཏུ་གནོད་པར་འདོད་པ་ལྟར་ལུས་ཀྱི་ཆེན་པོ་བཞི་ཡང་ངོ། །དེས་ན་ངང་པའི་རྒྱལ་པོ་དུར་ཁྲོད་ལ་མི་དགའ་བ་ལྟར། བྱང་ཆུབ་སེམས་དཔའ་ཡང་ལུས་ལ་མི་ ཆགས་སོ། །རིགས་ངན་རབ་བདུན་བརྒྱུད་པ་ནི་ཐམས་ཅད་ཀྱིས་སྨད་པ་ལྟར་ལུས་ཀྱང་ཁུ་ཆུ་དང་ཁྲག་བརྒྱུད་པས་ན་མཁས་པས་སྨད་པའོ། །རི་མ་ལ་ཡ་དང་མི་འདྲ་སྟེ་ཙན་དན་དང་ཨུཏྤལ་ལ་སོགས་པ་མི་སྐྱེ་བར་བུ་ག་དགུ་ནས་རྟག་ཏུ་རྣག་དང་ཁྲག་དང་ [100B] །སྐྱེད་མོས་ཚལ་བཟང་པོར་ཡང་མི་རོ་བཞག་ན་མི་གཙང་བས་ཀུན་གྱིས་སྲོང་ཞིང་སྲེད་པ་མི་སྐྱེ་བ་ལྟར། གཟུགས་ཀྱི་ཁམས་ཀྱང་སྟེ་གཙང་ལ་བཟང་ཡང་ ལུས་དང་ལྡན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤོང་བའོ་ཞེས་སོ་སོར་རྟོག་པའོ། ༈ །ཚུལ་ཁྲིམས་བསྒོམ་པ་ནི། ཚུལ་ཁྲིམས་དགེ་ཚོགས་ཀུན་གྱི་རྩ་བ་སྟེ། །གནོད་དང་སྡུག་བསྔལ་ལམ་འགོག་སྒོ་གཏན་མཆོག། །དེ་ནི་དགེ་བའི་ཆོས་ཐམས་ ཅད་ཀྱི་ཐེམ་སྐས་ལྟ་བུའོ། །ཤིང་ལ་སོགས་པའི་རྩ་བ་ས་ཡིན་པ་ལྟར་རྩ་བའོ། །ཚོང་དཔོན་ཚོང་པ་ཀུན་གྱི་ཐོག་མར་འགྲོ་བ་ལྟར་ཐོག་མར་འགྲོ་བའོ། །བརྒྱ་བྱིན་གྱིས་རྒྱལ་མཚན་བསྒྲེང་བ་ལྟར་དགེ་བའི་ཆོས་ཀུན་གྱི་རྒྱལ་མཚན་ནོ། །སྡིག་པ་དང་ངན་སོང་གི་ ལས་ཐམས་ཅད་གཏན་དུ་གཅོད་པའོ། །སྡིག་པའི་ནད་ཐམས་ཅད་གསོ་བས་སྨན་གྱི་སྡོང་པོའོ། །སྲིད་པའི་ལམ་ཉམ་ང་པའི་བརྒྱགས་སོ། །ཉོན་མོངས་པའི་དགྲ་འཇོམས་པའི་གོ་མཚོན་ནོ། །ཉོན་མོངས་པའི་སྦྲུལ་གདུག་པ་སེལ་བའི་རིག་སྔགས་སོ། །སྡིག་པ་ ཐམས་ཅད་ལས་སྒྲོལ་བའི་ཟམས་པར་རྟོག་པས་སོ། ༈ །སེམས་བསྒོམ་པ་ནི། སེམས་ནི་གླང་པོ་དྲེགས་ལྟར་གདུལ་དཀའ་བ། །མ་རུངས་ཉེས་ཀུན་རྩ་བར་བརྟགས་པས་གདུལ། །སེམས་ནི་གཡེང་བ་འཆར་བ་འགྱུར་བ་བཟུང་དཀའ་བ་གདུལ་དཀའ་བ་སྟེ་ ཀུན་ཏུ་རྒྱུལ་བ་གླང་མ་རུངས་པ་བཞིན་ནོ། །སྐད་ཅིག་མྱུར་བས་གློག་དང། རྒོད་ཅིང་མི་གནས་པས་སྤྲེའུ་དང། ད་ལྟར་བདེ་པ་ལ་སྲེད་ཅིང་ཕྱིས་ཀྱི་ཉེས་པ་ལ་མི་རྟོག་པས་བ་ལང་ལྗང་བུ་ལ་སྲེད་པ་བྱུག་པས་བརྡེག་པ་དང། སྲིད་པ་ཉི་ཤུ་རྩ་ལྔར་འཁོར་བས་ཤིང་བ་ལ་ རླུང་དྲག་པོས་འབུད་པ་དང། ཚེལ་བར་མི་རིགས་པ་ཚོལ་བས་ཆོག་མི་ཤེས་པས་བླུན་པོ་མེ་མི་ཚ་བ་ཚོལ་བ་དང། རྟག་ཏུ་སྲིད་པ་ལ་སྲེད་ཅིང་རྣམ་གྲོལ་མི་ཚོལ་བས་སྲིན་བུ་འཛིམ་པ་ལ་ཆགས་པ་དང། བསླད་ཅིང་འཁོར་བ་མནམ་པོ་ལ་སྲེད་པས་བཙོན་བཙོན་རྫིའི་ [101A]༄༅། །བུ་མོ་ལ་ཆགས་པ་དང། ཕག་མི་གཙང་བ་ལ་ཆགས་པ་དང་འདྲ་བར་རྟོག་པས་སོ། ༈ །ཤེས་རབ་བསྒོམ་པ་ནི། ཤེས་རབ་སྟོབས་ཀྱི་ཉི་མས་མུན་སེལ་ལྟར། །མ་རིག་འཇོམས་པས་རྒྱལ་བ་སྲས་བཅས་ཡུམ། །ཤེས་རབ་ནམ་མཁའ་ལྡིང་ལྟ་ བུའི་སྟོབས་ཀྱིས་ལས་ངན་པ་ཐམས་ཅད་འཇོམས་པ་དང། ཉི་མའི་འོད་ལྟར་མ་རིག་པའི་མུན་པ་འཇོམས་པ་དང། ཆུ་དྲག་པོ་ལྟར་ཕུང་པོའི་ཤིང་རྩ་གཡེང་བ་དང། མེ་མ་མུར་ལྟར་ལོག་པར་ལྟ་བ་བསྲེག་པ་དང། དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་དང། སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་དུ་རྟོག་པའོ། ༈ །འགྲོ་བ་ལྔའི་བདེ་སྡུག་བསྐྱེད་པའི་ལས་ཀྱི་དབང་དུ་བྱས་ཏེ་འགྲོ་བ་ བྱམས་པས་གཞན་གྱི་ལུས་སྲོག་ལ་གནོད་པ། །སྤོང་སོགས་བསླབ་གཞི་ལྷག་ལྔས་ ལྷ་ལུས་འཐོབ། །སྦྱིན་སོགས་རྣམ་བཞི་ངེས་པར་སེམས་བཅས་ལྔས། །ལོངས་སྤྱོད་ཚེ་རིང་སོགས་ལྡན་མི་ཉིད་དོ། །དཀོན་མཆོག་གསུམ་སྤོང་མཆོད་རྟེན་འཇིག་ལ་སོགས། །མི་བཟད་ལས་ལྔས་སེམས་ཅན་དམྱལ་མྱོང་འགྱུར། །ཚུལ་ཁྲིམས་འཆལ་ཞིང་ བརྐུ་འཕྲོག་བུ་ལོན་བརྣོག་སྲོག་གཅོད་ཆོས་ལོག་སྤྱོད་ལྔས་དུད་འགྲོར་འགྲོ་བཀྲེན་ཞིང་བརྐམ་སོགས་འཇུངས་ །ལས་ལྔས་བཀྲེས་སྐོམ་ལྷག་པའི་ཡི་དྭགས་འགྱུར། །སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ལས། ལས་ལྔས་ནི་ལྷ་ཉིད་འཐོབ་པ་སྟེ་ བྱམས་པས་གནོད་སེམས་མེད་པར་སེམས་ཅན་སྐྱོང་བ་དང། བརྐུ་འཕྲོག་མི་བྱེད་ཅིང་མ་འཇུངས་པར་གཏོང་བ་དང། གཞན་གྱི་ཆུང་མ་ལ་མི་རློམ་པ་དང། གསོ་སྦྱོང་ལ་གནས་ཤིང་བརྫུན་དུ་སྨྲ་བ་སྤོང་བ་དང། མྱོས་བྱེད་འཐུང་བ་སྤོང་ཞིང་རང་བཞིན་དུ་གནས་ པས་ཉེས་པ་མང་པོ་ལས་ལྡོག་པའོ། །དྲན་པ་ཉེར་གཞག་ལས་ནི། བདེན་པར་སྨྲ་ཞིང་འཁྲུག་མི་བྱ། །སློང་ན་ཆུང་ཡང་སྦྱིན་པར་བྱ། །གནས་འདི་གསུམ་དང་ལྡན་པ་ནི། །ལྷ་རྣམས་དག་གི་དྲུང་དུ་འགྲོ་ཞེས་ཀྱང་གསུངས་སོ། །ལས་ལྔས་ནི་མི་འཐོབ་པར་ [101B] བྱས་པ་གཟོ་ཞིང་བཀྲེན་པ་ལ་སོགས་པ་ལ་སྦྱིན་པ་དང། དགེ་བ་བཅུ་མ་ཉམས་པ་བསྟེན་པ་དང། བཟོད་པས་ཞེ་འགྲས་པ་མེད་པ་དང། བརྩོན་འགྲུས་ཀྱི་ལེ་ལོ་ཅན་དག་དགེ་བ་ལ་འཛུད་པ་དང། ངེས་པའི་སེམས་ཀྱིས་གུས་པ་དང་བཅས་ལ་མཐུན་ པར་འཛིན་པ་སྟེ། དེ་དག་གིས་ནི་ལོངས་སྤྱོད་དང་ཚེ་དང་མཛེས་པ་དང་གཟི་བརྗིད་དང་རྗེ་དཔོན་ཉིད་ལྔ་དང་ལྡན་པ་འཐོབ་པའོ། །ལས་ལྔས་ནི་དམྱལ་བར་ལྟུང་སྟེ། དཀོན་མཆོག་གསུམ་ལ་མི་དད་པས་སྐུར་ཅིང་འཕགས་པའི་ལམ་ལ་བརྙས་པ་དང། མཆོད་རྟེན་ འཇིག་པ་དང། འཁོར་བཞི་པོ་དག་ཕན་ཚུན་མི་མཐུན་པར་བྱེད་ཅིང་སྐུར་པ་དང། དཀོན་མཆོག་གི་དཀོར་ལ་སྤྱོད་པ་དང། རྒྱལ་པོ་དང་བློན་པོའམ་རྗེ་འབངས་སམ་བུ་དང་ཕའམ་མ་དང་བུ་མོའང་ཕན་ཚུན་འབྱེད་ཅིང་གནོད་པ་བྱེད་པ་དང་དགེ་སྦྱོང་མ་ཡིན་པར་ དགེ་སྦྱོང་ལྟར་བཅོས་ཏེ་མཁན་པོ་དང་སློབ་དཔོན་ལ་མི་གུས་ཤིང། ཆོས་མི་སྒྲུབ་པར་རྙེད་པ་དང་བཀུར་སྟི་ལ་བརྐམ་པའི་ང་རྒྱལ་གྱིས། བདག་བསྟོད་ཅིང་གཞན་སྨོད་པར་བྱེད་པས་སོ། །ལས་ལྔས་ནི་དུད་འགྲོར་ཏེ། ཚུལ་ཁྲིམས་འཆལ་པ་དང། ཆོམ་རྐུན་ བྱེད་པ་དང། བུ་ལོན་བརྣོག་པ་དང། སྲོག་གཅོད་པ་དང། དད་པ་མེད་པས་ཆོས་ལོག་པ་ལ་དགའ་ཞིང་ལོག་འཚོ་ལ་སྲེད་པས་སོ། །ལས་ལྔས་ནི་ཡི་དྭགས་སུ་སྐྱེ་སྟེ། བཀྲེན་ཞིང་བརྐམ་པ་དང། མུན་ནག་ཆེན་པོའི་བཤེས་གཉེན་དང། གསོག་པ་ལྷུར་བྱེད་པས་ རང་ཡང་མི་སྤྱོད་པ་དང། ཆོས་མ་ཡིན་པ་ལ་གོམས་པས་ཕྲག་དོག་དང་སེར་སྣ་ལས་ཕ་མ་དང་བཀྲེན་པ་དང་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་ལ་མི་སྦྱིན་པ་དང། ངེས་པར་བསྐྱང་པར་འོས་པ་དག་མི་སྐྱོང་ཞིང་བླ་མ་ལ་བཀུར་སྟི་མ་ ༈ །དུད་འགྲོའི་ ཁྱད་པར་ཀླུར་སྐྱེ་བའི་ལས་ནི། ཕ་རོལ་ཕྱིན་དྲུག་ལ་སྦྱོར་ཐེག་ཆེན་ཚོལ། །སྦྱིན་ལ་ཤས་ཆེར་སྦྱོར་ཡང་འདོད་བསླུས་དང། ཚུལ་ཁྲིམས་ཉམས་པས་དམྱལ་བས་འཇིགས་ལ་སོགས། །སྨོན་ལམ་དམན་པས་ཀླུ་ཡི་སྐྱེ་བ་འཛིན། །འདས་ཆེན་ལས། སེམས་ཅན་ [102A]༄༅། །དག་ལས་ཀྱི་སྒྲིབ་པ་བཅུས་མྱུར་དུ་ཀླུར་སྐྱེ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་ཞིང་ཐེག་པ་ཆེན་པོ་ཚོལ་བ་དག་འདོད་པའི་ཉེས་དམིགས་མི་ལྟ་ལ། །སྦྱིན་པ་རྒྱ་ཆེར་གཏོང་བ་དང། ཐེག་པ་ཆེན་པོ་ལ་བརྩོན་ཞིང་སྦྱིན་ ཚུལ་ཁྲིམས་རྫོགས་པར་བསྲུང་མ་ནུས་པ་དམྱལ་བ་དང་ཡི་དྭགས་ཀྱིས་འཇིགས་པ་དང། ཐེག་པ་ཆེན་པོ་ཚོལ་ཡང་ང་རྒྱལ་ཆེ་བ་དང། ཐེག་པ་ཆེན་པོར་སྦྱོར་ཡང་ཁྲོ་བ་མང་བ་ཤ་ཁོན་ཆེ་བ་དང། ཉན་ཐོས་ཀྱི་ཐེག་པ་ཅན་སྦྱིན་གནས་ལ་མཆོད་པར་བརྩོན་པ་རྣམས་ ཀླུར་སྨོན་པའི་དབང་གིས་དང། སེར་སྣ་དང་ང་རྒྱལ་གྱི་ལས་ཅན་དང། ང་རྒྱལ་ཅན་བརྫུན་དང་མུ་ཅོར་སྨྲ་བ་དང། དཀོན་མཆོག་གསུམ་དང་བླ་མ་ལ་སོགས་པ་ལ་ང་རྒྱལ་གྱིས་མི་གུས་པའི་འཁྲུལ་པ་ཅན་དང། ང་རྒྱལ་དང་ཕྲ་མ་དང་ཚིག་རྩུབ་དག་ལ་གོམས་ པའོ༑ ༑ཡང་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་མང་པོས་ངན་སོང་གསུམ་དུ་སྐྱེས་པ་དག་ཤི་འཕོས་པ་ལས་ལྷག་མས་ཀླུར་སྐྱེ་བ་གསུམ་ཡང་ཡོད་དེ། ཀླུ་ནི་ལོངས་སྤྱོད་ཀྱི་དཔལ་ལྷ་དང་མཉམ་པ་ཡང་ཡོད་ལ། མི་སྨད་རིགས་དང་དུད་འགྲོ་དང་ ཡི་དྭགས་དང་དམྱལ་བ་དང་འདྲ་བའང་ཡོད་དོ་ཞེས་སོ། ༈ །མིའི་ཁྱད་པར་རིམ་ ཕ་མ་ལ་བརྙས་དམན་མོས་སྡིག་ལ་དགའ། །རྐུ་འཕྲོག་བུ་ལོན་བརྣོག་ལྔས་བྲན་དུ་སྐྱེ། །ཡང་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ལས། ལས་ ལྔས་བྲན་དུ་སྐྱེ་སྟེ། ཕ་མ་ལ་མི་གུས་པ་དང། དམན་པ་ལ་མོས་པ་དང། སྡིག་པ་ལ་ཅི་དགར་སྤྱོད་པ་དང། ཆོམ་པོ་བྱེད་པ་དང། བུ་ལོན་འཕྲོག་པས་བདག་སྦེད་པའོ། ༈ །སྐུར་པ་མང་བ་ལ་སོགས་པར་འགྱུར་བའི་ལས་ནི། བརྫུན་དང་གཡོ་སྒྱུས་ གཞན་བསླུ་འབྲེལ་གཏམ་སྤོང། །གྲོགས་བརྙས་དམན་མོས་སྐུར་མང་ལ་སོགས་འགྱུར། །ཡང་ལས་ལྔས་ནི། སྐུར་པ་མང་ཞིང་ཁ་དྲི་མི་ཞིམ་ལ། །གཞན་གྱི་ཡིད་དུ་མི་འོང་བར་འགྱུར་ཏེ། བརྫུན་ཟེར་བ་དང། བརྫུན་གྱིས་གཞན་བསླུ་པའི་སེམས་ལྷུར་ [102B] ཆོས་ཀྱི་འབྲེལ་བའི་གཏམ་སྨོད་པ་དང། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བརྙས་ཤིང་ཁྱད་དུ་གསོད་པ་དང། དམན་པ་ལ་མོས་པས་སོ། ༈ །དམ་པ་དག་གིས་སྤོང་བར་འགྱུར་བའི་ལས་ནི། ཕྲག་དོག་ལེ་ལོ་སྨྲ་ལ་དགའ་བ་དང། །ཚུལ་བཞིན་སེམས་བྲལ་མི་ སྦྱོར་དམ་པས་སྤོང། །ཚངས་པས་བྱིན་གྱིས་ཞུས་པ་ལས། གང་ཟག་ཕྲག་དོག་ཅན་དང། མངོན་པར་མི་བརྩོན་པ་དང། སྨྲ་བ་ལ་དགའ་ཞིང་བྲེ་མོའི་གཏམ་མང་བ་དང། ཚུལ་བཞིན་སེམས་པ་ལས་རིང་བ་དང། སྦྱོར་བ་དང་བྲལ་བ་གང་དུ་གནས་པར་སངས་རྒྱས་དང་ཉན་ཐོས་ལ་ སོགས་པ་མི་གནས་པར་གསུངས་པའོ། ༈ །མངོན་པར་མི་བརྩོན་པར་འགྱུར་བའི་རྒྱུ་ནི། གཉིད་ཆེ་མཁས་རློམ་བདག་བསྟོད་གཞན་སྨོད་ཅིང། །བྲེ་མོའི་གཏམ་མང་སྨྲ་དང་ཚོགས་ལ་དགའ། །རྙེད་དང་བཀུར་སྟི་ལྷུར་བྱེད་ཚུལ་འཆོས་པ། །དེ་ནི་མངོན་པར་མི་བརྩོན་སྒྲུབ་ ལས་ཉམས། །ཡང་དེ་ཉིད་ལས། རྒྱུ་རྣམ་པ་བཅུས་མངོན་པར་མི་བརྩོན་པར་འགྱུར་ཏེ། གཉིད་ཆེ་བ་དང། མཁས་པར་མངོན་པའི་ང་རྒྱལ་དང། བདག་ལ་བསྟོད་པ་དང། གཞན་ལ་སྨོད་པ་དང། བྲེ་མོའི་གཏམ་ལ་དགའ་བ་དང། སྨྲ་བ་ལ་དགའ་བ་དང། ཚོགས་ལ་དགའ་བ་ དང༑ རྙེད་པ་ལ་ཆེས་ཆེར་འཛིན་པ་དང། བཀུར་སྟི་ལ་ཆེས་ཆེར་འཛིན་པ་དང། ཚུལ་འཆོས་བྱེད་པའོ་ཞེས་སོ། ༈ །གྱ་ནོམ་པའི་ཁྱད་པར་ལས་ཚེ་རིང་བར་འགྱུར་བའི་ལས་ནི། སེམས་ཅན་གཅེས་འཛིན་བྱམས་སོགས་བསྒོམ་པ་དང། །སྲོག་གཅོད་ལས་ལྡོག་གཞན་དག་ དགེ་ལ་འགོད། །ངན་འགྲོའི་སེམས་ཅན་བསྒྲལ་བར་བརྩོན་པ་གང། །དེས་ནི་ཚེ་རིང་ཇི་སྲིད་འདོད་རྣམས་འཐོབ། །འདས་ཆེན་ལས། སེམས་ཅན་ཐམས་ཅད་ལ་བུ་ལྟ་བུར་བསྲུང་བ་དང། བྱམས་པ་ལ་སོགས་པ་བཞི་བསྒོམ་པ་དང། སྲོག་གཅོད་པའི་སྡོམ་པ་འཛིན་པ་དང་ སེམས་ཅན་རྣམས་དགེ་བ་བཅུ་ལ་འགོད་པ་དང། དམྱལ་བ་ལ་སོགས་པར་བརྒྱུ་བའི་སེམས་ཅན་མ་རྒལ་བ་བསྒྲལ་བར་བྱས་ན་སངས་རྒྱས་ཀྱི་སྐུ་ཚེ་ལྟར་རིང་བ་འཐོབ་པར་གསུངས་པའོ། ༈ །རིགས་མཐོ་བར་འགྱུར་བའི་ལས་ནི། གཏོང་ལྡན་བླ་མའི་གནས་ལ་གུས་ཤིང་དེས་ [103A]༄༅། །མཆོག་མོས་གསུང་རབ་ཀླག་བརྩོན་རིགས་མཐོར་སྐྱེ། །ཡང་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ལས། ལས་ལྔས་ནི་རིགས་མཐོ་བར་ཏེ། སྦྱིན་པ་གཉིས་ཀྱིས་འཇིག་རྟེན་ཐམས་ཅད་ལ་གནོད་སེམས་མེད་པ་དང། དཀོན་མཆོག་དང་ཕ་ མ་ལ་གུས་པ་དང། ལྷན་ཅིག་སྐྱེས་པའི་བཟོད་པ་དང་དེས་པ་དང་བཟང་པོ་ལ་མོས་པ་དང། མཆོག་ལ་མོས་པ་དང། སངས་རྒྱས་ཀྱི་བཀའ་ཀླག་པ་ལ་བརྩོན་པའོ། ༈ །བསྐལ་པ་བཟང་བར་འགྱུར་བའི་ལས་ནི། ཡང་དག་ཚིག་སྨྲ་ཆོས་སྨྲ་ལ་གུས་སོགས་ དམ་པའི་སྤྱོད་ལྔ་བསྟེན་པས་བསྐལ་བཟང་འཐོབ། །ཡང་ལས་ལྔས་བསྐལ་པ་བཟང་པོར་འགྱུར་ཏེ། ཡང་དག་པའི་ཚིག་སྒྲོ་སྐུར་མེད་པ་དང་ལྡན་པ་དང། ཐེག་པ་གསུམ་སྟོན་པ་ལ་མི་སྨོད་པར་འཛིན་ཅིང་སྟོན་པ་དང། ངག་གི་སྐྱོན་རྣམ་པ་བཞི་སྤོང་ ཞིང་འཕགས་པའི་ལམ་ལ་སྐུར་བར་མི་བྱེད་པ་དང། སེམས་ཅན་ལོག་པར་བསྒྲུབ་པ་དག་སྙིང་རྗེས་བཟློག་ཅིང་དགེ་བ་ལ་འགོད་པ་དང། གཞན་གྱི་སྐྱོན་མཐོང་ཡང་སྒྲོགས་པར་མི་བྱེད་པའོ། ༈ །རྟག་ཏུ་སྐྱབས་དང་མི་འབྲལ་བ་ལ་སོགས་པའི་རྒྱུ་ནི་ གསུམ་ལ་སྐྱབས་འགྲོ་སྐུ་གཟུགས་རྒྱ་ཆེན་བྱེད། །བླ་མ་ལ་གུས་འགྲོ་ལ་སྙིང་བརྩེར་ལྡན། །མདོ་དོན་ཐོས་སོགས་བསྒྲུབ་ལ་སྦྱོར་བ་ལྔས། །རྒྱུན་དུ་སྐྱབས་དང་མི་འབྲལ་དོན་ཀུན་འགྲུབ། །ཡང་ལྔས་རྟག་ཏུ་དཀོན་མཆོག་གསུམ་དང་འཕྲད་ཅིང། སངས་ རྒྱས་མཐོང་བ་ལ་ཆོས་ཐོས་ནས་ཇི་ལྟར་འདོད་པའི་བྱང་ཆུབ་ཐོབ་པས་ཕུན་སུམ་ཚོགས་པ་གང་བསམ་པ་འགྲུབ་སྟེ། གསུམ་ལ་སྐྱབས་སུ་སོང་ནས་གཞན་ཡང་དེ་ལ་འགོད་པ་དང། སྐུ་གཟུགས་རྣམ་པ་ཐམས་ཅད་རྫོགས་ཤིང་ལེགས་པ་རྒྱ་ཆེ་བ་དག་བྱེད་ པ་དང། མཁན་པོ་དང་སློབ་དཔོན་ལ་བླ་མར་འཛིན་ཅིང་གུས་པས་མཐུན་པར་བསྒྲུབ་པ་དང། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་ལྟ་བ་དང། ཇི་ལྟར་བརྩམས་པའི་མདོ་རྣམས་ལ་ཐོས་པ་དང་བསམ་པ་དང་བསྒོམ་པས་བསྒྲུབ་པ་རྫོགས་པར་བྱེད་ [103B] ༈ །དངོས་པོ་ལྔའི་དབང་དུ་བྱས་པ་ནི། དད་དང་སེམས་དབེན་ཚུལ་ཁྲིམས་བླ་མ་བསྟེན། །མང་དུ་ཐོས་པས་དོན་རྣམས་ཐམས་ཅད་འགྲུབ། །འདས་ཆེན་ལས། བྱང་ཆུབ་སེམས་དཔས་དངོས་པོ་ལྔ་གོང་དུ་བསྐྱེད་ན་དོན་ཐམས་ཅད་འགྲུབ་སྟེ། དད་པ་དང་ སེམས་དབེན་པ་དང། ཚུལ་ཁྲིམས་དང། དགེ་བའི་བཤེས་གཉེན་བསྟེན་པ་དང། མང་དུ་ཐོས་པའོ་ཞེས་གསུངས་པའོ། ༈ །བག་མེད་པའི་ལས་ལ་དངོས་ཀྱི་དབང་དུ་བྱས་ནས། བག་མེད་བསྟེན་པས་དམན་པའི་ལས་ལེན་སོགས། །ཉེས་དམིགས་མི་བཟད་ལྔ་དང་བཅུ་ གསུམ་འཐོབ། །ཡང་དེ་ཉིད་ལས། བག་མེད་པ་ལ་འབྲས་བུ་ལྔ་སྟེ། ནོར་ཡོད་ཀྱང་དབང་མེད་པ་དང། མི་སྙན་པར་གྲགས་པ་དང། དབུལ་པོ་ལ་སྦྱིན་པ་མི་བྱེད་པ་དང། འཁོར་བཞི་པོ་དག་མཐོང་བར་མི་འདོད་པ་དང། ལྷའི་ལུས་མི་ཐོབ་པའོ། །ཡང་བཅུ་གསུམ་ སྟེལ། འཇིག་རྟེན་པའི་ལས་ལ་མོས་པ་དང། དོན་མེད་པའི་ཚིག་སྨ་བ་དང། གཉིད་ལ་དགའ་བ་དང། འཇིག་རྟེན་པའི་གཏམ་ལ་དགའ་བ་དང། སྡིག་པའི་གྲོགས་པོ་ལ་དགའ་བ་དང། ལ་ལོ་ཆེ་བ་དང། གཞན་གྱིས་བརྙས་པ་དང། ཐོས་པ་མྱུར་དུ་བརྗེད་པ་དང། ཡུལ་མཐའ་ འཁོབ་ཏུ་དགའ་བ་དང། དབང་པོ་འདུལ་བར་མི་ནུས་པ་དང། ཟས་ལ་ཆོག་མི་ཤེས་པ་དང། དབེན་པར་མི་མོས་པ་དང། ལྟ་བ་ངན་པ་འཛིན་པའོ། །དེས་ན་བག་ཡོད་པ་ཁོ་ན་ལྟར་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ནི་དེ་ལས་སྐྱེ་བས་སོ། ། བག་མེད་པ་ལས་རྨུགས་པ་དང། གཉིད་ལ་བརྟེན་པའི་ཉེས་པ་ནི། དེ་ལས་གཉིད་རྨུགས་དང་ལེན་ཆོས་ཀུན་འགྲིབ། །ཡེ་ཤེས་དང་ནི་སྤོང་ལས་རིང་བར་འགྱུར། །བདེན་སྨྲའི་མདོ་ལས་རྨུགས་པ་དང་གཉིད་ཡུར་བས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ ཆོས་ཐམས་ཅད་འགྲིབ་པར་བྱེད་ཅིང། ཡེ་ཤེས་དང་སྤོང་བ་དག་གི་བར་ཆད་དུ་འགྱུར་བར་གསུངས་པའོ། ༈ །ཡང་དེ་ལས་མ་གུས་པར་སྤྱོད་པའི་ཉེས་དམིགས་ནི། ལེགས་སྤྱད་བཟུང་ཡང་ང་རྒྱལ་གྱིས་ནོན་པས། །དཀོན་མཆོག་གསུམ་དང་བླ་མ་ཆོས་སྨྲ་དང། །འཁོར་ [104A]༄༅། །བཞི་དག་ལ་མ་གུས་ལས་རྣམས་ཀྱིས། །དབང་པོ་ཉམས་སོགས་མི་ཁོམ་དག་ཏུ་འཁྱམ། །གལ་ཏེ་སྡོམ་པ་ལ་སོགས་པའི་ཆོས་དག་བཟུང་ཞིང་སྤྱད་ཀྱང་བག་མེད་པར་གྱུར་ཅིང་ང་རྒྱལ་གྱིས་ཟིལ་གྱིས་ནོན་པས་དཀོན་མཆོག་གསུམ་གྱི་རྟེན་ལ་ སོགས་པ་དང། བླ་མ་དང་བླ་མའི་གནས་ལྟ་བུའི་གང་ཟག་དམ་པ་དག་དང། བཅོམ་ལྡན་འདས་ཀྱི་འཁོར་བཞིར་གཏོགས་པ་ཐུབ་པའི་བརྟུལ་ཞུགས་དང་ལྡན་པ་ལ་སོགས་པ། གུས་པར་བྱ་བའི་གནས་རྣམས་ལ་མ་གུས་པའི་སྤྱོད་པ་ཐ་ན་ཕྱག་འཚལ་བ་ན་ཡང་ ཐལ་མོ་ལེགས་པར་མི་སྦྱོར་བ་དང་མགོ་པོ་ས་ལ་མི་གཏུགས་བ་ལ་སོགས་པ་ཕྲ་བ་ཡན་ཆད་ཀྱིས་ཀྱང། ཡུལ་མཐའ་འཁོབ་ཏུ་སྐྱེ་བ་དང། དབང་པོ་མ་ཚང་བ་ལ་སོགས་པ་མི་ཁོམ་པའི་གནས་ལྔ་པོ་དག་ཏུ་ངེས་པར་ལྟུང་ལ། དེར་ནི་ཆོས་དང་མི་འཕྲད་ཅིང་ སྐལ་བ་མེད་པར་འགྱུར་བས། མཐོ་རིས་ཚེ་དེ་ཙམ་དུ་ཟད་ཅིང་སྐྱེ་བ་གཉིས་པ་ནས་ངན་སོང་དག་ཏུ་འཁྱམ་པར་འགྱུར་བས་ན་གཡང་ས་ཤིན་ཏུ་ཆེ་བའི་ཕྱིར་མཁས་པ་བདག་ལེགས་སུ་འདོད་པ་རྣམས་ཀྱིས་བག་དང་ལྡན་པར་གུས་པས་བསྒྲུབ་པར་བྱ་བའི་གནས་ ཐམས་ཅད་ལའང་ཤིན་ཏུ་བསྒྲིམས་པས་གུས་པར་བྱས་ན། བདག་ཉིད་ཀྱང་ཐམས་ཅད་ཀྱི་གུས་པའི་གནས་སུ་འགྱུར་བར་ཤེས་པར་བྱའོ། ༈ །བྱམས་པ་བསྒོམ་པའི་ལས་ནི། བྱམས་པ་བསྟེན་པས་བསྔགས་འོས་དོན་ཀུན་འགྲུབ། །རྫས་ཀྱི་མཆོད་པ་རྒྱ་ ཆེན་ཟིལ་གྱིས་ནོན། །རྒྱ་མཚོས་ཞུས་པ་ལས། བྱམས་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ་སྟེ། དེའི་རྗེས་སུ་འཇུག་པས་ནི་ཚེ་འདི་དང་ཕྱི་མའི་དོན་ཐམས་ཅད་འཐོབ་པའོ། །དེ་ནི་སངས་རྒྱས་ལ་མཆོད་པའི་མཆོག་ཡིན་ཏེ། རྫས་ཀྱི་མཆོད་པ་ཐམས་ཅད་ པས་ཆེས་མཆོག་ཏུ་གྱུར་པའོ། །ཞེས་གསུངས་སོ། །དགེ་བ་དང་མི་དགེ་བའི་ལས་སྟོབས་དང་ལྡན་པ་དང་མི་ལྡན་པའི་ཁྱད་པར་གྱི་དབང་དུ་བྱས་ནས་སྤྱིར་བསྟན་པ་ནི་ལས་ལྕི་ཡང་གི་སྐབས་སུ་བརྗོད་ཟིན་ཏོ། ༈ །ད་ནི་ཡུལ་ལ་སོགས་པའི་ཁྱད་པར་ཅན་འགའ་ [104B] དེ་ལ་དགེ་བ་སྟོབས་ དེ་བཞིན་གཤེགས་ལ་བྱ་བ་ཆུང་བྱས་ཀྱང། །དོན་དང་རྣམ་པར་སྨིན་པ་དཔག་མེད་འགྱུར། །ཡོན་ཏན་ཚོགས་ཐོས་ དཔག་མེད་ཞིང་འགྱུར་ཕྱིར། །ཆོས་དང་དགེ་འདུན་དག་ཀྱང་དེ་རྗེས་མཐུན། །སངས་རྒྱས་ཀྱིས་ནི་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱིའང་བསོད་ནམས་ཀྱི་ཞིང་ཆེན་པོ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ སོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་དཔག་ཏུ་མེད་པ་ཡིན་པའི་ཕྱིར། དེ་ལ་བྱ་བ་ཆུང་ངུ་ཞིག་བྱས་ཀྱང་དོན་དང་ཕན་ཡོན་དང་འབྲས་བུ་དང་རྣམ་པར་སྨིན་པ་ཆུང་ཞེས་བྱ་བ་ཡེ་མེད་དེ་ཐམས་ཅད་ཀྱང་དོན་ཆེས་ཆེ་བ་དང་ལྡན་པ་ཉིད་དུ་ཤེས་པར་བྱའོ། །དེས་ལེགས་ པར་གསུངས་པ་ལ་སོགས་པའི་ཆོས་དང། དེ་ལ་ལེགས་པར་ཞུགས་པའི་དགེ་འདུན་དག་ཀྱང་དེ་ཉིད་ཀྱིས་ཞིང་ཆེན་པོར་འགྱུར་བྱའོ། །འདས་ཆེན་ལས། ཟླ་བ་གཅིག་ཏུ་སེམས་ཅན་ཐམས་ཅད་ལ་ཟས་དང་གོས་ལ་སོགས་པ་བྱིན་པ་བས་ནི་སངས་རྒྱས་སྐད་ཅིག་ཙམ་ རྗེས་སུ་དྲན་པའི་བསོད་ནམས་ཀྱི་བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཡང་ཤིང་རྟ་བརྒྱ་གསེར་ལས་བྱས་པའི་མི་དང་བཅས་པ་བྱིན་པ་བས། སངས་རྒྱས་ལ་དད་པས་དེ་ཕྱོགས་སུ་གོམ་པ་གཅིག་དོར་བའི་ཆར་མི་ཕོད་དོ། །དེ་བཞིན་དུ་ཡུལ་ཆེན་པོའི་རིན་པོ་ཆེ་ཐམས་ཅད་ལས་ བ་ལང་གིས་དྲངས་པའི་ཤིང་རྟ་བརྒྱ་བཀང་བ་དང། བུད་མེད་དོ་ཤལ་དང་འཕྲེང་བས་བརྒྱན་པ་བརྒྱ་སྙེད་བྱིན་པ་དང། ཡང་མཆོད་རྫས་སྣ་བཞི་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བྱིན་པ་བས་ཀྱང་དེའི་ཆར་མི་ཕོད་དོ་ཞེས་གསུངས་པ་ལྟར་རོ། །ཡང་དེ་ཉིད་ལས། འཇིག་ རྟེན་གྱི་ཁམས་འདིར་སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བྱུང་བ་ན་ངས་བླ་མ་ལས་དེ་ཤིན་ཏུ་རྒྱས་པའི་མདོ་གསུང་ངོ་ཞེས་ཐོས་པས། ཤིན་ཏུ་དད་པས་མཆོད་པ་བྱ་བར་འདོད་པ་ལ་དབུལ་པོར་གྱུར་པས་ཅིའང་མེད་དོ། །ལུས་བཙོངས་པའང་བསོད་ནམས་ཆུང་བས་ [105A]༄༅། །ཉོ་བ་མ་རྙེད་དོ། །ཕྱིར་ལོག་པ་ན་མི་ཞིག་ན་རེ་བདག་ལ་ལས་ཤིག་ཡོད་དེ་སུས་ཀྱང་མི་ནུས་སོ། །གལ་ཏེ་ཁྱོད་ཀྱིས་ནུས་ན་ངས་ཉོའོ་ཞེའོ། །ལས་ཅི་ཡིན་དྲིས་བས། ང་ལ་ནད་མ་རུངས་བ་ཞིག་ཡོད་ནས་སྨན་པ་མཁས་པ་དག་ལ་བསྟན་པས། ཉིན་རེ་ ཞིང་མིའི་ཤ་སྲང་གསུམ་གསུམ་ཟོས་ན་འཚོའོ་ཞེའོ། །དེ་ལྟར་འཚོ་ནུས་ན་ཁྱོད་ལ་གསེར་གྱི་དོང་ཙེ་ལྔ་སྦྱིན་ནོ་ཞེའོ། །དེ་ཐོས་པས་ཤིན་ཏུ་དགའ་སྟེ་དོང་ཚེ་ང་ལ་བྱིན་ལ། ཞག་བདུན་བཤོལ་ཅིག་ངའི་བྱ་བ་བྱས་ནས་ཁྱོད་ཇི་ལྟར་འདོད་པ་ལྟར་བྱའོ། །ཞེས་པ་ལ་ ཞག་བདུན་མི་རུང་སྟེ་འོ་ན་ཞག་གཅིག་ཁྱོད་ཀྱིས་དོན་བསྒྲུབ་ཏུ་གནང་ངོ་ཞེའོ། །ངས་དོང་ཙེ་བླངས་ནས་སངས་རྒྱས་དེ་ལ་ཅི་བདོག་པ་ཐམས་ཅད་ཕུལ་ཏེ་སེམས་ཐག་པ་ནས་ཤིན་ཏུ་རྒྱས་པའི་མདོ་མཉན་པ་ལ། དབང་པོ་རྟུལ་བས་ཚིག་བཞི་པའི་ལེའུ་གཅིག་ལས་མ་ཟིན་ ཏེ༑ དེ་བཞིན་གཤེགས་པ་མྱ་ངན་འདའ་བ་ནི། །འཁོར་བ་ཐམས་ཅད་ཡོངས་སུ་བཅད་པ་སྟེ། །གང་གིས་རྩེ་གཅིག་སེམས་ཀྱིས་རབ་མཉན་ནོ། ཚད་མེད་བདེ་བ་རྟག་ཏུ་འཐོབ་པར་འགྱུར། །ཞེས་སོ། །འདི་ཡིད་ལ་བྱེད་ཅིང་ནད་པ་དེ་ལ་ཉིན་རེ་ཤ་སྲང་གསུམ་གསུམ་ བྱིན་པས་ན་བ་ཡང་མེད་པར་ཟླ་བ་གཅིག་ན་ནད་པ་དེ་གསོས་ཏེ། ངའི་ལུས་ལ་རྨའང་མེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བདག་ཀྱང་མ་འོངས་པ་ན་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་གསུངས་སོ། ༈ །སངས་རྒྱས་ལ་བརྟེན་པ་ ལས་སྐུ་གཟུགས་དང་མཆོད་རྟེན་བྱེད་པའི་ནི། མི་དང་ལྷ་ཡི་ལ་སོགས་ལོངས་སྤྱོད་མཆོག་རྣམས་ཀྱིས་འཕགས་པའི་དགེ་འདུན་མཆོག་བཀུར་བས། །བདེ་གཤེགས་མཆོད་རྟེན་སྐུ་གཟུགས་ཆུང་ངུ་དག་བྱེད་པའི་བསོད་ནམས་གྲངས་དང་ཆར་ མི་ཕོད། །སྒྲ་ཆེན་པོའི་མདོ་དང། རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་དག་ལས། ཁང་བཟང་བཀོད་པ་དམ་པ་དང་ལྡན་པ་དག་ཕྱོགས་བཞིའི་དགེ་སློང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་ལ་ཕུལ་ཏེ། ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ [105B] སངས་རྒྱས་ཀྱི་མཆོད་རྟེན་བུམ་པ་སྒྱུར་རའི་འབྲས་བུ་ཙམ་ལ། སྲོག་ཤིང་ཁབ་ཙམ་བཙུགས་གདུགས་རྒྱུ་ སྐུ་གཟུགས་མཚོན་གང་ཙམ་ བྱེད་པའི་བསོད་ནམས་ཀྱི་ཆར་མི་ཕོད་དོ། །དེ་དཔེ་དང་རྒྱུར་ཡང་མི་ཕོད། དེ་བཞིན་དུ་གླིང་ཆེན་པོ་བཞི་དང། ལྷའི་རྣམ་པར་རྒྱལ་བའི་ཁང་བཟང་རྣམས་ལ་གོང་ནས་གོང་དུ་འགྲེས་ལྔ་གསུངས་ནས། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ སོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་དཔག་ཏུ་མེད་པའི་ཕྱིར། དེ་ལ་དད་པའི་རྣམ་པར་སྨིན་པ་ཡང་དཔག་ཏུ་མེད་པར་གསུངས་པའོ། །བསྟན་བཅོས་ལས་ཀྱང། ཡོན་ཏན་མཆོག་ཚོགས་གཅིག་པུ་ཡི། །ཡོན་ཏན་ཤས་ཙམ་འགའ་ཞིག་ལ། །སྣང་ནའང་དེ་ལ་ མཆོད་དོན་དུ། །ཁམས་གསུམ་ཕུལ་ཡང་ཆུངས་པར་འགྱུར་ཞེས་སོ། ༈ །དེ་ལ་མཆོད་པ་བྱེད་པ་སྤྱིའི་ནི། རྒྱལ་བ་ཉིད་དང་རིང་བསྲེལ་ །མཆོད་དང་སངས་རྒྱས་དང་བས་ཡིད་བྱེད་དང། །དེ་ལ་དམིགས་ནས་མེ་ཏོག་འཐོར་ལྟ་ཞིག་སྐལ་མེད་ མེ་ཏག་འཐོར་བའང་སྲིད་མཐར་འགྲོ་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས། ཀུན་དགའོ་ང་འདུག་པ་ལ་མངོན་སུམ་དུ་མཆོད་པ་ཕྱེད་པ་ལྟ་ཞིག་ སངས་རྒྱས་ལ་དམིགས་ ནས་མེ་ཏོག་གཅིག་ན་མཁའ་ལ་འདོར་ན་དེའི་འབྲས་བུའང་མཐར་མྱ་ངན་ལས་འདས་པར་ད་སྨྲའོ། །དེའི་རྣམ་པར་སྨན་པ་ནི་གལ་ཏེ་ལ་ལས་བསྐལ་པ་གཅིག་ཏུ་འཁོར་བར་ཀུན་ཏུ་བརྒྱུགས་ཀྱང་འཁོར་བའི་སྔོན་གྱི་མཐའ་མི་ཤེས་པ་ལྟར་དེའི་མཐའ་ང་བརྒྱ་བྱིན་ ཉིད་རྣམས་ཀྱིས་ཀྱང་རྙེད་པར་སླ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ལ་ཕུལ་བའི་ཡོན་ནི་འཁོར་བའི་བདེ་བ་ཐམས་ཅད་ཀྱི་མཐར་ཐུག་པར་སླ་བ་མ་ཡིན་གྱི། མྱ་ངན་ལས་འདས་པས་མཐར་ཐུག་པར་ང་སྨྲའོ། །ཡང་སྔ་མ་དེ་རྣམས་ལྟའང་ཞོག་སྟེ་ [106A]༄༅། །མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་དོར་ན། དེའི་འབྲས་བུའང་མྱ་ངན་ལས་འདས་པའི་མཐས་གཏུགས་པར་ང་སྨྲའོ་ཞེས་སོ། ༈ །དྲིའི་ཐིག་ལེ་ལ་མེ་ཏོག་འགྲེམས་པའི་ ཁྱད་པར་གྱི་ནི། བདེ་གཤེགས་མཆོད་རྟེན་མཆོད་པས་གཟུགས་དང་ནི། །འཁོར་སོགས་མ་ཚང་མེད་པ་བརྒྱད་རྣམས་འཐོབ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་འགྲེམས་སམ། སྤོས་རིས་འདྲིན་མ་ཚང་བ་མེད་པར་ བརྒྱད་འཐོབ་སྟེ། གཟུགས་དང་ལོངས་སྤྱོད་དང་འཁོར་གཡོག་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཐོས་པ་དང་ཤེས་རབ་དང་སྨོན་ལམ་མ་ཚང་བ་མེད་པའོ་ཞེས་སོ། ༈ །སངས་རྒྱས་མཐོང་བའི་ནི། འཇིག་རྟེན་ཀུན་གྱི་རྡུལ་སྙེད་རང་རྒྱལ་ལ། །བསྐལ་མང་ཉིན་རེར་རྫས་ཀྱིས་ མཆོད་པ་ཡིས། །བདེ་གཤེགས་སྐུ་གཟུགས་མཐོང་བའི་བསོད་ནམས་ཀྱི། །ཆར་ཡང་མི་ཕོད་ །དད་པའི་སྟོབས་བསྐྱེད་པའི་ཕྱག་རྒྱ་ལས། གང་གིས་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ ལ༑ ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་བ་དང་ལྷའི་གོས་རྣམས་བྱིན་པ་བས། གཞན་ཞིག་གིས། སངས་རྒྱས་རི་མོར་བྲིས་པའམ་གཟུགས་སུ་བྱས་པ་མཐོང་ན་འདི་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་ན། ཐལ་མོ་སྦྱར་བའམ་མེ་ཏོག་ལ་སོགས་པ་འབུལ་བ་ལ་ ཅི་སྨོས་ཞེས་གསུངས་སོ། །སྐུ་གཟུགས་ཙམ་མཐོང་བའང་དེ་ཙམ་དུ་དོན་ཆེ་ན། རང་གི་ངོ་བོ་མཐོང་བ་ལྟ་ཅི་སྨོས་ཏེ། སྡོང་པོ་བཀོད་པ་ལས། བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང། །སངས་རྒྱས་སྒྲ་ནི་རབ་དཀོན་ན། །ཐེ་ཚོམ་ཐམས་ཅད་གཅོད་པའི་མཆོག་མཐོང་བར་འགྱུར་བ་སྨོས་ཅི་ དགོས། །རྐང་གཉིས་དམ་པ་མཐོང་ན་ནི། །སེམས་རྒྱ་ཆེན་པོ་སྐྱེ་འགྱུར་ཞིང། །ཤེས་རབ་སྟོབས་ནི་འོད་གསལ་བ། གྲངས་མེད་པ་ཡང་སྐྱེ་བར་འགྱུར། །ངན་སོང་གསུམ་པོ་མི་བཟད་པར། །བསྐལ་པ་བྱེ་བར་བསྲེགས་བླ་ཡི། །ཆགས་པ་ཐམས་ཅད་རྣམ་བཟློག་པ། །སྟོན་པ་མི་མཐོང་ [106B] །ཅི་ཡི་ཕྱིར་ན་ངན་སོང་དུ། །ཡུན་རིང་གནས་པར་འདོད་ཅེ་ན། །གང་ཕྱིར་རྒྱལ་བའི་དབང་པོ་དང། །མཐོང་ན་ཡེ་ཤེས་འཕེལ་ཕྱིར་རོ། །འཇིག་རྟེན་དབང་ཕྱུག་རྒྱལ་མཐོང་ན། །སྡུག་བསྔལ་ཐམས་ཅད་རྒྱུན་ཆད་འགྱུར། །རྫོགས་པའི་སངས་རྒྱས་སྤྱོད་ཡུལ་གྱི། །ཡེ་ཤེས་ ལ་ཡང་འཇུག་པར་འགྱུར། །མི་མཆོག་སངས་རྒྱས་མཐོང་ན་ནི། །སྒྲིབ་པ་ཐམས་ཅད་ཟད་པ་འགྱུར། །གང་གི་བྱང་ཆུབ་འཐོབ་འགྱུར་བའི། །བསོད་ནམས་དཔག་ཏུ་མེད་པ་འཕེལ། །ཞེས་གསུངས་པ་ལྟར་རོ། ༈ །མཆོད་པ་བླ་ན་མེད་པའི་ནི། གཞན་ཡང་བྱང་ཆུབ་སེམས་བསྐྱེད་ དམ་ཆོས་འཛིན། །འགྲོ་ལ་སྙིང་རྗེ་སྒོམ་པས་བླ་མེད་པའི། །མཆོད་པས་བདེ་བར་གཤེགས་ལ་མཆོད་བྱེད་ན། །དེ་ཡི་བསོད་ནམས་དཔེ་དང་ཚད་ལས་འདས། །བློ་གྲོས་རྒྱ་མཚོས་ཞུས་པ་ལས། གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བླ་ན་མེད་པ་ སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། དམ་པའི་ཆོས་ཡོངས་སུ་འཛིན་པ་དང། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ་ཞེས་གསུངས་པའོ། །གསུང་བ་བསམ་གྱིས་མི་ཁྱབ་པ་ལས་ནི། སངས་རྒྱས་མཆོད་པ་བླ་ན་མེད་པ་ནི་གསུམ་སྟེ། བྱང་ཆུབ་སེམས་བསྐྱེད་པ་ དང། དམ་པའི་ཆོས་འཛིན་པ་དང། ཇི་ལྟར་ཐོས་པའི་ཆོས་བསྒྲུབ་པའོ་ཞེས་སོ། ༈ །རྟེན་གྱི་ཁྱད་པར་གྱི་དབང་དུ་བྱས་ནས་ཚུལ་ཁྲིམས་དང་ལྡན་པའི་མཆོད་པ་ཁྱད་པར་དུ་འགྱུར་བ་ནི། གཞན་ཡང་སྟོང་གསུམ་སེམས་ཅན་འཁོར་ལོས་བསྒྱུར། །ཐེག་ཆེན་ཞུགས་པས་ མཆོད་ཚོགས་རྨད་བྱུང་གིས། །སངས་རྒྱས་ཉན་ཐོས་བཅས་ལ་མཆོད་པས་ནི། །ཁྱིམ་ནས་མངོན་བྱུང་ཚུལ་ཁྲིམས་རྣམ་དག་པའི། །དགེ་སྦྱོང་དག་གིས་ཆུ་གཙང་སྣོད་གང་སོགས། །མཆོད་རྟེན་ཕུལ་བའི་བསོད་ནམས་ཆར་མི་ཕོད། །རིན་པོ་ཆེའི་ཕུང་པོ་ལས། སྟོང་གསུམ་གྱི་ འཇིག་རྟེན་ན་སེམས་ཅན་གང་དག་ཡོད་པ་དེ་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ལ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དང་ལྡན་པས་རྒྱལ་པོ་རེ་རེས་ཀྱང་མར་མེའི་སྣོད་རྒྱ་མཚོ་ཙམ་ལས་སྙིང་པོ་རི་རབ་ཙམ་གྱི་མར་མེས་སངས་རྒྱས་ཀྱི་མཆོད་རྟེན་རྣམས་ལ་ [107A]༄༅། །མཆོད་པ་བས་ནི། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་བྱུང་བ་གང་གིས་མར་མེའི་སྙིང་པོ་འབྲུ་མར་གྱིས་བསྐུས་པ་མཆོད་རྟེན་གྱི་དྲུང་དུ་འཛིན་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །ཡང་རྒྱལ་པོ་ དེ་དག་གིས་སངས་རྒྱས་དང་དགེ་འདུན་ལ་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་ཕུ་དུད་བྱེད་པ་བས། དགེ་སློང་གིས་ལྷུང་བཟེད་དུ་ཆུད་པའི་བསོད་སྙོམས་གཞན་དག་དང་བགོ་བཤའ་བྱས་ཏེ་ཟ་བ་ཆེས་ལྷག་པ་དང། རྒྱལ་པོ་དེ་དག་གིས་རི་རབ་ཙམ་གྱི་གོམ་ཀྱི་ཕུང་པོ་ཕུལ་ བ་བས། དགེ་སྦྱོང་གིས་ཆོས་གོས་གསུམ་མཆོད་རྟེན་ལ་སོགས་པ་ལ་ཕུལ་བ་ཆེས་ལྷག་པ་དང། རྒྱལ་པོ་དེ་དག་རེ་རེ་ནས་འཛམ་བུ་གླིང་མེ་ཏོག་གིས་མཛེས་པར་བྱས་ཏེ་ཕུལ་བ་བས། དགེ་སྦྱོང་གིས་མེ་ཏོག་གཅིག་ཕུལ་བ་ཆེས་ལྷག་པར་གསུངས་པའོ། ༈ །བྱང་ཆུབ་ ཀྱི་སེམས་དང་ལྡན་པ་ནི། སྲིད་གསུམ་གཏོགས་པའི་སེམས་ཅན་རེ་རེས་ཀྱང། །མཆོད་རྟེན་རི་རབ་ཙམ་བྱས་མཆོད་པས་ནི། །བློ་ལྡན་ཀུན་མཁྱེན་སེམས་དང་རབ་ལྡན་པས། །མེ་ཏོག་གཅིག་འདོར་བསོད་ནམས་ཆར་མི་ཕོད། །རིན་པོ་ཆེའི་ཕུང་པོ་ཉིད་ལས། སྲིད་པ་ གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་སོ་སོ་ནས་སངས་རྒྱས་ཀྱི་མཆོད་རྟེན་རི་རབ་ཙམ་པ་བྱེད་ལ། དེ་དག་ལའང་བསྐལ་པ་གངྒཱི་བྱེ་མ་སྙེད་དུ་བསྟི་སྟང་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་བྱེད་པ་བས། བྱང་ཆུབ་སེམས་དཔའ་གང་ཐམས་ཅད་མཁྱེན་པའི་སེམས་དང་མ་ བྲལ་བས་མེ་ཏོག་གཅིག་ཙམ་འདོར་བའི་བསོད་ནམས་ཆེས་མང་ངོ་ཞེས་གསུངས་པའོ། ༈ །ཤེས་རབ་དང་ལྡན་པའི་དགེ་བ་སྟོབས་ཆེ་བ་ནི། ཤེས་རབ་ལྡན་པ་སྡིག་པ་མི་འཆབ་པར། །མྱུར་དུ་སྤོང་ཞིང་གཉེན་པོ་སྟོབས་ཅན་ལ། །བརྩོན་པས་ཉོན་མོངས་སྟོབས་ཆུང་འགྱུར་ བ་དང། སྡུག་བསྔལ་སྡུག་བསྔལ་མེད་པར་ཤེས་པས་འཕགས། །འདས་ཆེན་ལས། ཤེས་རབ་ཅན་ནི་བདག་གི་ཟག་པ་རྣམས་སྤང་ཞིང་སྡིག་པ་མི་བྱ་སྟེ། བདག་ད་དུང་ངན་སོང་གསུམ་ལས་མཐར་བས་གཉེན་པོ་ལ་ནན་ཏན་བྱས་ན་སྡུག་བསྔལ་གཅོད་པར་འགྱུར་རོ་སྙམ་དུ་བརྟགས་ [107B] ཉོན་མོངས་པ་ཉམས་དམའ་བར་གྱུར་ནས་བདེ་བ་འཐོབ་བོ། །དེ་ལྟར་སྡིག་པ་དང་བྲལ་ཞིང། དགེ་བ་ཐོབ་པས་ལམ་མངོན་དུ་བྱ་བ་བརྩོན་འགྲུས་བརྩམས་ཏེ། དེས་ནི་ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་བར་མང་དུ་བསྒོམ་མོ། །ཡང་ཤེས་རབ་ཅན་ནི་དམྱལ་བའི་ སྡུག་བསྔལ་ཐོས་ཀྱང་ལྕགས་ཀྱིས་ལྕགས་བརྡུང་ལ་རྡོས་རྡོ་ལ་བརྡག་པ་སྟེ། མེའི་སྲིན་བུ་མེ་ལ་དགའ་བ་ལྟར། དམྱལ་བ་ལ་འཇིགས་པ་ཅི་ཡོད་ཤེས་པའོ་ཞེས་གསུངས་སོ། ༈ །ཆོས་ལ་བརྟེན་པའི་ནི། དམ་ཆོས་ཡོངས་འཛིན་ཆུང་ངུའང་བདུད་ཀྱི་ཚོགས། །དཔུང་བཅས་ཚར་གཅོད་བསོད་ ནམས་རླབས་ཆེན་སྡུད། །བཤེས་གཉེན་དམ་པས་རྗེས་འཛིན་ཡོན་ཏན་ཚོགས། །རྨད་བྱུང་བརྒྱ་ཕྲག་བདེ་ཕྲག་ཉིད་དུ་འཐོབ། །དཔལ་ཕྲེང་གི་མདོ་ལས། ལྷ་མོ་འདི་ལྟ་སྟེ་སྐྱེས་བུ་སྟོབས་བོ་ཆེས་གནད་དུ་མི་དྲག་བར་བསྣུན་ཡང་གནོད་པ་ཆེན་པོར་འགྱུར་བ་ལྟར། དམ་པའི་ཆོས་ཡོངས་སུ་འཛིན་ པ་ཆུང་དུས་ཀྱང་བདུད་སྡིག་ཅན་ལ་གནོད་པས་མྱ་ངན་ཆེན་པོ་བསྐྱེད་དོ། །དེ་ལྟ་བུར་བདུད་ལ་གནོད་པའི་ཆོས་གཞན་ནི་ངས་གཅིག་ཀྱང་མ་མཐོང་ངོ་ཞེས་སོ། །བློ་གྲོས་རྒྱ་མཚོ་ཞུས་པ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་ལྡན་ཞིང་ མཁས་པ་ཡན་ལག་སྨད་པ་མེད་པར་འགྱུར། །དེ་ལ་བལྟ་བས་ངོམས་པར་ཡང་མི་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །གང་དག་ཆོས་ཀྱི་ཕྱག་རྒྱ་འདི་སྟོན་པའི། །དགེ་བའི་བཤེས་གཉེན་དེ་ལ་དཀོན་མི་འགྱུར། །ཆོས་མཛོད་ཟད་མི་ཤེས་པ་ཉན་པར་བྱེད། །དེ་བཞིན་ གཤེགས་པའི་དམ་པའི་ཆོས་འཛིན་པ། །ལུས་དང་ངག་དང་ཡིད་ཀྱང་རྣམ་པར་དག་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་པར་དག་རྣམ་གྲོལ་ཡེ་ཤེས་ཤིན་ཏུ་རྣམ་པར་དག་དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་བྱང་ཆུབ་སེམས་བརྗེད་འགྱུར་བ་མེད། །ཕ་རོལ་ཕྱིན་པ་ སྤྱོད་དང་འགལ་མི་འགྱུར། །དགེ་བ་བརྒྱ་རྣམས་ཀྱིས་ཀྱང་རབ་ཏུ་བཟུང། །ཞེས་གསུངས་སོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང། སངས་རྒྱས་གཅིག་གི་ཆོས་ཚིགས་སུ་བཅད་པ་གཅིག་བཟུང་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡོངས་སུ་བཟུང་བ་སྟེ། བྱང་ཆུབ་ནི་ཆོས་ [108A]༄༅། །ལས་ངེས་པར་བྱུང་བ་ཆོས་ ཟང་ཟིང་གིས་ནི་མ་ཡིན་ནོ་ཞེས་སོ། ༈ །དགེ་འདུན་ལ་བསྟེན་པ་སྤྱིར་བརྗོད་པ། དུས་གསུམ་སངས་རྒྱས་ཀུན་གྱིས་དགེ་འདུན་ནི། །བསོད་ནམས་ཞིང་དུ་བསྟོད་བཀུར་བསྔགས་པ་སྟེ། །བུམ་པ་བཟང་པོ་གྲུབ་ལྟར་དེ་ལ་ནི། ། ཅུང་ཟད་མཆོད་ཀྱང་འབྲས་བཟང་གཞལ་མེད་འཐོབ། །སྐྱེས་རབས་ལས། བདེ་བར་གཤེགས་ལ་བཀུར་སྟི་བྱས་པ་ཆུང་ངུ་ཡང། །འབྲས་བུ་འབྱོར་བ་ཆུང་ངུ་མེད་ཅེས་སྔོན་ཐོས་ཀྱི། །ཟན་དྲོན་ཁངས་པ་རྩུབ་པ་ལན་ཚྭ་མེད་པ་ཡི། །འབྲས་བུ་འབྱོར་བ་ཆེན་པོ་འདི་ལྟར་གྱུར་ལ་ལྟོས། །ཤིང་རྟ་སྣ་ ཚོགས་རྟ་དང་གླང་པོ་འགྱིང་བ་དང། །བདག་གི་དམག་ཚོགས་ཆེན་པོ་འདི་དང་ས་ཆེན་འདི། །ནོར་མང་དཔལ་ཡང་རྗེས་ཆགས་བཙུན་མོ་རྒྱ་ཆེན་ལྡན། །ཟན་དྲོན་ཆངས་ཤིག་འབྲས་བུ་བཟང་པོ་འགྲུབ་པ་ལྟོས། །དགེ་སློང་བཞི་ཞིག་བསོད་སྙོམས་ཕྱིར་ལྷགས་མཐོང་པར་འགྱུར། །དབང་པོ་དུལ་ཞིང་ དགེ་སློང་དཔལ་གྱིས་རྗེས་འབྲང་བཞིན། །དད་ཅིང་བྱམས་པའི་ཡིད་ཀྱིས་དེ་ལ་ཕྱག་བྱས་ནས། །ཟན་དྲོན་ཙམ་ཞིག་བདག་གིས་ཁྱིམ་དུ་གུས་པར་བྱིན། །དེ་ཡི་མྱུ་གུ་ཙམ་ཞིག་བྱུང་བ་འདི་ཡིན་ཏེ། །རྒྱལ་པོ་གཞན་གྱི་གཙུག་གིས་ང་ཡི་ཞབས་ལ་གཏུགས། །ང་ཡིས་དེ་ལ་བསམས་ནས་ནི། ། ལྷ་མོ་ཁྱོད་ལ་སྨྲས་པ་ཡིན། །འཇིག་རྟེན་པ་ནི་སྦྱིན་པའི་འབྲས་བུ་ཐོས་ནས་སྟེར། དེ་བདག་ཉམས་སུ་མྱོང་ན་ཅི་ཕྱིར་སྦྱིན་མི་བྱ། །སྦྱིན་པ་ནོར་གྱི་སྙིང་པོ་ལེན་པར་གསུངས། །སྦྱིན་པ་དབང་ཕྱུག་རྣམས་ཀྱི་རྒྱུ་ཞེས་བྱ། །སྦྱིན་པ་དཔལ་ལྡན་སྐྱེ་བོ་མཆོག་གི་ཚུལ། །ཤེས་རབ་ཆུང་ངུས་རྡུལ་ཙམ་སྦྱིན་མི་ནུས་ཞེས་ བཤད་དོ། །དེས་དགེ་འདུན་ནི་སྦྱིན་པའི་ཞིང་བཟང་པོར་སངས་རྒྱས་རྣམས་ཀྱིས་ཀྱང་བསྔགས་པ་སྟེ། ས་བོན་ཆུང་ངུ་བཏབ་ཀྱང་འབྲས་བུ་ཆེན་པོར་འགྱུར་བའི་ཕྱིར་རོ། ༈ །དེའི་རང་བཞིན་གྱི་ཁྱད་པར་ནི། ཚུལ་ཁྲིམས་རྣམ་དག་འཕགས་པའི་རིགས་ལ་གནས། །ངོ་ཚ་ཁྲེལ་ལྡན་ལྔ་སྡེ་ཡན་ཆད་ནི་ དགེ་འདུན་རྒྱ་མཚོ་ལྟ་བུར་རབ་བསྔགས་ཏེ། །ས་བོན་ཆུང་ཡང་འབྲས་བུ་ཚད་འདས་ཞིང། །འདས་ཆེན་ལས། དགེ་སློང་རེ་རེ་ལ་སོགས་པས་ནི་ཞིང་ལ་སོགས་པའི་གཞི་ལེན་པར་མ་གནང་སྟེ། ཐ་ན་ལྔ་ཡན་ཆད་ཚུལ་ཁྲིམས་རྣམ་པར་དག་པ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པ་ཚེ་ཕྱི་མའི་ལས་ [108B] སྐྱེ་བོ་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཞིང་ཡིན་ན་བཅུའི་ཚོགས་ནས་བརྒྱའི་ཚོགས་ལ་སོགས་པ་ལྟ་ཅི་སྨོས། །དེ་དག་གཎྜཱི་བརྡུང་ཞིང་ཚོགས་པ་ལ་བསྙེན་བཀུར་བྱེད་པ་ ནི་བསོད་ནམས་དཔག་ཏུ་མེད་པ་གསོག་པའོ་ཞེས་གསུངས་པའོ། ༈ ། གནས་སྐབས་ཀྱི་ཁྱད་པར་ནི། དགེ་སློང་ནད་པ་དག་དང་ནད་གཡོག་དང། །འགྲོ་བར་ཆས་དང་གློ་བུར་འོངས་རྣམས་ལ། །བཀུར་སྟི་བྱེད་པ་བདེ་གཤེགས་མཆོད་པ་དང། །མི་མཉམ་མེད་པ་ཉིད་དུ་རྒྱལ་བས་གསུངས་ ལུང་ལས་ནད་པ་ནི་སྨན་ལ་སོགས་པ་མ་འབྱོར་ན་འཚོ་བར་མི་ནུས་ལ། ནད་གཡོག་ཀྱང་ཟས་ལ་སོགས་པ་ཚོལ་བས་ནད་པ་ཉམ་ཐག་པར་འགྱུར་ཞིང། །འགྲོ་བར་ཆས་པ་ནི་ལམ་བརྒྱས་མེང་ན་ལམ་དུ་ཟས་འཚོལ་བས་དོན་མཐུན་དང་བྲལ་ནས་ཆོམ་རྐུན་ལ་སོགས་པས་གནོད་པ་དང་ གློ་བུར་དུ་འོངས་པའང་སྤྱོད་ཡུལ་མ་འདྲིས་པས་ཁྱི་ལ་སོགས་པས་འཚེ་བ་དང་འཕྲད་པར་འགྱུར་བའི་ཕྱིར། འདི་དག་ལ་བྱིན་པ་ནི་བསོད་ནམས་ཆེས་ཆེ་བར་གསུངས་སོ། །འདི་རྣམས་ནི་གང་ཟག་རེ་རེའང་ཞིང་ཆེན་པོ་སྟེ་དགེ་འདུན་ནི་སྨོས་ཀྱང་མི་དགོས་པའོ། ༈ །ཐེག་པ་ཆེན་ པོའི་གང་ཟག་ལ་བརྟེན་པ་ལ་དེ་ལ་དད་པའི་དབང་དུ་བྱས་ནས། རྒྱལ་སྲས་ཐེག་པ་མཆོག་ལ་མོས་པ་ཡང། །གང་ཞིག་དང་བས་བལྟ་འམ་བསྟོད་བྱེད་ན། །སེམས་ཅན་ཀུན་ལ་མིག་སྦྱིན་ལ་སོགས་པ། །བདེ་བ་མཐའ་ཡས་བྱིན་པས་ཆར་མི་ཕོད། །ངེས་པ་དང་མ་ངེས་པ་ལ་ འཇུག་པའི་ཕྱག་རྒྱ་ལས་ཡོངས་སུ་བརྟག་པ་བཟུང་སྟེ་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་སེམས་ཅན་ཀུན་གྱི་མིག་ཕྱུང་ལ། གང་གིས་བྱམས་པའི་སེམས་ཀྱིས་དེ་ཐམས་ཅད་ལ་མིག་བསྐྱེད་པ་བས། གཞན་གང་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དང་བའི་ སེམས་ཀྱིས་བལྟ་ན་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་ །ཡང་ལ་ལས་ཕྱོགས་བཅུའི་སེམས་ཅན་བཙོན་རར་བཅུག་པ་ཐམས་ཅད་བཏོན་ཏེ་འཁོར་ལོས་བསྒྱུར་བའམ་ཚངས་པའི་བདེ་བ་ལ་འགོད་པ་བས། གང་གིས་ཐེག་པ་ཆེན་པོ་ལ་མོས་པ་ལ་དད་པས་བལྟ་ [109A]༄༅། །འདོད་ཅིང་དེའི་བསྔགས་པའང་བརྗོད་ན་དེའི་བསོད་ནམས་ཆེས་མང་ངོ་ཞེས་གསུངས་པའོ། ༈ །དེ་ལ་བསྙེན་བཀུར་བྱེད་པའི་ནི། འཇིག་རྟེན་ཀུན་གྱི་རྡུལ་སྙེད་སེམས་ཅན་དང། །དགེ་བསྙེན་དགེ་སློང་དད་དང་ཆོས་རྗེས་འབྲང། །བརྒྱད་པ་ནས་བཟུང་རང་རྒྱལ་ བདེར་གཤེགས་པ། །གངྒའི་བྱེ་སྙེད་བསྐལ་པར་རྒྱུན་ཏུ་ཡང། །ལྷ་རྫས་རྣམ་མང་བྱིན་པ་གོང་ནས་གོང། །ཁྱད་པར་གྱུར་པས་གང་གིས་ཐེག་མཆོག་ལ། །མོས་པ་ཙམ་གྱིས་བློ་ལྡན་སྨན་པ་ལའང། །ཟན་གཅིག་བྱིན་པའི་བསོད་ནམས་ཆར་མི་ཕོད། །དད་པའི་སྟོབས་ བསྐྱེད་པའི་ཕྱག་རྒྱ་ལས། གང་ལ་ལས་འཇིག་རྟེན་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ལ་བསྐལ་པ་གངྒཱི་བྱེ་མ་སྙེད་དུ་ཉིན་རེ་ཞིང་ལྷའི་ཟས་རོ་བརྒྱ་བ་དང་ལྷའི་གོས་རྣམས་བྱིན་པ་བས། གང་གིས་དགེ་བསྙེན་སྟོན་པ་གཞན་ལ་མི་སྟེན་པ་དགེ་བ་བཅུ་དང་ལྡན་པ་དག་ ལ་འདི་ནི་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པའོ་སྙམ་པས་ཉིན་ཅིག་ཟན་གཅིག་བྱིན་པ་བསོད་ནམས་ཆེས་མང་ངོ། །དེ་བཞིན་དུ་དགེ་སློང་གཅིག་ནས་དད་པས་རྗེས་སུ་འབྲང་བ་དང། ཆོས་ཀྱི་རྗེས་སུ་འབྲང་བ་དང། བརྒྱད་པ་དང། རྒྱུན་དུ་ཞུགས་པ་དང། ལན་ཅིག་ཕྱིར་ འོང་བ་དང། ཕྱིར་མི་འོང་བ་དང། རང་སངས་རྒྱས་དེ་སྙེད་ལ་གོང་ནས་གོང་དུ་བརྗོད་པ་དང། ཡང་བསྐལ་པ་དེ་སྙེད་དུ་རང་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་དེ་ལྟར་མཆོད་པ་བས། ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་བསམ་པ་ ཕུན་སུམ་ཚོགས་པ་གཅིག་ལ་ཉིན་ཅིག་ཟན་གཅིག་བྱིན་པ་ཡང་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་པ་ལ་སོགས་པར་གསུངས་པའོ། ༈ །ཆོས་དང་ལྡན་པའི་གང་ཟག་ལ་བརྟེན་འམ་ནི། རྒྱལ་པོ་ཆོས་ལྡན་ལ་སོགས་གང་དག་གིས། །ཚུལ་ཁྲིམས་ལྡན་ ནམ་སྡིག་པ་སྤྱོད་ཀྱང་རུང། །ཐུབ་པའི་ཆ་ལུགས་ལྡན་པ་དག་ལ་ནི། །ཕན་འདོགས་བྱེད་དམ་གནོད་ལས་སྲུང་བྱེད་ན། །བདེ་གཤེགས་མཆོད་པ་དཔག་མེད་ཟིལ་གནོན་ཅིང། །སྡིག་པ་ཀུན་སྤྱོད་དོན་ཆེན་མཐའ་ཡས་འགྲུབ། །སའི་སྙིང་པོའི་མདོ་ལས། གང་ [109B] རྒྱལ་རིགས་དགེ་བའམ་བློན་པོ་དགེ་བའམ་བཤོར་བ་དགེ་བའམ་དགེ་སྦྱོང་དགེ་བའམ་བྲམ་ཟེ་དགེ་བ་གང་ཞིག་བདག་དང་གཞན་དང་འཇིག་ རྟེན་ཕ་རོལ་དང་སྟོན་པའི་བསྟན་པ་བསྲུང་བར་འདོད་པ་དེས། ཉན་ཐོས་སྣོད་དུ་གྱུར་བའམ་སྣོད་དུ་མ་གྱུར་པའང་རུང་སྐྲ་བྲེགས་ཏེ་ངུར་སྨྲིག་བགོས་པ་ཡོངས་སུ་བསྲུང་ཞིང་མཆོད་པ་དང། ཐེག་པ་ཆེན་པོའི་གང་ཟག་དམ་པ་དག་ལ་མཆོད་ཅིང་ཆོས་ཀྱང་ཉན་པར་བྱེད་ པས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ། །གང་ཞིག་ལྔ་བརྒྱ་ཐ་མ་ལ་དེ་ལྟར་དམ་པའི་ཆོས་ཀྱི་ཚུལ་བསྲུང་བ་དེ་ནི་ངན་སོང་ཟད་པར་བྱེད་པ་དང། ལྷའི་གནས་འཕེལ་བར་བྱེད་པ་དང། ཉོན་མོངས་པ་སེལ་བ་དང། བྱང་ཆུབ་ཀྱི་ལམ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ སྟོན་པ་དང། འཁོར་བ་ན་རིང་དུ་མི་གནས་པ་དང། སངས་རྒྱས་ལ་སོགས་པ་དགེ་བའི་བཤེས་གཉེན་དང་འཕྲད་ཅིང་རྟག་ཏུ་མི་འབྲལ་བར་འགྱུར་རོ། །ཇི་ལྟར་བསམས་པའི་སངས་རྒྱས་ཀྱི་ཞིང་དུ་མི་རིང་བར་མངོན་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་ལྷ་ལ་ སོགས་པའི་དབང་པོ་ཐམས་ཅད་འཁོར་དང་བཅས་པས་ཀྱང་དེ་ལྟར་དཀོན་མཆོག་གསུམ་གྱི་རིགས་འབར་བར་བྱེད་པ་དེ་དག་ལ་རྣམ་པ་བཅུའི་སྒོ་ནས་བསྲུང་བར་དམ་བཅས་ཏེ། ཆེ་འཕེལ་བ་དང། ཚེའི་བར་ཆད་བཟློག་པ་དང། ནད་མེད་པ་དང། འཁོར་དང་བཅས་ པ་དང། ཆོས་ཀྱི་ཕུང་པོ་དང། ལོངས་སྤྱོད་དང། དབང་ཕྱུག་དང་སྙན་པ་དང། དགེ་བའི་བཤེས་གཉེན་རྣམས་དང། ཤེས་རབ་ཕུན་སུམ་ཚོགས་པ་འཕེལ་བར་བྱའོ་ཞེས་གསུངས་སོ། །འདས་ཆེན་ལས་ཀྱང། ཆོས་བྱེད་པ་དག་བསྲུང་བ་ནི་སྦྱིན་པ་མི་བྱེད་ཀྱང་སངས་ རྒྱས་ཐམས་ཅད་ཀྱི་སྦྱིན་བདག་གོ་དམ་པའི་ཆོས་འཛིན་པ་ཡིན་པས་ན་ཞིང་ཡོངས་སུ་དག་པར་སྐྱེ་ཞིང་མྱུར་དུ་འཚང་རྒྱ་བར་གསུངས་སོ། ༈ །རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བའི་ཁྱད་པར་ལས་ནི། སྟོང་གསུམ་རི་རབ་སྲང་གིས་གཞལ་ནུས་ཀྱིས། །རྒྱལ་སྲས་གང་ [110A]༄༅། །ཞིག་འགྲོ་ཕན་ཞུགས་རྣམས་ཀྱི། །དགེ་ལ་རྗེས་སུ་ཡི་རང་ཡོངས་བསྔོ་བ། །བླ་ན་མེད་པའི་བསོད་ནམས་གཞལ་མི་ནུས། །རྒྱལ་བའི་ཡུམ་ལས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ནི་སྲང་ཚད་ཀྱིས་གཞལ་བར་ནུས་ཀྱི། ཐེག་པ་ལ་དང་པོར་ ཞུགས་པ་དང་སྤྱད་པ་སྤྱོད་པ་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་ཚད་གཟུང་བར་མི་ནུས་སོ་ཞེས་སོ། །ཡང་སྟོང་གསུམ་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ བླ་ན་མེད་པའི་བྱང་ཆུབ་ལ་གནས་ནས་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་དམིགས་པའི་འདུ་ཤེས་ཀྱིས་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་ལ་སོགས་པ་བས་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པས་ཟིན་པ་གང་ གིས། དུས་གསུམ་གྱི་སངས་རྒྱས་ལ་སོགས་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྗེས་སུ་ཡི་རང་བ་མཆོག་དང་དམ་པ་ལ་སོགས་པས་རྗེས་སུ་ཡི་རང་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོའི་ བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ་ཞེས་གསུངས་པའོ། ༈ །ཡང་སྡིག་པ་ཆེན་པོ་སྦྱོང་བའི་ལས་ཀྱི་ཁྱད་པར་སྤྱིར་བསྟན་པ། རྣམ་པར་ །ཉེས་པ་ལས་ལྡོག་རྟེན་གྱི་སྟོབས་རྣམས་ནི། །མཚམས་མེད་ལ་ སོགས་སྡིག་པའི་ཚོགས་ཆེན་ཡང། །ཟིལ་གྱིས་གནོན་ཅིང་སྦྱོང་བར་རྒྱལ་བས་གསུངས། །ཆོས་བཞི་བསྟན་པ་ལས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་ཏེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་ པ་དང། གཉེན་པོ་ཀུན་ཏུ་སྤྱོད་པ་དང། ཉེས་པ་ལས་ལྡོག་པའི་སྟོབས་དང། རྟེན་གྱི་སྟོབས་སོ། །རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱད་པ་དེ་ལ་འགྱོད་པ་མང་བ་ཡིན་ནོ། །གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་ [110B] །ཉེས་པ་ལས་ལྡོག་པའི་སྟོབས་ནི་སྡོམ་པ་ཡང་དག་པར་བླངས་པས་མི་ཕྱེད་པའི་སྡོམ་པ་ཐོབ་པའོ། །རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང༑ བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་རྟེན་པས་སྡིག་ པས་ཟིལ་གྱིས་གནོན་པར་མི་ནུས་སོ་ཞེས་གསུངས་པའོ། ༈ །སོ་སོར་བཤད་པ་བཞི་ལས་སུན་འབྱིན་པའི་སྟོབས་ནི། །དང་པོ་འགྱོད་པས་བདག་ལ་རབ་སྨད་ནས། །དུག་པོས་ །ཉེ་བར་འཁོར་གྱིས་ཞུས་དང་བསྔོ་བའི་རྒྱལ། །གསེར་ འོད་དམ་པའི་ཆོ་གས་བཤགས་པའོ། །འདི་ནི་འགྱོད་པས་ཉེས་དམིགས་སུ་བལྟ་བ་མང་དུ་གོམས་པར་བྱ་ཞིང་མཐོལ་བ་དང་བཤགས་པ་སྙིང་ཐག་པ་ནས་བྱ་བས་སྦྱོར་བ་སྟེ། མདོ་གསུམ་ལས་གསུངས་པའི་ཆོ་གས་བཤགས་པ་ལས་དང་པོ་ནི་བདག་གི་སྡིག་པ་ལྕི་བ་ རྣམས་བློས་བསྡུས་པ་ལ་དམིགས་ནས་སྡིག་པ་དག་པའི་རྟེན་དུ་མཚན་བྱིན་གྱིས་བརླབས་ཤིང་སྨོན་ལམ་ཡོངས་སུ་བཟུང་བའི་སངས་རྒྱས་སུམ་ཅུ་རྩ་ལྔ་ཐོག་མར་བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་ལྟ་བུར་བསམས་ནས་བཤགས་པའི་ཆོ་ག་ཉེ་བར་འཁོར་གྱིས་ཞུས་པ་ལས་ ༈ བདག་མིང་ཆེ་གེ་མོ་ཞེས་བགྱི་བ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤའྐྱ་ཐུབ་ པུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ་ [111A]༄༅། །དཔལ་བཟང་ལ་ཕྱག་འཚལ་ལོ། །ཙན་དན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་ འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ་ཕྱག་ འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་བསྒྲཌ་ལ་ཕྱག་འཚལ་ལོ། །དབང་པོའི་ཏོག་གི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པས་གཤེགས་ པ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་ འཚལ་ལོ། །དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོང་སུ་གསོལ། བདག་ གི་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་ཐོག་མ་མ་མཆིས་པའི་སྐྱེ་བ་ནས་འཁོར་བར་འཁོར་བ་ན། སྡིག་པའི་ལས་བགྱིས་པ་དང། བགྱིད་དུ་སྩལ་བ་དང། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང། མཆོད་རྟེན་གྱི་དང་དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་ འཕྲོག་པ་དང། འཕྲོག་ཏུ་སྩལ་བ་དང་འཕྲོག་པ་ལ་རྗེས་སུ་ཡི་རང་བར་འགྱུར་བ་དང། མཚམས་མ་མཆིས་པའི་ལས་བགྱིས་པ་དང། བགྱིད་དུ་སྩལ་བ་དང། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང། མི་དགེ་བ་བཅུའི་ལས་ཀྱི་ལམ་བཟུང་སྟེ་སྤྱད་པ་དང་སྤྱོད་དུ་སྩལ་ [111B] ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ཏེ་སེམས་ཅན་དམྱལ་བར་འཆི་བའམ། དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་འཆི་བ་དང། ཡུལ་མཐའ་འཁོབ་ཀྱི་ཀླ་ཀློ་རྣམས་སུ་སྐྱེ་བར་འགྱུར་བའམ། ལྷ་ཚེ་རིང་བོར་སྐྱེ་བའམ། དབང་པོ་མ་ ཚང་པར་འགྱུར་བའམ། ལོག་པར་ལྟ་བ་ཡོང་སུ་འཛིན་པའམ། སངས་རྒྱས་འབྱུང་བ་མཉེས་པ་མི་བགྱིད་པའི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་མཁྱེན་ཅིང་ གཟིགས་པ་དེ་དག་གི་སྤྱན་སྔར་སོ་སོར་བཤགས་སོ། །མཐོལ་ལོ། །མི་འཆབ་བོ། སླན་ཆད་ཀྱང་བསྡོམ་པ་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོང་སུ་གསོལ། བདག་གིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་ཐོག་མ་མ་མཆིས་པའི་སྐྱེ་བ་ནས་འཁོར་ བར་འཁོར་བའི་ཚེ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཅངས་གཅིག་ཙམ་སྦྱིན་པ་སྩལ་བ་དང། ཚུལ་ཁྲིམས་བསྲུངས་པར་གྱུར་པ་དང། བདག་ཚངས་པར་སྤྱད་པ་ལ་གནས་པའི་དགེ་བའི་རྩ་བ་དང། གང་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་ བའི་རྩ་བ་དང། གང་བདག་གིས་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་དང། གང་བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་དེ་ཐམས་ཅད་གཅིག་ཏུ་བསྡུས་གཅིག་ཏུ་སྤུངས། གཅལ་ཏེ་མངོན་པར་བསྡུས་ནས། བླ་མའི་ཡང་བླ་མ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔོས་པ་དང། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་བསྔོ་བར་འགྱུར་བ་དང། ཇི་ལྟར་ད་ལྟར་བྱུང་བའི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཡོངས་སུ་བསྔོ་བ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོའོ། །སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ། །སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་སོ། །བདག་བླ་ན་མེད་པའི་ཡེ་ཤེ་སུ་གྱུར་ཅིག་ [112A]༄༅། །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བ་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆི། །བྱང་ཆུབ་སེམས་དཔའ་གང་དག་སྙིང་ རྗེའི་སྟོབས་ལྡན་ཞིང། །དཔའ་བོ་སེམས་ཅན་རྣམས་ལ་ཕན་ཕྱིར་སྤྱོད་བྱེད་པ། །དེ་དག་རྣམས་ཀྱིས་སྐྱབས་མེད་སྡིག་བྱེད་བདག་ལ་སྐྱོབས། །བྱང་ཆུབ་སེམས་དཔའ་དེ་དག་རྣམས་ལ་སྐྱབས་སུ་མཆི་ཞེས་གསུང་སོ། །ཡོངས་སུ་བསྔོ་བའི་རྒྱལ་པོ་ལས་གསུངས་ པའི་ཆོགས་ཀྱང་བཤགས་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འདུས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །གང་བདག་མི་ཤེས་པའི་རབ་རིབ་ཀྱིས་ཁེབས་ཏེ། མུན་པར་གྱུར་ནས་ཚེ་འདི་འམ་སྐྱེ་བ་གཞན་ ནམ་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་བར་དུ། སངས་རྒྱས་དང་ཆོས་དང་དགེ་འདུན་ནམ་ཕ་མ་དང་བླ་མ་དང་ཡོན་གནས་སམ་མཁན་པོ་དང་སློབ་དཔོན་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ། ལུས་དང་ངག་དང་ཡིད་ཀྱིས་ ཉེས་པར་སྤྱད་པ་བགྱིས་པ་དང་བགྱིད་དུ་སྩལ་བ་དང་རྗེ་སུ་ཡི་རང་བར་གྱུར་པ་དང། སངས་རྒྱས་སམ་ཆོས་སམ་དགེ་འདུན་གྱི་འམ། ཕྱོགས་བཞིའི་དགེ་འདུན་གྱི་འདུ་བའི་སྒོ་ཆེན་པོ་འཕྲོག་པ་དང། འཕྲོག་ཏུ་སྩལ་བ་དང་རྗེ་སུ་ཡི་རང་བར་འགྱུར་བ་དང། སོ་སོར་ ཐར་པའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ལས་ལྟུང་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་བྱུང་བ་རྣམས་མཐོལ་ལོ་བཤགས་སོ། །རྣམ་པར་གཞིག་གོ། རབ་ཏུ་གཞོམ་མོ་སྨད་དོ། །བྱིས་པ་བླུན་པ་ལོག་པར་ལྟ་བར་ཞུགས་པ། འཁོར་བར་བྱིང་བའི་ནོངས་པ་ནོངས་ པར་གཟུང་དུ་གསོལ། །གང་བདག་གི་ཚེ་འདི་འམ་སྐྱེ་བ་གཞན་དུ་སྐྱེ་བ་བརྒྱ་འམ་ཁྲིའམ་སྟོང་ངམ་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། སངས་རྒྱས་འབྱུང་བ་མ་རུངས་པར་བགྱིས་པ་འམ། དམ་པའི་ཆོས་སྤངས་པའམ། མཚམས་ [112B] བགྱིད་དུ་སྩལ་བ་དང་རྗེ་སུ་ཡི་རང་བ་དང། ཆོས་ཆོས་མ་ལགས་པར་བསྟན་པ་དང། ཆོས་མ་ལགས་པ་ཆོས་སུ་བསྟན་པ་དང། བྱང་ཆུབ་ཀྱི་སེམས་བཏང་བ་དང། དགེ་བའི་བཤེས་གཉེན་མ་རུངས་པར་བགྱིས་པ་དང། དུད་འགྲོའི་བར་གྱི་སེམས་ཅན་གཅིག་ ཙམ་ལ་ཡང་འགལ་བ་བགྱིས་པ་དང་བགྱིད་དུ་སྩལ་བ་དང་རྗེ་སུ་ཡི་རང་བ་དང། སྒྲིབ་པ་གང་གིས་བསྒྲིབས་ནས་སའི་རྒྱུ་མི་འབྱུང་བ་དང། ཏིང་ངེ་འཛིན་གྱི་རྒྱུ་དང་གཟུངས་ཀྱི་རྒྱུ་དང། མངོན་པར་ཤེས་པའི་རྒྱུ་དང་སོ་སོ་ཡང་དག་པར་རིག་པའི་རྒྱུ་དང་རྫུ་འཕྲུལ་གྱི་རྐང་པའི་རྒྱུ་དང་ དབང་གི་རྒྱུ་དང། ཕ་རོལ་ཏུ་ཕྱིན་པའི་རྒྱུ་ནས། དེ་ལས་གཞན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་སྣང་བའི་བར་གྱི་རྒྱུ་མི་འབྱུང་བའི་ལས་ཀྱི་སྒྲིབ་པ་དང། རྣམ་པར་སྨིན་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་དེ་ཐམས་ཅད། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ འདུས་པ་ས་ཆེན་པོར་ཚུད་པ་ཡེ་ཤེས་ཆེན་པོ་བརྙེས་པ། ཐུགས་རྗེ་དང་ལྡན་པ་བྱམས་པ་དང་ལྡན་པ་ཕན་པར་བཞེད་པ་ཐགས་བརྩེ་བ་ཅན་སངས་རྒྱས་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་པ་དང། འགག་པ་མེད་པའི་ཆོས་དང་ལྡན་པ། འདས་པ་དང་མ་འོངས་པ་ དང་ད་ལྟར་བྱུང་བ་དེ་རྣམས་ཀྱི་སྦྱན་སྔར་མཐོལ་ལོ་བཤགས་སོ་རྣམ་པར་གཞིག་གོ་རབ་ཏུ་གཞོམ་མོ་སྨད་ད། །བྱིས་པ་བསླུན་པ་ལོག་པར་ལྟ་བར་ཞུགས་པ་འཁོར་བར་བྱིང་བའི་ནོངས་པ་ནོངས་པར་གཟུང་དུ་གསོལ། །ཞེས་སོ། །གསེར་འོད་དམ་པ་ལས་གསུངས་པའི་ཚོགས་ཀྱང་ བཤགས་པར་བྱ་སྟེ། སངས་རྒྱས་རྐང་གཉིས་དམ་པ་དག་ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་བགྱིས་པ་དེ། །སྟོབས་བཅུའི་སྤྱན་སྔར་ མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང། །སངས་རྒྱས་རྣམ་སུ་མི་འཛིན་དང། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང། །ཕྱུག་པའི་རྒྱགས་པས་དྲེགས་པ་དང། །རིགས་དང་ལོངས་སྤྱོད་རྒྱགས་པ་དང། །གཞོན་ [113A]༄༅། །པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང། །ཉེས་པའི་དམིག་སུ་མ་མཐོང་པས། །ཉེས་པར་བགྱིས་པའི་ལས་དང་ནི། །ཉེས་བར་བསམས་ཤིང་ཉེས་སྨྲས་པའི། །སྡིག་པ་བདག་གིས་གང་བགྱིས་དང། །བྱིས་པའི་བློ་ཡིས་འཇུག་པ་དང། ། མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང། །ཉོན་མོངས་རྣམ་པར་འཁྲུག་སེམས་དང། །རྩེད་མོ་དགའ་བའི་དབང་ཉིད་དང། །མྱ་ངན་དང་དང་ནི་ནད་དབང་དང། །ནོར་གྱིས་མི་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང། །འཕགས་མིན་སྐྱེ་བོ་ འདྲེ་བ་དང། །ཕྲག་དོག་སེར་སྣའི་སྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་བ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང། །ཕོངས་དང་རྒུད་པའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིག་རྒྱུ་དང། །ཕྱུགས་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང། །གཡེང་བའི་སེམས་ ཀྱི་དབང་ཉིད་དང། །འདོད་དང་ཁྲོ་བའི་དབང་དག་དང། །བཀྲེས་དང་སྐོམ་པས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང། །བཟའ་བ་དག་དང་བཏུང་བ་དང། །བུད་མེད་སྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང། ། ལུས་དང་ངག་དང་ཡིད་ཀྱི་སྡིག། ཉེས་བྱས་རྣམ་པ་གསུམ་བསགས་ནི། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆག་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང། །དེ་བཞིན་ཉན་ཐོས་རྣམས་ལ་ཡང། །གུས་པ་མ་ལགས་གང་བྱིས་པ། །དེ་དག་ ཐམས་ཅད་བདག་འཆག་སོ། །གང་ཡང་རང་སངས་རྒྱས་རྣམས་དང། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང། །གུས་པ་མ་ལགས་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་འཆག་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང། །གུས་པ་མ་ལགས་བགྱིས་པ་དང། །ཆོས་ ལའང་གུས་པ་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆག་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང། །ཕ་མ་རྣམས་ལ་མ་གུས་དང། །དེ་དག་ཐམས་ཅད་བདག་འཆག་སོ། །བླུན་པ་དང་ནི་བྱིས་པ་དང། །འདོད་ཆགས་ཞེ་སྡང་གཏི་ [113B] ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆག་སོ། །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་བརྩེར་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པར་རབ་ཏུ་བཟུང་དུ་གསོལ། །བདག་གིས་བསྐལ་པ་ བརྒྱ་རྣམ་སུ། །སྔོན་ཆད་སྡིག་པ་གང་བགྱིས་པས། །དེ་ཕྱིར་བདག་ནི་མྱ་ངན་སེམས། །ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱིད། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་སྤྱོད་བགྱིས་པ། །བདག་ནི་གང་དུ་འང་དགའ་མ་ མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པར་རབ་ཏུ་བཟུང་དུ་གསོལ། །བདག་གིས་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་ གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང། །ད་ལྟར་བདག་གི་སྡིག་པ་གང། །དེ་དག་ཐམས་ཅད་བདག་འཆག་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱིད་བསམ་པར་བགྱི། །བདག་གིས་ནོངས་པར་བགྱིད་ པ་གང། །སྡིག་དེ་བཅབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །ངག་གི་རྣམ་པ་གཞི་དག་དང། །ཡིད་ཀྱི་ལས་ནི་རྣམ་གསུམ་བོ། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང། །ལས་རྣམས་ བཅུ་པོ་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་འཆག་སོ། །བདག་གི་སྡིག་པའི་ལས་གང་དག། མི་འདོད་འབྲས་བུ་ཐོབ་བགྱིས་པ། །སངས་རྒྱས་སྤྱན་ས་པ་ །དེ་དག་ཐམས་ཅད་བཤགས་པར་བགྱི། །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་ བྱད་ །གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་གསུངས་པའོ། ༈ །གཉེན་པོའི་སྟོབས་ནི། གཉིས་པ་ཐེག་མཆོག་མདོ་ཟབ་ལ་སྦྱོར་དང། །ཆོས་ཀུན་ [114A]༄༅། །སྟོང་པ་ཉིད་ལ་འཇུག་པ་དང། །གསང་སྔགས་མཐུ་ཆེན་བཟླས་བརྗོད་བྱེད་པ་དང། །བདེ་གཤེགས་སྐུ་གཟུགས་བྱེད་དང་མཆོད་སོགས་སོ། །མདོ་སྡེ་ཟབ་མོ་ལ་བརྟེན་པ་ནི་རྡོ་རྗེ་གཅོད་པ་ལས། གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང་ འཛིན་པ་དང། ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དེ་དག་ནི་མནར་བར་འགྱུར། ཤིན་ཏུ་མནར་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་གི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་ཚེ་འདི་ལ་མནར་བས་བྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ ཆུབ་ཀྱང་འཐོབ་པར་འགྱུར་རོ་ཞེ་སོ། །སྟོང་པ་ཉིད་ལ་མོས་པ་ནི་དེ་བཞིན་གཤེགས་པའི་མཛོད་ལས་གང་གིས་ཕའང་ཡིན་ལ། རང་སངས་རྒྱས་ཀྱང་ཡིན་པ་གསོད་པ་དང། དཀོན་མཆོག་གསུམ་གྱི་དཀོར་བརྐུ་བ་དང། མའང་ཡིན་ལ་དགྲ་བཅོམ་པའང་ཡིན་པ་ལ་ལོག་ པར་སྤྱོད་པ་དང། སངས་རྒྱས་ལ་སྐུར་བ་འདེབས་པ་དང། འཕགས་པའི་དགེ་འདུན་ལ་མི་སྙན་པ་བརྗོད་པ་དང། འཕགས་པ་རྣམས་ལ་གནོད་པའི་ཚིགས་དང། ཆོས་འདོད་པ་རྣམས་གཡེང་བར་བྱེད་པ་དང། ཡང་དག་པར་སོང་བ་དག་གི་རྙེད་པ་འཕྲོག་པའི་སེམས་དང། མཚམས་ མེད་པ་བྱེད་པར་གཤོམ་པ་དང། ལྟ་བས་གཟིགས་པ་དང་བཅུ་ནི་སྲོག་གཅོད་པ་ལ་སོགས་པའི་ནང་ན་མ་རུངས་པ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའོ། །གལ་ཏེ་སེམས་ཅན་གཅིག་ཅིག་འདི་རྣམས་ཀུན་དང་ལྡན་པར་གྱུར་ལ། དེའང་དེ་བཞིན་ གཤེགས་པས་རྒྱུ་དང་རྐྱེན་དུ་ལྡན་པའི་ཆོས་བསྟན་པ་ལ་འཇུག་སྟེ། འདི་ལ་བདག་གམ་སེམས་ཅན་ནམ། སྲོག་གམ་གང་ཟག་གམ། གང་བྱེད་པའམ། གང་མྱོང་བ་ནི་འགའ་ཡང་མེད་དོ་སྙམ་ནས་ཆོས་ཐམས་ཅད་ཀྱི་བྱས་པ་མེད་པ་དང་མངོན་པར་འདུ་བྱ་བ་མེད་པ་དང་སྒྱུ་ མ་ལྟ་བུ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ལ་འཇུག་ཅིང་ཆོས་ཐམས་ཅད་གཟོད་མ་ནས་དག་པར་ཡིད་ཆེས་ཏེ་མོས་ན། སེམས་ཅན་དེ་ངན་སོང་དུ་འགྲོ་བར་ང་མི་སྨྲའོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་ [114B] བྱང་ཆུབ་སེམས་དཔའ་ལྟུང་བ་ལ་ལྟུང་བ་མ་ཡིན་པར་མཐོང་བ་དང། འདུལ་བ་མ་ཡིན་པ་ལ་འདུལ་བར་མཐོང་བ་དང། ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་མཐོང་བ་དང། འཁོར་བའི་ཁམས་ལ་མྱ་ངན་ལས་འདས་པའི་དབྱིང་སུ་མཐོང་བ་དེས་ལས་ཀྱི་སྒྲིབ་པ་ རྣམ་པར་དག་པ་འཐོབ་བོ་ཞེས་གསུང་སོ། །རྨི་ལམ་བསྟན་པ་ལས་ཀྱང། མ་སྐྱེས་དགྲ་ཡིས་ཕ་ནི་བསད་གྱུར་ཅིང། །དེ་བཞིན་གཤེགས་པ་བཀྲོངས་པའི་སྦྱོར་བྱས་ཀྱང། །དེ་སེམས་གཅིག་གིས་ངན་འགྲོ་རྣམ་གྲོལ་ན། །གང་ཟག་དམ་པ་གང་ཡིན་སྨོས་ཅི་དགོས། །སེམས་ཀྱིས་ འཆིང་བར་བྱེད་ཅིང་གྲོལ་བྱེད་པས། །ལུས་སེམས་འདི་ལ་ངེས་པ་ཅ་ཡང་མེད། །ལུས་ཀྱི་འདུ་འཇི་མཐོང་ནས་གཤེ་མ་བྱེད། །ཕ་རོལ་དག་ལ་མ་སྨྲ་ལུས་སྦྱོངས་ཤིག་ཅེ་སོ། །གསང་སྔགས་བཟླས་པ་བྱ་བ་ནི་དམ་ཚིག་གསུམ་གྱི་རྒྱལ་པོ་ལས་མིག་བཙུམས་ལ་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་སེམས་ཀྱིས་ཡི་གེ་བརྒྱ་པ་ལན་སྟོང་ཕྲག་བརྒྱད་བཟླས་བརྗོད་བྱས་ན། མིག་བཙུམས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར། སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཡང་ན་མཆོད་རྟེན་ལ་སྐོར་བ་ བྱེད་ཅིང་སྟོང་ཕྲག་བརྒྱད་བཟླས་པ་བྱའོ། །སྐུ་གཟུགས་དང་དམ་པའི་ཆོས་ཀྱི་གླེགས་བམ་གང་ཡང་རུང་བ་ཞིག་མདུན་དུ་བྱས་ནས་ཀྱང་ཆོ་ག་ནི་འདི་ཉིད་དོ་ཞེས་སོ། །སྐུལ་བྱེད་ཀྱི་གཟུགས་ལས་ཀྱང་ཇི་སྲིད་དུ་སྡིག་པ་བྱང་བའི་མཚན་མ་བྱུང་བ་དེ་སྲིད་དུ་བཟླས་པ་བྱ་སྟེ། རྨི་ལམ་ན་ཟས་ ངན་ཡ་སྐྱུག་པ་དང། ཞོ་དང་པོ་མ་ལ་སོགས་བ་འཐུང་བ་དང་སྐྱགས་པ་དང་ཉི་མ་དང་ཟླ་བ་མཐོང་བ་དང། ནམ་ཁའ་ལ་འགྲོ་བ་དང། མེ་འབར་བ་དང། མ་ཧེ་དང་མི་ནག་པོ་ཐུབ་པ་དང། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང། འོ་མ་འབྱུང་བའི་ཤིང་དང་གླང་པོ་དང་ཁྱུ་ མཆོག་དང་རི་དང་སེངྒེའི་ཁྲི་དང་ཁང་བཟང་གི་སྟེང་དུ་འཛེག་པ་དང། ཆོས་ཉན་པ་རྨིས་ན་སྡིག་པ་དང་བྲལ་བར་འགྱུར་ཏེ། སྡིག་པ་བྱང་བར་ཤེ་སོ། །ཞེས་གསུང་སོ། །དཔུང་བཟང་གིས་ཞུས་པ་ལས་ཀྱང། སོ་གནགས་མེས་མཆེད་པའི་མེ་ལྕེ་ཡིས། །མ་སྒྲིམས་བཞིན་དུ་ཚང་ [115A]༄༅། །ཚིང་ཀུན་བསྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེག། ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་ བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཕྱུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་བཞིན། །ཚེ་རབས་སྟོང་ནས་བསགས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཅེས་གསུང་སོ་ སྐུ་གཟུགས་བྱེད་པ་ནི་དེ་བཞིན་གཤེགས་པའི་གཟུངས་ཀྱི་ལེའུ་ལས་དཔེར་ན་མི་ཞིག་ངན་སྐྱུགས་ཀྱིས་རེག་པ་ལས་ལེགས་པར་བཀྲུས་ཏེ། སྤོས་བྱུགས་ན་དེའི་དྲི་ང་བ་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་ངེ་བཞིན་བཤེགས་པལ་དད་པ་རྙེད་ནས་སྐུ་གཟུགས་ བྱེད་ན་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔའི་སྡིག་པ་ཡང་བྱང་སྟེ་མེ་མངོན་པར་འགྱུར་རོ། །བྱེ་བྲག་ཏུ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང་ཁྱིམ་གྱིས་གནས་ནས་བྱུང་བ་ཚུལ་ཁྲིམས་དང་ལྡན་པའི་སྡིག་པ་བྱང་བར་འགྱུར་རོ་ཞེ་སོ། །སངས་རྒྱས་ལ་ མཆོད་པ་བྱེད་པ་ནི་མེ་ཏོག་བརྩེགས་པའི་གཟུངས་ལས། གང་གིས་སངས་རྒྱས་ལ་ལོ་བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང། ཡང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་གང་གིས་སངས་རྒྱས་མཆོད་པའི་ཕྱིར་དེ་ཡོངས་སུ་མྱ་ ངན་ལས་འདས་པའི་མཆོད་རྟེན་ལ་མེ་ཏོག་འགའ་འབུལ་ལམ། ཆུ་སྙིམ་པ་གང་ཙམ་འཐོར་རམ། བྱུག་བའི་ཐིག་ལ་འདྲི་འམ་མེ་ཏོག་ཉལ་ཉིལ་འཆག་གམ། བྱུག་སྤོས་དང་མར་མེ་ལ་སོགས་པ་ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་གར་ སྟབས་འགའ་བོར་ཏེ་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་དེ་དག་ནི་བསྐལ་པ་བརྒྱ་ཕྲག་སྟོང་དུ་མྱ་ངན་འགོར་འགྲོ་བའི་གནས་མེད་དོ་ཞེ་སོ། །སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་མདོ་ལས། གང་དག་བསླབ་པའི་གཞི་འགའ་ཞིག་བཟུང་བ་དེ་ལས་ཉམས་ཏེ་ངན་སོང་ [115B] །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་འཛིན་པ་ནི་ཡང་མདོ་སྡེ་ལས། སངས་རྒྱས་དེའི་མཚན་སུའི་ རྣ་ལམ་དུ་གྲགས་པ་དེ་ངན་སོང་དུ་འགྲོ་བ་ནི་གནས་མེད་དེ་གོ་སྐབས་མ་ཡིན་ནོ། །ཀུན་དགའ་བོ་སངས་རྒྱས་ཀྱི་སྤྱོད་ཡུལ་དི་ཡིད་ཆེས་བར་དཀའོ། །ཁྱོད་དད་ཅིང་ཡིད་ཆེས་པ་ནི་སངས་རྒྱས་ཀྱི་མཐུའོ། །བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་མ་གཏོགས་ པར་འདི་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་ནོ། །གང་དག་བསྙེན་གནས་ལ་གནས་ཏི་ལོ་གཅིག་གམ་ཟླ་བ་གསུམ་དུ་བསླབ་པའི་གཞི་འཛིན་ཅིང། བདག་གི་དགེ་བའི་རྩ་བ་འདིས་ནུབ་ཕྱོགས་ཀྱི་སངས་རྒྱས་ཚེ་དཔག་མེད་ཀྱི་ཞིང་བདེ་བ་ ཅན་དུ་སྐྱ་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པ་དེས་སངས་རྒྱས་འདིའི་མཚན་ཐས་ན་དེ་འཆི་བའི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་རྫུ་འཕྲུལ་གྱིས་ལྷགས་ནས་ལམ་བསྟན་ཏེ། དེར་པད་མ་ལས་བརྫུས་ཏེ་སྐྱེའོ་ཞེ་སོ། །འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ ཏན་བཀོད་པ་ལས་ཀྱང། ཡི་ཤེས་བླ་མ་འོད་ཀྱི་ཏོག། དེ་བཞིན་སྨོན་ལམ་བློ་གྲོས་དང། །དབང་པོ་ཞི་དང་འཇམ་དབྱངས་ལ། །བདག་ནི་གུས་པར་ཕྱག་འཚལ་ལོ། །སུ་ཞིག་བྱང་ཆུབ་སེམས་དཔའ་འདི་དག་གི་མིང་འཛིན་པ་དེ་ནི་ངན་སོང་དུ་མི་འགྲོའོ། །བུད་མེད་དུ་མི་འགྱུར་རོ་ ཞེ་སོ། །ཉེས་པ་ལས་ལྡོག་པའི་སྟོབས་ནི། གསུམ་པ་ཉེས་སྤྱོད་མ་ལུས་སྡོམ་བ་ཡིས། །སྔར་སྤྱོད་རྣམས་ཀྱང་ཟད་བྱེད་སྟོབས་བརྟེན་པའོ། །ཕྱིན་ཆད་སྡོམ་པ་དམ་དུ་འཛིན་པས་སྟོབས། གསུམ་པོ་དག་ཀྱང་བརྟེན་པར་བྱེད་པ་སྟེ། འདི་མེད་ན་ནི་བཤགས་པའང་ཚིག་ཙམ་ རིང་པོར་ཟད་པའི་ཕྱིར། །སའི་སྙིང་པོའི་མདོ་ལས་སྲོག་གཙེད་པ་སྤོང་བ་ནི་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་སྟེ། །དགེ་བའི་ལས་དེས་སྔོན་གྱི་མཐའ་ནས་འཁོར་བའི་ཆུ་བོས་ཁྱེར་ཏེ་སྲོག་གཅོད་པའི་ལས་ཀྱི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་དང་ཆོས་ཀྱི་ [116A]༄༅། །སྒྲིབ་པ་བྱས་པ་དང་བྱེད་དུ་བཅུག་པ་དང་རྗེས་སུ་ཡི་རང་བ་ཐམས་ཅད་འཇོམས་ཏེ་མ་ལུས་པར་ཟད་པར་བྱེད་དོ། །དེ་ལ་རིགས་མཐུན་པའི་ལྷ་དང་མི་རྣམས་དགའ་བར་འགྱུར་རོ། །ནད་མེད་ཅིང་ཚེ་རིང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ༈ ། རྟེན་གྱི་སྟོབས་ནི། བཞི་པ་སྐྱབས་འགྲོ་སེམས་བསྐྱེད་བརྟན་པ་ཡི། །རྟེན་ལས་བརྫི་བ་མེད་པའི་གནས་ཐོབ་ཡིན། །རྟེན་གཉིས་ལ་བརྟེན་པ་ནི་ཆོས་ཉིད་ཀྱིས་སྡིག་པས་མི་བརྫི་བའི་གནས་ལ་གནས་པའི་ཕྱིར་རོ། །ཕག་གི་རྟོགས་པ་བརྗོད་པ་ལས། གང་དག་སངས་རྒྱས་སྐྱབས་དོང་ པ༑ ༑དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་འཐོབ་བོ། །ཆོས་དང་དགེ་འདུན་ལའང་དེ་ཁོ་ན་ལྟར་བཏོན་ཏོ། །སྡོང་པོ་བཀོད་པ་ལས། བྱང་ཆུབ་ཀྱི་སེམས་ནི་ཉེས་པར་བྱས་པ་ཐམས་ཅད་བསྲེག་པས་བསྐལ་པའི་མེ་ལྟ་བུའོ། །མི་དགེ་ བའི་ཆོས་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ། །ཡང་དཔེར་ན་དངུལ་ཆུའི་རིགས་གསེར་དུ་སྣང་བ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་དེ་ཙམ་གྱིས་ཀྱང་ལྕགས་སུ་བྱ་བའམ་ཟད་པར་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ ཀྱི་དངུལ་ཆུའི་ཁམས་དགེ་བའི་རྩ་བ་བསྔོ་བ་དང་ཡེ་ཤེས་ཀྱིས་བཟུང་བ་གཅིག་གིས་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ་ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་ཁ་དོག་དུ་བྱེད་ཀྱང་སེམས་བསྐྱེད་པ་གཅིག་པོ་དེ་ནི་དེ་དག་གིས་ཉོན་མོངས་ཅན་དུ་བྱ་ བའམ་ཟད་པར་མི་ནུས་སོ། །དཔེར་ན་མར་མེ་གཅིག་ཁང་པ་ཅི་ལྟ་བུར་བཅུག་ཀྱང་རུང། དེ་མ་ཐག་ཏུ་ལོ་སྟོང་བསགས་པའི་མུན་པ་སེལ་ཅིང་སྣང་བར་བྱེད་དོ། །བྱང་ཆུབ་ཀྱི་སེམས་ཀྱི་མར་མེ་གཅིག་གིས་ཀྱང་སེམས་ཅན་གྱི་བསམ་པའི་འཐིབས་པོ་མ་རིག་པའི་མན་ནག་དང་ལྡན་ པར་ཞུགས་མ་ཐག་ཏུ་བསྐལ་པ་བརྗོད་དུ་མེད་པར་བསགས་པའི་ལས་དང་ཉོན་མོངས་པའི་མུན་པ་ཐམས་ཅད་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་བསྐྱེད་དོ། །དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ [116B] ༑བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་རིན་པོ་ཆེའི་ཅོད་པཎ་ཐོགས་པ་ལ་ཡང་ངན་སོང་དང་ངན་འགྲོས་གནོད་པའི་འཇིགས་པ་མེད་དོ་ཞེས་སོ། །ཉེ་བར་འཁོར་གྱི་ཞུས་པ་ལས་ཀྱང། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟུང་བ་ནི་ཉིན་མཚན་གྱི་སུམ་ཆ་ སུམ་ཆའི་ནང་དུ་གཉེན་པོས་ཟིན་ན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་གསུངས་སོ། ༈ །བསོད་ནམས་ཆེན་པོ་འཛིན་ཅིང་སྡིག་པ་ཆེན་པོ་སྦྱོང་བ་གཉི་ག་བསྒྲུབ་པ་ནི་ཕུང་པོ་གསུམ་པའི་བྱ་བ་ལ་འཇུག་པ་སྟེ། གཞན་ཡང་དགེ་བ་རྒྱ་ཆེན་སྤེལ་བ་སྟེ། །སྡིག་པ་མ་ལུས་ཡོངས་སུ་སྦྱང་བ་ ཡིས༑ ༑དོན་ཆེན་བསྒྲུབ་ཕྱིར་ཕུང་པོ་གསུམ་པ་ཡིས། །བྱ་བས་ཡན་ལག་བདུན་སོགས་རབ་རྫོགས་བྱ། །དེ་ལ་ཕུང་པོ་གསུམ་ནི་སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། སངས་རྒྱས་ལ་གསོལ་བ་སྟེ་བསོད་ནམས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ། །དྲག་ཤུལ་ཅན་གྱིས་ ཞུས་བ་ལས། ཉིན་ལན་གསུམ་མཚན་ལན་གསུམ་གཙང་བ་དང་གོས་གཙང་མ་བགོས་ཏེ་ཕུང་པོ་གསུམ་པ་བཀླག་པར་བྱའོ་ཞེས་སོ། །ཕུང་པོ་གསུམ་པ་ཉིད་ལས་ཀྱང་སྡིག་པ་བཤགས་པ་ཁ་ན་མ་ཐོ་བ་མེད་པ་ལ་སོགས་པ་གསུམ་རྒྱ་ཆེར་གསུངས་པའོ། །དེ་དག་ཀྱང་བཟང་པོ་སྤྱོད་པ་ལ་ ལོགས་པ་ལས་ཡན་ལག་བདུན་དུ་གསུངས་པ་ཉིད་དེ། ཕྱག་དང་མཆོད་པ་ནི་སྡིག་པ་བཤགས་པའི་སྔོན་དུ་བྱ་བ་ཉིད་དོ། །བསྐུལ་བ་དང་གསོལ་བ་ནི་རྗེས་སུ་མཐུན་པ་ཉིད་དོ། །བསྔོ་བ་ནི་དེ་རྣམས་ཀྱི་འབྲས་བུ་མཆོག་ཏུ་བསྒྱུར་བའི་ཡན་ལག་གོ་དེས་ན་འདི་གསུམ་ནི་གཙོ་བོ་ལས་རྣམ་པར་ བཞག་པར་ཟད་དོ། །ཡང་འདི་རྣམས་ཉིད་ལ་སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་དང། གསོལ་བ་གདབ་པ་དང། རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་བཞི་ལས་སངས་རྒྱས་མྱུར་དུ་འཐོབ་པའི་ཐབས་ལ་མཁས་པ་ཡང་གསུངས་ཏེ། མདོར་ན་རང་དང་གཞན་གྱི་འདོད་པའི་དོན་ཐམས་ཅད་འགྲུབ་ ཅིང། གནོད་པ་དང་སྡུག་བསྔལ་ཐམས་ཅད་སེལ་བའི་རྒྱུའི་དམ་པ་ནི་འདི་དག་ལ་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་སྦྱོར་བས་མང་དུ་བྱེད་པ་ཉིད་དོ། །དེས་ན་ཆོས་ཀྱི་སྒོ་འདི་ལས་ལས་གཞན་མེད་པ་ལྟ་བུར་བྱེད་པས་ཀྱང་དོན་ཐམས་ཅད་འགྲུབ་པར་ཡིད་ཆེས་པར་བྱའོ། །ལས་ཀྱི་སྒྲིབ་པ་རྒྱུན་ [117A]༄༅། །གཅོད་པ་ལས་གསུངས་པ་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའམ་ཐེག་པ་ཆེན་པོ་ལ་ཞུགས་པའམ་གཞན་ཡང་རུང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འདོད་པས་ཉིན་ལན་གསུམ་ མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་ནས། འདི་སྐད་དུ་སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་ཐུགས་བརྩེ་བ་དང། སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་ དང་བདེ་བའི་སླད་དུ། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ། ཆོས་ཀྱི་འཁོར་ལོ་སྟོན་པ། ཆོས་ཀྱི་ཚུལ་རབ་ ཏུ་འཛིན་པ། ཆོས་ཀྱི་སྦྱིན་པ་མཛད་པ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་པ། ཆོས་ཀྱི་ཆར་འབེབ་པ། ཆོས་ཀྱི་རྔ་བརྡུང་བ། ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་བརྡུང་བ། ཆོས་ཀྱི་དུང་རབ་ཏུ་འབུད་པ། ཆོས་ཀྱི་སྲོག་ཤིང་བསྒྲེང་བ། སེམས་ཅན་ཐམས་ཅད་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ་ ཉམ་བག་ཏུ་སྤྱོད་དུ་འཛུད་པར་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་མཆོད་པའི་གནས། ཕྱག་བགྱི་བའི་གནས། རི་མོ་བགྱི་བའི་གནས། མཁྱེན་པར་གྱུར་པ། སྤྱན་དུ་གྱུར་པ། དབང་དུ་གྱུར་པ་ཚད་མར་གྱུར་པ་ མཁྱེན་པ་དང་ལྡན་པ་གཟིགས་པ་དང་ལྡན་པ་དེ་དག་ལ་བདག་མགོ་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་ལོ། །ཐོག་མ་དང་ཐ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ་བདག་འདོད་ཆགས་ཀྱིས་གཟིར་བ་དང་ཞེ་སྡང་གིས་གཟིར་བ་དང། གཏི་མུག་གིས་གཟིར་བའི་ལུས་དང་ ངག་དང་ཡིད་ཀྱི་ལས་ཀྱི་སྒྲིབ་པ་གང་ལགས་པ། སངས་རྒྱས་སུ་མ་འཚལ་བ་དང། ཆོས་སུ་མ་འཚལ་བ་དང། དགེ་འདུན་དུ་མ་འཚལ་བ་དང། སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང། དམ་པའི་ཆོས་སྤངས་པ་དང། དགེ་འདུན་གྱི་དབྱེན་བགྱིས་པ་དང། ཕ་མ་བསད་པ་ [117B] ལུས་ཀྱི་ལས་གསུམ་དང་ངག་གི་ལས་བཞི་དང་ཡིད་ཀྱི་ལས་རྣམ་པ་གསུམ་སྟེ་མི་དགེ་བ་བཅུའི་ལས་ཀྱི་ལམ་བགྱིས་པ་དང་བགྱིད་དུ་སྩལ་བ་དང། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང། སོ་ སྐུར་པ་གཏབ་པ་དང། སྲང་ལ་གཡོ་བགྱིས་བ་དང་གཞལ་བ་ལ་གཡོ་ བགྱིས་པ་དང། འགྲོ་བ་དྲུག་ཏུ་འཁོར་བར་འཁོར་བ་ན་ཕ་དང་མ་མི་དགའ་བར་བགྱིས་པ་དང། གང་ཟག་འགའི་འམ་མཆོད་རྟེན་གྱི་འམ་དགེ་འདུན་གྱིའམ་ཕྱོགས་བཞིའི་དགེ་འདུན་གྱི་ནོར་བརྐུས་པའམ། ཇི་ལྟར་བསླབ་པའི་གཞི་བཅས་པ་རྣམས་ཀྱི་འདུལ་བ་དང་འགལ་བར་བགྱིས་ པའམ། མཁན་པོ་དང་སློབ་དཔོན་གྱི་བསྒོ་བ་མ་མཉན་པ་དང། ཉན་ཐོས་ཀྱི་ཐེག་པའམ་རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། དེ་ལས་གཞན་པའི་སེམས་ཅན་ལ་མི་སྙན་པ་བགྱིས་པའམ། སྤྱོས་པའམ་བརྡེགས་པའམ། དེ་དག་ལ་ཐ་ བ་དང་ཞེ་སྡང་བསྐྱེད་པའམ། ཕྲག་དོག་དང་སེར་སྣའི་སེམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཚིག་རྩུབ་མོས་སྨྲས་པའམ། ཆོས་ལ་ཆོས་མ་ལགས་པ་དང། ཆོ་ལ་ལ་ལགས་པ་ལ་ཆོས་ཞེས་བགྱིས་བ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་ གྱུར་པ། སྤྱན་དུ་གྱུར་པ་དབང་དུ་གྱུར་པ། ཚད་མར་གྱུར་པ་མཁྱེན་པ་དང་ལྡན་པ་གཟིགས་པ་དང་ལྡན་པ་དེ་དག་གི་སྤྱན་སྔར། སོ་སོར་འཆགས་སོ། །མཐོལ་ལོ། མི་འཆབ་བོ། སླན་ཆད་ཀྱང་མི་བགྱིད་དོ། །བདག་ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་སེམས་ཅན་དམྱལ་བ་དང་ དུད་འགྲོ་དང་ཡི་དྭགས་དང། ལྷ་མ་ཡིན་གྱི་ཚོགས་ཀྱི་ནང་དུ་འཆི་པར་འགྱུར་བ་དང། སངས་རྒྱས་དང་ཆོས་དང་དགེ་འདུན་མཉེས་པ་བགྱིད་པར་མི་འགྱུར་བ་དང། མི་ཁོམ་པ་རྣམས་སུ་སྐྱེ་བར་འགྱུར་བའི་ལས་དེ་ལུས་འདི་ཉིད་ལ་སྨིན་ཏེ་གཞན་དུ་མྱོང་བར་མི་འགྱུར་བར་ ཤོག་ཤིག་དེའང་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་གྱུར་པ། སྤྱན་དུ་གྱུར་པ། དབང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ་དང་ལྡན་པ་གཟིགས་པ་དང་ལྡན་པ་དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ་མཐོལ་ལོ་མི་འཆབ་བོ་སློན་ །ཇི་ལྟར་སྔོན་གྱི་ [118A]༄༅། །བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་སྔོན་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང་མ་བཅབས་པ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མི་འཆབ་བོ་སློན་ །ཇི་ལྟར་མ་འོངས་པའི་ བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་ཀྱི་ཕྱིར་སྤྱོད་བ་ན་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་པར་འགྱུར། མི་འཆབ་པར་འགྱུར་བ་དེ་བཞིན་དུ་བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ་མཐོལ་ལོ་མི་འཆབ་པོ་སློན་ །ཇི་ལྟར་ད་ལྟར་བྱུང་ བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་ལས་ཀྱི་སྒྲིབ་པ་རྣམས་འཆགས་པ་དང་མི་འཆབ་པ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་བོ་སློན་ །ཇི་ལྟར་འདས་པ་དང་མ་འོངས་པ་དང་ད་ ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་པ་དང་འཆགས་པར་འགྱུར་བ་དང། མ་བཅབས་པ་དང་མི་འཆབ་པར་འགྱུར་པ་དང་མི་འཆབ་པ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་ས་སོར་ འཆགས་སོ་མཐོལ་ལོ་མི་འཆབ་བོ་སློན་ །གང་དག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་གང་འདོད་པས་དེ་བཞིན་དུ་སོ་སོར་བཤགས་པར་བྱའོ། །མི་བཅབས་པར་བྱའོ། །ཕྱིན་ཆད་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ ཆོས་ཐམས་ཅད་སྟོང་པ་དང་བདག་མེད་པ་དང་མ་སྐྱེས་པ་དང་མ་འགགས་པ་དང་འདུས་མ་བྱས་པར་གསུངས་པའི་ཕྱིར་རོ། །སུ་ལ་ལ་དག་ཆོས་ཐམས་ཅད་བདག་མེད་པའི་མཐའི་ཆོས་ཀྱི་ཚུལ་འདི་ལ་འཇུག་བ་ནི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའོ། །རྗེས་སུ་ཡི་རང་བའི་ཕུང་པོ་ནི་ ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་རྗེས་སུ་ཡི་རང་བར་བྱ་བ་ནི་ཉིན་ལན་གསུམ་མཚན་ལན་གསུམ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ [118B] ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བགྱིས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ ཡི་རང་ངོ། །རྗེས་སུ་ཡི་རང་བ་དམ་པ་དང་གཙོ་བོ་དང་ཁྱད་པར་ཅན་དང་རབ་དང་ཕུལ་དང་གྱ་ནོམ་པ་དང་བླ་མ་དང་བླ་ན་མེད་པ་དང་ལྷག་པ་མེད་པ་དང་མཉམ་པ་མེད་པ་དང། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་སུ་ དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང། ཚུལ་ཁྲིམས་ལས་བྱུང་བ་དང། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བགྱིད་པར་འགྱུར་བ་དང། མངོན་པར་འདུ་བགྱིས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ ཡི་རང་ངོ། །རྗེས་སུ་ཡི་རང་བ་དམ་པ་དང་གཙོ་བོ་དང་ཁྱད་པར་ཅན་དང་རབ་དང་ཕུལ་དང་གྱ་ནོམ་པ་དང་བླ་མ་དང་བླ་ན་མེད་པ་དང་ལྷག་ན་མེད་པ་དང་མཉམ་པ་མེད་པ་དང་མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ། །བྱང་ཆུབ་སེམས་དཔའ་གང་དག་ད་ལྟ་ན་སེམས་དང་པོ་བསྐྱེད་པ་དེ་ དག་གིས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང། བྱང་ཆུབ་སེམས་དཔའ་བསྐལ་པ་བརྒྱས་ངེས་པར་བྱུང་བ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང། ཕྱིར་མི་ལྡོག་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བ་ མཆོག་གིས་རྗེས་སུ་ཡི་རང་ངོ། །རྗེས་སུ་ཡི་རང་བ་དམ་པ་ནས་མི་མཉམ་པ་དང་མཉམ་པའི་བར་གྱི་རྗེས་སུ་ཡི་རང་ངོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་མངོན་པར་འདུ་བགྱིས་པ་གང་ [119A]༄༅། །ལགས་པ་དེ་ཐམས་ཅད་ལའང་རྗེས་སུ་ཡི་རང་བ་མཆོག་ནས་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ། །བྱང་ཆུབ་སེམས་དཔའ་གང་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་ པར་འདུ་བགྱིད་པར་འགྱུར་བ་དང་ད་ལྟར་མངོན་པར་འདུ་བགྱིད་པ་གང་ལགས་པ་དེ་དག་ཐམས་ཅད་ལའང་རྗེས་སུ་ཡི་རང་བ་མཆོག་ནས་མི་མཉམ་པ་དང་མཉམ་པའི་བར་གྱི་རྗེས་སུ་ཡི་རང་ངོ། །སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང། སྐྱེ་ བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བ་བཞི་བའི་སླད་དུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་ འཁོར་ལོ་བསྐོར་བ་དང། ཆོས་ཀྱི་འཁོར་ལོ་སྟོན་པ་དང། ཆོས་ཀྱི་ཚུལ་རབ་ཏུ་འཛིན་པ་དང་ཆོས་ཀྱི་སྦྱིན་པ་མཛད་པ་དང་ཆོས་ཀྱི་སྒྲོན་མ་འབར་བར་མཛད་པ་དང། ཆོས་ཀྱི་ཆར་རབ་ཏུ་ཕབ་པ་དང་ཆོས་ཀྱི་རྔ་བོ་ཆེ་བརྡུངས་པ་དང་ཆོས་ཀྱི་ ཆོས་ཀྱི་སྲོག་ཤིང་བསྒྲེངས་ པ་དང་སེམས་ཅན་ཐམས་ཅད་ཆོས་ཀྱི་སྦྱིན་བས་ཚིམ་པར་མཛད་པ་དང་ཉམ་བག་ཏུ་སྤྱོད་དུ་འཛུད་པ་གང་ལགས་པ་དང། དེ་ལ་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་གང་ལགས་པ་ དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བ་མཚོག་ནས་བླ་ན་མེད་པའི་བར་གྱིས་རྗེས་སུ་ཡི་རང་ངོ། །མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་གང་དག་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་ཉམ་བག་ཏུ་སྤྱོད་དུ་འཛུད་པར་འགྱུར་བའི་ གང་ལགས་པ་དང། དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་དང་དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་གང་ལགས་པ་དེ་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བ་མཆོག་ནས་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ། ། [119B] དེ་ལ་ཉན་ཐོས་ཀྱི་ཐེག་པ་པ་ལ་སོགས་པ་འམ་དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དགེ་ བའི་རྩ་བ་བསྐྱེད་བ་ཐམས་ཅད་ལའང་རྗེས་སུ་ཡི་རང་བ་མཆོག་ནས་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ། །བསྐུལ་བའི་ཕུང་པོ་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའམ་ད་ལས་གཞན་ཡང་རུང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་འདོད་པས་ཉིན་ལན་གསུམ་མཚན་ལན་གསུམ་མཚན་ལན་གསུམ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་ གྱི་ཁམས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ནས་ཆོས་ཀྱི་འཁོར་ལོ་བསྐར་བར་བསྐུལ་གྱི། སངས་རྒྱས་བཅོམ་ལྡན་འདས་དེ་དག་ གིས་སྐྱེ་བོ་མང་པོ་ལ་སྨན་པ་དང་བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང། སྐྱེ་བོ་ཕལ་པོ་ཆ་དང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཆོས་ཀྱི་འཁོར་ལོ་བསྟན་དུ་གསོལ། ཆོས་ཀྱི་ཚུལ་རབ་ཏུ་བཟུང་དུ་ གསོལ། ཆོས་ཀྱི་སྦྱིན་པ་མཛད་དུ་གསོལ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་དུ་གསོལ། ཆོས་ཀྱི་ཆར་དབབ་ཏུ་གསོལ། ཆོས་ཀྱི་རྔ་བརྡུང་དུ་གསོལ། ཆས་ཀྱི་རྔ་བོ་ཆེ་བརྡུང་དུ་གསོལ། ཆོས་ཀྱི་དུང་འབུད་དུ་གསོལ། ཆོས་ཀྱི་སྲོག་ཤིང་བསྒྲེང་དུ་གསོལ་ཞེས་བརྗོད་དོ། །ཡང་ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་འདི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྐུ་ཚེའི་འདུ་བྱེད་བཏང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ [120A]༄༅། །ལ་ཕྱག་འཚལ་ནས་གསོལ་བ་འདེབས་ཀྱི། སངས་རྒྱས་བཅོམ་ལྡན་འདས་དེ་དག་སྐྱེ་བོ་མང་པོ་ལ་སྨན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང་སྐྱེ་བོ་ཕལ་བོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་ འཁོར་ལོ་ནི་རབ་ཏུ་བསྐོར། ཆོས་ཀྱི་སྒྲོན་མ་ནི་འབར་བར་མཛད། ཆོས་ཀྱི་ཆར་ནི་རབ་ཏུ་འབབས། ཆོས་ཀྱི་ཆར་ནི་རབ་ཏུ་གཏོང། ཆོས་ཀྱི་རྔ་ནི་རབ་ཏུ་བརྡུང། ཆོས་ཀྱི་དུང་ནི་རབ་ཏུ་འབུད། ཆོས་ཀྱི་སྲོག་ཤིང་ནི་བསྒྲེང། ཆོས་ཀྱི་སྒྲོན་མ་ནི་མཆེད་པར་མཛད། སེཾན་ཐཾད་ཆོས་ཀྱི་སྦྱིན་པས་ནི་ཚིམ་པར་མཛད། ཉམ་བག་ཏུ་ནི་སྤྱོད་དུ་འཛུད་པར་མཛད་ཅིང་རེ་ཤིག་བཞུགས་སུ་གསོལ། གསོལ་བ་གདབ་པའི་ཕུང་པོ་འདི་འང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་སྟེ། ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དེ་བཞིན་དུ་འདི་ཡོངས་སུ་བསྔོའོ་ཞེས་བརྗོད་དོ། ། བསྔོ་བ་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པའི་བྱང་ཆུབ་འདོད་པས་ཉིན་ལན་གསུམ་མཚན་ལན་གསུམ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བར་འཁོར་ བའི་ཚེ་བདག་གིས་དགེ་བའི་རྩ་བ་མངོན་པར་འདུ་བགྱིས་པར་གྱུར་པ། སངས་རྒྱས་སམ་ཆོས་སམ་དགེ་འདུན་ན་མ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་སམ་སེམས་ཅན་གཞན་ལའང་རུང་སྟེ། ཟན་ཆངས་གཅིག་ཙམ་སྩལ་བར་གྱུར་པ་དང། འཆགས་པ་གང་ལགས་པ་དང་ གསོལ་བ་གདབ་པ་དང། སྐྱབས་སུ་མཆི་བ་གང་ལགས་པ་དང། བསླབ་པའི་གཞི་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང། སོ་སོར་འཆགས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བགྱི་བའི་དངོས་པོ་གང་ལགས་པ་དང་ གསོལ་བ་གདབ་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དེ་ཐམས་ཅད་གཅིག་ཏུ་བསྡུས། གཞལ་བཟླུམས་ཏེ། སེམས་དུལ་ཞིང་རྣམ་པར་གྲོལ་བ་དང་གཟུང་བ་མ་མཆིས་པས་སེམས་ཅན་ཐམས་ཅད་ལ་སྩལ་ཏོ། །ཇི་ལྟར་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅན་ཐམས་ཅད་ [120B] སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཡེ་ཤེས་ཆགས་པ་མི་མངའ་བས་ཇི་ལྟར་མཁྱེན་པ་དེ་ལྟ་བུས་བདག་གིས་དགེ་བའི་རྩ་བ་དེ་ཡོངས་སུ་གཏོང་ངོ། །སེམས་ཅན་ཐམས་ཅད་ལག་ན་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག་ནམ་མཁའ་མཛོད་དང་ལོངས་སྤྱོད་ཟད་མི་ཤེས་ པ་དང། བསོད་ནམས་ཟད་མི་ཤེས་པ་དང་ཆོས་ཟད་མི་ཤེས་པ་དང། ཡེ་ཤེས་ཟད་མི་ཤེས་པ་དང་སྤོབས་པ་ཟད་མི་ཤེས་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་གྱུར་ཅིག་བདག་གིས་དགེ་བའི་རྩ་བ་སེམས་ཅན་ ཐམས་ཅད་ལ་སྩལ་བ་ལས་བྱུང་བའི་བསོད་ནམས་གང་ལགས་པ་དེ་ཐམས་ཅད་གཅིག་ཏུ་བསྡུས། གཞལ་བཟླུམས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག་ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་དེ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ ཡོངས་སུ་བསྔོས་པ་དེ་བཞིན་བདག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག་ཐམས་ ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་གྱུར་ཅིག་ཇི་ལྟར་མ་འོངས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་དེ་ཐམས་ཅད་མཁྱེན་པར་འགྱུར་བར་བགྱི་བའི་སླད་དུ་དགེ་པའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་འགྱུར་བ་དེ་བཞིན་དུ། བདག་གིས་ཀྱང་ཐམས་ཅད་ མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ།་དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་གྱུར་ཅིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཇི་ལྟར་ད་ལྟར་བྱང་ [121A]༄༅། །ཆུབ་སེམས་དཔའ་ཆེན་པོ་གང་དག་བཞུགས་པ་དེ་དག་གིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་དེ་ཐམས་ཅད་མཁྱེན་པར་འགྱུར་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཐམས་ཅད་མཁྱེན་པར་འགྱུར་བར་ བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་གྱུར་ཅིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ ཤཱཀྱ་ཐུབ་པ་དེ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་ཏེ། སངས་རྒྱས་ཀྱི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་དྲི་མ་མེད་པ་ཤིན་ཏུ་དཀར་བ་ལ་བཞུགས་ནས་བདུད་སྡིག་ཅན་བཅོམ་སྟེ། ཤེས་པར་བགྱི་བ་དང་བལྟ་བར་བགྱི་བ་དང་མངོན་པར་རྟོགས་པར་བགྱི་བ་དང་མངོན་པར་བྱང་ཆུབ་ པར་བགྱི་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད། ནམ་གྱི་ཐོ་རངས་སྐྱ་རེངས་འཆར་ཁར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བདུད་རྩི་བརྙེད་དེ་འཆི་བ་མེད་པར་འགྲོ་བའི་ལམ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་ མེད་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་གྱུར་ཅིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག་ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དང་འོད་མཆོག་དང་འོད་དགེ་དང་བསོད་ནམས་འོད་དང་མི་འཁྲུགས་པ་དང་སེངྒེ་དང་འོད་ ཟེར་བརྒྱ་པ་དང་འོད་ཟེར་མཐོ་དང་འོད་དྲ་བ་ཅན་དང་རིན་ཆེན་འོད་འཕྲོ་དང་འདི་འབར་དང་སྣང་བའི་རྒྱལ་པོ་དང་ཤིན་ཏུ་བརྒྱན་པ་དང། རིན་པོ་ཆེའི་ཏོག་དང་ཆོས་ཀྱི་རྒྱལ་མཚན་དང་ཡན་ལག་མཆོག་རྣམས་དང། སངས་རྒྱས་བཅོམ་ལྡན་འདས་གཞན་དག་གིས་བླ་ན་ མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་ནས། ཇི་ཙམ་དུ་སྐྱེ་བོ་མང་པོ་ལ་སྨན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་ཐུགས་བརྩེ་བ་དང། སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་བཞིན་ [121B] བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སྐྱེ་བོ་མང་པོ་ལ་སྨན་པ་དང་བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང། སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་ ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ཤོག་ཅིག་ཅེས་བརྗོད་དོ་ཞེས་གསུངས་པའོ། ༈ གཏི་མུག་ཅན་གྱིས་སྡིག་པ་ཆུང་བྱས་ཀྱང། །འགྱོད་སེམས་མི་བསྐྱེད་འཆབ་ཅིང་དགེ་ལེགས་ལ། །བརྩོན་པར་མི་ནུས་སྦྲང་བུ་སྣབས་ཆཌ་ལྟར་ དམྱལ་བའི་རྣམ་སྨིན་མི་བཟད་ཉིད་དུ་ལྡང། །འདས་ཆེན་ལས་གཏི་མུག་ཅན་ནི་སྦྲང་བུ་ངར་སྣབས་ལ་འབྱར་བ་འབྱུང་མི་ནུས་པ་དང་འདྲ་བར་ཉེས་པ་ཆུང་ངུ་ལས་ཀྱང་འབྱུང་མི་ནུས་ཤིང་འགྱོད་སེམས་མེད་པས་དགེ་བ་སྤྱོད་མི་ནུས་ལ། སྐྱོན་བཅབས་པས་སྔར་གྱི་དགེ་བ་དག་ ཡོད་ཀྱང་སྡིག་པས་རྨ་བར་བྱས་པས་ན། ད་ལྟར་རྣམ་པར་སྨིན་པ་མྱོང་བའི་རྒྱུའང་བསྒྱུར་ཏེ་དམྱལ་བར་ཤིན་ཏུ་ལྕི་བར་འགྱུར་རོ། །ཆུ་ཉུང་ངུར་ལན་ཚྭ་ཕུལ་གང་བཏབ་ན་བཏུང་དཀའ་བ་བཞིན་ནམ། གཞན་གྱི་དོང་རྩེ་གཅིག་ཆགས་པ་འཇལ་མི་ཕོད་པས་བཅིང་དྲགས་ཏེ་སྡུག་ བསྔལ་མྱོང་བ་དང་འདྲའོ། །ཡང་རྣམ་པ་ལྔས་ད་ལྟར་གྱི་རྣམ་པར་སྨིན་པ་ཡང་བའམ་དམྱལ་བར་རྣམ་པར་སྨིན་པར་འགྱུར་ཏེ། གཏི་མུག་ཅན་དང་དགེ་བའི་རྩ་བ་ཆུང་བ་དང། སྡིག་པའི་ལས་ལྕི་བ་དང། འགྱོད་ཚངས་མ་བྱས་པ་དང། ཐོག་མར་དགེ་བ་མི་སྤྱོད་པ་དང། ཡང་ལྔ་ སྟེ་སྡིག་པ་སྤྱོད་པ་དང། ཚུལ་ཁྲིམས་ཀྱི་ནོར་མེད་པ་དང། དགེ་བའི་རྩ་བ་སྤོང་བ་དང། ལུས་ལ་སོགས་པ་བཞི་མི་སྒོམ་པ་དང། སྡིག་པའི་བཤེས་གཉེན་ལ་བརྟེན་པའོ་ཞེས་གསུངས་པ་ལྟར་རོ། ༈ །ཡུལ་གྱི་ཁྱད་པར་ལས་སངས་རྒྱས་ལ་བརྟེན་པ་ནི། གང་ཞིག་བདེ་བར་གཤེགས་ ལ་མ་གུས་དང། །སྐུར་ཅིང་སྤོང་ངམ་མི་བསྔགས་བརྗོད་པ་དག་བདུད་ཀྱི་དབང་གྱུར་དུག་ཆེན་ཟོས་པ་སྟེ། །མུན་ཆེན་སྒོར་ཞུགས་གཡང་ས་མི་བཟད་ལྟུང། །སངས་རྒྱས་ལ་མ་གུས་པ་ལ་སོགས་པ་ནི་ཞིང་ཆས་ཤིན་ཏུ་ལྕི་བ་ལ་བརྟེན་པས་སྡིག་པ་ཤིན་ཏུ་ལྕི་བས་ན་ལྷས་བྱིན་ལ་སོགས་ [122A]༄༅། །པ་ལྟར་མནར་མེད་པར་ལན་མང་དུ་འཁོར་བ་ལ་སོགས་པ་རྣམ་པར་སྨིན་པ་ཆེས་མི་བཟད་པ་མྱོང་བར་འགྱུར་བའོ། །ཚངས་པས་བྱིན་གྱིས་ཞུས་པ་ལས་རབ་ཏུ་བྱུང་བའི་གཡང་ས་ཆེན་པོ་བཞི་སྟེ། སངས་རྒྱས་ལ་མ་གུས་པ་དང་ཆོས་སྤོང་བ་དང་ཆོས་ སྨྲ་བ་ལ་སྡང་བ་དང་བརྩོན་འགྲུས་དང་མི་ལྡན་པར་དད་པས་བྱིན་པ་སྤྱོད་པའོ་ཞེས་གསུངས་ཏེ། འདི་བཞི་ཀ་ལས་སྟོབས་དང་ལྡན་པར་དགོངས་པའོ། །སྤྲིན་ཆེན་པོ་ལས། སེམས་རྨོངས་ཤིང་འཁྲུལ་པ་དག་སངས་རྒྱས་མི་རྟག་པ་དང། མི་བརྟན་པ་དང་ཐེར་ཟུག་མ་ཡིན་པ་ དང་ནུབ་པར་འགྱུར་ཞེས་ལོག་པ་སྨྲ་བ་ནི་མཁྲིས་པས་བརྒྱལ་ཞིང་དུག་གི་ཟུག་རྔུས་བསྲེགས་པ། ལྟ་བའི་མུན་པས་ནོན་པའི་ཁྱིམ་དུ་གཉིད་ལོག་སྟེ། ལྟ་བ་མི་བཟད་པའི་རྨི་ལམ་གྱིས་བསྲེགས་ནས་སྨྱོས་ཤིང་རྨིས་པས་སྐྲག་པའི་ཉན་ཐོས་དང་རང་སངས་རྒྱས་དང་ བ་རྒན་དྲུས་མོ་ལྟ་བུའི་སེམས་ཅན་ལ། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་རྟག་པའི་རང་བཞིན་ཤེས་སངས་རྒྱས་ཀྱི་རིགས་ཀྱི་ཆེ་བ་ཡང་དག་པའི་ཡེ་ཤེས་སྤངས་ལ། སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་ བྱུང་སྟེ་ཉེས་པ་བརྗོད་པ་དེ་དག་གི་ལྕེ་ཆོད་དེ་འོར་ཅིག་ཅེས་སོ། ༈ །ཆོས་ལ་བརྟེན་པ་ནི། རྨོངས་པ་གང་ཞིག་དམིགས་པར་ལྟ་བ་ལས། །ང་རྒྱལ་དྲེགས་སྨྱོས་ཟབ་ཅིང་རྒྱ་ཆེ་བའི། །དམ་ཆོས་སྤོང་ཞིང་སྐུར་འདེབས་རྒྱང་ཕན་སོགས། །ལམ་ངན་ཞུགས་རྣམས་ཡུན་རིང་ མནར་མེད་འཁོར། །མ་དྲོས་པས་ཞུས་པ་ལས་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་གཉིས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པའི་ལམ་འདོར་བ་དང། འཇིག་རྟེན་རྒྱང་ཕན་གྱི་གསང་ཚིག་གམ་ཉན་ཐོས་དང་རང་སངས་རྒྱས་ཀྱི་མདོ་སྡེ་འཛིན་པའོ། །ཡང་གཉིས་ སྟེ། ཐབས་དང་བྲལ་བའི་ཤེས་རབ་དང། ཤེས་རབ་དང་བྲལ་བའི་ཐབས་སོ། །དང་པོ་ནི། སེམས་ཅན་ལ་མི་ལྟ་བར་འདུས་མ་བྱས་ལ་རྟོག་པའོ། །གཉིས་པ་ནི་དམིགས་པའི་ལྟ་བར་ལྷུང་བའི་བསྡུ་བའི་དངོས་པོའོ། །ཡང་གཉིས་ཏེ་ཐོས་པ་ཉུང་དུས་བསམ་གཏན་རྙེད་པ་དང་ [122B] །ཡང་གཉིས་ཏེ་དགེ་བའི་རྩ་བ་མེད་པར་སྐྱེ་བ་འཛིན་པ་དང། དགེ་བའི་རྩ་བ་བསགས་ཀྱང་རང་ཉིད་ཞི་བ་འདོད་པའོ། །ཡང་གཉིས་ཏེ། དམ་པའི་ཆོས་མི་འཛིན་པ་དང། སེམས་ཅན་སྨིན་པར་མི་བྱེད་པའོ། །ཡང་གཉིས་ཏེ། དགེ་བའི་རྩ་བ་འདོར་བ་ དང༑ མི་དགེ་བ་དང་དུ་ལེན་པའོ། །ཡང་གཉིས་ཏེ། དགོན་པར་གནས་པ་འདོད་པའི་རྣམ་རྟོག་ལ་སོགས་པ་ལ་རྟོག་པ་དང། ཚོགས་སུ་རྙེད་པ་དང་བཀུར་སྟིས་བསྐོར་བའོ། །ཡང་གཉིས་ཏེ། སྣོད་མ་ཡིན་པ་ལ་སྟོན་པ་དང། སྣོད་དུ་གྱུར་པ་ཁྱད་དུ་གསོད་པའོ། །ཡང་གཉིས་ཏེ་ བདུད་ཀྱི་ལས་འདི་ལྟ་བུ་མི་ཤེས་པ་དང། བྱང་ཆུབ་ཀྱི་སེམས་ལས་གཡེང་བའོ་ཞེས་གསུངས་ཏེ། ཐམས་ཅད་ཀྱང་ཟབ་པ་དང་རྒྱ་ཆེ་བའི་ལམ་འདོར་བ་ལས་ །འདས་ཆེན་ལས་ཀྱང། འཁོར་ལོ་རྣོན་པོས་བདག་གི་ལུས། །ཀུན་ཏུ་གཏུབས་པ་བྱས་བླ་ཡི། །ལེགས་པར་གསུངས་ པའི་ཆོས་རྣམས་ལ། །རྒྱགས་དང་གཤེ་བ་བསྐྱེད་མི་བྱ། །ཞེས་སོ། །རྒྱལ་བའི་ཡུམ་ལས་ཀྱང། དམིགས་པར་ལྟར་ལ་ རྒྱ་ཆེ་བའི་ལམ་སྟོན་པ་ཡུམ་གྱི་ཚུལ་སྤོང་བ་ནི་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་ཤེས་རབ་འཆལ་པར་འགྱུར་བ་དང། མཐུན་པའི་ལས་ བསགས་པས་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་ཡུན་ཤིན་ཏུ་རིང་བར་འཁོར་བར་འགྱུར་བས་ན། སྡིག་པའི་ལས་འདི་ལ་ནི་མཚམས་མེད་པ་ལྔས་ཀྱང་ཆ་ཙམ་དུའང་མི་ཆོག་པར་རྒྱ་ཆེར་གསུངས་པའོ། ༈ །དགེ་འདུན་ལ་བརྟེན་པའི་དབང་དུ་བྱས་ ནས། དཀོན་མཆོག་གསུམ་གྱི་དཀོར་སྤྱད་ལྕི་བ་སྟེ། །དེ་ཡང་དགེ་འདུན་དག་གིས་ཆེས་ལྕིར་གསུངས། །བསོད་ནམས་ཞིང་བཟང་ཚོགས་མཆོག་ལ་བསྔོས་པ། །ཚུལ་ཁྲིམས་འཆལ་པས་ལོ་འདབ་གཅིག་ཙམ་ཡང། །སྤྱད་ལས་མྱུར་བར་གནོད་པ་བཞི་འབྱུང་ཞིང། །ཕྱི་མར་ འབྲས་བུ་མི་བཟད་བཞི་སོགས་སོ། །ཁྱིམ་པས་དེ་ལ་ཞིང་སོགས་ལོངས་སྤྱད་ན། །འཕྲལ་དུ་གནོད་ཆེན་མི་བཟད་ཉི་ཤུ་འབྱུང། །ཕྱི་མར་མནར་མེད་ལ་སོགས་མ་རུངས་པའི། །སྡུག་བསྔལ་བརྣག་དཀའ་དཔག་མེད་བརྒྱུད་པས་འཇོམས། །དགེ་སྦྱོང་རྡོལ་པ་ཤིང་རུལ་ལྟ་བུ་ཡིས་ [123A]༄༅། །དགེ་འདུན་དག་གི་ཏིལ་གྱི་ཕུབ་མ་ཡང། །སྤྱད་པར་མི་འོས་དེར་གནས་སྨོས་ཅི་དགོས། །དེ་ནི་ཀུན་གྱི་ངན་སོང་འདྲེན་བྱེད་ཉིད། །ལུགས་ཀྱི་ཐུ་ལུམ་ཟ་འམ་སྤུ་གྲི་ཡིས། །ཡན་ལག་གཏུབ་པར་བྱེད་བླ་དགེ་འདུན་ལ། །བསྔོས་ནས་སྤྱོད་དམ་གཞན་ ལ་སྦྱིན་མི་བྱ། །གཉི་ག་རྣམ་སྨིན་མི་བཟད་མེ་འབར་མྱོང། །དྲན་པ་ཉེར་གཞག་ལས། དཀོན་མཆོག་གསུམ་ལས་ནི་ཆུང་ངུ་ཞིག་མ་བྱིན་པར་བླངས་ཀྱང་ཁ་ན་མ་ཐོ་བ་ཤིན་ཏུ་ཆེ་སྟེ། སངས་རྒྱས་དང་ཆོས་ཀྱི་ནི་རིགས་མཐུན་པར་སླར་ཕུལ་ན་དག་པར་འགྱུར་ལ། དགེ་ འདུན་གྱི་ནི་ཞིང་ཤིན་ཏུ་ལྕི་བས་ཚོར་བ་མ་མྱོང་བར་མི་འདག་གོ་དེའང་ཞལ་དུ་འདུ་བའི་སྒོ་ཡིན་ན་ནི་མནར་མེད་པར་ལྟུང་ལ། གཞན་གྱིས་ནི་དེའི་འཁོར་མུན་ནག་ཆེན་པོ་ལ་སོགས་པ་སྐྱེ་བར་གསུངས་སོ། །ཉི་མའི་སྙིང་པོ་ལས་ཆོས་དང་ལྡན་པའི་དགེ་འདུན་ལ་བསྔོས་པའི་ རྫས་ལ། སྡིག་པ་སྤྱོད་པ་ཚུལ་ཁྲིམས་འཆལ་པ་རྣམས་ཀྱིས་ཐ་ན་འདབ་མའམ་མེ་ཏོག་གམ། འབྲས་བུ་གཅིག་ཙམ་སྤྱད་ཀྱང་བླུན་པོ་དེ་ལ་དོན་མ་ཡིན་པར་འགྱུར་བས་གནོད་པ་བཞི་འབྱུང་སྟེ། ཕྱོགས་དང་ཕྱོགས་སུ་མི་སྙན་པ་གྲགས་པ་དང། མཛའ་བོ་དང་བླ་མ་ལ་ སོགས་པ་དང་མྱུར་དུ་འབྲལ་བ་དང། ནད་ཆེན་པོ་རྒྱུན་རིང་གིས་འདེབས་པ་དང། ཆོས་གོས་ལ་སོགས་པ་འཇིགས་པ་ཆེན་པོ་ལྔས་འཕྲོག་པ་སྟེ། རྒྱལ་པོ་དང་ཆོམ་རྐུན་དང་མེ་དང་ཆུ་དང་དགྲ་རྣམས་ཀྱིས་སོ། །མི་འདོད་པའི་འབྲས་བུ་བཞི་མྱུར་དུ་འབྱུང་སྟེ། སེམས་ ཅན་དམྱལ་བ་ཆེན་པོར་སྐྱེ་བ་དང། བརྒྱ་ལ་ཡུན་རིང་པོ་ན་ཐར་ཀྱང་འབྲོག་དགོན་པ་རོ་བསྐམ་དག་ཏུ་དུད་འགྲོ་དང་ཡི་དྭགས་ལོང་བ་རྐང་ལག་མེད་པར་ལོ་མང་པོ་སྡུག་བསྔལ་མྱོང་བ་དང། རིང་མོ་ཞིག་ན་དེ་ནས་ཤི་འཕོས་དེ་སྦྲུལ་གདུག་པ་ལོང་བ་རྡུལ་ཟ་བར་ སྐྱེའོ༑ ༑བརྒྱ་ལ་དེ་ནས་ཤི་འཕོས་ཀྱང་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་རྨོང་རྟུལ་བ་དང་ཚུལ་དུ་མི་ཤིས་པ་དང་དབང་པོ་དང་ཡན་ལག་མཚང་བ་དང། ཁྱིའི་ལོངས་སྤྱོད་བཤང་གཅིའི་ཁུང་གི་ཟས་ཟ་བ་དང། འདམ་རྫབ་དང་རྡུལ་ཁྲོད་ན་ཉལ་བ་དང། འབྲོག་དགོན་ [123B] དེ་ནས་ཡང་དམྱལ་བར་ལྟུང་སྟེ་ཆོས་ཀྱི་ཚུལ་དང་དཀོན་མཆོག་གསུམ་གྱི་གདུང་ལ་གནོད་པ་བྱེད་པའི་ལས་དེ་ཆེས་ལྕི་བའི་ཕྱིར་རོ། །དེས་ན་མི་ཉིད་མ་ཐོབ་ཀྱང་བླའི། བཟའ་བ་དང་བཏུང་བ་ལ་ལོག་པར་བསྒྲུབ་པ་ནི་དེ་ལྟ་མ་ཡིན་ནོ། །ཡང་ ཆོས་དང་ལྡན་པ་རྣམས་ལ་བསྔོས་པའི་ཞིང་ལ་སོགས་པ་ཁྱིམ་པས་སྤྱད་ན་ཚེ་འདིར་ཡང་གནོད་པ་ཉི་ཤུ་འབྱུང་སྟེ། ལྷ་རྣམས་ཀྱིས་སྤོང་བ་དང། ཕྱོགས་དང་ཕྱོགས་མཚམས་སུ་མི་སྙན་པའི་སྒྲ་གྲགས་པ་དང། གཉན་དང་འགྲོགས་བཤེས་རྣམས་ཀྱིས་སྤོང་བ་དང། དགྲ་ མང་བར་འགྱུར་བ་དང། ལོངས་སྤྱོད་ཉམས་པར་འགྱུར་བ་དང། རྣམ་པར་གཡེང་བ་མང་བ་དང། ཡན་ལག་མ་ཚང་བར་འགྱུར་བ་དང། གཉིད་མེད་པ་དང། རྟག་ཏུ་སྲེད་པས་གནོད་པ་དང། དེའི་བཟའ་བ་དང་བཏུང་བ་རྣམས་དུག་ཏུ་འགྱུར་བ་དང། སྡུག་པ་དག་དང་མྱུར་དུ་འབྲལ་བ་ དང༑ རྟག་ཏུ་གཞན་དང་འཐབ་ཅིང་རྩོད་པ་དང། ཕ་མ་དང་སྤུན་ཟླ་དང་བྲན་འཁོར་ཡང་བསྒོ་བ་མི་ཉན་པ་དང། གསང་ཐམས་ཅད་འཚོར་བ་དང། རྒྱལ་པོ་ལ་སོགས་པ་ལྔས་ཀྱང་ལོངས་སྤྱོད་ལ་གནོད་པ་དང། ནད་ཆེན་པོས་འདེབས་པ་དང། སྨན་དང་རིམ་གྲོ་མི་རྙེད་པས་ཤ་ དང་ཁྲག་བསྐམས་ནས་སྡུག་བསྔལ་མྱོང་བར་འགྱུར་བ་དང། རང་གི་བཤང་གཅིའི་ནང་དུ་འཆི་བར་འགྱུར་བའོ། །ཤི་ནས་ནི་མནར་མེད་པར་ལོངས་སྤྱོད་ཐམས་ཅད་མེར་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་ཐར་ཀྱང་འབྲོག་དགོན་པ་རོ་བསྐམ་དག་ཏུ་ཡི་དྭགས་ལོང་བ་ རྐང་ལག་མེད་པར་སྐྱེ་སྟེ་ཕྱོགས་བཞི་ནས་རླུང་ཚ་བས་གདུང་བར་འགྱུར་རོ། །སྤུ་གྲི་དང་འདྲ་བའི་སྟེང་དུ་ཉལ་བར་བྱེད་དོ། །དེ་ནས་ཐར་ཀྱང་རྒྱ་མཚོ་ཆེན་པོར་ལུས་དཔག་ཚད་བརྒྱ་པ་ཤ་ནར་ནར་པོ་སྐྱེ་སྟེ། དཔག་ཚད་ཙམ་ཚུན་ཆད་དུ་ཆུ་ཟངས་ཞུན་དམར་པོས་སྲེག་པར་བྱེད་དོ། །དེ་ ནས་ཡང་འགོག་དགོན་པར་བརྫུས་ཏེ་སྐྱེ་བ་ཤ་ནར་ནར་པོ་རི་རབ་ཙམ་དུ་འགྱུར་ལ། ཕྱོགས་བཞི་ནས་རླུང་ཚ་བས་བསྲེག་ཅིང་གཅན་གཟན་དང་བྱ་རྣམས་ཀྱིས་ །དེ་ནས་ཡང་དམྱལ་བ་ཉིད་དུ་ལྡོག་སྟེ་ཐར་བའི་དུས་མེད་དོ། །བརྒྱ་ལམ་ན་ཐར་སྲིད་ [124A]༄༅། །ནའང་སྙིགས་མ་བདོ་བར་མི་ལོང་བ་ཚུལ་དུ་མི་ཤེས་པར་སྐྱེའོ། །ཞེས་སོ། །གཞན་ཡང་འདས་ཆེན་ལས། དཔེར་ན་རྒྱལ་པོའི་ཁྲིམས་དང་འགལ་བ་དག་དེའི་དགའ་སྟོན་གྱི་སར་ཉེའང་མི་ནུས་ན། ལོངས་སྤྱོད་པར་ལྟ་ཅི་སྨོས་པ་དང་འདྲ་བར་ཚུལ་ཁྲིམས་ འཆལ་པ་དག་ཀྱང་ཤིང་རུལ་པ་ལྟ་བུ་དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དུས་གསུམ་གྱི་སངས་རྒྱས་རྣམས་ལ་གནོད་པ་བྱེད་པ་ཡིན་པས། དགེ་འདུན་གྱི་ཐ་ན་ཏིལ་གྱི་ཕུབ་མ་ཙམ་ཡང་ལོངས་སྤྱོད་པར་མི་འོས་པའོ། །མི་གདོལ་པ་དགེ་འདུན་གྱི་གནས་ན་གནས་པ་ནི་བླའི། དགེ་ སྦྱོང་གདོལ་པ་རྒྱུད་ཚིག་པ་དོན་ལ་མི་ལྟ་བ་ཚེ་ཕྱི་མ་བཏང་བ་བརྩེ་བ་མེད་པ། ཕྱི་ས་ཁུང་ཆེན་པོ་དང་འདྲ་བ། བདུད་ཀྱི་ལམ་དུ་ཞུགས་པ། ལྷ་དང་མི་རྣམས་ལ་གནོད་པ་བྱེད་པ། དུས་གསུམ་ཐམས་ཅད་ཀྱི་དྲང་སྲོང་ཐུབ་པ་རྣམས་སླུ་བར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་ དང་ཆོས་ཀྱི་མར་མེ་མེད་པར་བྱེད་པ། ཆོས་ཀྱི་རྒྱ་མཚོ་སྐེམ་པར་བྱེད་པ། ཆོས་སྨྲ་བ་རྣམས་ཀྱི་དབྱེན་བྱེད་པ། སྦྱིན་པ་པོ་དང་སྦྱིན་བདག་རྣམས་འདྲིད་པར་བྱེད་པ་དགེ་སློང་ཆོས་ལ་གནས་པ་རྣམས་ལ་མཐོ་འཚམ་པར་བྱེད་པ། དགེ་འདུན་མཐུན་པར་བྱེད་པ་རྒྱུད་ གཅོད་པར་བྱེད་པ་རྣམས་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་སྤྱོད་པ་ངན་པ་དག་གིས་རྒྱལ་པོ་ལ་སོགས་པའི་སྐྱེ་བོ་མང་པོ་མཐོ་རིས་ཀྱི་ལམ་ལས་བཟློག་པར་བྱེད་ཅིང་ངན་སོང་གསུམ་ལ་གཞོལ་བར་བྱེད་པའོ། །དེ་ལྟ་བུ་དག་དང་གནས་གཅིག་ཏུའང་འདུག་པར་མི་བྱ་སྟེ། བྱམས་ པས་བལྟས་ཤིང་རྒྱལ་པོ་ལ་སོགས་པ་དག་ལ་སྦྲན་ལ་དེ་དག་གིས་གཞན་དུ་བཏང་ན་ནི་ལེགས་ཏེ་དེར་གནས་པར་བྱའོ། །དེ་དག་དེའི་ཟང་ཟིང་གིས་བྲིད་དེ་ཕྱོགས་བྱེད་ན་ནི་ཁྲོ་བ་དང་ང་རྒྱལ་མི་བསྟན་པར་རང་ཉིད་བཟུར་བར་བྱའོ། །དེ་ལྟ་བུའི་ཕྱོགས་བྱེད་པ་དེ་དག་ཀྱང་སྦྱིན་པ་ མང་དུ་གཏོང་བ་ལ་སོགས་པ་བྱེད་ཀྱང་མནར་མེད་པ་ཉིད་དུ་ལྟུང་བར་ལྟའོ་ཞེས་སོ། །ཡང་དེ་ཉིད་ལས་སེམས་ཅན་རྣམས་རང་བསླུ་བ་ལ་ལྟོས། སྔར་དགེ་འདུན་ལ་ཕུལ་བ་དབུལ་བས་ཉེན་ནས་རང་སྤྱོད་དམ་གཞན་ལ་སྦྱིན་ན་ཡུན་རིང་དུ་ངན་སོང་གསུམ་དུ་འཁྱམ་པར་འགྱུར་རོ་ [124B] ཁྱིམ་པ་དག་ལ་བྱིན་ན་གཉི་ག་ཡུན་རིང་དུ་ངན་སོང་གསུམ་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེས་ན་དགེ་འདུན་ནམ་དགེ་སློང་ལ་བསྔོས་པའི་ལོ་མ་དང་མེ་ཏོག་ལ་ སོགས་པ་ཙམ་ཡང་ཁྱིམ་པ་ལ་མི་སྦྱིན་ཞིང་རང་གིས་མི་སྤྱད་ལ། དགེ་འདུན་ལས་ཉོ་ཚོང་དང་བསྒྱུར་ལོག་དང་གྟའམ་ཡང་མི་བྱའོ། །དེས་ན་སེམས་ཅན་ཟང་ཟིང་གིས་བསྡུ་བས་ངན་སོང་གི་སྡུག་བསྔལ་ལ་མི་འགོད་པར་ཆོས་ཀྱིས་བསྡུ་བའི་བཅའ་བ་ཡང་མཛད་པའོ། །ཡང་སྤུ་གྲི་ རྣོན་པོ་དག་གིས་སུ། །རང་གི་ཡན་ལག་གཏུབས་པ་བླའི། །དགེ་འདུན་དག་ལ་བསྔོས་ཟིན་པ། །ཁྱིམ་པ་རྣམས་ལ་སྦྱིན་མི་བྱ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་ཟོས་པ་བླའི། །དགེ་འདུན་དག་ལས་གང་དེ་ནི། །དགེ་འདུན་གྱི་ལ་ལོངས་མི་སྤྱད། །ལྷུན་པོ་དང་ནི་འདྲ་བའི་མེ། ། བླང་བ་བྱས་ཏེ་ཟོས་པ་བླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱོད་པར་ནི་མི་བྱའོ། །ཐམས་ཅད་དབྱུང་བ་བྱས་པ་དང། །གསལ་ཤིང་སྟེང་དུ་བཏེག་པ་བླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱོད་པར་ནི་མི་བྱའོ། །མེ་མདག་དག་གིས་གང་བ་ཡིས་ གནས་ཁང་དེར་ནི་ཞུགས་བླ་ཡི། །ཁྱིམ་པས་དགེ་འདུན་གནས་ཁང་དུ། །མཚན་མོ་གནས་པར་མི་བྱའོ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་བླངས་པ་བླའི། །རབ་ཏུ་བྱུང་དང་ཁྱིམ་པ་ཡིས། །དབྱིག་ནི་བླང་བར་མི་བྱའོ་ཞེས་གསུངས་སོ། །ཐེག་པ་ཆེན་པོའི་གང་ཟག་ལ་བརྟེན་ པ་ནི། འཇིག་རྟེན་ཀུན་གྱི་རྡུལ་སྙེད་སེམས་ཅན་གྱི། །མིག་ཕྱུང་བདོག་ཀུན་ཕྲོགས་སོགས་སྡིག་པས་ནི། །རྒྱལ་སྲས་རྣམས་ལ་སྡང་བས་བརྙས་སོགས་ཀྱི། །གྲངས་དང་ཆ་དང་དཔེ་དང་རྒྱུར་མི་བཟོད། །དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་ལས། གང་གིས་ཕྱོགས་བཅུའི་ འཇིག་རྟེན་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་གྱི་མིག་ཕྱུང་སྟེ་བདོག་པ་ཐམས་ཅད་ཕྲོགས་པ་བས། གཞན་གང་གིས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་ཀྱིས་སྤྱོས་ཤིང་བརྒྱད་དེ་ཉམ་ང་བར་བྱས་ན་སྡིག་པ་ཆེས་མང་དུ་བསྐྱེད་དོ། །ཡང་ལ་ལས་རྐྱེན་གང་ཡང་རུང་བས་ [125A]༄༅། །བྱང་ཆུབ་སེམས་དཔའ་ལ་ཁྱད་དུ་བསད་དེ་སྤྱོས་ན་དམྱལ་བ་དུ་འབད་ཆེན་པོར་སྐྱེས་ནས། ལུས་དཔག་ཚད་ལྔ་བརྒྱ་པ་ལ་མག་ མགོ་རེ་རེ་ལ་ཡང་ལྕེ་ལྔ་བརྒྱ་ལྔ་བརྒྱ་སྟེ། མགོ་རེ་རེ་ལ་ཡང་ལྕེ་ལྔ་བརྒྱ་དང་ལྕེ་རེ་རེ་ལའང་ལྕགས་ཀྱི་ཐོང་གཤོལ་ འབར་བ་ལྔ་བརྒྱ་ལྔ་བརྒྱས་རྨོད་དོ། །ཡང་ལ་ལས་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དབྱུག་པས་བརྡེག་པ་དང། མཚོན་གྱིས་བཏབ་སྟེ་བདོག་པ་ཐམས་ཅད་ཕྲོག་པ་བས། གང་གིས་རྒྱལ་སྲས་ལ་བརྙས་པའི་སེམས་ཀྱིས་ཁྲོས་ཤིང་གནོད་སེམས་དང་ཐ་བ་དང་ཁྲོ་བའི་ སེམས་བསྐྱེད་པ་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་དོ། །ཡང་གཏུམ་སེམས་ཅན་སེམས་ཅན་ལ་གནོད་པར་དགའ་བ་ལ་ལས་གངྒའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེའི་ཡང་དགྲ་བཅོམ་པ་གང་གའི་བྱེ་མ་སྙེད་བསད་པ་དང། མཆོད་རྟེན་དེ་སྙེད་གཅིག་བཤིག་པ་བས་ གང་གིས་ཐེག་པ་ཆེན་པོ་ལ་དད་པའི་རྒྱལ་སྲས་ལ་ཐེག་པ་ཆེན་པོ་ཉིད་ལ་གཞི་བླངས་ཏེ་བརྙས་པའི་སེམས་བསྐྱེད་པ་དང། གཞན་གང་ཡང་རུང་བས་ཁྲོ་ཞིང་གཤེ་བ་དང་སྤྱོ་ཞིང་ཉམ་ང་བར་བྱས་ན་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ནི་བྱང་ ཆུབ་སེམས་དཔའ་ལས་སྐྱེས་པའི་ཕྱིར་ཏེ། དེ་ལ་བསྐུར་བ་ནི་སངས་རྒྱས་ཀྱི་རིགས་གཅོད་པར་ཞུགས་པའོ། །དམ་པའི་ཆོས་སྤངས་པའོ། །ཆོས་གཞན་ལ་ཆོས་འཛིན་པ་གཞན་མ་ཡིན་ཏེ་ཆོས་འཛིན་པ་ཉིད་ཆོས་ཡིན་པས་སོ། །ཡང་ལ་ལས་ཁྲས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱིས་སེམས་ཅན་ ཐམས་ཅད་བཙོན་ར་མུན་ནག་ཏུ་བཅུག་པ་བས། གང་གིས་ཁྲོས་ཏེ་རྒྱལ་སྲས་ལ་རྒྱབ་ཀྱིས་ཕྱོགས་ཤིང་མ་རུངས་པ་དེ་མ་མཐོང་ཡང་བླ་སྙམ་པ་དེ་སྡིག་པ་ཆེས་མང་དུ་བསྐྱེད་དོ། །ཡང་ལ་ལས་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་བསད་ཅིང་བདོག་པ་ཐམས་ཅད་འཕྲོག་པ་བས་ གང་གིས་རྒྱལ་སྲས་ཅི་འདྲ་བ་ཡང་རུང་བ་ལ་སྨད་ན་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་དོ་ཞེས་གསུངས་སོ། །རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆུ་འཕྲུལ་གྱི་མདོ་ལས་ཀྱང་ [125B] །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་འབྱུང་བའི་དགེ་བའི་བར་ཆད་བྱེད་པར་གནས་པའི་ཕྱིར་རོ། །ཡང་བྱུང་ཆུབ་སེམས་དཔའ་ལ་ ལས་གཞན་གྱི་ཁྱིམ་རྣམས་སུ་རྒྱལ་སྲས་ལ་ཕྲག་དོག་དང་སེར་སྣ་བྱེད་ན་འཇིགས་པ་ཆེན་པོ་གསུམ་འབྱུང་སྟེ། སེམས་ཅན་དམྱལ་བ་དང་དམུས་ལོང་དང་ཡུལ་མཐའ་ཁོབ་ཏུ་སྐྱེ་བའི་འཇིགས་པའོ། །ཡང་དེས་དེ་ལ་ཁོང་ཁྲོ་བའམ་བརྙས་པའི་སེམས་བསྐྱེད་པ་དེ་སྙེད་ཀྱི་བསྐལ་པར་ གནས་པའི་གོ་ཆ་བགོ་དགོས་ཏེ། རྒྱལ་སྲས་ནང་ལ་སྐུར་པ་མ་གཏོགས་པ་ལས་གང་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་རྡོ་རྗེ་ཉིད་མ་གཏོགས་པ་རྡོ་འམ་མཚོན་ལ་སོགས་པ་གང་གིས་ཀྱང་བཅག་པར་མི་ནུས་པ་བཞིན་ནོ། །བྱམས་པ་སེངྒེའི་སྒྲ་ལས་ཀྱང་ རྒྱལ་སྲས་ལས་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ལ་སྤྱོས་པ་དང་བརྒྱད་པ་དང་དབྱུག་པ་དང་ཁུ་ཚུར་གྱིས་བརྡེགས་པ་དེ་ཙམ་གྱིས་རྒྱལ་སྲས་དེ་ལ་རྨ་བྱུང་ཞིང་སྨས་པར་མི་འགྱུར་གྱི། རྒྱལ་སྲས་གཞན་ལ་ཐ་ན་གནོད་སེམས་དང་ཐ་པ་དང། ཞེ་སྡང་གི་སེམས་བསྐྱེད་པ་དེ་ཙམ་ གྱིས་ནི་རྨ་ཕྱུང་ཞིང་སྨས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེས་ཐམས་ཅད་མཁྱེན་པ་ཡོངས་སུ་མི་གཏོང་ན་རྒྱལ་སྲས་ཅིག་ཤོས་ལ་གནོད་སེམས་ཇི་སྙེད་བསྐྱེད་པ་དེ་སྙེད་ཀྱི་བསྐལ་པར་ཡང་གདད་གོ་ཆ་བགོ་དགོས་པས་སོ་ ༈ །རབ་ཏུ་བྱུང་བ་ལ་བརྟེན་པ་ནི། རབ་ཏུ་འབྱུང་བའི་ བར་ཆད་བྱེད་པ་འམ། ཚུལ་ཁྲིམས་འཆལ་ལའང་གནོད་དང་འཚེ་བ་དང། །རབ་ཏུ་བྱུང་ལས་འབེབས་སགས་གང་བྱེད་པ། །སངས་རྒྱས་ཀུན་སྤོང་མནར་མེད་སོགས་པར་ལྟུང། །རབ་ཏུ་བྱུང་བའི་བར་དུ་གཅོད་པའི་མདོ་ལས་ཁྱིམ་པ་ཆོས་བཞི་དང་ལྡན་ན་གང་དང་གང་དུ་སྐྱེས་པར་ མི་ཁོམ་པ་དང་དམུས་ལོང་དང་བླུན་པ་དང་ལྐུག་པ་དང་གདོལ་པར་འགྱུར། ནམ་དུ་ཡང་མི་བདེ་བ་མང་བ་དང། སྐུར་པ་འདེབས་པ་མང་བ་དང། རྟག་པར་ཟ་མ་དང་མ་ནིང་དང་བྲན་དང་བུད་མེད་དུ་འགྱུར། ཁྱི་དང་ཕག་དང་བོང་བུ་དང་རྔ་མོ་དང་སྤྲུལ་གདུག་པར་འགྱུར་ཏེ། སྔོན་གྱི་རྒྱལ་བ་ལ་ [126A]༄༅། །ལྷག་པར་བྱ་བ་བྱས་པའི་སེམས་ཅན་རྣམས་ཀྱི་མངོན་པར་འབྱུང་བ་དང་རབ་ཏུ་འབྱུང་བའི་སེམས་དང་འཕགས་པའི་ལམ་གྱི་བར་ཆད་བྱེད་པ་དང། ནོར་དང་བུ་སྨད་ལ་ཆགས་ནས་ལས་ཀྱི་རྣམ་སྨིན་ལ་ཡིད་མི་ཆེས་ཏེ་བུ་ལ་སོགས་པ་གཉེན་གྱི་ ཚོགས་རབ་ཏུ་འབྱུང་བའི་བར་ཆད་བྱེད་པ་དང། དམ་པའི་ཆོས་སྤོང་བ་དང། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཁོང་ཁྲོ་བའོ། །བཞི་པོ་དེ་གང་ཡང་རུང་བས་ཀྱང་ཉེས་པ་སྔ་མ་དེ་དག་ཏུ་འགྱུར་རོ། །དཔེར་ན་ལ་ལ་མི་གཙང་བའི་དོང་དུ་ལྷུང་ནས་གཞན་ལ་ཆུ་འདི་ཤིན་ཏུ་ དྭངས་པ་ནི་ངོ་མཚར་ཏོ་ཞེས་ཟེར་བ་ལྟར། གང་ལ་ལ་བདག་ཉིད་འདོད་པའི་འདམ་དུ་བྱིང་བ་དག་གཞན་ཡང་འདོད་པའི་འདམ་དུ་འཇུག་པར་བྱེད་དོ། །བདག་ཉིད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གཡང་སར་ལྷུང་ནས་གཞན་ཡང་དེར་ལྟུང་བར་བྱེད་དོ། །ཡང་ ལ་ལས་དགྲ་བོ་བཟུང་སྟེ་མེ་མདག་དུ་བ་མེད་པ་འདོམ་བདུན་པར་འཇུག་པ་ལྟར། མེ་དང་མཚུངས་པའི་འདོད་པ་དང་བུད་མེད་དང་བསྟེན་ཅིང་གཞན་ཡང་འདོད་པའི་མེའི་རླུབས་སུ་འཇུག་པར་བྱེད་པའོ། །ཡང་ལ་ལ་གཞན་ལ་འདི་ནི་བདེ་བའི་ལོངས་སྤྱོད་དོ། །ཞེས་ སྤུ་གྲི་སོ་ལྟ་བུའི་རི་ལ་འཛེག་ཏུ་འཇུག་པ་ལྟར། ཕལ་ཆེར་ཕ་མ་བུ་ལ་བྱམས་པས་བུའི་ཆུང་མ་ལེན་ཏེ་འདོད་པ་བསྔགས་ནས་འདོད་པ་ལ་བཅུག་པ་ནི་མཛའ་བོའི་གཟུགས་ཀྱིས་སྦྲུལ་གདུག་པ་དྲག་པོ་དང། གཡང་ས་བགྲོད་དཀའ་བ་འཇིགས་འཇིགས་ལྟར་འདུག་ པ་དང། དམྱལ་བ་ལ་སོགས་པར་འགྲོ་བའི་ལམ་སྟོན་པའོ་ཞེས་གསུངས་སོ། །སའི་སྙིང་པོའི་མདོ་ལས་ཀྱང། རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་པའང་རུང་བ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འང་ཆོས་དང་མཐུན་པས་ཀྱང་ལུས་ལ་ ཆད་པས་གཅོད་པ་བཙོན་རར་འཇུག་པ་དང་ཡན་ལག་གཅོད་པ་དང་གསོད་པ་མི་གནང་ན་ཆོས་མ་ཡིན་པས་ལྟ་ཅི་སྨོས། ངའི་ཕྱིར་རབ་ཏུ་བྱུང་བ་སྣོད་དུ་གྱུར་ཏམ་མ་གྱུར་ཀྱང་རུང་བ་རྣམས་ལ་གང་དག་འཚེ་བ་དེ་ཐམས་ཅད་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ [126B] །དགེ་བའི་རྩ་བ་ཆད་པ་དང་རྒྱུད་ཚིག་པ་དང། མནར་མེད་པར་གཞོལ་བ་ཡིན་ནོ། །ཞེས་གསུངས་སོ། །ཡང་མར་འཆིར་གནས་སྡིག་བཅུ་པོ་དག་སྨད་ཚོང་གནས་སྡིག་གཅིག་དང་མཉམ། །སྨད་འཚོང་གནས་སྡིག་བཅུ་པོ་དག་འཆང་འཚོང་གནས་ སྡིག་གཅིག་དང་མཉམ། །ཆང་འཚོང་གནས་སྡིག་བཅུ་པོ་དག་བཤན་པའི་གནས་སྡིག་གཅིག་དང་མཉམ། །བཤན་པའི་གནས་ནི་བཅུ་བཅས་པས། །རྒྱལ་རིགས་གདོལ་ཅན་གཅིག་མཉམ་ཞེས་སོ། ༈ །བསམ་པ་ལས་ནི། ཉོན་མོངས་པ་དྲག་པོས་བྱས་པ་སྟེ། ཁོང་ཁྲོས་བསྐལ་ མང་བསགས་པའི་དགེ་བའང་འཇོམས། །འདོད་བརྐམ་ཡ་ངའི་འཚོ་བས་དམྱལ་མེས་བསྲེག་འཇམ་དཔལ་རྣམ་པར་རོལ་པ་ལས་ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་གང་དགེ་བའི་རྩ་བ་བསྐལ་པ་བརྒྱར་བསགས་པ་འཇོམས་པར་བྱེད་པ་སྟེ་དེ་བས་ཁོང་ཁྲོ་བ་ཞེས་བྱའོ། ། ཞེས་གསུངས་སོ། །འདས་ཆེན་ལས། ལེགས་པར་གསུངས་པའི་ཆོས་ཅན་གྱིས། །མིག་ནི་རང་གིས་ཕྱུང་བ་བླའི། །སེམས་ཅན་དུ་ནི་བགྲང་བ་ལ། །ཁྲོས་པས་སྐྱེ་དགུ་མི་གནག་གོ་ལེགས་པར་གསུངས་པའི་ཆོས་ཅན་གྱིས། །མེ་ཡི་གོས་ནི་གྱོན་པ་བླའི། །ཚུལ་འཆོས་དང་ནི་ བརྐམ་པའི་མཐུས། །ཁྱིམ་པ་ལས་ནི་གོས་མི་བསླང། །མེ་འདྲ་བར་ནི་བསྐོལ་བ་ཡིས། །རྩུབ་འགྱུར་ཆུ་ནི་འཐུངས་པ་བླའི། །རབ་ཏུ་བྱུང་བས་གཡོ་སྒྱུ་ཡིས། །བཟའ་བཏུང་བསླང་བར་མི་བྱའོ་ཞེས་སོ། །བསྟན་བཅོས་ལས་ཀྱང། བསྐལ་པ་སྟོང་དུ་བསགས་པ་ཡིས། །སྦྱིན་དང་ བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་ལྟ་བུའི་སྡིག་པ་མེད་ཅེས་སོ། །གཞན་ལས་ཀྱང་འདོད་པ་དག་ལ་བརྟེན་པའི་མི། །ལྡོངས་གྱུར་ཕ་དང་མ་ཡང་གསོད། །འདོད་བརྟེན་ཚུལ་ཁྲིམས་ལྡན་པའང་ གསོད། །དེ་ལྟ་བས་ན་སྤང་བར་བྱ། ༈ ། དགེ་བ་དང་མི་དགེ་བ་དེ་གཉི་ག་སྟོབས་དང་ལྡན་པའི་རྒྱུ་ལས་རང་དོན་གྱི་དབང་དུ་བྱས་ནས་ལམ་ངན་པ་དང་བཟང་པོར་འཇུག་པ་ལས་ནི། སྲེད་པས་འཆུམས་གང་ཁྱིམ་གྱི་རོས་འཚོ་བ། །དེ་ནི་ངང་གིས་སྡིག་པ་མི་བཟད་ལེན། །གང་ཞིག་ [127A]༄༅། །དད་པས་རབ་བྱུང་དབེན་པར་གཞོལ། །ཆོས་ཀྱི་རོས་འཚོ་ངང་གིས་ཚོགས་མཆོག་སྡུད། །གང་དག་འདོད་སེམས་དྲག་པོས་བསླུས་ནས་ཁྱིམ་བཟུང་སྟེ་ཆུང་མ་དང་བུ་ལ་སོགས་པ་ལ་གཅེས་པར་འཛིན་པས་དེ་དག་གི་དབང་དུ་གྱུར་ཅིང་ལས་ངན་པ་སྣ་ཚོགས་ ཀྱིས་འཁོལ་བ་དེ་ནི་ཁ་ན་མ་ཐོ་བ་ལྕི་བ་ཆེས་ལྕི་བ་མང་བ་ཆེས་མང་བ་དག་ལ་ངང་གིས་འཇུག་པའི་རྒྱུ་གཅིག་པོ་ཡིན་ལ། ཡང་གང་ཞིག་སྟོན་པའི་བསྟན་པ་ལ་དད་པས་རབ་ཏུ་བྱུང་སྟེ། ཆོས་འབའ་ཞིག་ལྷུར་བྱེད་པས་དགེ་བའི་བཤེས་གཉེན་བསྟེན་ཅིང་ལུས་དང་སེམས་ དབེན་པར་གནས་པས་རྣལ་འབྱོར་དང་སྤོང་བ་ལ་གཞོལ་བ་དེ་ནི་ཆོས་ཉིད་ཀྱིས་དགེ་ལེགས་སྟོབས་དང་ལྡན་པ་མང་པོ་ཆེས་མང་བ་དག་འདུ་བའི་སྒོ་ཆེན་པོར་འགྱུར་བའོ། །བྱམས་པ་སེངྒེའི་སྒྲ་ཆེན་པོ་ལས། རབ་བྱུང་སངས་རྒྱས་རྣམས་ཀྱིས་བསྔགས། །ངེས་འབྱུང་དེ་བཞིན་ གཤེགས་པས་བསྔགས། །ཁྱིམ་གནས་ཉོན་མོངས་གནས་པ་སྟེ། །དཀར་ཆོས་རྣམ་པར་འཇིགས་པར་བྱེད། །གང་ཞིག་དཀར་པོའི་ཆོས་རྣམས་ནི། །ཉམས་པར་མི་འགྱུར་འཕེལ་འདོད་པ། །རབ་ཏུ་འབྱུང་བར་བྱ་བའི་ཕྱིར། །འཇིག་རྟེན་མགོན་ཐད་མྱུར་དུ་སོང། །བསྐལ་པ་ བྱེ་བར་རབ་སྤྱད་ཀྱང། །འདོད་པ་རྣམས་ལ་ངོམས་པ་མེད། །ཁྱིམ་ན་གནས་པ་འདོད་པ་ཡིས། །མི་ངོམས་བཞིན་དུ་འཆི་བར་འགྱུར། །ཇི་ལྟར་རྒྱ་མཚོར་ཆུ་ཀླུང་རྣམས། །འབབ་པས་ངོམས་པར་མི་འགྱུར་བ། །དེ་བཞིན་བྱིས་པ་འདོད་རྣམས་ལ། །བསྟེན་པས་ནམ་ཡང་ངོམས་མི་ འགྱུར། །དཔེར་ན་མེ་ནི་རྩ་དག་དང། །ཤིང་གིས་ནམ་ཡང་ངོམས་པ་མེད། །དེ་བཞིན་བྱིས་པ་འདོད་རྣམས་ལ། །བརྟེན་པས་ངོམས་པར་འགྱུར་བ་མེད། །འཇིག་རྟེན་རྣམ་པར་འདྲེན་རྣམས་ཀྱིས། །འདོད་པ་འདི་དག་ཆགས་པར་གསུངས། །དེ་ཕྱིར་ཆགས་པ་ཡོངས་སྤངས་ ཏེ༑ ༑རབ་ཏུ་འབྱུང་ཕྱིར་མངོན་བྱུང་ཤིག་མྱུར་དུ་དགོན་པར་གནས་བྱེད་ན། །འདོད་པའི་སྲེད་པ་སྤོང་འགྱུར་ཞིང། །ཉེས་པ་ཇི་བཞིན་རྣམ་རིག་ནས། །དེ་དག་ལས་ནི་སེམས་ལྡོག་འགྱུར། །ཆགས་ལ་སོགས་པས་གཟིར་བ་ཡི། །སེམས་ཅན་གྲོལ་བྱེད་སུ་འདོད་པ། །དེ་ནི་ཁྱིམ་ [127B] །སྐྲག་ཅིང་དགོན་པ་ཀུན་ཏུ་བསྟེན། །གང་ཞིག་བདུད་ལས་རྒྱལ་བ་དང། །འཆི་མེད་གོ་འཕང་རྟོགས་པ་དང། །འཁོར་ལོ་དམ་པ་བསྐོར་འདོད་པ། །དེས་ནི་དགོན་པ་བསྟེན་པར་གྱིས་ཞེས་གསུངས་པའོ། ༈ །གཞན་དོན་གྱི་དབང་དུ་བྱས་ནས་གཞན་དག་ཡ་ང་བའི་གནས་ལས་ བཟློག་པ་དང་མི་བཟློག་པ་ལས་ནི། གཞན་ཡང་ཚུལ་འཆལ་རབ་བྱུང་ཁྱིམ་པ་གང། །ཆོས་ལྡན་རྣམས་ཀྱི་ལོངས་སྤྱོད་ལ་རློམ་དག་ཚར་གཅོད་ནུས་བཞིན་བཏང་སྙོམས་བྱེད་པ་ཡི། །རྒྱལ་པོ་ལ་སོགས་སྡིག་པའི་ཁུར་ཆེན་ལེན། །དེ་ལས་ལྡོག་ཅིང་ཆད་པས་གཅོད་བྱེད་པ། །དེས་ ནི་མཚུངས་མེད་བསོད་ནམས་དམ་པ་ཐོབ། །རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་པ་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་དུ་གྱུར་པ་དག་དང། ཁྱིམ་པ་མ་རུངས་པ་དག་རྫས་དང་དཀོན་མཆོག་གི་དཀོར་ལ་ཐུགས་ཐུབ་ཏུ་སྤྱོད་པ་ནི་རི་ཆེན་པོ་བསྲེག་པར་འཇུག་པ་ཡིན་ པས་ན། ཆོས་དང་ལྡན་པའི་རྒྱལ་པོ་ལ་སོགས་པས་བརྩེ་བའི་སེམས་ཀྱིས་དེ་ལས་བཟློག་ཅིང་ཚུལ་དང་མཐུན་པའི་ཆད་པས་གཅོད་པ་ནི་བསོད་ནམས་ཕུལ་དུ་བྱུང་བ་བསྒྲུབ་པ་ཡིན་ལ། དེ་དག་ཡལ་བར་འདོར་བ་ནི་ཉེས་པ་ཤིན་ཏུ་ཆེ་བ་སྟེ། འདས་ཆེན་ལས། རྒྱལ་པོ་ལ་སོགས་ པས་དཀོར་ལ་སྤྱོད་པ་དེ་ལྟ་བུའི་རབ་ཏུ་བྱུང་བ་དང་ཁྱིམ་པ་དག་ཆད་པས་ཚུལ་བཞིན་དུ་མི་གཅོད་ན་དེའི་སྡིག་པ་ནི་ཤིན་ཏུ་ཆེ་སྟེ། རང་སངས་རྒྱས་མན་ཆད་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་སེམས་ཅན་གཅིག་ལྡན་ན། དེ་ནི་དེ་མན་ཆད་པས་བསོད་ནམས་ཁྱད་པར་དུ་ འཕགས་པ་སྟེ། གལ་ཏེ་སེམས་ཅན་ཐམས་ཅད་ཀྱང་བསོད་ནམས་དེ་ཙམ་དང་ལྡན་པ་མ་ལུས་པའི་མིག་འབྱིན་པ་དང་ཡན་ལག་ཐམས་ཅད་གཅོད་པས་ནི་སྔ་མ་དེའི་སྡིག་པའི་ཆར་ཡང་མི་ཕོད་དོ། །དེ་དག་ལས་ལྡོག་ཅིང་ཆད་པས་གཅོད་པའི་བསོད་ནམས་ཤིན་ཏུ་ཆེ་ བ་ནི་སྔར་གྱི་བསོད་ནམས་དེ་ཅམ་དང་ལྡན་པ་དེ་ཐམས་ཅད་བཙོན་ར་ནས་བཏོན་ཏེ་ལོ་བརྒྱ་ཕྲག་ཏུ་རིམ་གྲོ་བྱེད་པས་བསོད་ནམས་དའི་ཆར་ཡང་མི་ཕོད་པར་གསུངས་སོ། ༈ །ལས་དེ་ལྟ་བུ་དག་ལ་ངེས་པ་བསྐྱེད་པའི་ཆེད་དུ་བྱུང་བའི་མཐའ་རྗེས་སུ་བརྗོད་པ་ན། མི་དགེ་བའི་ལས་འབྲས་ [128A]༄༅། །ཀྱི་དབང་དུ་བྱས་ནས་ལུས་ཀྱི་ལས་གཙོར་གྱུར་པ་ནི། རྡུལ་བྲལ་ཚོགས་རྣམས་སྡང་བས་སྲོག་བཅད་དང། །དགེ་འདུན་དཀོར་མང་བསྒྱུར་ཞིང་སྤྱད་བྱིན་བསྲེགས། །དམྱལ་བ་ཡི་དྭགས་མ་རུངས་ལུས་ལྡན་པ། །སྡུག་བསྔལ་ཤུགས་དྲག་བརྣག་དཀའ་ མནར་བར་འཁོར། །ལས་བརྒྱ་པ་ལས་ཇི་སྐད་དུ་སེམས་ཅན་དམྱལ་བ་ལུས་ཆེ་ཞིང་དམུས་ལོང་དུ་གྱུར་པ་ཞིག་ལུས་ཞུ་རླུབས་སུ་རྨས་ཁྱབ་སྟེ་ཐམས་ཅད་དུ་སྲིན་ཞུགས་ནས་མི་བཟོད་པས་ཕན་ཚུན་བརྒྱུགས་པ་ན། ཐང་དང་ཆུ་དང་ནམ་ཁའ་གང་དུ་ཕྱིན་པར་སེངྒེ་དང་ཆུ་སྲིན་དང་བྱ་རོག་ ལ་སོགས་པས་ཟ་ལ། ནགས་སུ་ནི་ཤལ་མ་ལིའི་རལ་གྲི་ལ་སོགས་པ་འབབ་བོ། །རྩིག་གསེབ་ལ་སོགས་པར་བྲོས་པ་ན་ལས་ལས་སྐྱེས་པའི་མི་དག་གིས་མཚོན་སྣ་ཚོགས་འདེབས་སོ། །སྟོན་པས་སྐྱེ་བོ་མང་པོ་སྐྱེ་བ་བསྐྱེད་པས་གདུལ་བའི་ཕྱིར་སེམས་ཅན་དེ་ཆུ་ཀླུང་ཁང་ལྡན་གྱི་ འགྲམ་དུ་བཞག་གོ་དེ་ན་ཚ་མི་བཟོད་དེ་བརྒྱུགས་པ་ན་སྔར་གྱི་གནོད་པ་དེ་རྣམས་ཀུན་མྱོང་བའི་དུ་སྐད་ཀྱིས་མཉན་ཡོད་ཐམས་ཅད་ཁྱབ་པས་ཐམས་ཅད་བརྒྱུགས་ནས་བལྟ་བའི་ཕྱིར་དེར་འདུས་སོ། །སྟོན་པ་འཁོར་དང་བཅས་པའང་དེར་བྱོན་ནས་དེས་ཚེ་རབས་དྲན་ཞིང་ མིའི་སྐད་སྨྲ་བར་བྱིན་གྱིས་བརླབས་ཏེ་བཀའ་སྩལ་པ་ལ། བཞིན་བཟང་ཁྱོད་སྒམ་པོ་ཡིན་ནམ། གསོལ་པ་བདག་སྒམ་པོ་ལགས་སོ། །ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་མི་སྡུག་པ་མི་འདོད་པ་ཡིད་དུ་མི་འོང་བ་ཡོད་དམ། མཆིས་ལགས་སོ། །ཁྱོད་ཀྱི་མི་དགེ་བའི་ བཤེས་གཉེན་སུ་ཡིན། རང་གི་སེམས་ལགས་སོ་ཞེའོ། །ཀུན་དགའ་བོས་དེའི་རྒྱུ་ཞུས་པས། སྔོན་སངས་རྒྱས་འོད་ཟེར་ཅན་གྱི་དགྲ་བཅོམ་པ་ཞིག་འཁོར་ལྔ་བརྒྱ་དང་བསྐྱེད་མོས་ཚལ་ཞིག་ཏུ་རྒན་རིམ་གྱིས་ཤིང་དྲུང་དེར་བསམ་གཏན་བྱེད་པ་ན། རྒྱལ་པོ་སྒམ་པོ་དེར་སོང་བའི་ བཙུན་མོ་དག་འཁྱམས་པས་དེ་དག་མཐོང་ནས་དད་པར་གྱུར་ཏེ། རྒན་པ་དེ་ལ་ཆོས་ཉན་པ་དང། རྒྱལ་པོས་སྒྲ་དེ་ཐོས་པས་རལ་གྲི་ཕྱུང་སྟེ་སོང་བ་དང་མཐོང་ནས་ངའི་བཙུན་མོ་འཁོར་བསླད་དོ་སྙམ་སྟེ་ཁྲོས་པས་འཁོར་དག་ལ་བསྒོ་ནས། དེ་རྣམས་ལྕག་གིས་ལུས་ [128B] ལ་ལ་གསོན་པོར་གསལ་ཤིང་ལ་བཙུགས། རལ་གྲི་ལ་སོགས་པས་བསྣུན། ལ་ལ་གསོན་པོར་ཁྱི་ལ་ཟར་བཅུག་ལ་ལ་དུམ་བུ་དྲུག་ཏུ་བཅད་དེ་ཕྱོགས་ཐམས་ཅད་དུ་བོར་བའོ། །དེ་ནས་ད་ལྟར་གྱི་བར་དུ་ལུས་འདི་ལྟ་བུ་ཉི་ཚེར་བསྐྱར་ ཞིང་སྐྱེས་པ་སྟེ། ད་དུང་བསྐལ་པ་བཟང་པོ་འདིར་སངས་རྒྱས་ལྔ་བརྒྱའི་བར་དུ་འདི་ཉིད་དུ་སྐྱེའོ། །དེ་ནས་རིགས་ངན་ཞིག་ཏུ་སྐྱེ་སྟེ་ནགས་ཁུང་དུ་རྙི་ལ་སོགས་པས་རི་དྭགས་བཤོར་བ་ན། དེར་རང་སངས་རྒྱས་ཤིག་མཚན་མོ་གནས་པའི་དྲིས་རི་དྭགས་མི་འོང་བས། ཡང་དེ་ བསད་པ་ལས་མནར་མེད་ཉི་ཚེར་ལན་མང་དུ་སྐྱེའོ། །དེ་ནས་སངས་རྒྱས་བླ་མ་ཞེས་བྱ་བའི་རིང་ལ་མིར་སྐྱེ་སྟེ། དགྲ་བཅོམ་པ་ཐོབ་པ་ན་ཡང་རྒྱལ་པོ་ཞིག་གིས་སྔར་གྱི་དེ་ཁོ་ན་ལྟར་གསོད་པས་སྡུག་བསྔལ་མཐར་བྱེད་པར་གསུངས་སོ། །ཚེ་དང་ལྡན་པ་མཽངྒལ་གྱི་བུས་ཡི་ དྭགས་ལུས་ཆེ་བ་ལ་རོ་སྨད་གཅིག་རྐེད་པ་ཡན་ཆད་གཉིས་སུ་གྱེས་པ་འབར་རབ་ཏུ་འབར་ཞིང་ཕན་ཚུན་བརྒྱུག་པ་ན་ལས་ལས་སྐྱེས་པའི་སེངྒེ་དང་སྟག་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་མང་པོས་གཅོད་ཅིང་ཟ། མིས་རལ་གྲི་རྣོན་པོས་རོ་སྟོད་གཅིག་བཅང་ན་གཅིག་ སྐྱེ་བའི་རེས་ཀྱི་སྡུག་བསྔལ་མང་པོ་མྱོང་བ་མཐོང་ནས། ལས་བསམས་པས་སྟོན་པ་འོད་སྲུངས་ཀྱི་དགེ་སློང་ཞལ་ལྟ་བས་དགེ་སློང་དབྱར་གནས་པའི་རྙེད་པ་བཅད་དེ་རྒུན་གནས་པ་ལ་ཕུལ། རྒུན་གྱི་དབྱར་གྱི་ལ་ཕུལ། ལ་ལའི་བཅད་དེ་རང་གིས་སྤྱད་ཅིང་གཞན་ལ་བྱིན་པ་ལས་ཡིན་ པར་ཤེས་སོ། །ཡང་དེས་རི་བིན་དེའི་ནགས་ན་ཡི་དྭགས་ལུས་རབ་ཏུ་འབར་བ་ཀུན་གྱི་ཟ་བ་མཐོང་སྟེ། སྟོན་པ་འོད་སྲུངས་ཀྱི་དགེ་སློང་གཉེར་པས་དགེ་འདུན་དང་མཆོད་རྟེན་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་དང། འཚོ་བ་ནར་མ་ཅི་དགར་སྤྱོད་ཅིང་གཞན་ལའང་ བྱིན་པའོ། །ཡང་དེས་རྒྱ་མཚོའི་འགྲམ་ན་ཡི་དྭགས་ཤ་སྣ་དགུ་འདྲ་བ་གཙང་ཁང་ཕྱུར་པོ་ཙམ་པ་ཞིག་ས་ལ་ནི་ལུས་ཐོག་ཐག་ནས་སྲིན་ཁབ་ཀྱི་མཆུ་ཅན་གྱིས་ཟ་ལ། དེ་མ་བཟོད་དེ་ནམ་ཁར་ཕྱིན་པས་མེ་འབར་ཏེ་སྡུག་བསྔལ་བ་མཐོང་སྟེ། སྟོན་པ་འོད་སྲུངས་ [129A]༄༅། །ཀྱི་དགེ་སློང་གཉེར་པས་དཀོར་རྣམས་སྤྱད་ཅིང་ཉེ་དུ་ལའང་བྱིན་ལ། ལ་ལ་ནི་ཁྲོས་པས་མེར་བསྲེགས་པའོ། ༈ །ངག་གིས་གཙོར་གྱུར་པའི་དབང་དུ་བྱས་ནས། དམ་པའི་ཞིང་ལ་སྡང་བས་གཤེ་བ་དང། །སྐུར་པ་སྨྲ་དང་གཞན་གྱི་འཁོར་འབྱེད་པ་ འགྲོ་ངན་ལྷུང་ནས་སྡུག་བསྔལ་མང་ལྡན་འགྱུར། །སངས་རྒྱས་ཉིད་ནའང་གཞན་གྱིས་འཁོར་འབྱེད་འཐོབ། །སྡིག་ལྟས་འཕགས་ལ་སྡང་བས་སྐུར་པ་དང། །ཕྲག་དོག་གིས་ནི་དམ་པ་ལ་སྨོད་པ། །དམྱལ་བའི་སྡུག་བསྔལ་བཟོད་དཀས་གདུང་འགྱུར་ཞིང། །ཚེ་ རབས་མང་པོར་སྐུར་དང་མི་སྙན་འཐོབ། །ཡང་སྟོན་པ་འོད་སྲུངས་ཀྱི་ཆེ་དགེ་སློང་མ་ཞིག་གཉི་གའི་དགེ་འདུན་གྱི་ཞལ་ཏ་བྱེད་པས་ན། བྲེལ་བ་ཞིག་གི་ཚེ་སློབ་པ་དང་མི་སློབ་པའི་དགེ་སློང་མ་མང་པོ་ལ་གྲོགས་བཅོལ་བ་མ་ཉན་པས་ཁྲོས་ཏེ། ང་ནི་ཁྱི་མོ་འདྲ་བ་ཁྱེད་ དགང་ཞིང་གསོ་བ་འབའ་ཞིག་བྱེད་ན། ཁྱེད་ནི་སྐད་ཅིག་ཙམ་དུ་ངའི་དོན་བྱེད་དུའང་མི་པ་ཏུབ་བམ་ཞེས་ཚིག་ངན་སྨྲས་པས། བཤགས་ཀྱང་ཚེ་རབས་ལྔ་བརྒྱར་ཁྱིར་སྐྱེས་སོ། །ཡང་དེའི་ཚེ་དགེ་སློང་ཞལ་ཏ་བ་སྦྱིན་བདག་ལ་གུང་སྐྱེམས་དགོས་པ་ན། ཕྱི་དྲོ་གུད་སྐྱེམས་ ཀྱི་ཞལ་ཏ་བ་དགེ་སློང་དགྲ་བཅོམ་པ་ཞིག་དགེ་འདུན་ལ་གུད་སྐྱེམས་བྲིམས་ནས་ལུས་ངལ་ཏེ་གནས་ཁང་དུ་འདུག་པ་དང། ཞལ་ཏ་བ་དེས་མ་རྙེད་པས་ཁྲོས་ཏེ་དྲིས་ནས་མིག་བཙུམས་ཏེ་མིག་དང་འདི་འདྲ་བ་དེ་ཡིན་པ་ལྟ་ཞེས་ནས། དེའི་དྲུང་དུ་སོང་སྟེ་ང་ནི་ཁྱེད་ཀྱི་ བསྙེན་བསྐུར་བྱེད་ན་ཁྱེད་ནི་དད་རྫས་སྤྱད་ནས་ཚང་དུ་ཁྱི་བཞིན་ཉལ་ཞེས་པས། བཤགས་ཀྱང་སྐྱེ་བ་ལྔ་བརྒྱར་ཁྱིར་སྐྱེས་ཏེ་མིར་སྐྱེས་པ་ནའང་མིག་ཆུང་དུ་གྱུར་པའོ། །ཡང་མཽངྒལ་ཀྱི་བུས་དམྱལ་བ་ལུས་ཤིན་ཏུ་ཆ་བའི་ཁ་ནས་མི་དག་གིས་ལྕེ་ཕྱུང་སྟེ་ལྕགས་འབར་ བའི་ས་ལ་ལྕགས་ཕུར་འབར་བས་ཐང་ཆང་པར་བརྒྱངས་ཤིང། རྨན་དོར་འབར་བ་སྟོང་གིས་གླང་གི་རྨིག་པ་སྤུ་གྲི་འདྲ་བས་དམྱལ་བར་རྨོད་པ་མཐོང་སྟེ། ལས་བསམས་པས་མ་ཤེས་ནས་སྟོན་པ་ལ་ཞུས་པས་སྔོན་སྟོན་པ་བགྲད་པ་མ་ཉམས་པའི་དགེ་སློང་སྡེ་ [129B] དེར་དགྲ་བཅོམ་པ་སྡེ་སྣོད་གསུམ་པ་འཁོར་ལྔ་བརྒྱ་པ་ཞིག་འོངས་ཐམས་ཅད་དེ་ལ་དད་པར་གྱུར་ཏེ་བཀུར་སྟི་བྱེད་ཅིང་སྔ་མ་སྤངས་པ་དང། དེས་ཕྲག་དོག་གིས་ནི་སྡིག་པ་ཅན་ཚུལ་ཁྲིམས་འཆལ་ བའོ་ཞེས་སྐུར་པ་བཏབ་ཅིང་བསྐྲད་པའོ། །ཕྱིས་སངས་རྒྱས་བླ་མའི་ཚེ་དགྲ་བཅོམ་པར་གྱུར་པ་ནའང་སྐུར་པ་ཐོབ་བོ། །སྟོན་པའི་དགེ་སློང་ལྔ་བརྒྱ་ལྷས་བྱིན་གྱིས་ཕྱེ་བ་ནི་སྔོན་ཝ་ར་ཎ་སེར་རྒྱལ་པོ་ཚངས་བྱིན་གྱི་དྲང་སྲོང་གི་གནས་ཞིག་ན་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་འཁོར་ ལྔ་བརྒྱ་པ་ཞིག་ཡོད་དོ། །དེར་ལྷོ་ཕྱོགས་ནས་བྲམ་ཟེ་འཁོར་ལྔ་བརྒྱ་པ་རིག་པའི་གནས་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞིག་འཁོར་ལ་གསང་ཚིག་སློབ་བོ། །དྲང་སྲོང་དེའི་འཁོར་གྱིས་ཀྱང་བསླབ་པར་ཞུས་པས། གཞན་གྱི་སློབ་མ་སློབ་པར་མི་བྱེད་ཅེའོ། །བདག་ཅག་མཁན་པོ་པོར་ ཏེ་ཁྱོད་ཉིད་ལ་བརྟེན་ཅེས་པ་དང་ད་དག་བྶྡུསྤ་ལས་སོ། །དེས་ཡུན་རིང་པོར་དམྱལ་བར་བཅོས་ཤིང་གང་དུ་སྐྱེས་པར་ཡང་ཁོར་དབྱ་བར་གྱུར་ཏེ། །ཡང་ཚེ་དང་ལྡན་པ་ཀ་ཀ་ལི་ཀ་སབ་ཀང་རི་ལ་འཇིགས་བྱེད་མའི་ནགས་ཚལ་རི་དྭགས་ཀྱི་གནས་ན། ཡུལ་དེའི་མི་དག་གིས་ བཀུར་སྟི་ཆེར་བྱས་ཏེ་དེར་དགེ་སློང་འོངས་སོ་ཅོག་ལ་ཡོ་བྱད་ཐམས་ཅད་ཀྱིས་མཁོ་བ་སྟོབས། ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཀྱང་དེར་དོང་ནས་ནགས་ན་གནས་པ་དས་ཐོས་ཏེ་ཕྱག་བྱས་ནས་ཁོ་བོས་མཁོ་བ་ཐམས་ཅད་སྦྱར་གྱི། ཐུགས་ཁྲལ་ཆུང་ངུར་བཞུགས་ཤིག་ཅེའོ་ རི་འདི་འཇིགས་པས་གནས་མི་ཕོད་ཀྱི་དགོན་པ་ཞིག་ཏུ་ཆའོ། །དེར་ཡང་ཁོ་བོས་ཡོ་བྱད་སྦྱར་རོ། །དེད་དེར་འདུག་པ་སུ་ལའང་མི་སྨྲ་ན་དང་དུ་བླང་ངོ། །སྨྲས་ན་དད་མ་སྦྲན་བར་འགྲོའོ། །དེ་ལྟར་ཆད་ནས་དེས་དེ་གཉིས་ལ་བཀུར་སྟི་བྱེད་དོ། །ཕྱིས་དེས་འཁོར་དག་དེ་གཉིས་ལ་བཅོལ་ཏེ་ ལྗོངས་རྒྱུར་སོང་ངོ། །དེ་གཉིས་ཀྱི་དེ་དག་ལ་ཆོས་བསྟན་པས་དགྲ་བཅོམ་པའང་ཐོབ་བོ། །ཡང་ཕྱིས་ལྷས་སབ་ [130A]༄༅། །དང་ཕ་ཚན་ནས་ཕ་ཚན་དང། དགའ་སྡེ་ནས་དགའ་སྡེར་འདུས་ཏེ་ཀུན་གྱིས་བསྙེན་བཀུར་བྱས་སོ། །དེ་གཉིས་རྙེད་པ་དང་བཀུར་སྟིས་གཡེངས་བས་སྔར་གྱི་ཆད་ལས་དེ་ནས་འགྲོ་བ་ན་འཁོར་རྣམས་ངེད་ཀྱང་འགྲོའོ་ཞེས་པ་ལ། ཁྱེད་རྒྱབ་ཏུ་སོངས་ཤིག་ངེད་ གུད་དུ་འགྲོ་བ་དག་གི་དོན་བྱའོ་ཞེས་དེ་གཉིས་ལམ་གཞན་དུ་ཞུགས་སོ། །ཆར་བབ་པ་དང་རི་སྒབ་དེའི་རི་ཕུག་ཞིག་ན་མ་ཧེའི་རྫི་མོ་ཞིག་དང་སྔར་མི་གཉིས་ཉལ་པོ་བྱས་ནས་སོང་བའི་འོག་ཏུ་དེ་གཉིས་ཀྱང་ཕུག་སྒོ་དེར་འདུག་གོ་ཀོ་ཀ་ལི་ཀ་རང་གི་སར་ལོག་པ་དང་འཁོར་སུའང་ མེད་པས་གར་སོང་དྲིས་པ་ན་དེ་གཉིས་ཀྱི་ཕྱིར་དོང་ངོ་ཞེའོ། །དེ་ཆེར་ཁྲོས་ཏེ་རང་གིས་འཁོར་འགུག་འདོད་ནས་ལམ་དེར་བསྙགས་པས་ཕུག་དེར་སླེབ་པ་དང། ཕྱག་བྱས་ཏེ་ཀུན་དགའ་བའི་གཏམ་བྱས་ཤིང་འཁོད་པ་དང། བུད་མེད་དེས་སྐད་ཐོས་པས་ཕུག་ནང་ནས་བྱུང་སྟེ་སོང་ངོ།། ཀོ་ཀ་ལི་ཀ་ཁུ་འཕྲིག་ཟ་སྟེ་དེ་མཚན་རྟགས་མཁས་པས་དེ་ལ་སྐྱེས་པ་གཉིས་ཉལ་བ་ཤེས་ནས་སྡིག་ལྟ་སྐྱེས་ཤིང་དེ་གཉིས་སྡིག་པ་ཅན་དུ་རིག་པ་ལས་ཞེ་གཅོད་པའི་ཚིག་གིས་ཀུན་ཏུ་དེ་སྐད་བསྒྲགས་སོ། །དགེ་སློང་དག་གིས་ཐོས་པས་སྟོན་པ་ལ་ཞུས་སོ། །དེས་ཀོ་ཀ་ལི་ ཀ་ཁྱོད་དེ་གཉིས་དས་པ་བྱེ་བྲག་ཕྱེད་པ་ཚངས་པ་མཚུངས་པར་སྤྱོད་པ་ལ་དགའ་བར་གྱིས་ཤིག་ཡུན་རིང་པོར་གནོད་པར་གྱུར་ཏ་རེ། བདག་སྟོན་པ་ལ་དད་མོད་ཀྱི་དེ་གཉིས་ནི་སྡིག་པ་ཅན་ལགས་སོ་ཞེས་ཏེ། སྟོན་པས་ལན་གསུམ་བཟློག་ཀྱང་མ་ཉན་ཏོ། །དེ་ལངས་ཏེ་སོང་ མ་ཐག་ལུས་ཐམས་ཅད་འབྲས་ཡུངས་འབྲུ་ཙམ་གྱིས་གང་ངོ། །ད་ནས་རྒྱ་སྲན་དང་རྒྱ་ཤུག་དང་སྐྱུ་རུ་ར་དང་བིལ་བ་དང་ཀ་པིད་ཏའི་འབྲས་བུ་ཙམ་གྱིས་རིམ་གྱིས་གང་ནས། ། དམྱལ་བ་པདྨ་ལྟར་ཆེར་གས་པར་སྐྱེས་ཏེ། ལུས་ཆེན་པོ་ལ་མི་དག་གིས་ལྕེ་ཕྱུང་ནས་ལྕགས་འབར་བའི་ས་ལ་ལྕགས་ཕུར་འབར་བས་བརྐྱངས་ཤིང་རྨོན་དོར་འབར་བ་ལྔ་བརྒྱས་རྨོའོ། །གླང་གི་རྨིག་པ་སྤུ་གྲི་འདྲ་བས་ཀྱང་དམྱལ་ལོ། །སྟག་ལ་སོགས་པ་ལྕགས་ཀྱི་ [130B] །ནམ་སྲོས་པ་ན་ལྷ་གསུམ་སྟོན་པ་ལ་ཕྱག་འཚལ་ཏེ། གཅིག་ནི་ཀོ་ཀ་ལི་ཀ་གུམ་ལགས་སོ་ཞེས་སོ། །གཅིག་ནི་པདྨ་ལྟར་ཆེར་གས་པར་སྐྱེས་སོ། །ཞེའོ། གཅིག་ནི། སྐྱེས་བུ་གཅིག་ནི་ སྐྱེས་པ་ན། །ཁ་ནས་ལྟ་རེ་བྱུང་བར་གྱུར། །ཉེས་པར་སྨྲ་བའི་ཚིག་བརྗོད་པ། །དེས་ནི་བདག་ཉིད་གཅོད་པར་བྱེད། །གང་ཞིག་སྨད་འོས་སྐྱེ་བོ་བསྔགས་པ་དང། །བསྔགས་པར་འོས་པའི་སྐྱེ་བོ་སྨོད་བྱེད་པ། །དེས་ནི་ཁ་ནས་རྩོད་པ་དེ་བསགས་ཏེ། །རྩོད་པ་དེས་ནི་བདེ་བ་མྱོང་མི་འགྱུར། །འདི་ ན་ཚེ་ །རྩོད་པ་གང་ཡིན་དེ་ནི་ཆུང་བ་ཡིན། །བདེ་བར་གཤེགས་ལ་སེམས་ནི་སྡང་བ་ཡི། །རྩོད་པ་གང་ཡིན་དེ་ནི་ཤིན་ཏུ་ཆེ། །ངག་དང་ཡིད་ཀྱིས་སྡིག་བྱས་འཕགས་ལ་སྨད། །དེས་ན་ལོ་གྲངས་དུང་ཕྱུར་ཕྲག་གསུམ་དང། །བྱེ་བ་ཕྲག་ནི་སུམ་ ཅུ་ལྔ་ཡི་བར། །སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་ཞེའོ། །མ་ག་དཧའི་ཏིལ་གྱི་བང་བ་ཏིལ་ཁལ་བཅུ་ཚད་ཉི་ཤུ་པ་ཏིལ་ཕྱུ་བུར་བཀང་བ་ལས་ལོ་བརྒྱ་ཞིང་རེ་རེ་ཕྱུང་བས་ཟད་ཀྱང་ཆུ་བུར་ཅན་གྱི་ཚེ་མི་ཟད་དེ་གཞན་གྱི་ནི་ཉི་ཤུ་འགྱུར་རོ། །དེས་ན་སྡོང་དུམ་མེ་རེག་ ལའང་ཁྲོ་བར་མི་བྱ་ན་ཤེས་པ་དང་བཅས་པ་ལ་ལྟ་ཅི་སྨོས་ཞེས་བསླབ་པར་བྱ་སྟེ་ང་འམ་ང་དང་འདྲ་བ་མ་ཡིན་པས་གང་ཟག་ལ་ཚད་མི་བཟུང་ངོ། །འཛིན་ན་རྒྱུ་བརྒྱད་ཀྱིས་བརྟག་སྟེ་སྤྱོད་པ་དང་སྤྱོད་ཡུལ་དང་མཛའ་བོ་དང་གྲོགས་པོ་དང་འཚོ་བ་དང་ཐོས་པ་དང། ལུས་ཀྱི་ལས་ དང་ངག་གི་ལས་ཀྱིས་སོ། །དེ་གཉིས་ཀྱིས་སྙིང་རྗེས་དེ་བལྟར་ཕྱིན་པ་ན། དེས་མཐོང་བས་ལྷག་པར་སྙིང་ན་སྟེ་འདིར་ཡང་སྡིག་ཅན་གཉིས་ཀྱིས་མ་བཏང་ངོ་སྙམ་པས་རྨོན་དོར་སྟོང་དུ་གྱུར་ཏོ། །ཀྱི་ཧུད་བླུན་པོ་གསོར་མེད་ཅེས་ཡི་མུག་སྟེ་སོང་ངོ། །སྔོན་གྲོང་ཁྱེར་རྡུལ་ལྡན་ན་དཀའ་ ཐུབ་ཅན་གཉིས་འཁོར་ལྔ་བརྒྱ་དང་འདུག་པ་ལ། ཐམས་ཅད་ཀྱིས་དགྲ་བཅོམ་པ་ལྟར་རྙེད་པ་དང་བཀུར་སྟི་དང་གྲགས་པས་བསྟོད་པ་ན། རི་སུལ་ཞིག་ན་དྲང་སྲོང་མངོན་ཤེས་ཅན་སྙིང་རྗེ་ཆེ་བ་གཞན་ལ་ཕན་པར་གཞོལ་བ་ཞིག་ཡོད་པ་རྡུལ་ལྡན་དུ་སོང་སྟེ་འགྲོ་བ་ལ་ཕན་འདོག་ [131A]༄༅། །བར་བྱེད་དོ། །དེ་ལ་བསྙེན་བཀུར་ལྷག་པར་གྱུར་པས་དཀའ་ཐུབ་ཅན་དེ་གཉིས་ཕྲག་དོག་སྐྱེས་ཏེ་འདི་ནི་ཚུལ་ཁྲིམས་འཆལ་པ་སྡིག་ཅན་འདོད་པ་སྤྱོད་པའོ་ཞེས་བཅིལ་བས་དེ་སོང་བ་ན། བསྙེན་བཀུར་བྱུང་བས་དགའ་བ་རྙེད་པ་ལས་སྐྱེ་བ་ཐམས་ཅད་དུ་ དེ་གཉིས་ཀྱིས་སྐུར་བ་ཐོབ་པའོ། ༈ །ལུས་ངག་གཉི་གའི་ལས་ཀྱི་དབང་དུ་བྱས་པ། །སྡང་བས་མ་དང་འཕགས་པ་གསོད་པ་དང། །དགེ་འདུན་མ་ལ་སྐུར་ཅིང་བརྙས་བྱེད་པ། །མི་བཟད་དམྱལ་བ་དུད་འགྲོ་ཡི་དྭགས་དང། །བཀྲེས་པས་འཆི་སོགས་སྡུག་བསྔལ་མཐའ་ ཡས་ཐོབ། །བྲམ་ཟེ་དབུལ་པོ་ཞིག་གིས་བུ་སྒུར་ཆུང་མའི་ལྟོ་ན་འདུག་ནས་ལྷག་པར་ཡང་སློང་མོ་མི་རྙེད་དོ། །བཙས་ནས་མའི་ནུ་ཞོ་བསྐམས་པས་བའི་འོ་མས་ངན་ངོན་གསོས་ཏེ་སྲིད་པ་ཐ་མ་པ་བར་མ་དོར་འཆི་བ་ནི་མི་སྲིད་དོ། །ཕྱིས་སླད་མོ་ལ་བཏང་བ་ན་རིང་དུ་བསྐོར་ཀྱང་ སྲོག་བཟུངས་ཙམ་ལས་མི་རྙེད་དོ། །དེ་སངས་རྒྱས་ལ་དད་པ་རྙེད་ནས་རབ་ཏུ་བྱུང་བ་ནའང་བསོད་སྙོམས་རེས་རྙེད་རེས་མི་རྙེད་དོ། །གྲལ་དུ་འདུག་ནའང་དེར་ཟས་ཆད་པ་འམ་རྐྱེན་འོང་བ་འམ། ཡང་བྱུང་ནའང་དེ་ལུས་ནས་འོག་ཏུ་འདྲི་མ་པས། གོང་མས་མ་ཐོབ་པར་འོག་མས་ མི་བླང། ཅི་ཞིག་ལྟར་བླངས་ནའང་དེར་འཇུག་སྟེ་གོང་མས་ཐོབ་པ་བསྒྲུབ། མ་གྲུབ་ནའང་རང་གི་ཕྱེད་བཤུག་པར་ཡང་བཅས་སོ། །དེས་སྟོན་པའི་དྲི་གཙང་ཁང་ཕྱག་དར་བྱས་པས་ཞག་གསུམ་བཟའ་བཅའ་མང་པོ་རྙེད་པའི་ལུས་ཀྱི་མཐུས་སྤོང་བ་བཟོད་དེ་འབད་རྩོལ་བྱས་པས་ དགྲ་བཅོམ་པ་ཐོབ་སྟེ། ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་གསེར་དང་བོང་བ་མཉམ་པ། །ནམ་མཁའ་དང་ལག་མཐིལ་དུ་མཉམ་པའི་སེམས་དང་ལྡན་པ། ཙན་དན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། མ་རིག་པའི་སྒོ་བའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་འོ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་ཀྱང་མཆོད་པ་དང་རྗེད་པ་དང་གུས་པ་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ཉིན་གཞན་གྱིས་ཕྱག་དར་བྱས་པས་ཟན་ [131B] །ཕྱིས་ཉིན་ཕྱགས་མ་ཐོགས་ཏེ་ཕྱིན་པ་དང་ཡང་གཞན་གྱིས་བྱས་ཏེ་འདུག་པས་ཟན་ཆད་དོ། །དེ་ནས་ཁྱིམ་བདག་ཞིག་སྟོན་མོ་བྱེད་པར་འགྲོ་སྙམ་པ་ན་བསམ་གཏན་བྱེད་ཅིང་འཕྱིས་ཏེ། དེས་བྲེལ་བ་ཞིག་གིས་གདུགས་ཚོད་སྔ་རབས་སུ་བྱས་པས་ཡང་ཆད་དོ། །ཕྱི་ཉིན་ ཡང་གཞན་གྱིས་ཕྱག་བདར་བྱས་སོ། །ཀུན་དགའ་བོས་ཐོས་པས་སྦྱིན་བདག་གཅིག་དེ་ལ་ཟན་སྦྱིན་དུ་བཅུག་པ་དང་དེའི་ལས་ངན་གྱིས་དེས་བརྗེད་པས་ཉིན་གསུམ་བསྙུང་བར་འདུག་གོ་བཞི་པ་ལ་ཀུན་དགའ་བོས་བསོད་སྙོམས་ལྷག་པ་བསླངས་ཏེ་སྦྱིན་དུ་སང་བ་ན་ལམ་དུ་ ཁྱི་དག་གིས་ཕྲོགས་སོ། །ལྔ་པ་ལ་མཽངྒལ་གྱི་བུས་དེ་ལྟར་བྱས་པ་ལམ་དུ་བྱ་རོག་དག་གིས་ཕྲོགས་སོ། །དྲུག་པ་ལ་ཤཱ་རིའི་བུས་བླངས་པ་མི་མ་ཡིན་པས་མི་སྣང་བར་བྱས་སོ། །བདུན་པ་ལ་ཡང་དེས་དེ་ལྟར་བྱས་པ་ན་ཡང་དེའི་ལས་ངན་གྱིས་ཁང་པ་ལ་སྒོ་ལ་སོགས་པ་མེད་པར་གྱུར་ ཏོ། །རྫུ་འཕྲུལ་གྱིས་ཕྱེ་བ་དང་ལྷུང་བཟེད་ས་ལ་བྱིང་སྟེ་གསེར་གྱི་ས་གཞི་ལ་ཐུག་པར་ལྷུང་ངོ། །རྫུ་འཕྲུལ་བསྐྱེད་དེ་བླངས་ནས་བྱིན་པ་ན་ཁམ་བླངས་སོ་ཅོག་མི་སྣང་བར་གྱུར་ཏོ། །ཤཱ་རིའི་བུས་ཁམ་གཅིག་ཁར་བསྐྱོད་པ་ན་ཁ་བྱིལ་པོར་གྱུར་ཏོ། །རྫུ་འཕྲུལ་བསྐྱེད་ཀྱང་ཁ་དབྱེ་བར་ མ་ནུས་པ་དང་ཉི་མ་ཡོལ་ཏེ་གདོད་ཁ་བྱེའོ། །དེར་ད་ཅིས་གནད་དྲིས་པས་སྐོམ་པའོ་ཞེ་ནས་ཆུ་བྱིན་པར་ལས་ལས་སྐྱེས་པའི་མིས་ཐལ་བ་བླུགས་སོ། །མྱོང་བར་ངེས་པའི་ལས་སུ་ཤེས་ནས་ཐལ་སྐྱོ་དེ་འཐུངས་ཏེ་ཆོ་འཕྲུལ་བསྟན་ནས་འདས་སོ། །སྔོན་རི་ཁྲོད་ཀྱི་ཁྱིམ་བདག་ཕྱུག་པོ་སྦྱིན་ པ་ལ་དགའ་བ་ཞིག་གིས་བུར་གྱུར་ཏེ། །ཕ་ཤི་སྟེ་མ་སྔར་ལྟར་སྦྱིན་པ་བྱེད་པ་བུས་བཟློག་ཀྱང་མ་བཟློག་པས་ཁང་ཕུགས་སུ་བཅུག་སྟེ་སྒོ་བསྡོམས་ནས་ཟས་སྐོམ་གཅོད་དོ། །ཞག་བདུན་ན་ཉེ་དུ་དག་གིས་ཐོས་ནས་བཏོན་པ་དང་སྲོག་རྒྱུ་ཙམ་སྟེ་བུ་ལ་ཆུ་བསླངས་པར་ཐལ་བ་ བཏབ་ནས་བསད་པའོ། །དེས་ལོ་དཔག་ཏུ་མེད་པར་དམྱལ་བར་བཏོས་ཏེ་ཐར་ནས་ཀྱང་གང་དུ་སྐྱེས་པར་ཐལ་སྐྱོ་འཐུང་ཞིང་བཀྲེས་པས་ཤིའོ། །དགྲ་བཅོམ་པར་གྱུར་ཀྱང་དེ་ལྟར་ཤི་བའོ། །ཡང་སྟོན་པ་འོད་སྲུངས་ཀྱི་དགེ་སློང་སྤུན་གཉིས་ལས་ཕུ་བོ་རྙེད་པ་ཆེ་བས་དགེ་འདུན་གྱི་ [132A]༄༅། །ཞལ་ཏ་བྱེད་འདོད་པ་ན། ནུ་བོས་དེ་ཀུན་ནི་རྟག་ཏུ་ཡི་དྭགས་ལྟར་གཞན་ལ་རེ་སྟེ་ཁྱོད་དགེ་བ་བཏང་ནས་དེ་ལྟར་བྱེད་དམ་ཞེས། རྙེད་པའི་བར་ཆད་དང་ངན་བརྗོད་སྨྲས་པ་བཤགས་ཀྱང་དེ་ལྟར་གྱུར་པ་སྟེ་ལས་གཉིས་ཀྱིས་སོ། །རྒྱ་མཚོ་ལ་བྱིངས་རིམ་པ་གསུམ་ ལས། དང་པོ་ནི་དཔག་ཚད་ཉི་ཁྲི་བརྒྱད་སྟོང་ངོ། །དེ་ལ་ཆུ་སྲིན་ཉ་མིད་དཔག་ཚད་བདུན་བརྒྱ་པ་སྟེ། དེ་ནས་ཐོན་ཅིང་ཁ་གདངས་པས་སྲོག་ཆགས་ཆུ་དང་བཅས་པ་ཁར་བབས་པས་ལྟོ་གང་བ་ན་ཆུ་སོས་བཙགས་ནས་སྲོག་ཆགས་རྣམས་ཟའོ། །བྱིངས་གཉིས་པ་ཉི་ཁྲི་ལྔ་སྟོང་བ་ ན་ཆུ་སྲིན་ཉ་མིད་དཔག་ཚད་སྟོང་བཞི་བརྒྱ་པ་བྱིངས་དེ་གཉིས་ནས་ཐོན་ཅིང་སྔར་ལྟར་ཟའོ། །གསུམ་པ་ཉི་ཁྲི་ལྔ་སྟོང་པ་ཆུ་སྲིན་ཉ་མིད་ཉིས་སྟོང་ཆིག་བརྒྱ་པ་བྱིངས་དེ་གསུམ་ནས་ཐོན་ཏེ་དེ་ལྟར་ཟའོ། །ཉ་མིད་གཅིག་ལ་ཆུ་སྲིན་ཆུང་བ་དག་གིས་དུམ་བུ་དུམ་བུར་བཅད་ ཅིང་རྒྱང་གྲགས་གཅིག་ནས་བརྒྱའི་བར་དུ་ཟའོ། །དེ་མ་བཟོད་དེ་ཐད་ལ་ཐོན་པ་ན་ལས་ལས་སྐྱེས་པའི་གནོད་སྦྱིན་ལྔ་བརྒྱས་ཞག་ལྔ་བརྒྱར་སྟ་རེ་ལྔ་བརྒྱས་རྩིབ་མ་ཞེ་གཅིག་གཅོད་དོ། །ཚུལ་དེས་རྩིབ་མ་ཐམས་ཅད་བཅག་པས་སྐད་པོ་ཆེ་ཕྱུང་སྟེ་རྒྱ་མཚོར་འགྲེ་ལྡོག་པའི་ཁྲག་ གིས་འཁྲུགས་ཤིང་འདྲེས་པས་ཐམས་ཅད་ཁྲག་དུ་སྣང་ངོ། །དེར་སྲོག་ཆགས་དག་གིས་ཡང་ཟ་སྟེ་ཆུ་ཐང་གཉི་གར་སྡུག་བསྔལ་མི་བཟད་པ་མྱོང་ངོ། །ང་ སྙམ་སྟེ་ཞུས་སོ། །བཀའ་སྩལ་པ་སྔོན་སྟོན་པ་རི་བོའི་རིང་ལ་ཁྱིམ་བདག་གིས་ཆོས་ཐོས་ནས་དད་པ་རྙེད་པས་ཕྱིར་མི་འོང་བ་ཐོབ་སྟེ། ཚངས་པར་སྤྱོད་པའི་གཞི་དག་མནོས་ནས་ཆུང་མ་ལ་ཁྱོད་འདིར་འདུག་ན་ཡང་ཟས་དང་གོས་བྱིན་ནོ། །ཁྱིམ་ཐབས་འདོད་ནའང་གཞན་ལ་བཏང་ངོ་ཞེས་ པ་དང། ང་འདི་ཉིད་དུ་ཇོ་བོའི་རིམ་གྲོ་བྱེད་དེ་གཞན་མི་འདོད་ཅེའོ། །དེ་གཟུགས་མཛེས་པས་ཀུན་ཡིད་སྨོན་བྱེད་དེ། སྣ་ཆེན་པོ་ལ་གཏོགས་པ་ཞིག་ཐབས་ཅིས་འདི་སྤྱད་སྙམ་ནས་གསེར་མང་པོ་ཁྱེར་ཞིང་དབང་པོ་ཁྲིད་ད། ང་རྒྱལ་པོའི་དོན་ལ་རིང་དུ་འགྲོ་བས་འདི་བཅོལ་ལོ་ [132B] །ཕྱིས་ཐ་གི་ཙམ་ན་དབང་པོ་མེད་པར་བླངས་པ་དང། དེ་དྲང་པོ་ཞིག་པས་བྱིན་ནོ། །ཕྱིས་དབང་པོ་ཁྲིད་དེ་ཡང་ལེན་པ་ན། ངས་ཕྱིར་བྱིན་ཟིན་ཞེའོ། །ངས་ཅུང་ཟད་ཀྱང་མ་བླངས་ཏེ་དབང་པོ་མེད་པར་ག་ལ་སྦྱིན་ཞེས་ནས། རྒྱལ་པོའི་གྲྭར་ཁྲིད་པས་ གཤགས་ཀྱིས་ཕམ་པར་བྱས་ཤིང་རང་གི་ཁྱིམ་དུ་ཁྲིད་དེ་འབྲེང་རློན་གྱིས་པ་ཞུས་པ་དམ་རབ་ཏུ་བྱས་པས་རྩིབ་མ་ཐམས་ཅད་ཞེ་མ་སྟེ་ཤིའོ། །དེ་ལ་བུ་མེད་པས་རྫས་ཐམས་ཅད་བསྡུས་ཤིང་ཆུང་མ་ཁྲིད་ཁྱོད་ཀྱི་ཕྱིར་ངས་འདི་ལྟར་བྱས་པས་ད་བཟའ་མི་བྱའོ་ཞེས་པ་དང་ འདིའི་རུས་བུ་ལ་མཆོད་པ་མ་བྱས་པར་ཁྱོད་དང་འདུར་ཇི་ལྟར་རུང་སྟེ་དེ་བྱས་ལ་འདུའོ་ཞེས་པས། དེས་རུས་པ་དེ་བསྲེགས་པ་ན་བུད་མེད་དེ་དེར་མཆོངས་ཏེ་ཤིའོ། །དེས་འདི་དམྱལ་བར་རིང་དུ་འཁོར་ནས་དུད་འགྲོའི་སྐྱེ་གནས་འདིར་ཡང་ནས་ཡང་དུ་སྐྱེས་སོ། །ཕྱིས་སྟོན་ པ་ཡིད་བཟང་གི་ཚེ། ལས་ཟད་དེ་ཐར་ནས་དགྲ་བཅོམ་པར་འགྱུར་རོ། །ཡང་དགའ་བྱེད་ཀྱིས་རྒྱ་མཚོའི་འགྲམ་ན་ཡི་དྭཌ་མོ་སྒྲེན་མོ་སྐྲས་གཡོགས་པ་སྡོང་པོ་མེ་རེག་འདྲ་བ་དམུས་ལོང། ཁ་ནས་སྲིན་བུ་མང་པོ་འབྱུང་བའི་དྲིས་དཔག་ཚད་མང་པོ་ཁྱབ་པ། གར་འགྲོ་བར་ ཁྱི་སྔོ་ཁྲས་ཟ་བས་སྡུག་བསྔལ་ཏེ་སྐད་ཆེར་འཐོན་ཅིང་བརྒྱུག་པ་མཐོང་སྟེ། སྟོན་པ་འོད་སྲུངས་ཀྱི་དགེ་སློང་མ་ཁ་ཚས་ངན་པ་འཐབ་དགྲོལ་ཅན་གྱིས་དགེ་སློང་མ་མང་པོ་ལ་སྐུར་བ་བཏབ་ཅིང་རྙེད་པའི་བར་ཆད་བྱས་ལ། སྡང་མིག་གིས་ཀྱང་བལྟས་པའོ། ༈ །གཞན་ ཡང་སྡང་བས་བསེ་རུ་སྐྱེས་མཆོག་མིག་ཕྱུང་བ། །བརྩེ་བས་ཆོ་འཕྲུལ་བསྟན་ལས་འགྱོད་པ་ཡིས། །བཤགས་ཀྱང་ཡུན་རིང་དམྱལ་སོགས་དམུས་ལོང་འགྱུར། །སྲིད་མཐར་ཕྱིན་ཀྱང་བྱ་ཡིས་མིག་བྲུས་འདས། །ཡུལ་མི་ཐི་ལའི་ཁྱིམ་བདག་ཕྱུག་པོ་སྣ་ཚོགས་ཅན་ ཞེས་བྱ་བ་ལ་བུ་བྱད་ངན་པ་ལོང་བ་ཞིག་བཙས་པས་ཕ་མ་ཡི་མུག་སྟེ་ནམ་སྲོས་པ་ན་ལམ་པོ་ཆེར་ཁྱི་ལ་བོར་རོ། །སྟོན་པས་དེ་ལ་བརྟེན་པས་གདུལ་བྱ་དག་དྲང་བར་བཞེད་པས་དེར་བྱོན་ཏོ། །ཡུལ་གྱི་མི་མང་པོ་ཡང་སྔོན་གྱི་དགེ་བའི་རྩ་བས་བསྐུལ་ཏེ་དེར་འདུས་པ་ན་ [133A]༄༅། །སྟོན་པས་དེ་ཚེ་རབས་དྲན་ཏེ་སྨྲ་ཤེས་པར་བྱིན་གྱིས་བརླབས་ནས་གསུངས་པ། ཁྱོད་མི་སྡུག་པ་ཡིན་ནམ། བདག་མི་སྡུག་པ་ལགས་སོ། །ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་འབྲས་བུ་མི་སྡུག་པ་ཉམས་སུ་མྱོང་བ་ཡོད་དམ། མཆིས་ལགས་སོ་ཁྱོད་ཀྱི་མི་ དགེ་བའི་བཤེས་གཉེན་སུ་ཡིན། རང་གི་སེམས་ལགས་སོ། །ཐམས་ཅད་ངོ་མཚར་སྐྱེས་ཏེ་ཞུས་པས། སྔོན་གྱི་མི་ཐི་ལ་འདི་ཉིད་ན་རྒྱལ་པོ་ཕྲག་དོག་ཅན་ཞིག་ནམ་བཙུན་མོའི་འཁོར་དང་རྒྱུ་བ་ན་ལམ་དུ་མི་སུའང་མེད་པར་བྱེད། སྒོ་དང་སྐར་ཁུང་དག་ཀྱང་ཡོལ་བས་གཅོད་བརྒྱ་ལ་གློ་ བུར་དུ་ལ་ལས་བཙུན་མོ་བལྟས་ན་མིག་འབྱིན་པས་མང་པོ་དག་གི་མིག་ཕྱུང་ངོ། །དེ་ཕྱིས་སྐྱེད་མོས་ཚལ་དུ་སོང་བ་ན་མ་ཚོར་བར་རང་སངས་རྒྱས་གཅིག་བཙུན་མོའི་འཁོར་དུ་བབ་པ་དང་དེ་ཤིན་ཏུ་གཟུགས་བཟང་བ་ཞིག་པས་བཙུན་མོ་དག་དད་ནས་བཏུད་ཅིང་ཕྱག་འཚལ་ལོ། །རྒྱལ་ པོས་དེ་ཐོས་པས་ཕྲག་དོག་གིས་ཆེར་ཁྲོས་ཏེ་མིག་གཉིས་འབྱིན་དུ་བཅུག་གོ་དེའང་སྔོན་གྱིས་ལས་ངན་པས་རྫུ་འང་མ་དྲན་ན་འཕྲུལ་བ་ལྟ་ཅི་སྨོས། དེ་ནས་དེས་ཆོ་འཕྲུལ་བསྟན་པས་འགྱོད་དེ་བཤགས་པ་བྱས་སོ། །དེ་འདས་པ་ན་ཡང་གདུང་ལ་མཆོད་པ་བྱས་ཏེ་སྨོན་ལམ་ བཏབ་ཀྱང། ཡུན་ཤིང་ཏུ་རིང་པོར་དམྱལ་བར་སྡུག་བསྔལ་ཆེན་པོ་མྱོང་ངོ། །ཚེ་རབས་ལྔ་བརྒྱར་ནི་ཡི་དྭགས་དམུས་ལོང་དུའོ། །ལྔ་བརྒྱར་དུད་འགྲོ་དམུས་ལོང་དུའོ། །ལྔ་བརྒྱར་ནི་དམུས་ལོང་དུའོ། །ཕྱིས་སྟོན་པ་ཡིད་བཟང་གི་རིང་ལ་མིར་གྱུར་ཏེ་རབ་ཏུ་བྱུང་ནས་དགྲ་ བཅོམ་པ་ཐོབ་པ་ན་ཡང་ཉལ་བའི་ཚེ་བྱ་གག་དག་གིས་མིག་གཉིས་ཕྱུང་ནས་འདའ་བར་འགྱུར་རོ།། ༈ ལོག་གཡེམ་སྲོག་གཅོད་མང་བྱེད་ལེགས་བསྡམས་ཏེ། །འདྲེན་པ་མཉེས་བྱས་ལོངས་སྤྱོད་གཟུགས་སོགས་ལྡན། །དགྲ་ བཅོམ་འདས་ཀྱང་རྒྱལ་བས་མཆོད་པ་ཐོབ། །འོན་ཀྱང་ཀུན་ཏུ་ཚེ་ཐུང་ནད་མང་གྱུར། །སྐྱ་དགུ་ཚེ་ལོ་བཞི་ཁྲི་པ་ན་རྒྱལ་པོའི་ཕོ་བྲང་བདེ་ལྡན་དུ་མདུན་ན་འདོན་བྲམ་ཟེ་མེས་བྱིན་གྱི་བུ་གཉིས་ལས་བུ་ཕོ་ནི་སྟན་པ་འཁོར་བ་འཇིག་གོ་ནུ་བོ་བག་མེད་པས་ལོག་གཡེམ་དང་སྲོག་གཅོད་མང་ [133B] སྟོན་པ་དེས་མི་དགེ་བ་ལས་བཟློག་སྟེ་སྐྱབས་འགྲོ་དང་བསླབ་པའི་གཞི་ལ་བཞག་པས། གཙུག་ལག་ཁང་ཡོངས་སུ་རྫོགས་པར་བྱས་ཤིང་སྟོན་པ་ལ་ཕུལ་ནས་སྨོན་ལམ་བཏབ་པས། རྫོགས་བྱེད་ཅེས་བྱ་བ་འབྱོར་པ་དང་ལྡན་པ་གཟུགས་བཟང་ཞིང་ མཛེས་པར་གྱུར་པ་སྟེ་གང་དུ་སྐྱེས་པར་ཚེ་ཐུང་ཞིང་ནད་མང་བར་གྱུར་ཏོ། །ཡང་སྟོན་པ་འོད་སྲུངས་ཀྱི་ཚེ་དགྲ་བཅོམ་པ་ཞིག་འདས་པ་ན་མཁན་པོས་ཕ་མ་ལ་སྤྲན་ཏེ་སྐུ་གདུང་གི་མཆོད་པ་བྱས་ནས། བདག་གང་དུ་སྐྱེས་པར་འབྱོར་པ་ཆེ་བ་དང། རྒྱལ་བ་མཉེས་པར་བྱས་ནས་དགྲ་བཅོམ་པ་ ཐོབ་སྟེ་འདས་པ་ན་རྒྱལ་བ་འཁོར་དང་བཅས་པས་མཆོད་པ་ལས་སྨོན་ལམ་བཏབ་པ་ལས། འདི་འདས་པ་ནའང་དེ་ལྟར་མཆོད་པའོ། ༈ །གཞན་ཡང་ཁྲོ་བས་དགེ་སློང་གནོད་བྱས་ལུས་ཉམས་ཏེ། །འགྱོད་པས་གསོས་ལས་རྒྱལ་བས་གནོད་བསལ་འགྱུར། །དམ་པ་སྨད་པ་ འགྱོད་པས་བཤགས་ནས་ནི། །རབ་བྱུང་སྨོན་པས་གཉི་གའི་འབྲས་བུ་ཐོབ། །ཚིག་ངན་བརྗོད་པས་ལུས་ངན་ཐོབ་གྱུར་པ། །རྒྱལ་ལ་དད་པས་མྱུར་དུ་དོན་ཆེན་ཐོབ། །ཡང་སྟོན་པ་འོད་སྲུངས་ཀྱི་དགེ་སློང་མཚེ་མ་གཉིས་ལས། ཕུ་བོ་རྒོད་བག་ཆེ་བས་ནུ་བོ་བརྟན་པོ་ཞིག་ཉལ་བ་ན་ཡང་ དང་ཡང་ལྗིད་ཀྱིས་མནན་པས། དེ་ཁྲོས་ཏེ་དེར་སོ་བག་བསྒྲེང་བ་ན་ཕུ་བོས་ཡང་ལྗིད་ཀྱིས་ཕབ་པས་རྐེད་པ་ཆ་གོ་དེ་འགྱོད་ནས་གསོས་པས་སོས་ཏེ་དགྲ་བཅོམ་པ་ཐོབ་པ་ན་ཡང་བཀུར་སྟི་བྱས་སོ། །དཀོན་མཆོག་གསུམ་ལ་ཡང་མཆོད་པ་བྱས་ཏེ། དེའི་ལས་སྨིན་ན་ཡང་རྒྱལ་ བས་གནོད་པ་སེལ་བར་སྨོན་ལམ་བཏབ་པས། སྒུར་དུན་ །ཡང་སྟོན་པ་འོད་སྲུངས་ཀྱི་ཚེ། ཁྱིམ་བདག་སྤུན་གཉིས་ལས་ཕུ་བོས་སྟོན་པ་དེ་ལས། ཆོས་ཐོས་པས་སྡིག་པའི་ལས་བོར་ནས་དགེ་བ་ཉི་ཚེ་ལ་གནས་སོ། །ནུ་བོ་ཞིང་ལས་ བྱེད་པས་ང་ནི་ཚ་བ་དང་གྲང་བས་ཉེན་བཞིན་དུ་ལས་བྱེད་ན། འདི་ནི་ཁྱིམ་ན་འཕྱེ་བོ་ལྟར་འཐེན་ཅིང་ཅིའང་མི་བྱེད་དོ་ཞེས་པ་དང། བྱིས་འགྱོད་དེ་བཤགས་ནས་གཉི་ག་རབ་ཏུ་བྱུང་བས་ཕུ་བོས་ནི་དགྲ་བཅོམ་པ་ཐོབ་བོ། །ནུ་བོས་ཀྱང་སྨོན་ལམ་བཏབ་པས་འཕྱེ་བོར་སྐྱེས་ཀྱང་རབ་ཏུ་ [134A]༄༅། །འབྱུང་བའི་སེམས་བསྐྱེད་པ་ན་ཡན་ལག་ཡོངས་སུ་རྫོགས་ནས་དགྲ་བཅོམ་པའང་ཐོབ་བོ། །ཡང་སྟོན་པ་འོད་སྲུངས་ཀྱི་དགེ་སློང་མ་ཁ་ཚས་ངན་པ་ཞིག་དགེ་སློང་མ་མང་པོ་ལ་འཕྱ་ཞིང། རིགས་ངན་རིགས་ངན་མོར་བརྗོད་པ། ཕྱིས་འགྱོད་དེ་བཤཌ་ ནས་སྨོན་ལམ་བཏབ་པ་ལས། བུ་མོ་མི་སྡུག་པ་སྣ་བཅོ་བརྒྱད་དང་ལྡན་པ་ཞིག་དུ་སྐྱེས་ཏེ། ཕ་མས་བསྐྲད་པས་ས་སྒྲེ་བོ་ལ་སྒྲེན་མོར་ཉལ་བ་མཛེ་ནད་ཀྱིས་ཉམ་ཐག་ནས་འགྱེལ་བ་ལ། ཀུན་དགའ་བོས་བརྩེ་བས་སྐྲ་དང་སེན་མོའི་མཆོད་རྟེན་ལ་སྤོས་བྱུག་འབུལ་ དུ་བཅུག་གོ་དེ་མགོན་མེད་ཟས་སྦྱིན་གྱིས་མཐོང་ནས་གོས་དག་བྱིན་ནོ། །དེས་སྟོན་པ་མཐོང་བ་ན་སྐྲ་དང་སེན་མོ་ལ་བཀུར་སྟི་བྱས་པའང་འདི་འདྲ་ན་ཞེས་དད་པས་གོས་ཕུལ་ཏེ་དགའ་བཞིན་ཤི་བས། བུ་མོ་གསེར་མདོག་ཏུ་སྐྱེས་ཏེ་ཀུན་དགའ་བོ་ལ་ལྷག་པར་བཀུར་ སྟི་བྱེད་པའོ། །རབ་ཏུ་སྦྱིན་པ་ཆེན་པོ་བཞི་ནི་གསེར་གྱི་མཁར་བ་དང་རིལ་བ་དང་གཞོང་བ་དང་རིན་པོ་ཆེ་སྣ་བཞིས་སྤྲས་པའི་ལམ་ཁྲི་དང། ཀར་ཤ་པ་ན་ལྔ་བརྒྱ་དང། བུ་མོ་རྒྱན་ཐམས་ཅད་ཀྱིས་ཀླུབས་པའོ། ། ༈ བྱེད་པ། སྲེད་པས་གསེར་དངུལ་བསྐུངས་ནས་ངན་བརྗོད་པས། །སྡུག་བསྔལ་བཟོད་དཀས་ཡུན་རིང་རབ་མནར་ནས། །སྲིད་མཐར་ཕྱིན་ཅིང་ཆོས་སྨྲའི་མཆོག་ཏུ་གྱུར། །མཉན་ཡོད་དུ་ཕྱི་སའི་འདམ་ན་སྲིན་མགོ་དགེ་སློང་འདྲ་བ་ལུས་ཐམས་ཅད་སྲིན་བུ་ཁབ་རྩེ་ འདྲ་བས་ཟ་བས་ལྭ་བའི་སྤུ་ལྟར་ཁྱབ་བོ། །མ་བཟོད་པས་འདམ་ན་ཕན་ཚུན་བརྒྱུག་ཅིང་འདམ་དཀྲུག་གློང་ལ་ཕྱི་ས་ཉིད་ཟའོ། །སྟོན་པས་དེ་ལ་བརྟེན་ནས་མང་པོ་ཞིག་དྲང་བའི་དོན་དུ་ཕྱི་སའི་དྲིས་ཀུན་ཏུ་ཁྱབ་པར་སྤྲུལ་པ་དང། ཐམས་ཅད་དེར་འདུས་པ་ན་སྟོན་ པའང་བྱོན་ཏེ་སྲིན་དེས་ཚེ་རབས་དྲན་ཞིང་མིའི་སྐད་དུ་སྨྲ་བར་ཏིང་ངེ་འཛིན་མཛད་ནས་ཁྱོད་སྡེ་སྣོད་གསུམ་པ་ཡིན་ནམ་ཞེས་པས། །བདག་སྡེ་སྣོད་གསུམ་པ་ལགས་སོ། །ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་འབྲས་བུ་མི་སྡུག་པ་མྱོང་བ་ཡོད་དམ། མཆིས་ [134B] ༑ཁྱོད་ཀྱི་མི་དགེ་བའི་བཤེས་གཉེན་སུ་ཡིན། རང་གི་སེམས་ལགས་སོ། །ཐམས་ཅད་ངོ་མཚར་སྐྱེས་ནས་ཞུས་པས་བཀའ་སྩལ་པ། སྔོན་སྟོན་པ་ཐམས་ཅད་མཆོག་གི་ཚེ་ཁྱིམ་བདག་གཅིག་རབ་ཏུ་བྱུང་སྟེ་སྡེ་སྣོད་གསུམ་ལོབས་པས་རྙེད་པ་དང་བཀུར་སྟི་ཆེན་ པོ་དང་ལྡན་ནས་དཀོན་མཆོག་གསུམ་གྱི་རིམ་གྲོ་ཚུལ་བཞིན་དུ་བྱེད་དོ། །ནོག་རི་ལ་འཕགས་པའི་དགེ་འདུན་བདུན་ཁྲི་བདུན་སྟོང་དབྱར་གནས་པར་འདོད་པས་དེ་ཞལ་ཏ་བར་བསྐོ་བ་ན་ཁས་བླངས་ཏེ། དེ་རྣམས་དེར་དབྱར་གནས་པར་དམ་བཅས་སོ། །སྡེ་སྡོད་གསུཾ་ པས་སྦྱིན་བདག་བསྐུལ་དུ་ཕྱིན་པ་ན་ཚོང་པ་ལྔ་བརྒྱ་གྲུ་བོ་ཆེའི་དོན་གྲུབ་པ་དང་ཕྲད་དེ། དེ་དག་གི་ཞལ་ཏ་བ་མཐོང་བ་དང་དད་པར་གྱུར་ཏོ། །ཞལ་ཏ་བའང་དེར་ཕྱིན་པ་ལ་དེ་དག་གིས་དྲིས་ཏེ། འོ་ན་ཐུགས་མ་གཙེར་ཅིག་ངེད་ཀྱིས་ཐམས་ཅད་སྦྱར་རོ་ཞེས་ཏེ་གསེར་ དངུལ་མང་དུ་ཕུལ་ལོ། །དེས་མ་ཆོག་ནའང་ཅི་དགོས་པ་འབུལ་ལོ། །དབྱར་ཟད་པ་ནའང་གོས་དག་འབུལ་ལོ་ཞེའོ། །དེ་གསེར་དངུལ་གཙུག་ལག་ཁང་དུ་ཁྱེར་ཏེ་ཆགས་ནས་བསྐུངས་ཤིང་དགེ་འདུན་ལ་ཟས་སྐོམ་ངན་པོ་བྱིན་ནོ། །འདི་ཙམ་གྱིས་ངེད་མི་འཚོ་ཞེས་པ་ ལ༑ ངའི་མཐུ་དེ་ཙམ་དུ་ཟད་དེ་ད་ཁྱེད་ཉིད་སྦྱིན་བདག་བསྐུལ་ཞིག་ཅེའོ། །དེ་དག་གི་ཚོང་པ་ལ་བསླངས་པ་དང། ངེད་ཀྱི་ཞལ་ཏ་བ་ལ་གསེར་ཅི་དགོས་པ་གཏད་དོ་ཞེས་ནས་དེ་ལ་གཤེ་བ་དང། སྐྱེངས་ནས་ཁྲོས་ཏེ་ཞལ་ཏ་མ་བཏུབ་བོ། །ངེད་ནི་ཁྱོད་ལ་བརྟེན་ ཏེ་དབྱར་གནས་ན་ཁྱོད་ཅི་སྟེ་མི་བྱེད་ཅེས་པས། ཁྱེད་ནི་ང་ཁོ་ནའི་དད་རྫས་སྤྱོད་ལ། ང་དམའ་འབེབས་པ་བས་ཕྱི་སའི་འདམ་དུ་བྱིང་སྟེ་ཟ་བ་བླའོ་ཞེས་སོ། །དེ་དག་གིས་དེ་འགྱོད་དུ་བཅུག་སྟེ་བཟོད་པ་གསོལ་ཡང་འདིར་སྐྱེས་པ་སྟེ། སྟོན་པ་དེའི་རིང་ནས་ངའི་བར་ དུ་འདི་ཉིད་དུ་ཡང་དང་ཡང་སྐྱེས་སོ། །བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་ལྔ་བརྒྱའི་འོག་ཏུ་སྣང་མཛད་ཀྱི་རིང་ལ་འདི་ནས་ཐར་ཏེ་མིར་སྐྱེས། རབ་ཏུ་བྱུང་ནས་མཚམས་མེད་བྱས་པས་དམྱལ་བར་རིང་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ནས་ཐར་ནས་སྟོན་ [135A]༄༅། །བ་དེའི་རིང་ལ་དགྲ་བཅོམ་པ་ཐོབ་ནས་ལུང་འབོག་པ་རྣམས་ཀྱི་མཆོག་ཏུ་འགྱུར་རོ། ༈ །གཞན་ཡང་གཟུགས་ཀྱི་དྲེགས་པས་ཡོན་གནས་རྣམས་བརྙས་ཤིང། །བྱང་ །དད་པས་བཀུར་དང་བསླབ་བཟུང་དགེ་བསཌ་ པས། །མི་སྡུག་དྲི་ངའི་ལུས་སྤངས་དགྲ་བཅོམ་གྱུར། །སྡེ་དཔོན་སེངྒེ་ལ་བུ་མི་སྡུག་པ་སྣ་བཅོ་བརྒྱད་ཚང་བ་ལུས་ལ་ཕྱི་སའི་དྲི་བྲོ་བས་ཁྱིམ་གང་བ། སྔར་མངལ་ནི་ཡོད་པ་ནའང་མ་ལ་དྲི་དེ་བྲོའོ། །དེ་མི་དགའ་སྟེ་ཁྱི་ལ་བོར་བར་འདོད་པ་ན། སྟོན་པ་ལས་ཆོས་ཐོས་ཏེ་བདེན་ པ་མཐོང་བས་གསོས་ཏེ། དཀོན་མཆོག་གསུམ་ལ་གུས་པ་དང་སངས་རྒྱས་མཆོད་པ་མཆོད་དུ་བཅུག་གོ་དེས་སྟོན་པ་འཁོར་བཅས་ལ་ཆོས་སྟོན་གསོལ་ནས་ཆོས་ཐོས་པས་བདེན་པ་མཐོང་ངོ། །ལུས་འདི་ལྟ་བུར་མ་གྱུར་ན་རབ་ཏུ་བྱུང་ལ་འབད་པ་བྱ་སྙམ་པས་ ལུས་འཕྲལ་དུ་བཟང་པོར་གྱུར་ཏེ་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ་བོ། །སྔོན་རི་ཁྲོད་ཀྱི་གྲོང་ཞིག་ན་བྲམ་ཟེ་གཟུགས་བཟང་པོ་ཞིག་གཟུགས་ཀྱིས་དྲེགས་པས་དགེ་སྦྱོང་དང་བྲམ་ཟེ་དུ་མ་ལ་བརྙས་པ་བྱེད་དོ། །དེར་རང་རྒྱལ་བ་ཞིག་ཟས་ཁྱེར་ཏེ་སོང་བ་ལ། དེས་ཕྱི་ སའི་གྱོ་མོ་རྐང་པས་འཕུལ་བས་མགོ་དང་ལུས་དང་ལྷུང་བཟེད་ཁྱབ་པར་བསྒོས་སོ། །དེས་ཆོ་འཕྲུལ་བསྟན་པས་འགྱོད་དེ། དད་པས་གོས་དེར་བོར་ནས་ལུས་སྤོས་ཆུས་བཀྲུས་ཤིང་གོས་བཟང་པོ་ཕུལ། བཟོད་པ་གསོལ་སྨོན་ལམ་བཏབ་པའོ། །ཡང་སྟོན་པ་འོད་ སྲུངས་ཀྱི་དགེ་བསྙེན་དུ་གྱུར་པ་ན་བསླབ་པའི་གཞི་བཟུངས་ཏེ་བསོད་ནམས་དག་བྱས་པས་འབྱོར་པ་ཆེ་བར་གྱུར་བའོ། ༈ །གཞན་ཡང་འཚུངས་ །འགྱོད་དེ་ཕྲོགས་ནས་མཐོ་བརྩམས་བསྐྲད་པ་དང། །ཆོ་འཕྲུལ་ལ་དད་བཀུར་ དང་ཆངས་སྤྱོད་སྨོན། །མི་སྡུག་ལུས་སྤངས་འབྱོར་ལྡན་དགྲ་བཅོམ་གྱུར། །ཤི་ཤུ་མ་རའི་རི་ལ་ཁྱིམ་བདག་ཕྱུག་པོ་ཞིག་ལ་བུ་མི་སྡུག་པ་སྣ་བཅོ་བརྒྱད་ཚང་བ་ཞིག་བཙས་པ་ངན་ངོན་ཙམ་གསོས་ཏེ་སློང་མོ་ལ་བཏང་བ་ན་བྱིས་པ་དག་གིས་འདྲེ་ཡིན་ནོ་ཞེས་བརྡུང་ [135B] །བསྐྱེད་མོས་ཚལ་དུ་སོང་བས་ཀྱང་དེ་ལྟར་བསྐྲོད་དོ། །ཉིན་མོ་ཚང་ཚིང་དུ་གབ་ཅིང། ཉི་མ་ནུབ་པ་ན་ཚལ་དུ་ཟས་བྲུལ་བ་དག་གིས་སྲོག་ཟུངས་ཙམ་བྱེད་དོ། །སྟོན་པས་དེ་བས་ཀྱང་མི་སྡུག་པར་སྤྲུལ་ཏེ་བཟའ་བཅས་གྱོ་མོ་བཀང་ནས་ཕྱིན་པ་མཐོང་བས་དེས་བྲོས་སོ། ། འབྲོས་མི་ནུས་པར་མཛད་པས་དེའི་དྲུང་དུ་བལྟ་འདོད་ནས་སོང་བ་དང། སྤྲུལ་བའང་བྲོས་པས་ཁྱོད་ཅི་སྟེ་འབྲོས་ཞེའོ། །ཁྱོད་ཀྱིས་ང་འདྲེ་ཡིན་སྙམ་ཏེ་བརྡེག་ཏུ་དོགས་སོ། །ངའང་ལས་ངན་པས་འདི་ལྟར་གབ་པ་ཡིན་གྱིས། ད་འོ་སྐྱོན་འགྲོགས་སོ། །དེ་ལྟར་བྱའོ་ཞེས་ཏེ་དེ་ལ་ཟས་བྱིན་པ་ཟོས་ པས་ལུས་བརྟས་ནས་དགའ་བཞིན་དུ་བལྟས་པ་དང། རང་བཞིན་གྱིས་སྐུ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་ཅིང་སྦ་བ། མིའི་ལུས་ཀྱི་དབྱིབས་སུ་འདུག་པ། མ་ལྕེ་མར་གྱིས་བཏབ་པའམ་མར་མེ་གསེར་གྱི་སྣོད་དུ་བཞག་པའམ་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་ བུ་བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་མཐོང་ངོ། །དེ་མཆོག་ཏུ་དགའ་སྟེ་དགེ་བའི་རྩ་བ་བསགས་པའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ལྟ་བུ་ནི་ལོ་བཅུ་གཉིས་སུ་ཞི་གནས་གོམས་པའང་མི་སྐྱེ་བས་སོ། །ཚེ་གསུངས་པས་བདེན་པ་མཐོང་ སྟེ་བདག་ལུས་འདི་ལྟ་བུ་ཞིག་ཏུ་མ་གྱུར་ན་རབ་ཏུ་བྱུང་ལ་འབད་པ་བྱས་ན་སྙམ་དུ་བསམས་མ་ཐག་ལུས་བཟང་པོ་ཞིག་ཏུ་གྱུར་ཏེ་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ་བོ། །སྔོན་རི་ཁྲོད་ཀྱི་ཁྱིམ་བདག་འཇུངས་པ་ཞིག་གིས་དྲུང་དུ་རང་རྒྱལ་བ་བསོད་སྙོམས་ལ་བྱུང་བ་ན་ཕུལ་ ནས་འགྱོད་དེ། དེ་ལ་བྱིན་པ་བས་ལས་བྱེད་ལ་བྱིན་བླ་ཞེས་ཏ་བྲོགས་ནས་ལུས་ངག་གི་ཚུལ་མི་སྡུག་པས་མཐོ་བརྩམས་ཤིང་བསྐྲད་དོ། །དེས་བརྩེ་བས་ཆོ་འཕྲུལ་བསྟན་པས་དད་ནས་བཟོད་པ་གསོལ་ཏེ། བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་པའོ། །སྟོན་པ་འོད་སྲུངས་ ཀྱི་ཚ་འང་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱད་དེ་སྨོན་ལམ་བཏབ་པའོ། ༈ །གཞན་ཡང་ཁྲོ་བས་རྡུལ་བྲལ་ལ་སྨད་འགྱོད་པ་ཡིས། བཟོད་གསོལ་ཆོས་བཞིན་ཞལ་ཏ་བྱས་པ་ལས། །དུད་འགྲོར་འཁྱམས་ཚེ་རྒྱལ་ལ་དད་ཐོབ་པས། །ལུས་བཟང་ཐོབ་ནས་དགྲ་བཅོམ་ [136A]༄༅། །དགེ་འདུན་མཆོད། །མཉན་ཡོད་ན་གླང་ཁྱུ་གཅིག་ཡོད་པར་གླང་ཁྱུ་མཆོག་གཉིས་འཐབས་པས་གཅིག་གི་ལྟོ་དྲལ་ཏེ་རྒྱུ་མ་ལྷུག་ནས་ཟླ་ལ་ཞེ་སྡང་སྐྱེས་བཞིན་དུ་འགྱེལ། །སྟོན་པས་དེ་ད་ལྟ་ཤི་ན་དམྱལ་བར་འགྲོ་བས་འདོན་པར་དགོངས་ཏེ། རྒྱུ་མ་ ལྟོ་བར་བཅུག་རྨ་དྲུ་པས་རྩ་ཆུ་བྱིན་ནས་ཆོས་གསུམ་གསུངས་ཤིང་ང་ལ་དགའ་བར་གྱིས་དང་དུད་འགྲོ་ལས་ཐར་སྲིད་ཀྱིས་ཞེས་གསུངས་པས། དེ་དད་བཞིན་དུ་ཤི་བ་མཉན་ཡོད་ཉིད་དུ་ཚོང་དཔོན་གྱི་བུར་སྐྱེས་སོ། །ལོ་བདུན་ན་སྟོན་པ་ལ་དད་པས་ཕ་མ་ལ་ཞུས་ཏེ་རབ་ ཏུ་བྱུང་བས་དགྲ་བཅོམ་པ་ཐོབ་བོ། །རྫུ་འཕྲུལ་གྱིས་གླིང་གཞན་ནས་མེ་ཏོག་དང་འབྲས་བུ་བླངས་ཤིང་དགེ་འདུན་ལ་འབུལ་ལོ། །དགེ་སློང་དག་དགེ་ཚུལ་དེ་ལ་ཡ་མཚན་སྐྱེས་བ་མི་ །སྔོན་སྟོན་པ་འོད་སྲུངས་ཀྱི་དགེ་སློང་ཆུའི་ཞལ་ཏ་བས་ དགེ་འདུན་ལ་ཆུ་འབྲིམ་པ་ན། དགྲ་བཅོམ་པ་ཞིག་ཡེངས་པ་དང་ཐུག་པས་རིལ་བ་ཤོར་ཏེ་ཆག་ནས་ཁྲོས་ཏེ་གླང་དིར་བོ་ལྟར་ཆེ་ལ་ཚོར་འཕྲིག་མེད་དོ་ཞེའོ། །དེས་འགྱོད་དུ་བཅུག་པས་བཟོད་པ་གསོལ་ནས་སྨོན་ལམ་བཏབ་པ་སྟེ་ཚེ་རབས་ལྔ་བརྒྱར་ནི་གླང་དུ་སྐྱེས་སོ། ༈ ཕྲག་དོག་གིས་ནི་རྡུལ་བྲལ་ལ་གཤེ་ཞིང། །བཟོད་གསོལ་ཆོས་བཞིན་ཞལ་ཏ་བྱས་སོགས་ཀྱིས། །བཤང་གཅིས་གོས་ཤིང་དེ་དག་ཟ་འཐུང་བ། །རྒྱལ་ལ་དང་ཐོབ་རབ་བྱུང་ཟག་པ་ཟད། །མཉན་ཡོད་དུ་ཁྱིམ་བདག་ཕྱུག་པོ་ཞིག་ལ་བུ་བཤང་གཅིས་གཡོགས་པ་ཞིག་བཙས་ཏེ་ཁྱིམ་ ཐམས་ཅད་དེའི་དྲིས་གང་ངོ། །འགྲོ་ནུས་པ་ན་ཕྱི་ས་ལ་ལ་ཟ། ལ་ལ་ལུས་ལ་སྐུད་ཅིང་མི་གཙང་བའི་འདམ་སྙགས་སྙིགས་སུ་གནས་ཏེ་གཅིན་འཐུང་ངོ། །གཞན་གྱིས་མཐོང་བས་འདི་ཝ་འདྲའོ། །ཞེས་ཏེ་ཝ་ར་གྲགས་སོ། །འོད་སྲུངས་རྫོགས་བྱེད་ངེད་ནི་གཅི་བ་ཟ་བའི་ཡི་དམ་བྱེད་ན་ འདི་ནི་དེ་བས་ལྷག་པའོ་སྙམ་ནས། ཁྱོད་ང་ལ་རབ་ཏུ་བྱུང་ལ། ཡི་དམ་དུ་ལོང་ཞིག་དང་བསོད་ནམས་མང་དུ་འཕེལ་ལོ་ཞེས་ཏེ་སྐྲ་གཏོགས། ཕོར་པ་དང་རྨ་བྱའི་མདོངས་ཀྱི་ཕྱགས་མ་བྱིན་ནས་ཡི་དམ་དེ་ལ་བཀོད་དོ། །ཡི་དྭགས་ལྔ་བྲྒྱའང་ནུབ་མེ་འདམ་རྫབ་ [136B] །རྫོགས་བྱེད་ཀྱིས་ཡི་དམ་དེས་ཁྱད་པར་ཅུང་ཟད་ཐོབ་བ་མ་ཞེས་པ་ལ། ཁྱད་པར་ཅི་ལགས་མ་འཚལ་ལོ་ཞེའོ། །ལྷའི་གཟུགས་མཐོང་བའམ་སྒྲ་ཐོས་པའོ་ཞེས་པ་ལ། གཟུགས་ནི་མ་མཐོང་ན་མང་པོ་ཞིག་གི་སྐད་ ཐོས་སོ་ཞེས་པས། དེ་དག་ནི་བདག་ཉིད་ཆེན་པོ་བརྟུལ་ཞུགས་གྲུབ་པ་ཡིན་གྱི། ཡི་དམ་འདི་ཉིད་ཀྱིས་ལུས་མཐོང་ཡང་སྲིད་དོ་ཞེའོ། །ཕྱིས་ལུས་མཐོང་བ་ན་དྲིས་པས། ལུས་ནི་བསྟན་ཏེ་མི་སྡུག་པ་དག་ཅིག་གོ་ཞེས་སོ། །ད་དུང་ཡི་དམ་དེ་ལ་འབད་དང་རང་གི་གཟུགས་སྟོན་ ཏོ་ཞེའོ། །ཡི་དྭགས་དེ་དག་འཆི་བ་ཤཱ་རིའི་བུས་ཤེས་ཏེ་ཆོས་གསུམ་བཤད་པ་དང་ཤི་བ་ལྷར་སྐྱེས་ནས། སངས་རྒྱས་མཆོད་པ་བྱས་ཏེ་ཆོས་ཐོས་པས་བདེན་པ་མཐོང་ངོ། །ཝ་དྲན་ནས་དེའི་དོན་བྱའོ་ཞེས་དེར་སོང་ངོ། །དེས་མཐོང་སྟེ་ཁྱེད་སུ་ཡིན་ཞེས་པས། ཁྱོད་ཀྱི་ གྲོགས་དེ་དག་གོ་ཞེའོ། །ཡི་དམ་དེས་ཁྱེད་འདི་ལྟར་གྱུར་ཏམ་ཞེས་པས། མ་ཡིན་ཏེ་ངེད་ལས་ངན་པས་ཡི་དྭགས་སུ་སྐྱེས་པ་ཤཱ་རིའི་བུས་བཏོན་ནས་ལྷར་སྐྱེས་ཀྱི། ཁྱོད་ཀྱང་སངས་རྒྱས་ལ་སྐྱབས་སུ་གསོལ་ཅིག་ཅེས་ཏེ་སོང་ངོ། །རྫོགས་བྱེད་ཀྱི་དེ་དག་མཐོང་བས་འདི་ནི་ བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོ་སྟེ་ལྷ་རྣམས་ཀྱང་ལུས་སྟོན་པའོ་ཞེས་བསྒྲགས་པས་སེམས་ཅན་མང་པོ་དེ་ལ་ཡི་དམ་དུ་བྱེད་དོ། །ཝ་ནི་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་སོང་སྟེ་ལུས་ཐམས་ཅད་སས་དྲུད་ཅིང་ཁྲུས་བྱས་ནས་སྟོན་པ་ལ་ཕྱག་བྱས་ཤིང་ཆོས་ཐོས་ པས་བདེན་པ་མཐོང་ངོ། །རབ་ཏུ་བྱུང་བ་དང་དགྲ་བཅོམ་པའང་ཐོབ་བོ། །སྔོན་སྟོན་པ་འོད་སྲུངས་ཀྱི་ཚེ་ཁྱིམ་བདག་ཕྱུག་པོ་ཞིག་གིས་གཙུག་ལག་ཁང་རྣམ་པ་ཐམས་ཅད་རྫོགས་པར་བྱས་ཏེ་ཡོ་བྱད་ཐམས་ཅད་སྦྱར་ནས་དགེ་སློང་ཞལ་ཏ་བ་བསྐོས་སོ། །དེ་གཞན་དུ་སོང་བ་ ནི་དགྲ་བཅོམ་པ་ཞིག་དེར་འོངས་པ་ལ་ཁྱིམ་བདག་དད་པར་གྱུར་ཏེ་དེའི་ངོར་སང་དགེ་འདུན་སྤྱན་དྲངས་ཤིང་འདྲེག་མཁན་བཀུག་ནས་དགེ་སློང་རྣམས་ཀྱི་སྐྲ་བྲེགས། ཚིག་དང་ལྡན་པའི་ཁྲུས་ཕུལ་ཆོས་སྟོན་གསོལ། ཞལ་ཏ་བ་དེ་ལོག་སྟེ་དེ་ལྟར་བྱས་པ་ལ་ང་བྱ་པ་ཐམས་ [137A]༄༅། །ཅད་བྱེད་ན་གསར་པ་འོངས་པ་གཅིག་གི་ཕྱིར་འདི་ཙམ་བྱེད་པ་ཞེས་ཁྲོས་ཏེ། དེར་སོང་བ་ན་དེ་ལ་གུས་པ་ཆེ་བ་མཐོང་ནས་ཆེར་ཕྲག་དོག་སྐྱེས་ནས། དགྲ་བཅོམ་པ་ལ་ཁྱོད་དེ་ལས་སྐྲ་འདྲེག་པ་བས་སྐྲ་གཏོགས་བླའོ། །ཁྲུས་དེ་བས་ཕྱི་སར་བྱིང་ བླའོ༑ ༑ཟས་སྐོམ་ལེན་པ་བས་བཤང་གཅི་ཟ་འཐུང་བྱེད་པ་བླའོ། །ཞེས་སོ། །དེས་འགྱོད་པ་བསྐྱེད་པས་བཟོད་པ་གསོལ་ཏེ་ཞལ་ཏ་ཆོས་བཞིན་བྱས་པ་ལ་སོགས་པ་དང་སྨོན་ལམ་ལས་སོ། །ཡི་དྭགས་དེ་དག་ནི་སྟོན་པ་འོད་སྲུངས་ཀྱི་དགེ་བསྙེན་ཏེ། དགེ་སློང་དག་ཡང་དང་ཡང་ སློང་བ་ལ་སེར་སྣས་ནོན་ཏེ་འདི་དག་ནི་ཡི་དྭགས་ལྟར་ཁོར་ཟུག་ཏུ་གཞན་ལ་རེའོ་ཞེས་གཤེ་བ་ལས་སོ། ༈ །གཞན་ཡང། དད་རྫས་བླངས་ཤིང་ཁྱིམ་པ་ལ་བརྟེན་ཏེ། །དགེ་སྦྱོང་དག་ལ་ཁྲོ་བས་སྨད་པ་དང། འགྱོད་པས་ལེགས་སྦྱངས་ཚངས་སྤྱོད་བསྟེན་བྱས་པས། ། བྱར་གྱུར་རྒྱལ་ལ་དད་ནས་ཆོས་མངོན་རྟོགས། རི་སྤོས་ངད་ལྡང་ན་བྱ་ཀུ་མུ་དའི་དུས་སྟོན་སྣ་ཚོགས་ཅན་ཞེས་བྱ་བ་ན་སྟེ་འཆི་ཀ་མ་ཞིག་གིས་རྩར་སྟོན་པ་བྱོན་ཏེ་བྱ་ཙ་ཤ་ལྔ་བརྒྱ་བསྐོར་བ་བྱེད་པ་སྤྲུལ་ཏོ། །དེས་མཐོང་བས་ངའང་བསྐོར་བ་བྱ་ན་སྙམ་སྟེ་དད་བཞིན་ དུ་ཤི་བ་ལྷར་སྐྱེས་སོ། །དེ་ལ་སྟོན་པས་ཆོས་བསྟན་པས་བདེན་པ་མཐོང་བར་གྱུར་ཏོ། །དེའི་ལས་ཤཱ་རིའི་བུས་རྩད་མ་ཆོད་དེ་བྱ་ཉི་ཚེ་བརྒྱུད་པ་ལས་མ་མཐོང་ནས་སྟོན་པ་ལ་ཞུས་པས། སྔོན་རྒྱལ་བ་དོན་གཟིགས་ཀྱི་དགེ་སློང་ཞལ་ཏ་བས་སྦྱིན་བདག་ལ་བཟའ་བཏུང་བསླངས་ ཏེ་ཁྱིམ་པ་ལ་སྟེར་རོ། །དགེ་སློང་མང་པོས་བཀག་པས་ཁྲོས་ཏེ། ཁྱེད་ནི་དུད་འགྲོ་ལྟར་བསམ་མནོ་མེད་པས་དགེ་སློང་གི་བྱ་བ་མི་བྱེད་དོ་ཞེས་སོ། །ཕྱིས་འགྱོད་པས་བཤགས་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱད་ཅིང་ཞལ་ཏེ་ཆོས་བཞིན་བྱས་ནས་སྨོན་ལམ་བཏབ་པའོ། ༈ །གཞན་ ཡང༑ མང་དུ་ཐོས་པའི་ཆོས་སྨྲ་རྙེད་ལྡན་པས། །དགེ་འདུན་མཆོད་བྱེད་ཁྲོས་པས་ངན་བརྗོད་ལས། །འཕྱེ་བོར་གྱུར་ཏེ་དཔལ་འབྱོར་སྟོན་པ་ལ། །དད་པས་ལུས་རངས་རབ་བྱུང་ཟག་པ་བཅོམ། །ཁྱིམ་བདག་ཞིག་ལ་བུ་སྟོད་གཟུགས་ཤིན་ཏུ་མཛེས་པ་སྨད་འཕྱེ་བོ་ཞིག་བཙས་པ་ན་ [137B] ཕྱུགས་ཀྱི་ཁྱུའང་འཕེལ། ལས་ཀྱི་སྒོ་ཐམས་ཅད་ཀྱང་གྲུབ་པས། ཕ་མ་ལ་སོགས་པ་ཀུན་འདི་ནི་དཔལ་ཡོན་ཅན་ཞིག་གོ་སྙམ་མོ། །དེ་ལྟར་ཀུན་ཏུའང་གྲགས་པས་ ཐམས་ཅད་དུ་དེ་ལྟ་བ་ལ་འདུ་ཞིང། དོན་ཅི་རྩོམ་པའང་དེའི་མིང་གིས་བྱེད་པ་ན་འབྱོར་པ་འགྲུབ་བོ། །དེ་རིན་པོ་ཆེའི་ཁྱོགས་ལ་ཞོན་ཏེ་བསྐྱེད་མོས་ཚལ་དུ་འགྲོ་བ་ན། ལམ་དུ་སངས་རྒྱས་ཀྱི་མཚན་ཐོས་པས་བལྟ་བར་འདོད་དེ། རྒྱལ་བྱེད་ཚལ་དུ་སོང་བ་དང། མཐོང་མ་ ཐག་ཏུ་དགའ་བསྐྱེས་པས་ཁྱོགས་ལས་བབས་ནས་སུག་བཞིས་འཕྱེ་ཞིང་སོང་སྟེ་ཕྱག་བཙལ་ནས་ཆོས་ཉན་པས་བདེན་པ་མཐོང་ངོ། །ལུས་འདི་ལྟ་བུར་མ་གྱུར་ན་རབ་ཏུ་བྱུང་ལ་བརྩོལ་བར་བྱ་ན་ཞེས་བསམས་མ་ཐག་ཡན་ལག་ཐམས་ཅད་རངས་ཏེ་རབ་ཏུ་བྱུང་ནས་ འབད་པ་བྱས་པས་དགྲ་བཅོམ་པ་ཐོབ་བོ། །སྟོན་པ་འོད་སྲུངས་ཀྱི་དགེ་བསྙེན་མང་དུ་ཐོས་པ་ཆོས་སྨྲ་བ། ཀུན་གྱིས་བཀུར་བ་ཞིག་དགེ་བསྙེན་ལྔ་བརྒྱ་ཙམ་ལ་ཆོས་སྟོན་ཅིང། དེ་དག་གིས་ཀར་ཤ་པ་ཎ་ལྔ་བརྒྱ་ལྔ་བརྒྱ་ཡོན་ལ་འབུལ་ལ། དེས་ནི་ཐམས་ཅད་དགེ་འདུན་ ལ་འབུལ་ལོ། །ཉིན་གཅིག་དེ་རྣམས་གཙུག་ལག་ཁང་དུ་སོང་བ་ན་དགེ་འདུན་དག་འདུལ་བའི་ལས་ཤིག་བྱེད་པས་ཁང་སྐྱོང་གིས་དེ་རྣམས་ཕྱིར་བསྐྲད་དོ། །འཁོར་དེ་དག་ངེད་ནི་བསྐྲད་དུ་རུང་ན་ཁྱོད་ཆོས་སྨྲ་བ་ཅི་སྟེ་སྐྲོད་ཅེས་ནས་དེ་ལ་མཁས་པར་འཛིན་པ་མེད་ པས་དེ་ཁྲོས་ཏེ། །ངས་ནི་འཕྱེ་བོ་ཁྲི་ལ་འདུག་པ་ཁྱེད་ལ་ཇི་ཙམ་རྙེད་པ་ཀུན་བྱིན་ན། ཁྱེད་ང་ཉིད་ལ་མི་བསྒོ་བར་ཚོགས་སུ་དམའ་ཕབ་བོ་ཞེས་སོ། །དགེ་སློང་དག་གིས་འགྱོད་དུ་བཅུག་པས་བཟོད་པ་གསོལ་ཏེ་ཚེ་གཅིག་ཏུ་འབད་པ་བྱས་པའི་བསོད་ནམས་ལ་འདི་ལྟར་སྨོན་ ལམ་བཏབ་པའོ། ༈ །དགེ་བའི་ལས་ཀྱི་དབང་དུ་བྱས་ནས། རྒྱལ་ལ་དད་པས་བསྐོར་བ་བྱེད་སོགས་བཞི། །བསེ་རུར་ལུང་བསྟན་རྣམ་ཀུན་ཡོངས་རྫོགས་པའི། །གཙུག་ལག་ཁང་བྱས་སངས་རྒྱས་རབ་མཆོད་དེ། །མཆོད་རྟེན་རྫོགས་བྱས་མི་ནང་ལྷའི་དཔལ་ཐོབ། །བྲམ་ཟེ་ [138A]༄༅། །ཞིག་མཆོད་སྦྱིན་བྱེད་པའི་ཤིང་རྟ་ཞོན་ཏེ་སོང་བ་ན་སངས་རྒྱས་མཐོང་བ་ལ་རབ་ཏུ་དགའ་ཞིང་བསྐོར་བ་བྱས་པས། བསྐལ་པ་བཅུ་གསུམ་ན་རང་སངས་རྒྱས་འོད་སྐོར་བྱེད་ཅེས་བྱ་བར་འགྱུར་བར་ལུང་བསྟན་ཏོ། །ཡང་དེ་ལྟ་བུ་ཞིག་གིས་དགའ་བཞིན་དུ་སྟོན་པ་ ལ་ཤིང་རྟ་བསྟབས་པས། བསྐལ་པ་བཅུ་གསུམ་ན་རང་རྒྱལ་དགའ་བར་ལུང་བསྟན་ཏོ། །ཡང་བྲམ་ཟེ་ཞིག་གིས་རྒྱལ་བ་མཐོང་ནས་དགེ་སློང་བཀྲ་མི་ཤིས་པ་སྙམ་སྟེ་བྲོས་པ་ན་རྒྱལ་བས་གར་བྲོས་པར་བཞུགས་པས། འདི་ནི་རྫུ་འཕྲུལ་དང་ལྡན་པའོ་ཞེས་དད་ཅིང་དགའ་ བས་མེ་ཏོག་སྤར་གང་གཏེར་བ་རང་རྒྱལ་མེ་ཏོག་བླ་མར་ལུང་བསྟན་ཏོ། །ཡང་བྲམ་ཟེ་ཤིང་རྟ་ཞོན་པ་ཞིག་བབས་ཏེ་སྟོན་པ་ལ་ཤིང་རྟ་བསྟབས་སོ། །སྟོན་པས་དེའི་སྟེང་གི་ནམ་མཁར་བཞུགས་པས་དགའ་བ་ཆེན་པོ་སྐྱེས་པས་བསྐལ་པ་བཅུ་གསུམ་ན་རང་རྒྱལ་ཤིང་རྟ་སྦྱིན་ཞེས་བྱ་བར་ ལུང་བསྟན་ཏོ། །ཁྱིམ་བདག་གི་ཆུང་མ་ཞིག་སྦྲུམ་པ་ན་རྒྱན་མང་པོ་བཏགས་ཏེ་ཁང་བཟང་བརྒྱན་ནས་མལ་ཁྲི་བརྒྱན་པ་ལ་འདུག་གོ། ལྟས་མཁན་ལ་དྲིས་པས་ཁོང་ན་འདུག་པའི་མཐུར་བསྟན་ཏོ། །ཟླ་བ་ཚང་བ་ན་བུ་གཟུགས་བཟང་བ་རྒྱན་དང་བཅས་པ་ཤ་མ་དང་དྲི་ མས་མ་གོས་པ་ཞིག་བཙས་སོ། །ཁྲུས་བྱ་འདོད་དེ་རྒྱན་བཀྲོལ་བ་ན་ཡང་བྱུང་བས་བསོད་ནམས་ཀྱི་མཐུར་ཤེས་ཏེ་རྒྱན་དང་བཅས་པར་དཀྲུས་སོ། ཁྲི་ལ་བཞག་པ་ན་མིའི་ཁྲི་མི་སྣང་བར་ལྷའི་མལ་ཁྲི་བྱུང་ངོ། །ཁྱིམ་དུའང་ལྷའི་ཁང་པ་བརྩེགས་མ་རྒྱན་སྣ་ཚོགས་ཀྱིས་ བརྒྱན་པ་བྱུང་ངོ། །སྔས་སུ་ནི་གསེར་གྱི་མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་བྱུང་ངོ། །དེར་གཏེར་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་ཁ་ཕྱེ་བ་བཞི་བྱུང་སྟེ། བརྒྱ་སྟོང་ཕྱུང་ཡང་འབྲི་བ་དང་གང་བ་མི་མངོན་ནོ། །དེ་དབྱིག་ཚོར་བརྟགས་ཏེ་གང་དུ་འགྲོ་བར་ཡང་མི་མ་ ཡིན་དག་གིས་རས་ཚར་ཚར་ཅན་འདིང་ངོ། །མེ་ཏོག་སྣ་ཚོགས་འགྲེམས་སོ། །དེའི་ཕས་དགུན་ལ་སོགས་པའི་དུས་དང་མཐུན་པའི་ཁང་པ་བྱས་པ་ཡང་ལྷ་རྫས་སུ་གྱུར་སྟེ། ལྷ་མོ་དག་དང་རྒྱན་དང་རོལ་མོ་སྣ་ཚོགས་ཀྱིས་རྩེའོ། །ཕྱིས་དཀོན་མཆོག་གསུམ་ལ་དད་པ་སྤེལ་ཏེ་རབ་ཏུ་བྱུང་བ་ [138B] སྟོན་པས་སྙིང་ཐག་པ་ནས་མི་འདོད་པའི་སེམས་བསྐྱེད་དུ་བཅུག་པས་ཐམས་ཅད་མེད་པར་གྱུར་ཏེ་དགྲ་བཅོམ་པ་ཐོབ་བོ། །སྔོན་སྟོན་པ་འོད་སྲུངས་ཀྱི་ཁྱིམ་བདག་ཞིག་གིས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ གཙུག་ལག་ཁང་བརྩིགས་པར་སངས་རྒྱས་འཁོར་དང་བཅས་པ་སྤྱན་དྲངས་ནས་ཆོ་ག་དང་ལྡན་པའི་ཁྲུས་དང་ཆོས་སྟོན་གསོལ་ཏེ། དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཡོངས་སུ་རྫོགས་པར་བྱས་སོ། །དེ་བྱ་དག་གིས་མི་གཙང་བར་བྱས་པས་གཙང་ཁང་ཕྱུར་པོ་རྒྱན་ཐམས་ཅད་ཆང་ བ་བྱས་ཤིང་ས་གཞི་འང་བརྒྱན་པར་བྱས་ནས་དུས་སྟོན་བཙུགས་ཏེ་སྨོན་ལམ་བཏབ་པའོ། ༈ །གཞན་ཡང་དབུལ་ཡང་རྒྱལ་ལ་བཤོས་སོགས་འབྱོར་ལྡན་པས། །མཆོད་བྱས་ཚངས་སྤྱོད་བསྟེན་པས་དོན་ཆེན་གྲུབ། །རྡུལ་བྲལ་བཤོས་གསོལ་བྱར་སྨོན་མིར་གྱུར་ནས། །རབ་བྱུང་ཟག་ པ་ཟད་ཐོབ་དགེ་འདུན་མཆོད། །བྲམ་ཟེ་དབུལ་པོ་བཟའ་མི་གཉིས་རྒྱལ་བྱེད་ཚལ་དང་ཉེ་བ་ན་ཞིང་ལས་བྱེད་པས། སྟོན་པ་འཁོར་དང་བཅས་པ་ཕྱི་ནང་དུ་གཤེགས་པ་མཐོང་སྟེ། དད་ནས་བགྲོས་པས་བཤོས་ཙམ་སྦྱར་བ་ཞིང་གར་གསོལ་ཞིང། བདག་ཅག་དབུལ་བ་དང་བྲལ་ ཏེ་ཞིང་འདིའི་མྱུ་གུ་འང་གསེར་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་དེ་ལྟར་གྱུར་ཏོ། །རྒྱལ་པོ་ལ་སྐུ་སྐལ་ཕུལ་བ་ལ་ཁྱོད་ཉིད་ཀྱི་བསོད་ནམས་ཡིན་པས་ཅི་བདེར་སྤྱོད་ལ་སྦྱིན་པ་དག་བྱིན། བསོད་ནམས་དག་གྱིས་ཤིག་ཅེའོ། །དེ་སྟོན་པའི་བཀའ་དྲིན་གཟོ་བས་འབྱོར་བ་ཆེན་པོས་ ཟླ་བ་གསུམ་དུ་འཁོར་དང་བཅས་པ་སྤྱན་བྲངས་ཏེ། ཡོ་བྱད་ཐམས་ཅད་སྦྱར་ཞིང་ཐ་མར་རས་ཟུང་རེ་ཕུལ་ནས་ཆོས་མཉན་པས་བདེན་པ་མཐོང་ངོ། །རབ་ཏུ་བྱུང་སྟེ་འབད་པ་བྱས་པས་དགྲ་བཅོམ་པ་ཐོབ་བོ། །སྟོན་པ་འདི་སྲུངས་ཀྱི་ཚེ་བྲམ་ཟེར་གྱུར་ཅིང་ཚེ་གཅིག་ཏུ་ཚངས་པར་སྤྱད་ ནས་སྨོན་ལམ་བཏབ་པས་ཀྱང་ངོ། །རི་སྤོས་ངད་ལྡང་ལ་རྨ་བྱ་ལྟ་སྡུག་ཅེས་བྱ་བ་ལྡིང་བས་སྟོན་པ་མཐོང་སྟེ། བབས་ནས་ཞབས་དྲུང་དུ་འདུག་གོ་ཆོས་གསུམ་གསུངས་པ་མཉན་ཏེ་སོང་བ་ན་ཁྲས་བསད་པ་ཚོང་དཔོན་ཞིག་གི་བུར་སྐྱེས་ནས་དཀོན་མཆོག་གསུམ་ལ་དད་ [139A]༄༅། །པས་རབ་ཏུ་བྱུང་བས་ལོ་བདུན་ན་དགྲ་བཅོམ་པ་ཐོབ་ཅིང་དགེ་འདུན་ལ་བཀུར་སྟི་བྱེད་དོ། །སྔོན་རྒྱལ་པོ་ཚངས་བྱིན་བི་དེ་ཧའི་རྒྱལ་པོས་ཕམ་པར་བྱས་པ་ནགས་ཁྲོད་དུ་འཁྱམས་པ་ན། རྨ་བྱ་ཞིག་བྱ་མོས་བསྐོར་ཏེ་འདུག་པ་ལ་བདེ་བར་མཐོང་ངོ། ། རང་སངས་རྒྱས་ཞིག་དང་ཕྲད་པས་དད་པར་གྱུར་ཏེ་རྟ་ལ་ཟས་ཅུང་ཟད་བཀལ་བ་ཕུལ་བས་དེས་འཇིགས་པ་མེད་པར་བསྐྱལ་ལོ། །ལས་འདིས་བདག་རྨ་བྱར་སྐྱེས་ཏེ་སྟོན་པ་འདི་བས་ལྷག་པ་མཉེས་པར་བྱེད་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པའོ། ༈ །གཞན་ཡང་ བསླབ་པ་དྲལ་བས་གླང་པོར་སྐྱེས་ནས་ནི། །རྒྱལ་ལ་དད་ཐོབ་ཤིང་གྲིབ་ཕུལ་བྱས་པས། །ལྷར་གྱུར་འདྲན་པ་མཉེས་བྱས་བདེན་པ་མཐོང། །སྐྱབས་གསོལ་བསླབ་གཞི་བཟུང་བས་བྱེ་ཆེན་གྱིས། །ཆར་ལས་ཐར་ཏེ་དད་པས་མཉེས་བྱས་པས། །ལྷ་མིའི་དཔལ་མྱོང་ བསེ་རུར་ལུང་བསྟན་ཐོབ། །སྟོན་པ་འོད་སྲུངས་ཀྱི་དགེ་སློང་ཞིག་བསླབ་པ་ལ་གཡེལ་བས་ཆེ་ཕྲ་མང་པོ་ལས་འགལ་བ་བྱས་སོ། །ཁ་ཅིག་བསྲུངས་ནས་སྨོན་ལམ་བཏབ་ཀྱང་གླང་པོ་ཆེར་སྐྱེས་ཏེ། སངས་རྒྱས་མཐོང་བ་ལ་དགའ་བས་ཉ་གྲོ་དཧའི་ཡལ་གས་ཉིན་ མཚན་བསྐྱབས་སོ། །དེ་སེངྒེས་བསད་པ་ལྷར་སྐྱེས་ཏེ། སྟོན་པ་མཆོད་ནས་ཆོས་ཐོས་པས་བདེན་པ་མཐོང་བའོ། །ཡང་ཀླུའི་རྒྱལ་པོ་དབྱིག་གི་བུ་དབྱིག་བཟང་ཤེད་བྱེ་བ་ན། དུས་དྲུག་ཏུ་ལུས་ལ་བྱེ་ཚན་བབ་པས་སྡུག་བསྔལ་དྲག་པོ་མྱོང་ངོ། ལ་ལ་ལ་མི་འབབ་པ་ མཐོང་སྟེ་ཕ་མ་ལ་དེའི་རྒྱུ་དྲིས་པས་ཆེ་བར་གྲགས་པ་དག་གོ་ཞེའོ། །དེ་བས་ཆས་ངན་པ་ལའང་མི་འབབ་པ་མཐོང་ནས་དྲིས་པས་སྐྱབས་འགྲོ་དང་བསླབ་པའི་གཞི་བླངས་པའོ་ཞེའོ། །དེ་སུ་ལས་ཐོས་དྲིས་པས་སངས་རྒྱས་ལས་སོ་ཞེའོ། །དེ་ལེན་པར་ཞུས་པས་མ་ ལེན་ཅིག་མ་ཐུབ་ན་དམྱལ་བར་འགྲོ་བ་འདི་བས་ཆེས་སྔག་གོ་ཞེའོ། །འདི་ཙམ་གྱི་ཕྱིར་ཡང་ཅི་སྟེ་མི་བསྲུངས་ཞེས་ཏེ་སྟོན་པ་ལ་མེ་ཏོག་གཏོར་ནས་དེ་དག་མནོས་པས་བྱེ་ཚན་མི་འབབ་པོ། །བཀའ་དྲིན་དྲན་ཏེ་ཇི་སྲིད་འཚོའི་བར་དུ་མཁོ་བ་བསྟབས་པར་ཞུས་པ་དང་ [139B] །དབྱར་ཐོན་ནས་སྟོན་པ་མཉན་ཡོད་ནས་རྒྱལ་པོའི་ཁབ་ཏུ་གཤེགས་པའི་ལམ་ཐོག་ཐག་དེས་མཆོད་དཀུར་རྒྱ་ཚེར་བྱས་སོ། །འོད་མའི་ཚལ་དུའང་ཟླ་བ་གསུམ་ཡོ་བྱད་ཐམས་ཅད་སྦྱར་ཏེ་ན་བཟའ་འབུམ་རི་བ་ཕུལ་ དགེ་སློང་རྣམས་ལའང་ཡོ་བྱད་ཐམས་ཅད་ཕུལ་བས། དེ་བསྐལ་པ་བརྒྱར་ལྷ་དང་མིའི་ལོངས་སྤྱོད་མྱོང་ནས་ཐ་མ་མི་ལས་རབ་ཏུ་བྱུང་སྟེ། རང་སངས་རྒྱས་སྨོན་ལམ་ལེགས་བཏབ་ཅེས་བྱ་བར་འགྱུར་བར་ལུང་བསྟན་ཏོ། ༈ །གཞན་ཡང། བསྟན་བཅོས་མཐར་ཕྱིན་རྫུ་འཕྲུལ་ མཐུ་ཐོབ་ཀྱང། །ང་རྒྱལ་དྲེགས་པས་ལམ་མཆོག་སྣོད་མ་གྱུར། །རང་གི་ཚོད་ཤེས་ངེས་པས་དོན་བསམས་ཤིང། །བསྒོམས་པས་མྱུར་བར་ཚངས་སྤྱད་མཐར་ཕྱིན་ཐོབ། །རི་སུལ་ཞིག་ན་དྲང་སྲོང་བསྟན་བཅོས་ཐམས་ཅད་ཀྱི་མཐར་ཕྱིན་པ་རྫུ་འཕྲུལ་དང་མཐུ་ཆེ་བ་ཞིག་འཁོར་ཉིས་སྟོང་ ལ་ཆོས་སྟོན་པས་དེ་རྣོམས་བསམ་གཏམ་བཞི་དང་མངོན་ཤེས་ལྔ་ལ་བཀོད་དོ། །སྟོན་པ་མཚོ་མ་དྲེས་པ་ནས་ན་མཁའ་ལ་གཤེགས་པ་དེ་རྣམས་ཀྱིས་མཐོང་བས་རབ་ཏུ་དགའ་སྟེ་སླད་བཞིན་འབྲངས་ནས་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་ཏེ་ཆོས་ཐོས་པས་འཁོར་རྣམས་ཀྱི་ནི་བདེན་ པ་མཐོང་བར་གྱུར་ཏེ། །དྲང་སྲོང་དེ་ནི་ང་རྒྱལ་གྱིས་དྲེགས་པས་ཅིའང་མ་ཐོབ་བོ། །ཐམས་ཅད་རབ་ཏུ་བྱུང་སྟེ་འབད་པ་བྱས་པས་དགྲ་བཅོམ་པ་ཐོབ་པ་ནའང་དེས་ །དེས་ཀྱང་དེ་ལྟར་ཤེས་ནས་འབད་པ་བྱས་པས་མྱུར་དུ་སྡེ་སྣོད་གསུམ་ལོབས་ཏེ་ཆོས་སྨྲ་བར་གྱུར་ཏེ་ དེ་འདི་སྙམ་དུ་བདག་སེམས་ཅན་སྟོན་ཕྲག་དུ་མ་ལ་ཆོས་སྟོན་ཀྱང་རང་ལ་མི་སྟོན་ཏེ། འདི་ཐམས་ཅད་བྱ་བ་བྱས་ན། བདག་གིས་ཅིའང་མ་ཐོབ་པས་ཅི་བྱའི་གཏོལ་མེད་ཀྱིས། ད་ཉན་པ་ལ་སོགས་པ་བཏང་ལ་བསྒྲིམས་པར་བྱའོ་སྙམ་ནས། ཐོས་པའི་དོན་དེ་ཉིད་སེམས་ པ་དང་མཇལ་བ་དང་ཉེ་བར་བརྟགས་པས་དགྲ་བཅོམ་པ་ཐོབ་བོ། །དེ་ལྟ་བས་ན་དོན་བསྒྲུབ་པས་རྫོགས་པར་བསླབ་བོ་ཞེས་གསུངས་པ་ལྟ་བུའོ། །དེ་དག་ལ་སོགས་པ་ལས་ཕྲ་བ་དག་ལས་ཀྱང་འབྲས་བུ་ཆེ་ཞིང་མང་བ་འབྱུང་བ་རྣམ་པ་དུ་མ་གསུངས་ཏེ། རྒྱས་པར་ནི་མདོ་ཉིད་ལས་ [140A]༄༅། །ལྟ་བས་ངེས་པ་བརྟན་པོ་བསྐྱེད་པར་བྱའོ། ༈ །དེ་ལས་ཚུལ་ཁྲིམས་རྣམ་པར་དག་པ་ལ་བསླབ་པར་བྱ་བའི་དོན་དུ་དེ་ཡང་དག་པར་བླང་བ་ལ་འབད་པ་སྟོན་པས། དེ་ལྟར་ལས་འབྲས་ངེས་བརྟན་ཡང་དག་པའི། །ལྟ་ལས་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ཅིང། ། མྱ་ངན་འདས་ལ་འདུན་བསམ་བརྟན་པ་ཡིས། །ཐུབ་པའི་བརྟུལ་ཞུགས་ཅི་ནུས་ཡང་དག་བླང་ཞེས་སྨོས་ཏེ། དེ་ལྟར་ལས་དང་འབྲས་བུ་སྣ་ཚོགས་ལ་ངེས་པ་བརྟན་པ་ཡང་དག་པའི་ལྟ་བ་ཐོབ་ན། དེ་ལ་ལས་དང་ཉོན་མོངས་པའི་འབྲས་བུ་ཁམས་གསུམ་གྱི་འགྲོ་བ་ལྔ་པོ་མཐའ་ དག་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པར་ཤེས་ནས། དེ་ལ་སྐྱོ་ཞིང་ཡིད་འབྱུང་བ་དང་འཇིགས་ཤིང་སྐྲག་པའི་བློ་བསྐྱེད། དེ་ལས་ནི་སྡུག་བསྔལ་དེ་ཐམས་ཅད་ཟད་པའི་མྱ་ངན་ལས་འདས་པ་ལ་བདེ་ཞིང་བསིལ་བ་ལ་སོགས་པའི་ཡོན་ཏན་དུ་ལྟ་བས་དོན་དུ་གཉེར་བའི་བསམ་པ་ བརྟན་པོ་ལས། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡང་དག་པར་བླང་བ་ལ་བརྩོན་པར་བྱེད་དེ། མཁན་པོ་འམ་སློབ་དཔོན་ནམ་དགེ་འདུན་དུ་འོས་པ་ཚང་ཞིང་མི་མཐུན་པ་མེད་པ་ལ་སོགས་པ་མཐུན་པའི་རྐྱེན་ཚང་ཞིང་འགལ་བའི་རྐྱེན་བར་ཆད་ལ་ སོགས་པ་དང་བྲལ་བའི་ཚོགས་པ་ཚང་བ་ལས། བསླབ་པའི་གཞི་ལྔ་ལ་སོགས་པ་སྔོན་དུ་བཏང་ནས་སོ་སོར་ཐར་པའི་སྡོམ་པས་མཆོག་ཏུ་གྱུར་པ་དགེ་སློང་གི་སྡོམ་པའི་མཐར་ཐུག་པ་དག་ཅི་ནུས་པ། གསོལ་བ་དང་བཞིའི་ལས་མི་གཡོ་བ་དང་བཞག་པར་མི་འོས་པ་ལ་སོགས་པ་ སྡོམ་པ་སོ་སོའི་སྦྱོར་བ་དང་དངོས་དང་རྗེས་ཀྱི་ཆོ་ག་ཅི་རིགས་པར་ཡང་དག་པར་ནོད་པར་བྱའོ། །དྲན་པ་ཉེར་གཞག་ལས་ལོག་པར་ལྟ་བ་སྤོང་བ་ནི་འཁོར་བ་ཐམས་ཅད་ས་བོན་ཐོག་མ་མེད་པའི་མུན་པ་ཆེན་པོ། ལོག་པའི་སྦྱོར་བ་ཐམས་ཅད་ཀྱི་བར་ཆད་དུ་གྱུར་བ་དེ་ལས་གྲོལ་ བ་ཡང་དག་པའི་ལྟ་བས། དོན་མེད་པ་ཐམས་ཅད་སྤོང་ཞིང་འཁོར་བ་དང་རིང་ལ། ཐར་བ་དང་ཉེ་བ་སྟེ་ཆོས་ལ་དགའ་བས་སངས་རྒྱས་ཀྱི་ཡོན་ཏན་ཐོས་པ་ན། འཁོར་པའི་སྡུག་བསྔལ་སྣ་ཚོགས་ལ་དམིགས་པས་འགྲོ་བ་ལྔའི་ལྷ་ལ་འཆི་འཕོ་དང། མི་ལ་འདོད་པ་དང། དམྱལ་བ་ [140B] དུད་འགྲོ་ལ་ཕན་ཚུན་ཟ་བ་དང། ཡི་དྭགས་ལ་བཀྲེས་པ་དང་སྐོམ་པ་ལ་སོགས་པས་སྡུག་བསྔལ་གྱི་ཡན་ལག་དཔག་ཏུ་མེད་པ་དམིགས་སོ། །དེས་ཐོག་མར་སྲིད་པ་ལས་ངེས་པར་འབྱིན་པའི་ལམ་བསྒྲུབ་པར་སེམས་བསྐྱེད་དེ། སེམས་གཅིག་ལས་ཀྱང་དགེ་བའི་ཆོས་ ཀྱི་རྒྱུན་ཉིད་སྐྱེའོ། །དེ་ནས་རྟག་ཏུ་རབ་ཏུ་འབྱུང་བའི་སེམས་བསྒོམ་ལ། དགེ་བའི་བཤེས་གཉེན་བསྟེན། དེ་མཁའི་ཆོས་ཉན་ཆོས་ལ་སེམས་ཕྱིར་ཞིང་གསལ་བས་ཕྱག་ལ་སོགས་པ་བྱེད། ལུས་དང་ངག་དང་ཡིད་ཀྱི་ལས་ཞི་ཞིང། གསལ་བས་ཁྱིམ་གྱི་གནས་གཟེབ་ལྟ་བུ་ལ་མི་ ཆགས། བདུད་དང་གཡུལ་འགྱེད་པར་འདོད། ཉོན་མོངས་པ་ཐམས་ཅད་སྤང་བར་འདོད་པ་ལས། ཆེས་རབ་ཏུ་འབྱུང་བར་སེམས་བསྐྱེད་དེ། དང་པོར་བསླབ་བའི་གཞི་ལྔའི་སྡོམ་པ་ལེན་ཏོ། །དགེ་བསྙེན་རྫོགས་པ་ན་ཡང་བར་སྣང་གི་གནོད་སྦྱིན་ལ་སོགས་པ་བསྟོད་པ་སྒྲོགས་པ་སྟེ། རིགས་ ཀྱི་བུ་ཆེ་གེ་མོ་ཞིག་ཡུལ་ཆེ་གེ་མོར་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཤིང་ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བས་བདུད་ཀྱི་ཕྱོགས་ནི་དམའ་བར་བྱེད། ཆོས་ཀྱི་ཕྱོགས་དམའ་བར་བྱེད། ཆོས་ཀྱི་ཕྱོགས་ནི་མཐོ་བར་བྱེད། ཉོན་མོངས་པ་ཆེན་པོ་འདོད་ཆགས་ལ་སོགས་པ་ལས་ གྲོལ་བར་བྱེད་དོ། །དེ་ཁྱིམ་གྱི་གནས་ནི་སྡུག་བསྔལ་མང་པོ་དང་ལྡན་པ་ཉམ་ང་བ་འཆིང་བ་དུ་མ་ཅན་རང་དབང་མེད་པར་རིགས་ནས་འབྱུང་བར་འདོད་བ་ན་ཡང་ས་བླ་དང་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དག་གིས་རྒྱལ་པོ་ཆེན་པོ་བཞི་ལ་བསྙད་ །དེ་དག་ དགེ་སྦྱོང་གི་མཁན་པོ་ལ་ཅི་རི་གསུ་བསྙེན་བཀུར་བྱས་ཏེ་རབ་ཏུ་འབྱུང་ནས་སོ་སོར་ཐར་པའི་སྡོམ་པ་བླངས་པས་རྒྱལ་ཆེན་རིགས་བཞི་པ་མན་ཆད་ལ་སྒྲོགས་ཤིང་རབ་ཏུ་དགའ་འོ་ཞེས་སོ། །དེས་ན་འདི་ཉིད་ཀྱང་ཤིན་ཏུ་དོན་ཆེ་ལ་རྙེད་པར་དཀའ་བ་ཡིན་པས་རེ་ཞིག་ཙམ་གྱིས་བསམ་ པ་དང་སྦྱོར་བ་བཏང་སྟེ་སྤྲོ་བ་དང་འབད་པ་ཆེན་པོས་གཙིགས་པོ་ཆེར་གཟུང་བ། ཇི་ལྟར་བྱས་ན་ལྟར་ལེགས་པར་འཐོབ་པར་འགྱུར་བའི་རྒྱུ་རྣམས་ལ་ནན་ཏན་ཆེན་པོས་བསྒྲིམས་ཏེ་བཙལ་བར་བྱའོ། །སླ་ཆོས་དང་གྱི་ན་ཙམ་སྦྱོར་བས་ནི་རང་ཉིད་བསླུ་བ་ཁོ་ནར་ཟད་དོ། ༈ །དེ་རྗེས་ [141A]༄༅། །སུ་བསྲུང་བའི་ཐབས་ལས་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ་བསྲུང་བའི་དབང་དུ་བྱས་པ། དེ་ནས་གནས་སུ་གྱུར་པ་མཁན་པོ་དང། །སློབ་དཔོན་དག་ལ་ལེགས་པར་གནས་བཅས་ཏེ། །ཇི་སྐད་བཤད་བཞིན་ལེགས་བསྟེན་བསླབ་པའི་གཞི། །མ་ལུས་གུས་པས་ ཅི་ནུས་ལེགས་པར་བསླབ། །བྱ་བ་ཀུན་གྱི་ལུང་ནོད་བཀའ་བཞིན་དུ། །བསྒྲུབ་པས་རང་དགར་འཇུག་པ་ཐག་བསྲིངས་ཏེ། །ཁ་ལོ་བསྒྱུར་བ་དགེ་བའི་བཤེས་གཉེན་གྱི། །དབང་གྱུར་ཀུན་ཏུ་དེ་རྗེས་འབྲང་བར་བསླབ། །དེ་ལྟར་བརྟུལ་ཞུགས་རིན་པོ་ཆེ་དེ་ཡང་དག་པར་ཐོབ་ཀྱང་དེ་ ཙམ་གྱིས་ནི་དོན་མི་འགྲུབ་པས་ན། དེ་རྗེས་སུ་བསྲུང་བས་མི་ཉམས་ཤིང་འཕེལ་བར་བྱ་བ་ལ་ནན་ཏན་ཆེན་པོ་བྱ་དགོས་པས་ན། བསྙེན་པར་མ་རྫོགས་པ་ཐམས་ཅད་དང། རྫོགས་ཀྱང་ལོ་བཅུ་མ་ལོན་པ་ཐམས་ཅད་དང། ལོ་བཅུ་ལོན་ཡང་ལྔ་པ་དང་མི་ལྡན་པ་མཐའ་དག་གིས་ དང་པོ་ནི་དགེ་བའི་བཤེས་གཉེན་གང་གནས་པར་བྱ་བའི་གནས་སུ་འོས་པ་མཁན་པོ་དང་སློབ་དཔོན་དག་ཅི་ནས་ཀྱང་བསྟེན་པས་བསྲུང་བར་བྱ་སྟེ། མཁན་པོ་ནི་དེར་གསོལ་བ་བཏབ་པ་ཉིད་ན་གནས་སུ་གྲུབ་པ་ཡིན་པས་དེ་དང་མཚམས་གཅིག་ཏུ་གནས་ནས་བྱ་བ་ཐམས་ཅད་ ཞུ་བས་དེ་ལ་བརྟེན་པ་དང། དེ་ལྟར་མ་འཛོམ་ན་གནས་ཀྱི་སློབ་དཔོན་དུ་འོས་པ་དག་ལ་ཆོ་ག་ཇི་ལྟ་བར་གནས་བཅས་ནས་བརྟེན་པར་བྱ་སྟེ། སྔར་རྒྱས་པར་བཤད་པ་ལྟར་དེ་དག་ཡང་དག་པར་བསྟེན་པའི་ཆོ་གས་མཉེས་པར་བྱ་ཞིང། རང་གིས་དགག་པ་དང་བསྒྲུབ་པ་དང་གནང་བར་ གཏོགས་པའི་བསླབ་པའི་གཞི་ཐམས་ཅད་ལ་ཅི་ནུས་ཀྱིས་ལེགས་པར་བསླབ་པ་དང། ཟས་དང་གོས་དང་སྤྱོད་ལམ་དང། དགེ་བའི་སྦྱོར་བ་དང། འཕྲལ་གྱི་བྱ་བ་ཐམས་ཅད་ཀྱང་དུས་གསུམ་ལ་སོགས་པར་ཞུ་བ་དང། དེའི་བཀའ་བཞིན་དུ་བསྒྲུབ་པ་ལ་སོགས་པས་རང་དགར་ འཇུག་པ་རིང་དུ་དོར་ནས། ཁ་ལོ་བསྒྱུར་བ་དང་འདྲེན་པ་དང་དམིགས་བུ་དང། དེད་དཔོན་དུ་གྱུར་པ་བླ་མ་དག་གི་གཞན་གྱི་དབང་དུ་གྱུར་པས་གནས་པ་ལས། དཀར་པོའི་ཆོས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་འཕེལ་བའི་སྐལ་བ་ཅན་དང། ཉེས་པ་དང་ [141B] སྤྱོད་པ་ཐམས་ཅད་དེ་དག་གི་རྗེས་སུ་བསླབ་པ་ལ་ནན་ཏན་ཆེན་པོས་བསྒྲིམས་ཏེ་འཇུག་པར་བྱ་བའོ། །དེ་ལྟར་བླ་མ་དང་མཚམས་གཅིག་ལས་གཞན་དུ་སྐྱ་རེངས་ཤར་བ་དང་བྱ་བ་ཕལ་ཆེར་མ་ཞུས་པར་བྱས་ན་ཉེས་བར་འགྱུར་བར་བཅས་པས་ དགེ་བའི་བཤེས་གཉེན་ལ་བརྟེན་པའི་ནན་ཏན་གསུངས་པ་འདི་ནི་གཙོ་བོར་དམ་པའི་ཆོས་འདུལ་བའི་མན་ངག་ཆེན་པོའོ། ༈ །དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཀྱང་རང་གི་བསམ་པའི་སྟོབས་ཀྱིས་གཉེན་པོ་སྦྱང་བར་བྱ་བ་ཡིན་པས་ན། རང་གི་བསམ་པའི་སྟོབས་ཀྱིས་ བསྲུང་བའི་དབང་དུ་བྱས་ནས་དང་པོར་རང་གིས་སྡོམ་པ་གང་བླངས་པ་དག་གི་རྩ་བ་བག་ཡོད་པ་ལ་བསླབ་པ་ནི། བག་ཡོད་བརྟན་པོས་ལྟུང་བ་སྡེ་ལྔ་སོགས། །ཉེས་པ་ཕྲ་བའང་རབ་བསྒྲིམས་སྤང་བྱ་ཞིང། །འཕགས་རིགས་དགེ་སྦྱོང་རྒྱན་དང་གསོ་སྦྱོང་སོགས། །གཉེན་པོ་ཕྲ་ ལའང་རབ་བསྒྲིམས་འབད་པས་བསྒྲུབ། །བག་ཡོད་པ་ནི་ཉེས་པ་སྤོང་ཞིང་དགེ་བ་བསྒྲུབ་པ་ལ་བསྒྲིམས་པ་གོམས་པར་བྱེད་པ་ཡིན་པས་ན། དེས་ལྟུང་བ་སྡེ་ལྔ་ལ་སོགས་པའི་ཉེས་པར་སྤྱོད་པ་དང་དེའི་རྩ་བ་ཉོན་མོངས་པའི་ཚོགས་རྣམས་ཕྲ་བའི་ཕྲ་བ་ཡན་ཆད་གནོད་ པར་བྱེད་པའི་དགྲ་ཆེན་པོ་ཉིད་དུ་བལྟས་ནས་སྤང་བ་ལ་བསྒྲིམ་པ་དང། འཕགས་པའི་རིགས་བཞི་དང་དེའི་ཡན་ལག་ཏུ་གྱུར་པའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང། དགེ་སྦྱོང་གི་རྒྱན་བཅུ་བདུན་དང། གསོ་སྦྱོང་དང་དབྱར་གནས་པ་དང། དགག་དབྱེ་དང། བསམ་ གཏན་དང་ཀློག་པ་ལ་སོགས་པ་གཉེན་པོར་གཏོགས་པའི་ཆོས་རྣམས་ཕྲ་བའི་ཕྲ་བ་ལ་ཡང་ནན་ཏན་གྱིས་བསྒྲིམས་ཏེ་གཙིགས་པ་ཆེར་བསྒྲུབ་པར་བྱ་བའོ། ༈ །དེའི་རྗེས་སུ་མཐུན་པའི་ཐབས་རྣམས་ལ་བསླབ་པ་ནི། དེ་ཡང་དྲན་དང་ཤེས་བཞིན་ངོ་ཚ་དང། །ཁྲེལ་ཡོད་ འཇིགས་དང་དུལ་དང་ལེགས་བསྡམས་དང། །གུས་པས་མཇུག་སོགས་རྗེས་མཐུན་ཐབས་ཀྱི་སྒོ། །སྣ་ཚོགས་དག་ནས་འབད་པས་འཇུག་ལས་བསྒྲུབ། །དྲན་པ་ནི་དམིགས་པ་མ་བརྗེད་པའོ་ཤེས་བཞིན་ནི་བླང་དོར་དམིགས་ཕྱེད་པའོ། །ངོ་ཚ་ཤེས་པ་ནི་བདག་གམ་ [142A]༄༅། །ཆོས་ཀྱི་དབང་དུ་བྱས་ཏེ་ཉེས་པར་འཛེམ་པའོ། །ཁྲེལ་ཡོད་པ་ནི་གཞན་གྱི་དབང་དུ་བྱས་ཏེ་འཛེམ་པའོ། །འཇིགས་པ་ནི་ཉེས་པའི་འབྲས་བུས་བག་འཁུམ་པའོ། །དུལ་བ་ནི་དབང་པོ་སྡོམ་པའོ། །ལེགས་པར་སྡོམས་པ་ནི་ཡུལ་དང་ཐུག་པ་ན་ཉོན་མོངས་ པ་འགོག་པའོ། །གུས་པས་འཇུག་པ་ནི་སྐྱབས་དང་བླ་མ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པ་དང། བསླབ་པ་ཐམས་ཅད་བསྒྲུབ་པ་ལའང་གུས་པའོ། །སོགས་པས་ནི་ཉོན་མོངས་པའི་གཉེན་པོ་མི་སྡུག་པ་ལ་སོགས་པ་ཐམས་ཅད་ཀྱང་བསྡུས་པ་ སྟེ། དེ་ལྟ་བུའི་བག་ཡོད་པས་བསླབ་པ་ཕུན་སུམ་ཚོགས་པས་དེ་འགྲུབ་པའི་ཐབས་ཀྱིས་སྒོ་སྣ་ཚོགས་དང་རྣམ་གྲངས་སྣ་ཚོགས་དང། དམིགས་པ་སྣ་ཚོགས་དག་ལ་འབད་པའི་སྒོ་ནས་འཇུག་པས་བསྒྲུབ་པར་བྱ་བའོ། །དོན་འདི་གཉིས་ནི་དྲན་པ་ཉེར་གཞག་ལས་དེ་ ནས་དེ་ཉེས་པ་ཕྲ་བ་ལའང་འཇིགས་པར་ལྟ་བ་དང། བཟོད་པ་དང་དུལ་བ་དང་ཡང་དག་པར་སྡོམ་པ་དང་འདུ་འཇིག་མི་ ཁྲོ་བ་འདོར་བ་དང། རིགས་ནས་རིགས་སུ་བསྟེན་པ་དང། སྡིག་པའི་གྲོགས་པོ་སྤོང་བ་དང། ཡུལ་གྱི་རྣམ་རྟོག་ལ་མི་ལྟ་བ་དང། ཟས་ བཟང་པོ་དང་མང་པོ་མི་འདོད་པ་དང་ཚོགས་ངན་པ་ལ་མི་སྤྱོད་པ་དང། ཡུལ་གྱི་སྤྱོད་པ་ལ་མི་དགའ་བ་དང། ནམ་ཡང་མཛའ་བཤེས་ལ་མི་བལྟ་བ་དང། ཡུལ་ལ་སྤྱོད་པའི་ཚུལ་ཁྲིམས་མི་བྱེད་པ་དང། དྲན་པ་ཉེ་བར་གཞག་པ་ལ་རྟག་ཏུ་བརྩོན་པ་དང། མྱ་ངན་ལས་འདས་ པའི་ཟས་ཀྱིས་གནས་པ་དང། བདུད་ཀྱི་འཆིང་བ་གཅོད་པ་ལ་རྟག་ཏུ་བརྩོན་པ་དང། ཡང་དག་པའི་ལྟ་བ་ལ་རྟག་ཏུ་བརྩོན་ཞིང། སྐྱེས་བུ་དམ་པ་འཇིག་རྟེན་ཐམས་ཅད་ལ་ཕན་པར་འདོད་པའོ། །དེ་ལ་ནི་དབང་པོ་དང་སུམ་ཅུ་རྩ་གསུམ་མན་ཆད་དགའ་བས་བསྟོད་པ་སྒྲོགས་ པར་བྱེད་དོ། །ཞེས་སོ། །ཆོས་བཅུ་པ་ལས་ཀྱང་དེ་མཁན་པོ་དང་སློབ་དཔོན་ལ་སྟོན་པའི་འདུ་ཤེས་དང། ཚངས་པ་མཚུངས་པར་སྤྱོད་པ་རྒན་གཞོན་བར་མ་ཐམས་ཅད་ལའང་ཞེས་དང་གུས་པ་དང་བཅས་པས་གཅིག་པུ་དབེན་ནའང་འདི་སྙམ་དུ་བདག་སེམས་ཅན་ [142B] ཅི་ནས་བདག་མཐོང་བ་ཙམ་གྱིས་སེམས་ཅན་འདུལ་བ་དང་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པ་དང་ལྷ་ལ་སོགས་པའང་རྗེས་སུ་ཡི་རང་བར་འགྱུར་བ་དེ་ལྟར་བརྩོན་འགྲུས་བརྩམ་མོ་སྙམ་པ་ནི་ ངོ་ཚ་ཤེས་པའོ། །ཁྲེལ་ཡོད་པ་ནི་བདག་ལ་ལ་ལ་དག་ཚུལ་ཁྲིམས་དང་ལྟ་བ་ལ་སོགས་པ་ཉམས་པ་གང་རུང་གིས་གླེང་བར་མི་འགྱུར་བར་བྱའོ་སྙམ་སྟེ་ཉིན་མཚན་དུས་དྲུག་ཏུ་ཚུལ་ཁྲིམས་ལ་སོ་སོར་རྟོག་གོ་དེ་ཡོངས་སུ་དག་པས་འགྱོད་པ་མེད་པར་སངས་རྒྱས་ཀྱི་ འདུལ་བར་སངས་རྒྱས་ཀྱི་འདུལ་བ་ལ་བརྟེན་ཅིང་གནས་པའོ། །ཞེས་སོ། ༈ །དེ་དག་གི་ཉེས་པ་ཕྲ་བའང་སྤང་བར་བསྒྲིམས་པ་ནི། ཆུ་ཐིགས་བསགས་པས་སྣོད་ཆེན་འགེངས་པ་ལྟར། །ཉེས་པ་ཕྲ་བའང་ཁྱད་དུ་བསད་ནས་ནི། །མང་དུ་བསགས་པས་ཆེན་པོར་ལྡང་འགྱུར་ཕྱིར། ། སྲིན་པོ་རྐྱལ་པ་སློང་ལ་བཟློག་ལྟར་བསྒྲིམས། །འདས་ཆེན་ལས་སྡིག་པ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག་ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་དུ། །ཅུང་ཟད་ཅུང་ཟད་བསགས་པ་ཡིས། །སྡིག་པས་བྱིས་པ་གང་བར་འགྱུར་ཞེས་བྱ་ བ་དང། ཡང་ཉེས་བྱས་ཕྲ་མོ་གཅིག་ལས་ཉམས་ན་ཡང་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་སྟེ། རུས་སྦལ་ཡན་ལག་དྲུག་སྦེད་པ་ལྟར་ལུས་ཤིན་ཏུ་བསྲུང་ངོ། །ཚུལ་ཁྲིམས་ཉམས་ཀྱང་ཉེས་པ་མེད་པར་སྨྲ་བ་ནི་བདུད་ཀྱི་ཚིག་སྟེ་དེ་དང་བརྟེན་པ་སྤང་ངོ། །རྒྱ་མཚོར་ཞུགས་པ་ལ་སྲིན་ པོས་རྐྱལ་པ་སློང་བ་ན། འདི་བྱིན་ན་ངེས་པར་འཆི་སྙམ་སྟེ་ཁྱོད་ཀྱིས་བསད་ཀྱང་བླ་སྟེ་མི་རུང་ངོ་ཞེའོ། །ཡང་ཕྱེད་ནས་རིམ་གྱིས་ཐ་ན་ལག་མཐིལ་ཙམ་དང། དེ་མི་སྟེར་ན་ཡང་ང་ཤིན་ཏུ་ལྟོགས་པས་རྡུལ་གྱི་ཆ་ཙམ་བྱིན་ཅེའོ། །ཁྱོད་སློང་བའང་ཤིན་ཏུ་ཆུང་མོད་ཀྱི། བདག་ རྒྱ་མཚོ་བརྒལ་བར་འདོད་པ་ན་དེ་ཙམ་བྱིན་ཡང་དབུགས་ཕྱིས་བཟུང་ བྱང་ཆུབ་སེམས་དཔའ་ལ་ཡང་ཉོན་མོངས་པའི་སྲིན་པོས་ཕམ་པ་ནས་ཉེས་བྱས་རེ་རེའི་བར་ལ་དེ་མ་བསྲུངས་ཀྱང་རྒྱུ་དེས་རབ་ཏུ་ཞི་བའི་བདེ་བ་འཐོབ་ [143A]༄༅། །ཅེས་སྨྲས་ཀྱང། ང་ལ་ཉེས་བྱས་ཙམ་བྱུང་སྟེ་ཕྱིར་མ་བཅོས་ན་སྲིད་པའི་རྒྱ་མཚོ་བརྒལ་བར་མི་ནུས་ཤིང་མྱ་ངན་ལས་འདས་པ་མི་ཐོབ་སྙམ་པས། ཆུང་ངུ་ན་ཉེས་བྱས་ཀྱང་རྡོ་རྗེ་ལྟ་བུའི་སེམས་ཀྱིས་ཕམ་པ་ལྟར་བསྲུང་བ་ལ་བརྟན་པར་གསུངས་སོ། ། ༈ གཞན་ཡང་དགེ་སྦྱོང་དྲི་མ་སུམ་ཅུ་གཉིས། །སྒྲིབ་པ་བརྒྱད་དང་དགེ་སློང་སྡིག་ཅན་དུ། །བྱེད་ཆོས་ལྔ་བཅུ་རྩ་གཉིས་ངན་པའི་ལས། །བཅུ་དྲུག་ལ་སོགས་ཉེས་ཚོགས་རྣམ་མང་སྤང། །རིན་པོ་ཆེའི་ ཕུང་པོ་ལས་དགེ་སྦྱོང་གི་དྲི་མ་སུམ་ཅུ་རྩ་གཉིས་སྤངས་ན་དགེ་སྦྱོང་སྟེ། འདོད་པའི་རྣམ་རྟོག་དང། གནོད་སེམས་ཀྱི་རྣམ་རྟོག་དང། རྣམ་པར་འཚེ་བའི་རྣམ་རྟོག་དང། བདག་བསྟོད་པ་དང་གཞན་ལ་བརྙས་པ་དང། མི་མཐུན་པའི་རྙེད་པ་འཚོལ་བ་དང། རྙེད་པས་རྙེད་པ་ འདོད་པ་དང། དད་རྫས་ཆུད་གཟོན་པ་དང། ལྟུང་བ་འཆབ་པ་དང། ཁྱིམ་པ་ལ་བརྟེན་པ་དང། རབ་ཏུ་བྱུང་བ་ལ་མི་བརྟེན་པ་དང། འདུ་འཛི་ལ་དགའ་བ་དང། རྙེད་པ་མ་གྲུབ་པར་རྟོག་པ་དང། རང་གི་རྙེད་པས་ཆོག་མི་ཤེས་པ་དང། ཕ་རོལ་གྱི་བསོད་ནམས་ལ་ཕྲག་དོག་བྱེད་ བ་དང། གཞན་གྱི་རྙེད་པ་འདོད་པ་དང། རང་གི་འཁྲུལ་པ་ལ་མི་རྟོག་པ་དང། གཞན་གྱི་འཁྲུལ་པ་ལ་རྟོག་པ་དང། སོ་སོར་ཐར་པ་དང་འདུལ་བ་མི་བསྲུང་བ་དང། ཁྭ་ལྟར་མུ་ཅོར་སྨྲ་བ་དང། མ་གུས་ཤིང་རྒོད་པ་དང། ལྟ་བས་ཀུན་ནས་དཀྲིས་པ་དང། རྟེན་འབྲེལ་དང་འགལ་ བ་དང། མཐའ་གཉིས་སུ་ལྟ་བ་ལ་གནས་པ་དང། འཁོར་བ་ལ་དགའ་བ་དང། མྱ་ངན་ལས་འདས་པ་ལ་མི་དགའ་བ་དང། འཇིག་རྟེན་རྒྱང་ཕན་གྱི་གསང་ཚིག་འཛིན་པ་དང། སྒྲིབ་པས་ཀུན་ནས་དཀྲིས་པ་དང། རྣམ་པར་སྨིན་པ་དང་འགལ་བ་དང། རྣམ་པར་ཐར་པའི་སྒོ་ གསུམ་གྱིས་སྐྲག་པ་དང། ཆོས་ཟབ་མོ་སྤོང་བ་དང། ཆོས་དང་འགལ་བར་གནས་པ་དང། དཀོན་མཆོག་གསུམ་ལ་མི་གུས་པའོ། །དགེ་སྦྱོང་གི་སྒྲིབ་པ་ཡང་བརྒྱད་དེ། བླ་མ་ལ་མི་གུས་པ་དང། ཆོས་ལ་རི་མོ་མེད་པ་དང། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ [143B] བདག་མེད་པའི་ཆོས་ཀྱིས་སྐྲག་པ་དང། འདུས་མ་བྱས་བསྟན་པ་ལ་མི་འཇུག་པ་དང། འདུས་བྱས་ཉིད་ཀྱི་རྗེས་སུ་སྙེགས་པ་དང། འདུ་བྱེད་མ་སྐྱེས་པ་ལ་སྐྲག་པ་དང། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་ཐོས་ན་གཡང་ས་ཆེན་པོར་ བལྟ་བའོ། །ཆོས་བཞིས་དགེ་སློང་སྡིག་པ་ཅན་ཏེ། འདོད་ཆགས་དང་ཞེ་སྡང་དང། གཏི་མུག་དང་ང་རྒྱལ་ལོ། ཡང་བཞི་སྟེ་ཁེངས་པ་དང། མུ་ཅོར་སྨྲ་བ་དང། ཁྭ་ལྟ་བུ་དང། ཚིག་འཆལ་པའོ། །ཡང་བཞི་སྟེ་རྒོད་པ་དང། ཕོ་ཐེག་ཅན་དང། རྙེད་པ་འདོད་པ་དང། ཆོས་མ་ཡིན་པ་ འདོད་པའོ། །ཡང་བཞི་སྟེ་གཡོ་དང། སྒྱུ་དང། མི་མཐུན་པས་འཚོ་བ་དང། མི་རིགས་པ་སྨྲ་བའོ། །ཡང་བཞི་སྟེ། བྱས་པ་མི་གཟོ་བ་དང། བྱས་པ་ལ་སྨོད་པ་དང། སྔོན་བྱས་པ་བརྗེད་པ་དང། མཛའ་བོ་ལ་འཁུ་བའོ། །ཡང་བཞི་སྟེ། དད་རྫས་ཆུད་གཟོན་པ་དང། ཚུལ་ཁྲིམས་མི་བསྲུང་ བ་དང། སོ་སོར་ཐར་པ་ཁྱད་དུ་གསོད་པ་དང། འདུལ་བ་མི་བསྲུང་བའོ། །ཡང་བཞི་སྟེ། བདག་དང་སེམས་ཅན་དང། སྲོག་དང་གང་ཟག་ཏུ་སྨྲ་བའོ། །ཡང་བཞི་སྟེ། སངས་རྒྱས་དང། ཆོས་དང། དགེ་འདུན་དང། བསླབ་པ་ལ་མི་གུས་པའོ། །ཡང་བཞི་སྟེ། དགེ་འདུན་མཐུན་པ་ལ་མི་དགའ་ བ་དང། གཙུག་ལག་ཁང་ལ་དགའ་བ་མི་སྐྱེད་པ་དང། འདུ་འཛི་ལ་དགའ་བ་དང། རྒྱད་པན་གྱི་གསང་ཚིག་བརྗོད་པའོ། །ཡང་བཞི་སྟེ། རྙེད་པ་འདོད་པ་དང། གྲགས་པ་འདོད་པ་དང། གཉེན་བཤེས་འདོད་པ་དང། ཆོས་ལ་དགའ་བ་མི་སྐྱེད་པའོ། །ཡང་བཞི་སྟེ། བདུད་ཀྱིས་ཟིན་པ་དང། བདུད་ཀྱིས་ ཟིལ་གྱིས་ནོན་པ་དང། རྨུགས་པ་དང། གཉིད་མང་བ་དང། འཕགས་པའི་རིགས་ལ་མི་གནས་པ་དང། ཡང་བཞི་སྟེ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ཉོན་མོངས་པ་ཐམས་ཅད་ཀྱི་ཡོངས་སུ་གདུང་བས་གདུང་བའོ། །ཡང་བཞི་སྟེ། ལུས་ཀྱི་དང་ངག་གི་དང་སེམས་ཀྱི་དང་ སྤྱོད་ལམ་གྱི་ཚུལ་འཆོས་པའོ་ཞེས་སོ། །ཡང་འདས་ཆེན་ལས། ཚུལ་ཁྲིམས་སྒོམ་པ་ནི་ལས་ངན་པ་བཅུ་དྲུག་སྤོང་བ་སྟེ། རྙེད་པའི་ཕྱིར་ལུ་གུ་གསོ་ཞིང་སོས་ནས་འཚོང་བ་དང། རྙེད་པའི་ཕྱིར་ལུ་གུ་ཉོས་ནས་གསོད་པ་དང། དེ་བཞིན་དུ་ཕག་ཕྲུག་དང། བེའུ་དང། བྱའི་ཕྲུ་གུ་ལ་ཡང་ [144A]༄༅། །གཉིས་གཉིས་དང། ཉ་པ་དང། རྔོན་པ་དང། ཚེམ་པོ་བ་དང། བཤན་པ་དང། བྱ་བ་དང། ཕྲ་མ་པ་དང། བཙོན་སྲུང་དང། ཀླུ་ལ་སྔགས་འདེབས་པའོ། །ཞེས་སོ། །སྡོམ་པ་གསུམ་བསྟན་པ་ལས་ཀྱང། ཚུལ་ཁྲིམས་རྣམ་པར་དག་པ་ནི་བྱམས་པ་དང་ལྡན་པའི་སེམས་ ཀྱིས་གནས་ཉི་ཤུ་སྤོང་སྟེ། བུད་མེད་སྤོང་ཞིང་སུ་དང་ཡང་སྤྲོད་པར་མི་བྱེད་ལ། འཐབ་པར་ཡང་མི་བྱེད་དེ། སྨྲ་བ་ལ་ཕྱིར་མི་སྨྲ་བ་དང། ཕ་མ་ལ་མི་གུས་པར་མི་བྱེད་ཅིང་དཀོན་མཆོག་གསུམ་ལ་མི་གུས་པར་མི་བྱེད་པ་དང། ལོ་ཉི་ཤུ་མ་ཚང་བར་བུད་མེད་ལ་ཆོས་མི་ སྟོན་ཏེ་སྐྱེས་པའི་གནས་སུ་སྟོན་པ་དང། དགེ་སློང་མའི་ཕུན་སུམ་ཚོགས་པར་ཐམས་ཅད་དུ་མི་འགྲོ་བ་དང། དགེ་སློང་མས་དྲིས་པའི་ལན་ཡང་མི་གདབ་པ་དང། བུད་མེད་ཀྱི་ཡི་གེ་མི་བྲི་ཞིང་མ་གསོལ་བར་སྦྱིན་པ་མི་བྱ་བ་དང། གཉེན་གྱིས་མགྲོན་དུ་བོས་པ་རྣམ་པ་ཐམས་ ཅད་དུ་བདག་གིར་མི་བྱ་བ་དང། རྣམ་པ་ཐམས་ཅད་དུ་འདོད་སེམས་ཀྱིས་བུད་མེད་ཀྱི་དྲུང་དུ་ཡུད་ཙམ་ཡང་མི་གནས་པ་དང། དེ་གཅིག་པུ་དབེན་པར་སོང་སྟེ་རང་གི་ཡུལ་བསྟན་པ་ཐམས་ཅད་དུ་བརྗོད་པར་མི་བྱ་བ་དང། དགེ་སློང་མས་ཕྱིར་སྐུགས་པ་ལ་ཐམས་ཅད་དུ་ཕྱིར་སྐུགས་པར་ མི་བྱ་བ་དང། དགེ་སློང་མས་བྱིན་པའི་གོས་རྣམ་པ་ཐམས་ཅད་དུ་མི་གྱོན་ཏེ་འཁོར་བཞིའི་ནང་ན་ཆོས་སྟོན་པའི་ཆོས་ཀྱི་དགའ་བར་བྱིན་པ་བླངས་ཞིང་དེ་ལ་གཡང་ས་དང་འདྲ་བའི་སེམས་ཀྱིས་སྤྱད་ལ་ཡང་དེའི་ངོར་བལྟ་བར་མི་བྱ་བ་དང། ཐམས་ཅད་དུ་དགེ་སློང་ མས་བྱས་པའི་གོས་ཆོས་ཉན་པའི་གནས་སུ་མི་བགོ་བ་དང། ན་ནའང་དགེ་སློང་མས་མགྲོན་དུ་བོས་པ་བདག་གིར་མི་བྱ་ན་བདེ་བ་ན་ལྟ་ཅི་སྨོས་པ་དང། ཐམས་ཅད་དུ་དགེ་སློང་མ་དབང་དུ་མི་བྱ་བ་དང། དེ་འབོད་ནའང་ལག་པ་བསྣོལ་ཏེ་མགོ་སྨད་ལ་ཕྱོགས་དེ་ནས་འགྲོ་བར་བྱ་ བ་དང། ཆོས་སྟོན་པ་ན་དེའི་རྐང་པ་ལ་ཕྱག་བྱེད་ནའང་སྙིམ་པས་གདོང་བཀབ་སྟེ་འདུག་ཅིང་རྐང་པ་བསྐྱོད་པར་མི་བྱ་བར་སྐྱེས་བུ་དམ་པའི་འགྲོས་ཀྱིས་ལུས་དཔའ་བར་མི་བྱའོ། སེམས་དཔའ་བར་བྱ་བ་དང། དགེ་སློང་མའི་དབྱར་ཁང་དུ་ཐམས་ཅད་དུ་འཇུག་པར་མི་བྱ་ [144B] ཡུག་ས་མོས་མགྲོན་དུ་བོས་ནས་དགེ་འདུན་མེད་པར་ཐམས་ཅད་དུ་ཁས་མི་བླང་བ་དང། དངོས་པོ་ཅི་ལའང་ཀུན་ཏུ་འདོད་ཆགས་ཀྱིས་སེམས་ཐམས་ཅད་དུ་མི་སྐྱེ་བ་དང། ཁོང་ཁྲོ་བའི་སེམས་རྣམ་པ་ཐམས་ཅད་དུ་མི་སྐྱེད་དེ། ཐམས་ཅད་མཁྱེན་པའི་ཕྱིར་དམ་བཅས་ པ་བརྟན་པར་བྱ་བ་སྟེ། ཆོས་འདི་དག་ཐོས་ནས་ནན་ཏན་གྱིས་བསྒྲུབ་པར་བརྩོན་པར་བྱའོ། །ནན་ཏན་མེད་པར་བྱང་ཆུབ་ཐོབ་ན་ནི་རྭི་བོང་དང་བྱི་ལ་དང་ཝ་ལ་སོགས་པས་ཀྱང་འཐོབ་པར་འགྱུར་བས་སོ། །ཚིག་ཙམ་གྱིས་སངས་རྒྱས་ཐོབ་ན་ཡང་ང་སངས་རྒྱས་ཐོབ་པར་ བྱའོ་ཞེས་བརྗོད་པ་ཐམས་ཅད་ཀྱིས་འཐོབ་པས་སྒྲའང་སངས་རྒྱས་སུ་འགྱུར་བས་སོ། །སོ་སོར་ཐར་པ་ལས་ཇི་སྐད་བསྟན་པ་དང་མཐུན་པར་བྱའོ། །དེ་དང་མི་མཐུན་པར་བྱ་བར་སེམས་པ་ནི་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་དང་མི་མཐུན་པར་བྱ་བར་སེམས་པའོ། ། དེ་ལྟར་སེམས་པ་དེ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་བྱང་ཆུབ་དང་མི་མཐུན་པར་བྱ་བར་སེམས་པ་སྟེ། དེའི་རྣམ་པར་སྨིན་པ་ནི་སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་པས་དམྱལ་བ་མྱོང་བའི་སྡུག་བསྔལ་གྱི་གྲངས་དང་ཆ་དང། དཔེ་ཡང་མི་ཕོད་པའི་སྡུག་བསྔལ་མྱོང་བར་ འགྱུར་བའོ། །ཞེས་སོ། ༈ །ཐུབ་པའི་རྟགས་དང་འཚོ་བ་བསྟེན་པའི་ཚུལ་ནི། འཕགས་པའི་རྒྱལ་མཚན་ངུར་སྨྲིག་འདི་དག་ཀྱང། །སྐྱོ་ཞིང་ཆགས་བྲལ་ཉེར་ཞི་བྱམས་མཐུན་གྱོན། །འཕགས་པའི་རྒྱལ་མཚན་བཅུ་གཉིས་སོགས་ལྡན་པ། །རྙོག་མེད་སེམས་ཀྱིས་བཅད་པར་བྱ་ བ་ཡིན། །རྟོག་བཅས་གཞན་དག་འཆང་བ་འཚིག་པའི་རྒྱུ། །འོན་ཀྱང་འབྲས་བུ་མ་ཐོབ་རྣམས་ཀྱིས་ནི། །དགེ་སྦྱོང་ཚུལ་མཐུན་གུས་པ་བརྒྱ་དག་གིས། །དམའ་བའི་ཡིད་ཀྱིས་རབ་ཏུ་བསྒྲིམས་པས་བཅང། །ཡང་རིན་པོ་ཆེའི་ཕུང་པོ་ལས་རྙོག་པ་མེད་པའི་སེམས་ཀྱིས་ངུར་ སྨྲིག་བཅང་བར་གནང་གི་རྙོག་པ་དང་བཅས་པས་འཆང་ན་དེ་འཚིག་པ་སྟེ་བསམ་པས་མོས་པ་རྣམས་ནི་མ་གཏོགས་སོ། །འདི་ནི་འཕགས་པའི་རྒྱལ་མཚན་ཏེ་སྐྱོ་ཞིང་འདོད་ཆགས་དང་བྲལ་བ་སྤྱོད་པའི་གོས་འདི་དག་ནི་ཉེ་བར་ཞི་བ་དང་བྱམས་པ་དང་རྗེས་སུ་མཐུན་པའོ། ། [145A]༄༅། །འཕགས་པའི་རྒྱལ་མཚན་ནི་བཅུ་གཉིས་ཏེ་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང། བདེན་པ་ལ་འཇུག་པ་དང། རྟེན་འབྲེལ་ལ་འཇུག་པ་དང། བསམ་གཏན་བཞི་དང། ཚད་མེད་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ སྐྱོན་མེད་པ་ལ་འཇུག་པ་དང། ཟག་པ་ཟད་པའོ། །འདི་རྣམས་དང་མི་ལྡན་པས་འཕགས་པའི་རིགས་ངུར་སྨྲིག་འཆང་བ་ནི་ཆོས་དང་འགལ་བར་གནས་པའོ། །འབྲས་བུ་མ་ཐོབ་པ་རྣམས་ཀྱིས་དེ་གུས་པ་བརྒྱད་ཀྱིས་བཅང་སྟེ། མཆོད་རྟེན་གྱི་འདུ་ཤེས་དང། སྟོན་པའི་འདུ་ ཤེས་དང། ཉེ་བར་ཞི་བའི་འདུ་ཤེས་དང། བྱམས་པའི་འདུ་ཤེས་དང། སངས་རྒྱས་ལ་གུས་པའི་འདུ་ཤེས་དང། ངོ་ཚ་ཤེས་པའི་འདུ་ཤེས་དང། ཁྲེལ་ཡོད་པའི་འདུ་ཤེས་དང། རྙོག་པ་མེད་པར་བྱའོ་སྙམ་པ་སྟེ། དགེ་སྦྱོང་གི་ཚུལ་དང་མཐུན་པའི་གུས་པ་བརྒྱད་ཀྱིས་སོ། ། ༈ དགེ་སྦྱོང་བཅོས་མས་སྦྱིན་གནས་རྣམས་ཀྱི་ནི། །ཕྱག་སོགས་དང་ལེན་དེ་ལ་འོས་པ་ཡི། །དད་རྫས་ཆ་ཤས་སྤྱད་ཀྱང་གནོད་ཆེན་འགྱུར། །སེངྒེའི་རོ་ལྟར་བསྟན་པ་འཇིག་བྱེད་ཕྱིར། །ཡང་དེ་ཉིད་ལས་དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ ཁས་འཆེ་བས་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་གི་ཕྱག་ལ་སོགས་པ་དང་དུ་ལེན་ན་བརྙས་པ་བརྒྱད་འཐོབ་སྟེ། བེམས་པོ་ལྟ་བུ་དང་གོ་དཀའ་ཞིང་ལེ་ལོ་ཅན་དང། སྐྱེ་བོ་མང་པོས་བགོད་པའི་བུད་མེད་དང། རང་དབང་མེད་པ་བྲན་དང། མདོག་ངན་ཅིང་མི་སྡུག་པ་དང། དབང་ཆུང་ བ་གྲགས་པར་འགྱུར། །དེ་ལ་སུའང་བསུ་བར་མི་བྱེད་པ་དང། སྦྱིན་གནས་རྣམས་ལ་མགུ་བར་མི་བྱེད་པའོ། །དེ་ནི་ས་ཆེན་པོ་འདི་ལ་མཆི་ལ་མ་འདོར་བའི་ས་ཙམ་ཡང་མི་དབང་ན། གོམ་པ་འཇོག་པ་དང་འདེག་པ་ལྟ་ཅི་སྨོས་ཏེ། ས་ཆེན་པོ་འདི་ནི་སྔོན་གྱི་ཆོས་ཀྱི་རྒྱལ་པོ་ དག་གིས་ཚུལ་ཁྲིམས་ལ་སོགས་པ་དང་ལྡན་པ་སྦྱིན་གནས་དག་ལ་སྤྱད་པའི་དོན་དུ་ཕུལ་བ་ཡིན་པའི་ཕྱིར་རོ། །དེ་ལ་བླུན་པོ་དེ་དག་གོམ་པ་འདོར་བ་ཐམས་ཅད་ཀྱང་དད་རྫས་ལ་མི་དབང་བར་སྤྱོད་པ་ཡིན་ན། དགེ་འདུན་གྱི་གནས་མལ་ལམ་ལྷུང་བཟེད་ལ་སོགས་པ་ཐམས་ [145B] དེས་ནི་དད་རྫས་སྐྲའི་རྩེ་མོ་ཙམ་ཡང་དག་པར་བྱེད་མི་ནུས་ཏེ། འཕགས་པའི་དགེ་འདུན་སྟོན་པས་རྒྱ་མཚོ་ལྟ་བུ་དང་བསོད་ནམས་ཀྱི་ཞིང་དང་སྦྱིན་གནས་མཆོག་ཏུ་གསུངས་པས་སོ། །དེ་ལ་སྦྱིན་བདག་དད་པ་ཅན་ཡོན་འབུལ་བའང་ཚད་མེད་པའི་བློས་འབུལ་བས་ན། ཚུལ་ ཁྲིམས་འཆལ་པས་ནི་ཐ་ན་སྐྲ་རྩེ་བརྒྱ་ཆ་ཙམ་སྤྱད་ཀྱང་དེ་ཙམ་ཇི་སྙེད་པའི་ལས་ཀྱི་རྒྱ་མཚོ་གསོག་གོ། དེས་ན་དད་རྫས་ནི་ཚུལ་ཁྲིམས་རྣམ་པར་དག་པས་སྤྱད་པར་བསླབ་བོ། །དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་དང་བདག་ཏུ་ལྟ་བ་ལ་སོགས་པ་བཅོམ་པ། ལུས་དང་ཚུལ་ ཁྲིམས་དང་སེམས་དང་ཤེས་རབ་ལེགས་པར་བསྒོམས་པས། འཇིགས་པ་མེད་པའི་ལམ་ལ་གནས་པ་སྟེ། ཆོས་འདི་དག་མེད་པ་དགེ་སློང་དུ་ཁས་འཚེ་ན་བསམ་པས་མོས་པ་མ་གཏོགས་པར་ང་འང་དེ་དག་གི་སྟོན་པ་མ་ཡིན་ལ། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ།། དགེ་སློང་སྡིག་པ་ཅན་དག་བསྟན་པ་ནུབ་པར་བྱེད་པ་ལྟར་ནི་ཡ་མཚན་ཅན་དགུ་བཅུ་རྩ་ལྔ་དང་ཕས་ཀྱི་རྒོལ་བ་དག་གིས་ནུབ་པར་བྱེད་མི་ནུས་སོ། །དཔེར་ན་སེངྒེ་ཤི་བའི་རོ་ནི་གཅན་གཟན་ནམ། བྱས་ཟ་མི་ནུས་ཀྱིས། དེ་ཉིད་ཀྱི་སྲིན་བུས་ཟ་བ་ལྟར། བསྟན་པ་འདི་ནའང་བླུན་ པོ་ལྷོད་པ་བརྫུན་དུ་སྨྲ་བ་དག་གིས་ནུབ་པར་བྱེད་དོ། །མི་དག་མི་མ་ཡིན་པས་གཟི་ཕྲོགས་ན་དབང་ཆུང་ཞིང་མདོག་ངན་ལ་མི་སྡུག་སྟེ། སྨན་ནམ་སྔགས་ཀྱིས་མི་བཟློག་པར་འཆིའོ། །དགེ་སློང་ཚུལ་ཁྲིམས་ལ་སོགས་པའི་གཟི་མེད་པའང་སངས་རྒྱས་ཀྱིས་གསུངས་ པའི་སྨན་འདོད་ཆགས་ལ་མི་སྡུག་པ་ལ་སོགས་པ་སྦྱར་བས་མི་ཚུགས་ཏེ་དམྱལ་བ་ཉིད་དུ་ལྟུང་ངོ་ཞེས་སོ། ༈ །ཉམས་ན་ཕྱིར་གསོ་སྦའི་ཐབས་ལ་རང་གི་ཉེས་པ་སྦྱར་བའི་ཐབས་ནི། དེ་ལྟར་བསྒྲིམས་ཀྱང་ཉོན་མོངས་སོགས་སྟོབས་ཀྱིས། །བརྟུལ་ཞུགས་ལས་འདས་ ལྟུང་བས་རེག་གྱུར་ན། །མྱུར་དུ་འགྱོད་ །ཉེས་ལས་ལྡང་བྱེད་སྐྱེས་བུ་མཁས་པར་བསྔགས། །གལ་ཏེ་དེ་ལྟར་འབད་དུ་ཟིན་ཀྱང་ཉོན་མོངས་པ་མང་ངམ། བག་མེད་པ་ལ་སོགས་པས་ལྟུང་བ་ལྷག་པར་སྤྱད་པར་གྱུར་ན་ནི་མྱུར་དུ་འགྱོད་པས་ཕྱི་ [146A]༄༅། །བཅོས་པ་ལ་བརྩོན་པར་བྱ་སྟེ། ཕམ་པ་འཆབ་སེམས་མེད་པ་ལ་བསླབ་པ་བྱིན་པ་དང་ལྷག་མ་ལ་སྤོ་མགུ་ལ་སོགས་པ་ཚད་པའི་ལས་ཅི་རིགས་པ་དག་དང། མཐོལ་བ་དང་བཤགས་པ་དང་རེ་ཤིག་བྱིན་གྱིས་བརླབས་པ་ལ་སོགས་པའི་ཆོ་ག་ཇི་ལྟ་བ་དག་ དང༑ སྟོབས་བཞིས་སྡིག་པ་སྦྱང་བ་ཇི་སྐད་བཤད་པའི་ཆོ་གས་ལྷག་མ་མ་ལུས་པར་སྦྱངས་ཤིང་རྣམ་པར་དག་པར་གནས་པར་བྱའོ། །ལུང་ལས་ངའི་བསྟན་པ་ལ་སྐྱེས་བུ་དམ་པ་ནི་གཉིས་ཏེ། ལྟུང་བ་མི་འབྱིན་པ་དང། བྱུང་བ་ཕྱིར་འཆོས་པའོ་ཞེས་གསུངས་པ་ལྟར། ཅི་ནས་ ཀྱང་སྐྱེས་བུ་དམ་པར་ཆུད་པར་འབད་དོ། །འདས་ཆེན་ལས་ཀྱང་ཤེས་རབ་ཅན་གཉིས་ཏེ། སྡིག་པ་མི་བྱེད་པ་དང། བྱས་ནའང་ཕྱིར་འཆོས་པའོ། །གཏི་མུག་ཅན་ནི་གཉིས་ཏེ་སྡིག་པ་བྱེད་པ་དང། བྱས་ནའང་འཆབ་པའོ། །སྡིག་པ་བྱས་ཀྱང་འགྱོད་དེ་ཕྱིར་འཆོས་ན། ཆུ་རྙོག་པ་ཅན་ ནོར་བུ་ཆུ་མདངས་ཀྱིས་དྭང་བའམ་སྤྲིན་དང་བྲལ་ན་ཟླ་བ་གསལ་བ་དང་འདྲའོ། །དགེ་བ་གཅིག་གིས་ཀྱང་སྡིག་པ་མང་པོ་འཇོམས་ཏེ་བ་ལང་ལ་སོགས་པ་མང་པོས་ཀྱང་རིན་པོ་ཆེ་གཅིག་གི་རིན་དུ་མི་ཆོག་པ་ལྟར། དགེ་བ་གཅིག་གིས་ཕྱུག་པ་ཡང་སྡིག་པ་མང་པོས་མི་རྫིའོ། །རྡོ་རྗེ་ ཆུང་ངུས་རི་རབ་བམ། མེ་ཆུང་ངུས་རྩ་ཤིང་འམ། དུག་ཆུང་ངུས་སེམས་ཅན་འཇོམས་པ་ལྟར། དགེ་བ་ཆུང་ངུས་ཀྱང་སྡིག་པ་ཆེན་པོ་འཇོམས་པ་ལྟར་ན་དོན་དུ་གཉེར་བ་ཆེན་པོ་ཉིད་དོ། །དེ་བས་ན་སྡིག་པ་ལ་འགྱོད་ཅིང་མ་བཅབས་པར་བཤགས་ན་ཇི་ལྟར་ཡང་བྱང་བར་འགྱུར་རོ། ། ཆུའི་ཐིག་པ་ཉུང་ཡང་སྣོད་འགེངས་པ་ལྟར་དགེ་བ་ཆུང་ངུས་ཀྱང་སྡིག་པ་ཆེན་པོ་འཇོམས་པར་ནུས་སོ། །དེ་བཅབས་ན་ནི་ཕྱིར་ཞིང་སྐྱེའོ། །དེས་ན་མཁས་པ་ནི་སྡིག་པ་མི་འཆབ་བོ། །ལས་དང་འབྲས་བུ་ལ་ཡིད་ཆེས་པའོ། །གླེན་པ་ནི་དེ་དག་ལས་ལྡོག་པའོ། །ལོག་སྲེད་ཅན་ནི་སྡིག་པ་ འཆབ་ཅིང་རྒྱུ་དང་འབྲས་བུ་ལ་ཡིད་མི་ཆེས་སོ། །ཁྲེལ་འཛེམ་མེད་དེས་ལས་མི་མཐོང་ཞིང་རྒྱལ་བའི་བསྟན་པ་ལ་མི་འཇུག་པས། སངས་རྒྱས་ཀྱིས་ཀྱང་གསོ་བར་མི་ནུས་ཏེ་མི་རོ་སྨན་པ་སུས་ཀྱང་གསོར་མེད་ཕ་བཞིན་ནོ་ཞེས་སོ། །ཚོམས་དག་ལས་ཀྱང། གང་ཞིག་དྲན་དང་ཤེས་ [146B] །དགའ་དང་རབ་ཏུ་དང་བས་དུས་དུས་སུ། །ཆོས་ལ་སྤྱོད་ཅིང་མེ་ལ་ཙེ་བྱེད་པ་དེ། །སྐྱེ་རྒ་རྣམས་ལས་བརྒལ་བར་འགྱུར་ཞེས་གསུངས། །གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་ཅིང། །གང་དག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་མི་ཡི་རྙེད་ པ་ཆེ༑ ༑གང་ཞིག་ཉིན་དང་མཚན་རྣམས་སུ། །དམ་ཆོས་རྗེས་སུ་དྲན་བྱེད་ཅིང། །གང་དག་ཆོས་ལ་སྐྱབས་འགྲོ་བ། །དེ་དག་མི་ཡི་རྙེད་པ་ཆེ། །གང་ཞིག་ཉིན་དང་མཚན་རྣམས་སུ། །དགེ་འདུན་རྗེས་སུ་དྲན་བྱེད་ཅིང། །གང་དག་དགེ་འདུན་སྐྱབས་འགྲོ་བ། །དེ་དག་མི་ཡི་རྙེད་པ་ཆེ། །གང་ཞིག་ཉིན་དང་ མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་པ། །གོའུ་ཏ་མའི་ཉན་ཐོས་ཀྱི། །ལེགས་པར་སད་པས་སད་པར་འགྱུར། །རྗེས་སུ་དྲན་པ་དྲུག་ཅར་ལ་དེ་ལྟར་གསུངས་ཏེ། སྡིག་པ་བྱས་ནས་ཀྱང་འགྱོད་པས་བཤགས་ཤིང་འདི་ལྟར་བརྟེན་པ་ལ་དགོངས་པའོ། །ཡང་གང་ཞིག་སྡིག་པའི་ལས་ བྱས་པ། །དགེ་བས་འགེགས་པར་བྱེད་པ་དེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ནས་གསལ། །གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བས་འགེགས་པར་བྱེད་པ་དེ། །འཇིག་རྟེན་འདི་ན་སྲེད་པ་ལས། །དྲན་པས་ལེགས་པར་འདའ་བར་འགྱུར། །ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། ། སྐྱེ་དགུ་འདི་ལ་འདོད་ཆགས་སྐྱོན། །དེ་བས་འདོད་ཆགས་བྲལ་རྣམས་ལ། །བྱིན་ན་འབྲས་བུ་ཆེ་བར་འགྱུར། །ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང། ཆགས་པ་དང། སྲེད་པ་ལའང་དེ་ལྟར་འདོན་ནོ། ། ༈ དེས་ན་ཕན་ཚུན་བརྩེ་སེམས་ཉེར་ གཞག་སྟེ། །ལྟུང་བ་གླིང་སོགས་དག་བྱེད་ལས་རྣམས་ཀྱི། །ཆོས་བཞིན་ལྟུང་དང་རྩོད་པ་ཞི་བྱར་དབང། དེ་ལྟར་མི་ནུས་བདག་ཉིད་སྨས་ལས་བསྲུང། །ཕན་ཚུན་གཅིག་གིས་གཅིག་ལྟུང་བ་ལས་སློང་བས་སྟོན་པའི་བསྟན་པ་འཕེལ་བར་གསུངས་པས་ན། གཞན་ལ་བརྩེ་ བའི་སེམས་འབའ་ཞིག་ཉེ་བར་གཞག་སྟེ། དུས་དང་སྐབས་དང་གཞི་ཇི་ལྟ་བར་ལྟུང་བ་གླེང་བ་ལ་སོགས་པ་དང། རྒྱུ་ཇི་ལྟ་བར་བསྡིགས་པ་དང། སྨད་པ་ལ་སོགས་པའི་ནན་ཏུར་ཅི་རིགས་པས་ཀྱང་ལྟུང་བ་ལས་སློང་བས། རྩོད་པ་ཞི་བར་བྱེད་པའི་ཆོས་ཅི་རིགས་པ་དག་ [147A]༄༅། །གིས་ཀྱང་ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པ་ཇི་ལྟ་བར་ཞི་བར་བྱ་བས་བསྟན་པ་འདི་འཕེལ་བར་བྱའོ། །གླེང་བ་འམ་བསྐྲད་དགར་ལ་སོགས་པ་ནན་ཏུར་གྱི་ལས་དག་ཆོས་ཇི་ལྟ་བར་བསྒྲུབ་པར་མ་ནུས་ན་ནི་དེ་དག་ལ་ཁྲོ་བ་ལ་སོགས་པའི་རྣམ་འགྱུར་མི་ བསྟན་པར་སྙིང་རྗེས་ལྟ་ཞིང་རང་ཉིད་བཟུང་བར་བྱའི་སྡང་བས་བརྩོད་ཅིང་གནས་པ་ནི་སྲོག་ལ་ཐུག་ཀྱང་མི་བྱའོ། །སའི་སྙིང་པོའི་མདོ་ལས། མུ་སྟེགས་ཅན་དང་ཁྱིམ་པས་དགེ་སློང་གི་ཉེས་པ་གླེང་བར་མི་བྱའོ། །དགེ་འདུན་གྱིས་ཀྱང་ཆོས་བཞིན་མ་ཡིན་པ་དང་མ་རྟོགས་ པ་གླེང་དུའང་མི་རུང་ན་དགར་བའམ་བསྐྲད་པ་ལྟ་ཅི་སྨོས། ཆོས་མིན་པའམ་མ་རྟོགས་པ་བཅུས་ཚུལ་ཁྲིམས་ཉམས་པ་ལ་གླེང་ན་སྡིག་པ་ཤིན་ཏུ་ཆེ་སྟེ། དགེ་འདུན་ལ་དད་པའི་རྒྱལ་པོའི་སྤྱན་སྔར་དང། ཀུན་ཏུ་རྒྱུའི་མདུན་དང། བློན་པོ་དང། ཚོང་དཔོན་དང། ཁྱིམ་བདག་དང། བུད་ མེད་དང། སྐྱེ་བོ་མང་པོ་དང། མ་རུངས་པར་བྱེད་པ་མང་པོ་དང། དགེ་སློང་ཕ་མ་མང་པོ་དང། ཁོ་ན་ཡོད་པ་དང། ཞེ་འགྲས་པ་མང་པོའི་མདུན་དུ་མ་རྟོགས་བཞིན་དུ་གླེང་བའོ། །དེ་ནི་བདེན་པ་གླེང་བ་ཡང་སྡིག་པ་ཆེན་མི་བདེན་པ་ལྟ་ཅི་སྨོས། ཡང་ཆོས་མ་ཡིན་པ་བཅུས་གླེང་བ་སྡིག་པ་ ཆེ་སྟེ། མུ་སྟེགས་ཅན་གྱིས་གླེང་བ་དང། ཚུལ་ཁྲིམས་མེད་པ་དང། མཚམས་མེད་བྱས་པ་དང། ཆོས་སྤོང་བ་དང། འཕགས་པ་ལ་སྨོད་པ་དང། སེམས་འཁྲུག་པ་དང། ནང་པ་དང། དགེ་འདུན་གྱི་རུང་བ་བྱེད་པ་དང། བཟའ་ཤིང་གྱི་རབ་བསྲུང་བ་དང། དགེ་སློང་ཚད་པ་བས་དགེ་སློང་ གི་ཉེས་པ་གླིང་བའོ། །གལ་ཏེ་དགེ་སློང་ཚུལ་ཁྲིམས་འཆལ་བ་དག་དགེ་འདུན་གྱི་ནང་ན་འདུག་ན། གླེང་བ་པོ་ཚུལ་བཞིན་བྱེད་པ་སྤྱོད་ལམ་དང་ལྡན་པ་ཆོས་ལྔ་ལྡན་གྱི་གོས་ཚགས་བཅོས་ལ་གུས་པས་དགེ་འདུན་ལ་ཕྱག་འཚལ་ནས། མ་དག་པ་དེའི་མདུན་དུ་འདུག་སྟེ་ཚེ་དང་ ལྡན་པ་དགོངས་ཤིག་བདག་དེང་ཚེ་དང་ལྡན་པ་ཁྱོད་ཀྱི་ཉེས་པ་གླེང་ངོ། །བདེན་པ་བརྫུན་མ་ཡིན་པ་དུས་ལ་བབ་པ་དུས་ལས་མི་འདའ་བ། འཛུམ་བཞིན་དུ་སྨྲ་བ་མི་བརླང་བའི་ཚིག་གིས། བྱམས་པའི་སེམས་དང་ཞེ་སྡང་མེད་པ་དང། ཕན་པ་དང་བདེ་བ་དང་གནོད་པ་མ་ཡིན་པ་དང་ [147B] །ཚེ་དང་ལྡན་པ་ཁྱོད་ཀྱིས་ཉེས་པ་བདག་གིས་ཆོས་བཞིན་དུ་གླེང་ངོ་ཞེས་གསོལ་བ་གདབ་པོ། །དེས་གནང་ན་ཆོས་བཞིན་དུ་གླེང་ངོ། །མ་གནང་ན་ཡང་གནས་བརྟན་དང་དགེ་འདུན་ལ་ཕྱག་བྱས་ཏེ་ གུས་པས་དགེ་སློང་མིང་འདི་ཞེས་བགྱི་བས་ཉེས་པ་འདི་བགྱིས་ཏེ། བདག་གིས་ཆོས་ལྔ་ལ་བརྟེན་ཏེ་གླེང་བར་འཚལ་ལོ་ཞེས་གསོལ་བ་གདབ་པོ། །གནས་བརྟན་གྱིས་ཤིན་ཏུ་བརྟགས་ཏེ་ཅི་གླེང་ཉེས་པ་ཅི་བྱས། བདེན་པའམ་བརྫུན་པའམ་ལྕི་བའམ་ཡང་བ་ཇི་ལྟ་བུ་ཞིག་ཡིན་ཞེས་ བརྟགས་ལ། འདུལ་བ་དང་མདོ་སྡེ་ལ་བརྟེན་ནས་སྡིག་པ་དང་གཞོལ་བའི་ཐབས་སྣ་ཚོཌ་ །ཞི་བར་བྱེད་པའི་ཆོས་བདུན་གང་རིགས་པས་ཞི་བར་བྱའོ། །ཉེས་པ་ཆེ་ཕྲ་རྣམས་ལ་ཆད་པ་ཆུང་འབྲིང་ཆེ་གསུམ་ཅི་རིགས་པ་བཅད་དོ། །ཕྱིར་འཆོས་སུ་གཞུག་གོ། །གལ་ཏེ་ཉེས་པ་ ཅན་དེ་ཁྱིམ་པའི་མཐུ་འམ་ནོར་རམ་ཐོས་པའམ་སྨྲ་གཤགས་སམ། སློབ་མའི་མཐུ་སྙེམས་ཏེ། དགེ་འདུན་གྱི་ངག་མི་ཉན་ཞིང་གནས་བརྟན་སྡེ་སྣོད་འཛིན་པས་ཆོས་བཞིན་བཅོས་ཀྱང་མི་ཉན་ན། གནས་བརྟན་དེས་དགེ་འདུན་ལ་དད་པས་དྲེས་ཏེ་རྒྱལ་པོ་དང་བློན་པོ་དག་ལ་མཐུ་རྩལ་ བའི་ཕོ་ཉ་བཏང་ལ་ཆད་ །དེས་ནོར་ལ་སོགས་པའི་མཐུས་རྒྱལ་པོ་དང་བློན་པོ་དག་ཀྱང་བྲིད་ནས་དེའི་དཔུང་བྱེད་ན་ནི་དེ་མི་གནས་པ་དང་མི་བྱ་བ་ལ་བརྟེན་ཏེ་དགེ་འདུན་གྱི་ནང་དུ་གནས་པ་དང་སྡིག་པ་ཆེན་པོ་མངོན་སུམ་དུ་མི་སྣང་ན་རེ་ཞིག་བཞག་གོ། སྣང་ན་དགེ་འདུན་དག་དད་ པ་དྲིས་ཏེ་ཆོས་བཞིན་དུ་བསྐྲད་དོ། །ནས་ཀྱི་ངོ་དག་བདག་པོས་སྙེ་མ་མ་བྱུང་བ་ན་རེ་ཞིག་བཞག་ནས་བྱུང་བ་ན་ཕྱུང་སྟེ་འདོར་བ་ལྟར། དེའང་ཁྱིམ་པ་དང་མཐུ་བསྡོམས་ཏེ་ཆ་ལུགས་དགེ་འདུན་འདྲ་སྟེའང་དགེ་འདུན་སྨེ་བར་བྱེད་པས་ན། སྲུང་མའི་ལྷས་མ་གླེངས་ཤིང་སྡིག་པ་མངོན་སུམ་དུ་ མི་སྣང་ན་རེ་ཞིག་བཞག་ལ། ལྷས་བསྐུལ་ཅིང་སྡིག་པའང་སྣང་ན་བསྐྲད་དོ། །རྒྱ་མཚོར་རོ་ཞག་ །དེ་སྐྲད་ཀྱང་ནོར་ཆེན་པོ་ལ་སོགས་པའི་མཐུས་རྒྱལ་པོ་ལ་སོགས་པ་མགུ་བར་བྱས་ཏེ་ཐམས་ཅད་ [148A]༄༅། །དེའི་ཕྱོགས་སུ་སོང་ནས་དགེ་འདུན་གྱི་ནང་དུ་འཇུག་པ་ནི་ཚུལ་ཁྲིམས་དང་འཛེམ་པ་དང་ངོ་ཚ་དང་ལྡན་པའི་དགེ་སློང་གིས་དེ་དག་ལ་སྡང་བ་ཆེན་པོ་མི་སྐྱེད་པར་རང་གཟུར་ཏེ་འགྲོ་བར་བྱའོ་ཞེས་སོ། ༈ །དེ་ལྟར་འབད་པས་ཚུལ་ཁྲིམས་རྣམ་པར་དག་པའི་ཕན་ཡོན་ལ་ གཉིས་ལས་དངོས་ནི། དེ་ལྟར་འབད་བྱས་ཚུལ་ཁྲིམས་རྣམ་དག་པ། །དེ་ནི་དགེ་ཆོས་ཀུན་གྱི་ཐེམ་སྐས་ཡིན། །ས་ལྟར་ཡོན་ཏན་མ་ལུས་གཞི་རྟེན་སོགས། །ལེགས་ཚོགས་དཔག་མེད་དག་གིས་རབ་ཏུ་བསྔགས། །འདས་ཆེན་ལས་ཚུལ་ཁྲིམས་ནི་དགེ་བའི་ཆོས་ཐམས་ཅད་ ཀྱི་ཐེམ་སྐས་སོ། །ཤིང་ལ་སོགས་པའི་རྩ་བ་ས་ཡིན་པ་ལྟར་རྩ་བའོ། །ཚོང་དཔོན་ཚོང་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ལྟར་དགེ་བའི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བའོ། །བརྒྱ་བྱིན་གྱི་རྒྱལ་མཚན་བསྒྲེང་བ་ལྟར་ཆོས་ཐམས་ཅད་ཀྱི་རྒྱལ་མཚན་ནོ། །སྡིག་པ་ཐམས་ཅད་དང་ངན་ སོང་གི་ལམ་གཏན་དུ་གཅོད་པའོ། །སྡིག་པའི་ནད་ཐམས་ཅད་གསོ་བས་སྨན་གྱི་སྡོང་པོ་ལྟ་བུའོ། །སྲིད་པའི་ལམ་ཉམ་ང་བའི་རྒྱགས་ཚོགས་སོ། །ཉོན་མོངས་པའི་དགྲ་གཞོམ་པའི་གོ་མཚོན་ནོ། །ཉོན་མོངས་པའི་སྦྲུལ་གདུག་པ་སེལ་བའི་རིག་སྔགས་སོ། །སྡིག་པའི་ཆུ་ལས་སྒྲོལ་བའི་ཟམ་པའོ་ ཞེས་སོ༑ ༑དྲན་པ་ཉེ་བར་བཞག་པ་ལས་དགེ་སློང་གིས་ཚུལ་ཁྲིམས་རྣམ་པར་དག་པ་ལ་སློབ་པ་དེ་ལ་བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་པའི་ལྷ་མན་ཆད་རབ་ཏུ་དགའ་བས་བསྟོད་པ་སྒྲོགས་སོ། །གཉེན་བལྟ་བ་ལ་དགའ་མེད་ཅིང། །མཁས་པ་དག་ལ་བལྟ་འདོད་པ། །ཁྱིམ་གྱི་སྐྱོན་ལས་ངེས་བྱུང་ བ༑ ༑དེ་ལྟ་བུ་ནི་དགེ་སློང་ཡིན། །ཁྲོ་མེད་ཁྱིམ་ལ་སྤྱོད་མེད་ཅིང། །ཚོང་ཟོང་ཉོ་ཚོང་མི་བྱེད་ལ། །སྲང་དང་བཞི་མདོར་མི་དགའ་བ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གླུ་དང་གར་ལ་མི་དགའ་ཞིང། །ཉེས་རྩོམ་རྣམ་ལ་ཆགས་མེད་ལ། །གང་དག་དུར་ཁྲོད་དགའ་བྱེད་པ། །དེ་ལྟ་བུ་ནི་དགེ་སློང་ ཡིན༑ ༑ཉི་མ་གཅིག་ལ་བསོད་སྙོམས་མཆོག་བླངས་ནས་སང་གིར་མི་སེམས་ལ། །ལྟོ་འགྲངས་ཙམ་གྱིས་ཆོག་ཤེས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་དག་གོས་བཟང་རྣམས་སྤོང་ཞིང། །ཕྱག་དར་ཁྲོད་ཀྱིས་ཚོགས་འཛིན་པ། །གང་དག་རིགས་པར་ཟས་ཟ་བ། །དེ་ལྟ་བུ་ནི་དགེ་སློང་ [148B] ༑གང་དག་ལས་ནི་མི་བརྩོན་ཞིང། །ལས་རྣམས་ཀུན་ལ་བསམ་མེད་ལ། །སྤྲོ་མེད་འདུན་པ་མེད་འགྱུར་བ། །དེ་ལྟ་བུ་ནི་དགེ་སློང་ཡིན། །འདོད་དང་ཁྲོ་ལས་རྣམ་གྲོལ་ཞིང། །གཏི་མུག་འདམ་ནི་རྣམ་སྤངས་ལ། །སྡིག་པའི་ཆོས་ཀྱིས་མ་གོས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །དབང་པོ་དུལ་ཞིང་ བློ་གྲོས་བརྟན། །འདོད་པའི་འདམ་ནི་རྣམ་པར་སྤངས། །རྩེ་གཅིག་ཡིད་ནི་ལེགས་གནས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །ཚངས་པར་སྤྱོད་པ་དྲང་ཞིང་ཞི། །རྨུགས་དང་གཉིད་ནི་རྣམ་སྤངས་ལ། །ནང་པར་ལྡང་ཞིང་མཁས་གཙང་བ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་ཞིག་ཞི་གནས་ལྷག་མཐོང་ ལ༑ ༑དགའ་ཞིང་བསམ་གཏན་བཞི་ལ་དགའ། །དགོན་པ་ཀུན་དགའ་དགའ་འགྱུར་ལ། །དེ་ལྟ་བུ་ནི་དགེ་སློང་ཡིན། །ནམ་མཁའ་ལ་ནི་བྱ་གནས་པ། །དེ་གྲིབ་རྟག་ཏུ་རྗེས་འགྲོ་ལྟར། །གང་ལ་དམ་པའི་ཆོས་རྗེས་འགྲོ་དེ་ལྟ་བུ་ནི་དགེ་སློང་ཡིན། །གང་ཞིག་དགའ་ལ་མི་ཆགས་ཤིང། །འཇིགས་ པ་དག་ལ་འཇིགས་པ་མེད། །དབང་པོ་དགའ་དང་འཇིགས་མཉམ་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་ཞིག་སྣམ་སྦྱར་ལྷུང་བཟེད་ཀྱིས། །ཆོག་འཛིན་གསོག་འཇོག་མི་བྱེད་ལ། །འདོད་པ་ཆུང་ཞིང་ཚངས་བར་སྤྱོད། །དེ་ལྟ་བུ་ནི་དགེ་སློང་ཡིན། །དྲི་མེད་སྟན་གཅིག་ཟས་ཟ་ཞིང། །ཞིམ་པའི་རོ་ལ་མི་ ཆགས་ལ། །རྙེད་དང་བཀུར་སྟི་རྣམ་སྤངས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །དགེ་སློང་བརྩོན་འགྲུས་ཞན་པ་དང། །ལེ་ལོ་བྱེད་ཅིང་ལྟ་བ་ལ། །གང་ཞིག་རྟག་ཏུ་སྤྲོ་དགའ་མེད། །དེ་ལྟ་བུ་ནི་དགེ་སློང་ཡིན། །ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །གཙུག་ལག་ཁང་དང་ཀུན་དགར་བརྩོན། །ཆོས་ཀྱི་སྤྱོད་ཡུལ་དགའ་མེད་ཅིང། །བུད་མེད་ཚང་ལ་ཆགས་པའི་བློ། །དེ་ལྟ་བུ་ནི་དགེ་སློང་མིན། །གང་ཞིག་བདུད་ཀྱི་འཚིང་གཅོད་དང། །སྡིག་པའི་ལས་དག་གཅོད་བྱེད་ལ། །དགེ་འདུན་སྤྱོད་ཡུལ་མི་སྤྱོད་ པ༑ ༑དེ་ནི་དགེ་སློང་སངས་རྒྱས་གསུང། །གང་ཞིག་རྙེད་དང་བཀུར་སྟི་དང། །གང་ཞིག་ཡུལ་སྡུག་སེམས་བྱེད་ལ། །བུད་མེད་ལྟ་ཞིང་དེ་འདོད་པ། །དགེ་མིན་ཁྱིམ་མིན་གཡོ་ཅན་ཡིན། །གང་ཞིག་བསྟན་བཅོས་བསྟན་བཅོས་དོན། །རྟག་ཏུ་རྣམ་ཤེས་བློ་གྲོས་དགའ། །བཟའ་བཏུང་དག་ལ་དགའ་ [149A]༄༅། །མེད་པ། །ཞི་བའི་ཡིད་དེ་དགེ་སློང་ཡིན། །གང་དག་ཚལ་དགོན་གཙུག་ལག་ཁང། །དུར་ཁྲོད་དང་ནི་རྩྭ་སྟན་ལ། །ཡིད་ནི་དགའ་བར་བྱེད་གྱུར་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །བསྔགས་པས་སྙིང་ལ་དགའ་བ་མེད། །སྨད་བས་ཞུམ་པ་མེད་པ་ནི། །རྒྱ་མཚོ་ལྟ་བུར་ཟབ་པ་སྟེ། ། རྣལ་རིག་དགེ་སློང་ཞེས་བྱའོ། །འཇིག་རྟེན་གཏམ་ལ་ཆགས་མེད་ཅིང། །གང་གི་ཡུལ་དག་དུག་ལྟ་བུ། །ཆགས་པའི་སྐྱོན་དག་རྟག་འཇོམས་པ། །དགེ་སློང་དེ་ནི་སངས་རྒྱས་བསྟན། །གང་གི་བློ་གྲོས་འདོད་རྣམས་ལ། །འདམ་རྫབ་ལྟ་བུར་རྟག་ཏུ་ལྟ། །བརྟན་པ་བློ་གྲོས་ངེས་གྲོལ་ཞིང། །དེ་ནི་ འཁོར་བའི་འཆིང་ལས་གྲོལ། །གང་ཞིག་ལེ་ལོ་ཐག་བསྲིངས་པ། །བསམ་གཏན་ཁ་ཏོན་ལས་རུང་ཞིང། །སེམས་ཅན་རྣམས་ལ་ཕན་བྱེད་པ། །དགོན་གནས་དགེ་སློང་ཞེས་བྱའོ། །ཚོང་ཟོང་ཕྱིར་མིན་ལོངས་སྤྱོད་མིན། །གྲགས་པའི་དོན་དུ་ག་ལ་ཞིག་གང་བློ་དགེ་འདུན་དོན་སེམས་པ།། དེ་ནི་འཁོར་བའི་འཆིང་ལས་གྲོལ། །སྡིག་པ་དག་ནི་རྟག་ཏུ་སྤངས། །ལེགས་པར་བྱེད་ལ་རྟག་དགའ་ཞིང། །སྡིག་པའི་བཤེས་དང་མི་འདྲེ་བ། །སངས་རྒྱས་བསྟན་ལ་དགེ་སློང་ཡིན། །དགེ་དང་མི་དགེ་དག་གི་ལས། །བདག་གིས་བྱས་པའི་ལས་ཀུན་གྱི། །འབྲས་བུ་ངེས་པར་སྤྱོད་འགྱུར་ཏེ། །ལུས་ ཅན་ཀུན་དང་འབྲེལ་བ་ཡིན། །ཉེས་པ་ཀུན་ལས་རབ་གྲོལ་ཞིང། །དབང་པོ་དོན་གྱི་དབང་མི་འགྲོ། སྡིག་པའི་ཆོས་ཀྱིས་མ་གོས་པ། །འཆི་མེད་གནས་སུ་འཁྲིད་པར་འགྱུར། །ཚུལ་ཁྲིམས་ལེགས་པར་བསྲུངས་པ་དང། གོམས་པ་དུ་མ་བྱས་པ་ཡི། །ཡོངས་སུ་གདུང་བ་བདེ་བ་དང། །མྱ་ངན་འདས་ པའང་རྟོགས་པར་འགྱུར། །ཚུལ་ཁྲིམས་ངན་འགྲོ་རྣམས་ལས་སྐྱོབ། །ཚུལ་ཁྲིམས་བཟང་འགྲོར་འཁྲིད་པར་བྱེད། །དེ་ལྟར་ཚུལ་ཁྲིམས་རྟག་ཏུ་བསྲུང། །ཡོངས་སུ་འགྱུར་བ་བསིལ་བ་ཡིན། །འཆི་དུས་ཡང་དག་བྱུང་བ་ན། །ཁྲིམས་ལྡན་ག་ལས་འཇིགས་པ་མེད། །ངན་འགྲོ་ལས་སྐྱོབ་བདག་ ལས་མེད། །ཚུལ་ཁྲིམས་སྐྱོབ་པ་མཆོག་ཡིན་ནོ་ཞེས་སོ། །ཚོམས་ལས་ཀྱང། གང་དག་སྡིག་པ་ཆེ་ཕྲ་དག་ཀུན་ལ་སོ་སོར་རྟོག་པ་ཡིས། །སྡིག་བཞི་བ་དེ་དག་ནི། །དགེ་སྦྱོང་ཉིད་ཅེས་བརྗོད་པར་བྱ། །སྲིད་པའི་ཟུག་རྡུ་གཅོད་བྱེད་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་ [149B] །ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། །སྐྱེ་ཤིའི་མཐའ་རྟོགས་ཕན་མཛད་ཐུགས་བརྩེ་བས། །བགྲོད་པ་གཅིག་ལམ་རབ་ཏུ་བསྟན་པ་ཡི། །ལམ་འདིས་ཆུ་བོ་རྣམས་ལས་སྔོན་བརྒལ་ཞིང། །དེ་བཞིན་བརྒལ་བར་འགྱུར་ཞིང་བརྒལ་བར་མཛད། །དྲིའུ་མོ་རང་གི་མངལ་གྱིས་དང། །འདམ་ བུ་སྨིག་མ་འབྲས་བུ་དང། །ཆུ་ཤིང་འབྲས་བུས་ཕུང་བ་ལྟར། །ཕོ་བཤལ་བཀུར་སྟིས་ཕུང་བར་བྱེད། །སྐྲ་བྲེགས་ངུར་སྨྲིག་གྱོན་པ་ཡིས། །བཟའ་བ་དང་ནི་བཏུང་བ་དང། །གོས་དང་མལ་ཆ་རྙེད་པར་ལྟ། །དགྲ་བྱེད་མང་བ་ཁོ་ནར་ཟད། །དེ་ལྟར་བཀུར་སྟི་འཇིགས་ཆེན་གྱི། །སྐྱོན་རྣམས་ཁོང་དུ་ ཆུད་བྱས་ནས། །འཕྲིག་ཉུང་སེམས་ཁྲལ་བསྐྱུངས་ནས་སུ། །དྲན་ལྡན་དགེ་སློང་ཀུན་ཏུ་གནས། །སྲིད་ལ་ཆུ་ཤིང་དག་གི་སྙིང་པོ་ལྟར། །སྙིང་པོ་མེད་པར་སེམས་པའི་དགེ་སློང་གང། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ཝགས་རྙིང་བརྗེ་བ་བཞིན། །རྟ་བཟང་ལ་ནི་ལྕག་ བཞིན་དུ། །གང་ཞིག་ངོ་ཚ་བཤེས་བསྟེན་ཅིང། །ཤེས་རབ་ལེགས་པར་མཉམ་གཞག་པ། །དེས་ནི་སྡིག་པ་སེལ་བར་བྱེད། །བདག་ཉིད་ཁོ་ན་བདག་གི་མགོན། །བདག་ཉིད་བདག་གི་སྐྱབས་ཡིན་པས། །འདུལ་སྦྱོང་བྱེད་པས་རྟ་བཟང་ལྟར། །བདག་ཉིད་ལེགས་པར་དུལ་བར་བྱ། །གང་ ཞིག་ཕ་རོལ་ཁྲོས་རིག་ནས། །བདག་ཉིད་ཉེ་བར་ཞི་བྱེད་པ། །དེ་ནི་བདག་དང་གཞན་དག་དང། །གཉི་གའི་དོན་ནི་སྤྱོད་པ་ཡིན། །བདག་ཉིད་དང་ནི་གཞན་དག་དང། །གཉི་གའི་དོན་སྤྱོད་དེ་ལ་ནི། །སྐྱེ་བོ་ཆོས་ལ་མི་མཁས་རྣམས། །བྱིས་པ་ཡིན་ཞེས་སེམས་ཀྱང་བླ། །གལ་ཏེ་ཐོས་པ་མང་གྱུར་ ཀྱང༑ ༑ཚུལ་ཁྲིམས་ལེགས་པར་མི་སྡོམ་ན། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང། །དེ་ཡི་ཐོས་པའང་ཕུན་ཚོགས་མིན། །གལ་ཏེ་ཐོས་པ་ཉུང་གྱུར་ན། །ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་ན། །དེ་ནི་ཚུལ་ཁྲིམས་ཕྱིར་བསྔགས་ཤིང། །དེ་ཡི་ཐོས་པ་ཕུན་ཚོགས་འགྱུར། །དགེ་སློང་བསོད་ སྙོམས་བྱེད་པ་བདག་རང་ཙམ། །འགྲངས་པར་བྱེད་ཀྱི་གཞན་དག་མི་གསོ་བ། །སྐྱོབ་བ་དེ་ལ་ལྷ་རྣམས་དགའ་བྱེད་ཀྱིས། །བཀུར་སྟི་ནོར་དང་གྲགས་འདོད་རྣམས་ལ་མིན། །གང་ལ་ཀུན་ཏུ་གསོག་མེད་ཅིང། །གང་དག་བདག་གིར་བྱེད་མེད་པ། །གང་དག་མེད་ན་མི་གདུང་བ། །དེ་ནི་དགེ་སྦྱོང་ཞེས་ [150A]༄༅། །བརྗོད་དོ། །གང་གི་ལུས་དང་ངག་དང་ནི། །ཡིད་ལ་ཉས་བྱས་མེད་གྱུར་པ། །དེ་ནི་དགེ་བའི་ཚུལ་ཁྲིམས་ཅན། །ངོ་ཚའི་ཡིད་ལྡན་དགེ་སློང་ཡིན། །གང་ཞིག་གཤེ་བ་དང་ནི་གསོད་པ་དང། །འཆིང་དང་གྲོང་གི་ཚེརྕ་མ་ཐུལ་བ་དང། །གང་ཞིག་རི་བོ་བཞིན་གནས་མི་དཀྲི་ཞིང། །སྡུག་ བདེས་མི་གཡོ་དེ་ནི་དགེ་སློང་ཡིན། །སྐུར་པ་མི་འདེབས་སྒྲོ་འདོགས་མི་བྱེད་ཅིང། །འཇིག་རྟེན་འདི་ཀུན་རྫུན་རྟོགས་དགེ་སློང་གང། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ཝགས་རྙིང་བརྗེ་བ་བཞིན། །སྤྲུལ་གྱི་དུག་བཏང་བ་ལ་སྨིན་བཞིན་དུ། །ཉོན་མོངས་ལའང་པ་འདུལ་ བའི་དགེ་སློང་གང། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ཝགས་རྙིང་བརྗེ་བ་བཞིན། །མཐུ་ཆུང་འདམ་བུའི་རིགས་ལ་ཀླུང་ཆེན་ལྟར། །ཉོན་མོངས་མ་ལུས་དྲུངས་འབྱིན་དགེ་སློང་གང། །དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ། །སྤོང་སྟེ་སྦྲུལ་རྒས་ཝགས་རྙིང་བརྗེ་བ་བཞིན་ མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །ཨོཾ་ཞེས་ཟེར་བ་བྲམ་ཟེ་མིན། །སྡིག་པ་ཆེ་ཆུང་ཀུན་སྤོང་བ། །དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ་ཞེས་སོ། ༈ །ཞར་ལ་དེ་ཁས་ལེན་ཅིང་རྟགས་ཙམ་འཛིན་པའི་ཕན་ཡོན་བསྟན་པ་ནི། སངས་རྒྱས་སྐྱབས་གསོལ་རབ་བྱུང་སྡིག་སྤྱོད་ཅིང། །ཚུལ་ཁྲིམས་འཆལ་ པས་ནང་རུལ་ཉེས་འཛག་ཀྱང། །ལྷར་བཅས་འཇིག་རྟེན་ཀུན་གྱི་སྟོན་པ་དང། །འདྲེན་པ་དགེ་བཤེས་ཡོན་ཏན་གཏེར་ཆེན་འགྱུར། ༈ །དེ་ཉིད་བཤད་པ་ནི། ཆ་ལུགས་སྤྱོད་ལམ་འཕགས་པའི་རྗེས་མཐུན་པས། །མཐོང་བ་ཙམ་ཡང་སེམས་ཅན་མང་པོ་ཡི། །ལྷག་བསམ་བཅུ་སོགས་དགེ་ ལེཌ་ཚད་མེད་པ། །བསྐྱེད་ཅིང་སྤེ་ལ་བས་མཐོ་རིས་བྱང་གྲོལ་རྒྱུ། །སའི་སྙིང་པོའི་མདོ་ལས། རབ་ཏུ་བྱུང་བ་ཚུལ་ཁྲིམས་ཉམས་ཏེ་སྡིག་པ་སྤྱོད་པ་ནང་རུལ་བ། མི་གཙང་བས་གང་བའི་སྲིན་ཀྭ་ལྭ་དང་འདྲ་བ། དགེ་སྦྱོང་མ་ཡིན་ལ་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་སྤྱོད་མ་ཡིན་ལ་ཚངས་སྤྱོད་ དུ་ཁས་འཆེ་བ། ཉོན་མོངས་པ་སྣ་ཚོགས་ཀྱིས་ཕམ་པ། བཤིག་པ་ཁས་ཕུབ་པ། ཚུལ་ཁྲིམས་འཆལ་བའི་དགེ་སློང་ངན་པ་ཡང། ལྷ་དང་ཀླུ་ནས་མི་དང་མི་མ་ཡིན་པའི་བར་ཐམས་ཅད་ཀྱི། འརྡེན་པ་དང། ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པའི་གཏེར་དུ་གྱུར་ཏེ། དེའི་གཟུགས་མཐོང་བ་ [150B] །ཚུལ་ཁྲིམས་ཉམས་ཀྱང་དེ་སེམས་ཅན་གྱིས་མཐོང་ནས་སངས་རྒྱས་རྗེས་སུ་དྲན་པའི་ལྷག་པའི་བསམ་པ་ལས་བཀུར་སྟི་དང་བཅས་པའི་དད་པ་དང་གུས་པ་སྐྱེའོ། །དེས་མུ་སྟེགས་ཅན་དང་དེའི་ གཙུག་ལག་ཁང་ནམ་ཡང་མི་ཕྱོགས་པ་ནས། འཇིགས་དང་བྲལ་བ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་འཇུག་པའི་བར་དུ་འགྱུར་རོ། །ལ་ལ་ནི་དེས་ཚུལ་ཁྲིམས་རྗེས་སུ་དྲན་པའི་ལྷག་པའི་བསམ་པས་སྲོག་གཅོད་པ་ལ་སོགས་པ་བཞི་ཚང་དང་བཅས་པ་སྤོང་བ་ནས་དེ་བཞིན་དུ་འགྱུར་རོ། །ལ་ལ་ནི་གཏོང་ བ་རྗེས་སུ་དྲན་པས་ལོངས་སྤྱོད་ཐོབ་ཅིང་ཡོན་གནས་རྣམས་ལ་མཆོད་བཀུར་བྱེད་པ་ནས་དང། ངང་དེས་པའི་བཟོད་པ་རྗེས་སུ་དྲན་ནས་ཕྲ་མ་དང་ཚིག་རྩུབ་དང་ངག་ཀྱལ་དང་ཞེ་སྡང་སྤོང་བ་ནས་དང། རབ་ཏུ་བྱུང་ཞིང་བརྩོན་འགྲུས་རྗེས་སུ་དྲན་པས་ཁྱིམ་ན་གནས་པ་མ་ཡིན་པའི་ཆོས་ལ་བརྩོན་འགྲུས་ཀྱིས་ནན་ཏན་ བྱེད་པ་དང། རྣམ་པར་གཡེང་བ་སྤོང་ཞིང་བསམ་གཏན་ལ་མཉམ་པར་འཇོག་པ་དང་དབེན་པ་ལ་དགའ་བ་ལས་ཉིན་མཚན་དུ་ཏིང་ངེ་འཛིན་སྒོམ་པ་དང། ཤེས་རབ་རྗེས་སུ་དྲན་པས་ཆོས་ཉན་པ་དང་ཀག་པ་དང་ཁེ་ཏོན་བྱེད་པ་ལ་དགའ་བ་དང། དགེ་བའི་རྩ་བ་སྔོན་བསྐྱེད་པ་རྗེས་སུ་དྲན་པའི་ལྷག་ པའི་བསམ་པས་འཛུམ་བཞིན་དུ་སྨྲ་ལ་གུས་ཤིང་རིགས་མཐོ་བ་ཀུན་གྱི་མཐོང་ན་དགའ་བར་སྐྱེ་བས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པའི་བར་དུ་འགྱུར་བའི་ཕྱིར། །སངས་རྒྱས་ལ་སྐྱབས་སུ་སོང་སྟེ་རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་བ་ཡང་ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱི་ སྟོན་པ་དང་འདྲེན་པ་དང། དགེ་བའི་བཤེས་གཉེན་བྱེད་ཅིང་ཡོན་ཏན་དཔག་ཏུ་མེད་པའི་གཏེར་དུ་འགྱུར་ཏེ། ཆ་ལུགས་དང་སྤྱོད་ལམ་འཕགས་པ་དང་མཐུན་པས་སེམས་ཅན་ཚད་མེད་པའི་དགེ་བའི་རྩ་བ་བསྐྱེད་པ་དང་སྤལ་བར་བྱེད་པས་མཐོ་རིས་དང་ཐར་པའི་ལམ་ལ་འཛུད་པའོ། །དེས་ ན་འཁོར་ལས་བསྒྱུར་བའི་རྒྱལ་པོས་ཀྱང་ཁྱིམ་པའི་ཆོས་དང་སྦྱོར་དུ་ཡང་མི་གནང་ན་གསོད་པ་ལ་སོགས་པ་ལྟ་ཅི་སྨོས། །དེ་འདུལ་བ་ལས་རོ་ལྟ་བུར་བཤད་ཀྱང་རབ་ཏུ་བྱུང་བ་དང་ཚུལ་ཁྲིམས་དང་ཡོན་ཏན་ལྷག་པའི་མཐུ་ཡོད། །ཁྱུ་མཆོག་དང་གྲ་བ་ཤི་བའང་གི་ཝང་དང་གླ་རྩི་ [151A]༄༅། །མང་པོ་དག་ལ་ཕན་པ་བཞིན་ནོ། །སྤོས་ཚིག་ཀྱང་དྲི་ལ་ལོངས་སྤྱོད་པ་ལྟར་དེའང་དད་རྫས་ཀྱིས་བསྲེགས་ཏེ་ངན་སོང་དུ་ལྟུང་ཡང་གཞན་ལ་ཆོས་སྟོན་པ་ལ་སོགས་པས་ཕན་པས་ན་མཐོ་རིས་དང་ཐར་པའི་དྲི་སྦྱིན་པའོ། །ཙམ་པ་ཀ་ཡི་མེ་ཏོག་རྙིངས་གྱུར་ཀྱང། །མེ་ཏོག་ རྣམ་པ་གཞན་པས་ཤིན་ཏུ་ལྷག་དགེ་སློང་ཚུལ་ཁྲིམས་ཉམས་ཤིང་སྡིག་སྤྱོད་ཀྱང། །མུ་སྟེགས་ཅན་དག་ཐམས་ཅད་ཀུན་བས་མཆོག་ཅེས་སོ། །དེ་ལྟར་ཚུལ་ཁྲིམས་ཀྱི་ཆོ་ག་ཙམ་མམ་དྲི་ཙམ་མམ་རྟགས་ཙམ་ལའང་ཕན་ཡོན་དེ་ལྟ་བུ་འབྱུང་ན་དངོས་ལ་ལྟ་ཅི་སྨོས་པས་ན་མཁས་པ་ རྣམས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན། ཚུལ་ཁྲིམས་ཁོ་ན་ལ་ནན་ཏན་བྱ་བར་བསླབ་བོ། ༈ །ལས་དང་འབྲས་བུའི་སྐབས་ཀྱི་དོན་བསྡུ་བ་ནི། དེ་ལྟར་དགེ་དང་མི་དགེའི་ལས་རྣམས་ནི། །བདེ་དང་སྡུག་བསྔལ་ཀུན་གྱི་རྒྱུར་ངེས་པས། །བྱ་འཕུར་རིང་ཡང་གྲིབ་མ་རྗེས་འབྲང་ལྟར། །སྐྱེས་བུའི་ལས་ རྣམས་ཀུན་ཏུ་བདག་རྗེས་འབྲང། །དེ་ཕྱིར་རྟོགས་ལྡན་ཀུན་ཏུ་དེར་གནས་ཤིང། །སྡུག་བསྔལ་འདོར་འདོད་བརྟན་པའི་ཡིད་ལྡན་གྱིས། །ཕྲ་བའི་ལས་ལའང་རབ་བསྒྲིམས་བག་བཅས་པས། །ཉིན་མཚན་དགེ་ལེགས་ཅི་ནུས་ཉིད་ཀྱིས་འདའ། །ཆེད་དུ་བརྗོད་པའི་ཚོམས་ལས། མཁའ་ལ་བྱ་དག་གནས་པ་དེའི། །གྲིབ་མ་ལྷན་ ཅིག་འགྲ་བ་བཞིན། །ལེགས་པར་བྱས་དང་ཉེས་པར་བྱས། །དེ་དག་འགྲོ་བའི་རྗེས་སུ་འབྲང། །ཇི་ལྟར་ལམ་བརྒྱགས་ཉུང་བ་དག་ལམ་ཞུགས་སྡུག་བསྔལ་འགྲོ་བ་ལྟར། །དེ་བཞིན་ལས་བཟང་མ་བྱས་པའི། །སེམས་ཅན་དག་ནི་ངན་འགྲོར་འགྲོ་ཇི་ལྟར་ལམ་བརྒྱགས་མང་བདོག་པ། །ལམ་ཞུགས་ བདེ་བར་འགྲོ་བ་ལྟར། །དེ་བཞིན་ལས་བཟང་བྱས་པ་ཡི། །སེམས་ཅན་དག་ནི་བདེ་འགྲོར་འགྲོ་ཡུན་རིང་ཡུལ་གཞན་བགྲོད་པ་ཡི། །མི་དག་བདེ་བར་འོངས་པ་དང། །གཉེན་དང་སྡུག་པ་མཛའ་བཤེས་དག་འདིར་འོངས་མངོན་པར་དགའ་བ་ལྟར། །དེ་བཞིན་བསོད་ནམས་བྱས་པའི་མི། ། འཇིག་རྟེན་འདི་ནས་ཕར་འགྲོ་བ། །བསོད་ནམས་ཉིད་ཀྱིས་མངོན་དགའ་སྟེ། །གཉེན་སྡུག་དག་ནི་འོངས་བ་བཞིན། །དེ་ལྟ་བས་ན་ཚེ་ཕྱི་མའི། །བསོད་ནམས་དག་ནི་བྱ་ཞིང་བསག་དགེ་བ་བྱེད་པས་དགེ་བ་དང། །སྡིག་པ་བྱེད་ལས་སྡིག་པ་སྟེ། །མི་ཡིས་གང་དང་གང་བྱས་པ། །དེ་དེ་རང་ [151B] །བདག་གིས་སྡིག་པ་བྱས་ན་ནི། །དེ་བདག་ཁོ་ན་ཀུན་ཉོན་མོངས། །བདག་གིས་སྡིག་པ་མ་བྱས་ན། །བདག་ཉིད་ཁོ་ན་རྣམ་པར་དག་གཞན་གྱིས་གཞན་སྦྱོང་མི་བྱེད་ཀྱི། །དག་དང་མ་དག་རང་རང་བྱེད། །བདག་ཉིད་ཀྱིས་ནི་སྡིག་པ་དག་བྱས་ཤིང་ཉེ་བར་བསགས་པ་ ཡིས༑ ༑བསམ་བརླག་མངོན་དུ་འཇོམས་པར་བྱེད། །རྡོ་རྗེས་ནོར་བུ་འབིགས་པ་བཞིན། །མིག་ལྡན་འགྲོ་བར་བྱེད་པ་ཡིས། །ཉམ་ངའི་ལམ་དག་ཇི་ལྟ་བར། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཉོངས་སུ་སྤང། །ནོར་ཆེན་གྱིས་ནི་གྲོགས་ཉུང་དང། །ཚོང་པས་འཇིགས་ བཅས་ལམ་དང་ནི། །གསོན་པར་འདོད་པས་དུག་ལྟ་བུར། །མཁས་པས་སྡིག་པ་ཡོངས་སུ་སྤང། །སྡིག་པས་སྡུག་བསྔལ་གསོག་པས་ན། །དེ་ལ་དགའ་བར་མི་བྱའོ། །བརྒྱ་ལ་སྡིག་པ་བྱས་ན་ཡང། །ཡང་དང་ཡང་དུ་དེ་མི་བྱ། །བསོད་ནམས་བདེ་བ་གསོག་པས་ན། །དེ་ཉིད་ལ་ནི་དགའ་བར་བྱ། ། གལ་ཏེ་བསོད་ནམས་བྱས་ན་ཡང། །དེ་ནི་ཡང་དང་ཡང་དུ་བྱ། །སྡིག་པ་ཆུང་ངུ་བྱས་པས་ཀྱང། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང། ཕུང་ཀྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དན་ཆེན་དག་ཀྱང་ བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །སྡིག་པ་བྱས་ཤིང་བསོད་ནམས་མ་བྱས་ལ། །ཆོས་དང་གོལ་ཞིང་ཆོས་མིན་ཐོབ་པའི་མི། །སྡིག་པའི་ལས་ཅན་འཆི་བས་འཇིགས་འགྱུར་ཏེ། །ཆུ་ཆེན་ནང་དུ་གྲུ་ངན་ཞིག་པ་བཞིན། །བསོད་ནམས་བྱས་ཤིང་སྡིག་པ་མ་བྱས་ལ། །དམ་ པ་རྣམས་ཀྱི་ལུགས་ཀྱི་ཆོས་སྤྱད་པས། །དེ་ནི་ནམ་ཀྱང་འཆི་བས་འཇིགས་མེད་དེ། །བརྟན་པའི་གྲུ་ཡིས་ཕ་རོལ་འགྲོ་བ་བཞིན། །འཇིག་རྟེན་འདི་ན་ལེགས་པར་མ་བསྡམས་པ། །ཕལ་ཆེར་ལེགས་བསྡམས་རྟགས་ཀྱིས་རྒྱུ་བྱེད་པས། །ལེགས་པར་མ་བརྟགས་པར་དུ་མི་དག་གིས་ མདོག་གཟུགས་ལན་འགའ་མཐོང་བས་ཡིད་མ་རྟོན། །གཞན་ལ་སྡུག་བསྔལ་བསྐྱེད་པ་ཡིས། །གང་ཞིག་བདག་གི་བདེ་འདོད་པ། །དགྲ་དང་མི་འབྲལ་འགྲོགས་པ་དང། །དེ་ནི་སྡུག་བསྔལ་ལས་མི་གྲོལ། །འདི་ན་གང་དག་ཆོས་མང་ཐོས་པ་དང། །རྟོགས་ཤིང་ཅི་ཡང་ [152A]༄༅། །མེད་པ་ཀྱེ་རེ་བདེ། །སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ཆགས་ཤིང། །ཅུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས། །འཇིག་རྟེན་འདི་ན་སྡུག་དང་བདེ་བ་ཡིས། །སྐྱེས་བུ་དམ་པ་མཐོ་དམན་མི་འགྱུར་ཞིང། །བརྟན་རྣམས་འདོད་པའི་རྒྱུ་ཡིས་མི་འཆལ་བར། །སྐྱེས་བུ་དམ་པ་ཀུན་ཏུ་ འགྲོ་བར་བྱེད། །སེམས་འདི་སྔོན་ཆད་ཇི་ལྟར་འདོད་པ་དང། །དགའ་མགུར་སྤྱོད་ཅིང་རྒྱུ་བར་བྱེད་པ་གང། །གླང་ཆེན་སྨྱོས་པ་མི་ཡིས་ལྕགས་ཀྱུ་ལྟར། །དེ་ནི་ཚུལ་བཞིན་བྱ་བས་དེ་བཟང་ངོ། །ལོག་པའི་སྨོན་ལྡན་སེམས་གང་གིས། །བདག་ཉིད་སྡུག་བསྔལ་བྱེད་འགྱུར་བ། །དེ་ལྟར་ཁོན་ གྱིས་ཁོན་ཅན་དང། །དགྲ་བོས་དགྲ་ལ་བྱེད་མི་འགྱུར། །ཡང་དག་སྨོན་ལྡན་སེམས་གང་གིས། །བདག་ཉིད་བདེ་བ་བྱེད་འགྱུར་བ། །དེ་ལྟར་ཕ་དང་མ་དག་དང། །གཉེན་གཞན་གྱིས་ཀྱང་བྱེད་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །སྐྱེས་པའི་རབས་ལས་ཀྱང། དགེ་དང་མི་དགེའི་ལས་ རྣམས་གོམས་བྱས་པས། །མི་རྣམས་ལ་ནི་འདྲིས་པ་ཉིད་དུ་འགྱུར། །དེ་ལྟ་བུ་དག་ཆེད་དུ་མ་སྒྲིམས་ཀྱང། །ཚེ་རབས་གཞན་ལ་རྨི་ལམ་བཞིན་དུ་སྤྱོད། །རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་མ་སྦྱངས་ན། །རིགས་དང་གཟུགས་དང་ལང་ཚོའི་ཡོན་ཏན་རྣམས་དང་ནི། །སྟོབས་ནི་རབ་ཏུ་ཆེ་ ཞིང་ནོར་གྱིས་ཕྱུག་ཀྱང་རུང། །ཕྱི་མའི་ཚེ་ལ་སུ་ཡང་བདེ་བ་ཐོབ་མི་འགྱུར། །རིགས་ལ་སོགས་པ་དམའ་ཡང་སྡིག་ལ་མ་ཆགས་ཤིང། །རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཡོན་ཏན་ལྡན། །དབྱར་གྱི་དུས་ན་འབབ་ཆུས་རྒྱ་མཚོ་གང་བ་བཞིན། །ཕྱི་མའི་ཚོ་ལ་ངེས་པར་བདེ་བ་རྒྱས་པར་ འགྱུར། །དགེ་དང་མི་དགེའི་ལས་པས་འཇིག་རྟེན་ཕ་རོལ་ཏུ། །བདེ་དང་སྡུག་བསྔལ་འབྱུང་བར་རབ་ཏུ་ངེས་བྱས་ནས། །སྡིག་པ་སྤངས་ཏེ་དགེ་བའི་གནས་ལ་རབ་ཏུ་འབད། །དད་པ་མེད་པ་དག་ནི་ཇི་ལྟར་འདོད་པར་སྤྱོད་ཅེས་གསུངས། །དེ་ལྟར་ལས་དང་འབྲས་བུའི་ངེས་ལ་བརྟན་པོ་ཉིད་བསྒོམ་པར་བྱ་བ་ འདི་ནི་དཀར་པོའི་ཆོས་ཐམས་ཅད་སྐྱེ་བ་དང་མི་ཉམས་པ་དང་འཕེལ་བ་ཀུན་གྱི་རྩ་བ་དང་གནད་དང་འགག་གི་དོན་དུ་ངེས་པར་ཟུངས་ཤིག་བསྟན་པ་ལ་འཇུག་པའི་རིམ་པ་རྣམ་པར་བཤད་པ་ལས་ལས་དང་འབྲས་བུ་བསྒོམ་པ་ལ་འཇུག་པ་བཤད་པ་སྟེ་ལེའུ་བཞི་པའོ།། ༈ ། ། [152B] གཟུགས་སོགས་སྙིང་པོ་མེད་ཅིང་མི་རྟག་དང། །སྡུག་བསྔལ་བདག་མེད་མི་གཙང་དྲི་ང་སོགས། །ཉོན་མོངས་མང་སྨད་སྲེད་པ་རྒྱུད་མས་སྦྲེལ། །ལས་ཀྱིས་བྲིས་པ་རྨ་བྱའི་མདོངས་བཞིན་ནོ། །དེ་ལ་སྙིང་པོ་ཡོད་སོགས་བདེན་ ཞེན་པ། །གཏི་མུག་ལ་གཞོལ་ལྡོངས་ཤིང་ལྟ་བས་གཟིངས། །ཆོས་རྣམས་མཁའ་ལྟར་སྟོང་སོགས་ངེས་རྟོག་ལ། །སྐྱོ་ཞིང་ཆགས་བྲལ་སྐྱེ་བ་ཟད་པར་འབད། །ཆོས་དང་དོན་རྣམ་པར་འབྱེད་པ་ལས། ཕུང་པོ་ལྔ་སྙིང་པོ་མེད་པ་འདི་དག་ལ་བྱིས་པ་རྣམས་སྙིང་པོར་འདུ་ཤེས་སོ། །ཕུང་པོ་རྣམས་ ནི་ཁ་དོག་ངན་པ་དྲི་ང་བ་རྣག་དང་ཁྲག་གི་འབྱུང་གནས། ཤིང་དང་བོང་བ་དང་ལམ་དང་མཚུངས་པ། སྙིང་པོ་མེད་པ་གཡོ་བ་མེད་པ། དགའ་བ་དང་མི་དགའ་བར་འབྲེལ་བ། སྲེད་པའི་ལུ་གུ་རྒྱུད་ཀྱིས་ཕན་ཚུན་འབྲེལ་བ། ཉོན་མོངས་པ་མང་བ་ཤིན་ཏུ་སྨད་པ་ཡིན་ན། བྱིས་པ་དག་ནི་སྙིང་པོ་མེད་ པ་ལ་སྙིང་པོར་ཤེས། མི་རྟག་པ་ལ་རྟག་པར་ཤེས། མི་སྡུག་པ་ལ་སྡུག་པར་ཤེས། མི་གཙང་བ་ལ་གཙང་བར་ཤེས། མི་བདེན་པ་ལ་བདེན་པར་ཤེས་སོ། །ཕུང་པོ་ལྔ་ནི་རྨ་བྱའི་མདོངས་ལྟར་རང་གི་ལས་ཀྱིས་བྲིས་པའོ། །དེ་ལ་སྙིང་པོར་ཤེས་པ་ནི་ཡང་དག་པ་མ་ཡིན་པ་ལྡོངས་པ་རྨོངས་པ་གཏི་མུག་ལ་ གཞོལ་བ་མུན་པ་དང་རབ་རིབ་དང་ལིང་ཏོག་གིས་ཁེབས་པ་ལྟ་བ་ཐམས་ཅད་ཀྱི་ཚང་ཚིང་འཐིབས་པོས་གཏིབས་པའོ། །ཆོས་ཐམས་ཅད་ནི་ནམ་མཁའ་ལྟར་ཟབ་པའོ་ཞེས་སོ། །མངལ་དུ་འཇུག་པ་ལས་ཀྱང་གཟུགས་ལ་སོགས་པ་མི་རྟག་པ་དང། སྡུག་བསྔལ་བ་དང་བདག་མེད་པར་ཤེས་རབ་ཀྱིས་སོ་ སོར་བརྟགས་ན་སྐྱེ་བར་འགྱུར་རོ། །དེ་ལས་ནི་མངོན་པར་མི་ཞེན་ནོ། །མ་ཞེན་པས་ནི་རྣམ་པར་གྲོལ་བ་ཐོབ་ནས། བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་བསྟེན་ཏོ། །བྱ་བ་ནི་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་སྒྲོགས་པར་འགྱུར་བ་སོ་སོར་རྟོག་གོ་ཞེས་སོ། ༈ །རྒྱས་པར་དབྱེ་བ་ལས་ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་མངོན་རྟོགས་ཀྱི་རྗེས་སུ་འབྲངས་ཏེ་བསྒོམ་པ་ནི། འཇིག་རྟེན་གནས་པ་འདི་དག་གཙེ་བ་བཅུས། །རབ་གཙེས་མནར་སེམས། གཞི་བཅུས་ཕན་ཚུན་སྡང། །ལྟ་ངན་འཐིབས་པོ་བཅུས་ནོན་ཟུག་རྔུ་བཅུས། ། [153A]༄༅། །ཡོངས་ཟུག་སྲེད་རྩ་ལས་བྱུང་ཆོས་བཅུས་གནས། །ལོག་པ་བཅུ་ཡིས་ལོག་རྟོག་མི་དགེ་བཅུས། །ངན་འགྲོའི་ལམ་ཞུགས་ཀུན་ནས་ཉོན་མོངས་པ། །བཅུ་ཡི་དྲི་མས་ཡོངས་སྦགས་ཡོངས་འཁྲི་བཅུས། །འཁྲིས་པར་གཟིགས་ནས་རང་བྱུང་མངོན་བྱུང་གཤེགས། བྱང་ཆུབ་ སེམས་དཔའི་སྡེ་སྣོད་ལས་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་ལ་སོགས་པ་ལྔ་བརྒྱ་ཙམ་གོའུ་ཏ་མ་ཅི་ཞིག་གཟིགས་ནས་ཁབ་སྤངས་ཏེ་རབ་ཏུ་བྱུང་བར་གཤེགས་སྙམ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་མ་ཁྱིམ་བདག་རྣམས་འཇིག་རྟེན་གནས་པ་འདི་ནི་གཙེ་བ་བཅུས་ གཙེ་བར་མཐོང་ནས་བྱང་ཆུབ་ཐོབ་པར་བྱའོ་ཞེས་ང་དད་པས་རབ་ཏུ་བྱུང་སྟེ། བཅུ་གང་ཞེ་ན། སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་དང། འཁོར་བས་གཙེ་བའོ། །ཡང་འཇིག་རྟེན་གནས་པ་འདི་ཞེ་སྡང་ཞིང་ ཀུན་ནས་མནར་སེམས་ཀྱི་དངོས་པོ་བཅུས་ཕན་ཚུན་མནར་སེམས་བྱེད་པར་མཐོང་ནས་དེ་དག་བསལ་བའི་ཕྱིར་ཏེ་བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་ཞེས་བྱ་བ་གསུམ་དང། བདག་གི་མཛའ་བོ་ལ་གནོད་པ་བྱས་སོ་ཞེས་བྱ་བ་ལ་སོགས་པ་གསུམ་དང། བདག་དང་མི་མཛའ་བའི་དོན་ བྱས་སོ་ཞེས་བྱ་བ་ལ་སོགས་པ་གསུམ་ལས་སེམས་ལ་མནར་སེམས་སྐྱེ་བ་དགུ་དང། གནོད་པའི་རབ་ཏུ་སྡང་བ་ཉིད་དོ། །ཡང་ལྟ་བར་བྱས་པ་ལྟ་བ་ངན་པའི་འཐིབས་པོ་བཅུས་གནོད་པར་མཐོང་ནས་དེ་དག་གཞིག་པའི་ཕྱིར་ཏེ། བདག་དང། སེམས་ཅན་དང། སྲོག་དང། གང་ཟག་དང། ཆད་པ་དང་ རྟག་པ་དང། བྱ་བ་མེད་པ་དང། རྒྱུ་མེད་པ་དང། མི་མཐུན་པ་རྒྱུར་ལྟ་བ་དང། ལོག་པར་ལྟ་བར་འགྱུར་བའོ། །ཡང་ཟུག་རྔུ་ཆེན་པོ་བཅུས་ཡུན་རིང་པོར་ཟུག་པར་མཐོང་ནས་དེ་དག་བསལ་བའི་ཕྱིར་ཏེ། སྲེད་པ་དང། མ་རིག་པ་དང། འདོད་པ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་ དང། ལྟ་བ་དང། འབྱུང་བ་དང། འཇིག་པའི་ཟུག་རྔུའོ། །ཡང་སྲེད་པའི་རྩ་བ་ལས་བྱུང་བའི་ཆོས་བཅུས་རྩ་བའི་གནས་ལ་གནས་པར་མཐོང་ནས་རྩ་བ་མེད་པའི་བྱང་ཆུབ་ཐོབ་པར་བྱའོ་ཞེས་ཏེ། སྲེད་པ་ལ་བརྟེན་ནས་ཀུན་ཏུ་ཚོལ་བ་དང། དེ་ལ་བརྟེན་ནས་རྙེད་པ་དང། དེ་ལས་ང་ཡིར་འཛིན་པ་དང་ [153B] དེ་ལས་འདུན་པའི་འདོད་ཆགས་དང། དེ་ལས་ལྷག་པར་ཆགས་པ་དང། དེ་ལས་སེར་སྣ་དང། དེ་ལས་ཡོངས་སུ་འཛིན་པ་དང། དེ་ལས་ཀུན་ཏུ་བསྲུང་བ་དང། དེ་ལ་བརྟེན་ནས་སྡུག་བསྔལ་ཏེ་དབྱིག་པ་དང་མཚོན་ཆ་ཐོགས་པ་དང་འཐབ་པ་དང་རྩོད་པ་དང་འགྱོད་པ་དང་མཚང་ འབྲུ་བའོ། །དེའི་ཕྱིར་ཕྲ་མ་ལ་སོགས་པ་མང་པོའང་འབྱུང་ངོ། །ཡང་ལོག་པའི་ཆོས་རྣམ་པ་བཅུས་ལོག་པར་ངེས་པར་མཐོང་ནས་ལོག་པ་ཐམས་ཅད་ལས་འདའ་བའི་ཕྱིར་ཏེ། ལོག་པའི་ལྟ་བ་དང། ལོག་པའི་རྟོག་པ་ལ་སོགས་པ་བརྒྱད་དང། ལོག་པའི་རྣམ་གྲོལ་དང། ལོག་པའི་ཤེས་པའོ། །ཡང་མི་ དགེ་བ་བཅུས་ལམ་ངན་པར་ཞུགས་ཤིང་ཕལ་ཆེར་ངན་སོང་དུ་གཞོལ་བ་དང་འབབ་པ་དང་འབབ་པར་མཐོང་ནས་ངན་སོང་ལས་འདའ་བའི་ཕྱིར་ཏེ། སྲོག་གཅོད་པ་ནས་ལོག་ལྟའི་བར་རོ། །ཡང་ཀུན་ནས་ཉོན་མོངས་པ་བཅུས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་དྲི་མ་དང་ལྡན་པར་མཐོང་ནས་ དྲི་མ་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ཏེ། སེར་སྣའི་ཉོན་མོངས་པ་ལ་སོགས་པ་དྲུག་དང། སྲི་ཞུ་མེད་པ་དང། ཐེ་ཚོམ་དང། མ་མོས་པ་དང། མ་གུས་པའི་དྲི་མས་ཀུན་ནས་ཉོན་མོངས་པའོ། །ཡང་འཇིག་རྟེན་གནས་པ་འདི་ཡོངས་སུ་འཁྲི་བ་བཅུས་བསྒྲིབས་པར་མཐོང་ནས་ཏེ། ཕྲག་དོག་དང་སེར་ སྣའི་ཀུན་སྦྱོར་དང་ལྡན་པ་དང། མ་རིག་པའི་ལིང་ཏོག་གིས་ཁེབས་པ་དང། གཏི་མུག་གི་འོབས་སུ་ནུབ་པ་དང། འདོད་པའི་རླུང་དམར་གྱིས་དེད་པ་དང། འདོད་པའི་ཟུག་རྔུས་གཤིས་སུ་ཟུག་པ་དང། ཁྲོ་བ་དང་ཁོན་འཛིན་གྱི་དུ་བས་ཤིན་ཏུ་བདུགས་པ་དང། འདོད་ཆགས་ཀྱི་མེས་ཀུན་ཏུ་འབར་བ་དང་ ཞེ་སྡང་གི་དུག་གིས་ཀུན་ཏུ་ཁེབས་པ་དང། སྒྲིབ་པའི་ཚེར་མས་ཀུན་ཏུ་བསྐོར་བ་དང། འཁོར་བའི་འབྲོག་དགོན་པར་འཁྱམས་པས་བརྩོན་འགྲུས་ཉམས་པར་མཐོང་ནས་སོ་ཞེས་སོ། ། ༈ བརྟན་རྣམས་སེམས་བསྐྱེད་བཅུ་ཡིས་མངོན་འཕཌ་ ཏེ། །ལུས་གནོད་མང་པོ་གཡོ་བས་སྙིང་པོ་མེད། །བདག་ཀྱང་ཐོག་མེད་འཁྲུལ་པས་ལས་ངན་ཚོགས། །མང་སྤྱད་ངན་སོང་སྡུག་བསྔལ་མཐའ་ཡས་མྱོང། །གུས་སྤངས་ཁེངས་ལས་ལུས་དམན་ངན་ལྟར་ལྡན། །མེད་ལྟས་དགེ་ཚོགས་མི་འཚོལ་དབང་པོ་ཉམས། །དོན་ལྡན་ཚིག་སྤང་ [154A]༄༅། །སྐུར་བརྗོད་ཐ་ཆད་གྱུར། །འགྲོ་འདི་དོན་མེད་བསྐོར་བདག་གཅེས་འཛིན་བརླག་བཀའ་བློ་མི་བདེ་བླ་མ་ཁྱད་གསོད་རྣམས། །རིང་སྤངས་ལུས་སོགས་སྙིང་པོ་མེད་པ་ལས། །སྙིང་པོ་བླང་ཕྱིར་བླ་མ་མཉེས་དོན་དུ། །སྣོད་གང་ཆུ་ཡང་འབུལ་ཞིང་དགེ་ཚོགས་བསྒྲུབ། །ཡང་སྡེ་སྣོད་ཉིད་ ལས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་བསྐྱེད་བ་བཅུ་བསྐྱེད་པར་བྱེད་དེ། དང་པོ་ནི་ཀྱེ་མ་ལུས་འདི་ན་བ་སྟེ་ཁམས་བཞིའི་སྦྲུལ་གདུག་པ་བཞི་རྟག་ཏུ་མི་མཐུན་པའོ། །འདི་ནི་སྡུག་བསྔལ་དང་ཉེས་པ་མང་བ། སྨྱ་བ་དང་འབྲས་དང་ཕོལ་མིག་དང་མེ་དབལ་དང་གཡན་པ་དང་རླུང་དང་མཁྲིས་ པ་དང་བད་ཀན་གྱིས་གང་བ་སྟེ། ནད་དང་ཕོལ་དང་ཟུག་རྔུ་དང་ཆུ་བོ་དང་གནོད་པ་དང་འདྲ་བ་དང། གཡོ་བ་འཇིག་པ་ཉམ་ཆུང་བ་སྙིང་པོ་མེད་པ་ཤིག་ཤིག་པོ་ཡུན་ཐུང་བ་སྐད་ཅིག་པ་དུར་ཁྲོད་དུ་འཇིག་པར་ཤེས་ནས་སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་འདོད་པས་ཆོས་འཚོལ་ཞིང་བླ་མ་ ལ་རིམ་གྲོ་བྱེད་དེ་ཐ་ན་ཆུ་ཕོར་གང་ཙམ་ཡང་འབུལ་ལོ། །གཉིས་པ་ནི་ལུས་འདི་སྙིང་པོ་མེད་པ་རྟག་ཏུ་དྲིལ་བ་བཀུ་བ་མཉེ་དགོས་པ། འཇིག་པ་འགྱེད་པ་འབྲལ་བའི་ཆོས་ཅན་ནོ། །དཔེར་ན་རྫ་མཁན་གྱི་སྣོད་ཆེ་ཆུང་བྱས་པ་ཐམས་ཅད་མཐར་འཇིག་པ་ལྟར་མཐར་འཇིག་པའོ། །ཤིང་གི་ཡལ་ ག་དང་ལོ་མ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ཐམས་ཅད་མཐར་ལྟུང་བ་ལྟར་ལྟུང་བའི་ཆོས་ཅན་ནོ། །རྩྭ་རྩེའི་ཟིལ་པ་ཉི་མས་ཕོག་པ་ལྟར་རིང་དུ་མི་གནས་པའོ། །ཆུའི་ཚོགས་ཀྱི་དབུ་བ་རྡོས་པ་ལྟར་རང་བཞིན་གྱིས་ཉམ་ཆུང་བའོ། །ཆར་གྱི་ཆུ་བུར་ལྟར་ཉམ་ཆུང་ངུའོ་སྙམ་ནས་ཀྱང་སྔ་ མ་ལྟར་སྙིང་པོ་ལེན་ཏོ། །གསུམ་པ་ནི་བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཏེ་སྡིག་པའི་གྲོགས་པོའི་དབང་དུ་སོང་བ་ལེ་ལོ་ཅན་བརྩོན་འགྲུས་ཉམས་པ་སྙོམས་ལས་དང་ལྡན་པ་བླུན་པ་ལོག་པར་ལྟ་བ་སྟེ། མཆོད་སྦྱིན་ལ་སོགས་པ་ལོགས་པར་བྱས་པ་དང་ཉེས་པར་བྱས་ པ་མེད་པར་ལྟ་ཞིང་འདོད་པས་ཟིལ་གྱིས་ནོན་པས་མི་དགེ་བ་མང་པོ་བྱས་པ་ལས། ཡི་དྭགས་འཇིགས་སུ་རུང་བར་སྐྱེས་ནས་ལོ་བྱེ་བ་ཕྲག་མང་པོར་མེ་མ་མུར་ཟ་ལ། ཆུའི་སྒྲའང་མི་ཐོས་ན་ལུས་ཀྱི་རེག་པ་ལྟ་ཅི་སྨོས་པས་ན། ད་ལྟར་དགེ་བའི་ལུས་ཐོབ་པ་ན་སྦྱིན་གནས་དག་ལ་མཆོད་པ་དང་ [154B] །བཞི་པ་ནི་ཡང་བདག་སྔ་མ་བཞིན་གྱུར་པས་གཞན་ལ་ཁུ་ཚུར་ལ་སོགས་པས་བརྡེག་ཅིང་གཙེས་ཏེ། །མེད་པར་ལྟ་བ་དང་ཞེ་སྡང་གིས་སྡིག་པའི་ལས་མང་པོ་བྱས་པས། དུད་འགྲོ་འཇིགས་སུ་རུང་བ་རྔ་མོ་དང་བོང་བུ་ལ་སོགས་པར་གྱུར་ནས་རྩྭ་ཟ་ཞིང་ དབྱུག་པས་བསྡིགས་ཏེ་མི་འདོད་བཞིན་དུ་ཁལ་བཀལ་བ་ལ་སོགས་པ་ལས་སྔ་མ་བཞིན་ནོ། །ལྔ་པ་ནི་ཡང་སྔ་མ་ལྟར་གྱུར་པས་སེམས་ཅན་ཐམས་ཅད་ཀྱིས་ཤ་གཅིག་ཏུ་སྤུངས་ཀྱང་སྡིག་པ་མེད་ལ། རྒྱ་མཚོའི་ཚུ་རོལ་པ་ཐམས་ཅད་ལ་སྦྱིན་པ་བྱས་ཀྱང་དགེ་བ་མེད། ཕ་རོལ་ཐམས་ཅད་ བསད་ཀྱང་སྡིག་པ་མེད་ཅེས་སྡིག་ལྟ་དང་གཏི་མུག་གིས་སྡིག་པ་མང་པོ་བྱས་པས། དམྱལ་བ་འཇིགས་སུ་རུང་བར་སྐྱེས་ཏེ་ལྕགས་ཀྱི་ཐུ་ལུམ་ཟ་བ་ལ་སོགས་པ་ལོ་བྱེ་བ་ཕྲག་མང་པོར་བདེ་བའི་སྒྲའང་མི་ཐོས་ན་ལུས་ཀྱི་རེག་པ་ལྟ་ཅི་སྨོས་སྙམ་པས་སྔ་མ་བཞིན་ནོ། །དྲུག་པ་ནི་ཡང་སྔ་མ་ ལྟར་གྱུར་པས་འདུད་པ་དང། ཕྱག་བྱེད་པ་དང་གུས་པར་སྨྲ་བ་དང་ཐལ་མོ་སྦྱོར་བ་དང་ལྡང་བ་ལ་སོགས་པའི་ལས་མེད་ཅེས་ལྟ་ཞིང་ང་རྒྱལ་གྱིས་སྡིག་པ་མང་པོ་བྱས་པས་མིའི་ནང་དུ་སྨད་པའི་ལུས་ཐོབ་སྟེ་དབུལ་པོ་དང་བྲན་དང་གཞན་གྱི་དབང་དུ་གྱུར་པ་དང་འདོད་ཆེན་ཅན་དང། ལོག་པའི་ ལྟ་བ་ཅན་མི་དགེ་བ་གསུམ་ལ་གནས་པ། བགྲོད་པར་བྱ་བ་མ་ཡིན་པ་བཞི་ལ་བགྲོད་པ། སྒྲིབ་པ་ལྔས་བསྒྲིབས་པ། བླ་མ་དྲུག་ལ་མི་གུས་པ། དམ་པ་མ་ཡིན་པ་བདུན་ལ་འཇུག་པ། ལོག་པ་བརྒྱད་ལ་ལོག་པར་ངེས་པ། གནོད་པ་དགུས་གནོད་པ། མི་དགེ་བ་བཅུའི་ལམ་ཕན་པར་ཞུགས་པ་ དམྱལ་བ་ལ་ཕྱོགས་པ་མཐོ་རིས་ལས་བྱོལ་བ་དགེ་བའི་བཤེས་གཉེན་དང་བྲལ་བ། སྡིག་གྲོགས་དང་བདུད་ཀྱི་དབང་དུ་གྱུར་བ་དང། དགེ་བ་སྤངས་ཤིང་མི་དགེ་བ་ལ་སྤྱོད་པ་དག་མི་འདོད་བཞིན་དུ་དབྱུག་པ་ལ་སོགས་པས་བསྡིགས་ཤིང་འཁོལ་ལོ་སྙམ་པས་སྔ་མ་བཞིན་ནོ། །བདུན་ པ་ལ་སྔ་མ་ལྟར་གྱུར་པས་དཀར་ནག་གི་ལས་དང་འབྲས་བུ་མེད་པར་ལྟ་ཞིང་ང་རྒྱལ་གྱིས་དམ་པ་དག་ལ་དགེ་བ་ནི་ཅི། མི་དགེ་བ་ནི་ཅི་ཞེས་བྱ་བ་ལ་སོགས་པ་མི་འདྲི་བར་སྡིག་པ་མང་པོ་བྱས་པས། དབང་པོ་མ་ཚང་བའི་མིར་སྐྱེས་ནས་བླུན་པ་དང་ལྐུགས་པ་དང་ལོང་བ་དང་དིག་པ་དང་འོན་པར་གྱུར་ [155A]༄༅། །ཏེ༑ ལེགས་པར་བཤད་པ་དང་ཉེས་པར་བཤད་པ་མི་ཤེས་སོ་སྙམ་པས་དགེ་བ་དང་མི་དགེ་བ་ལ་སོགས་པ་དྲི་བར་བརྩོན་ཞིང་སྔ་མ་བཞིན་ནོ། །བརྒྱད་པ་ན་ཡང་སྔ་མ་ལྟར་གྱུར་བས་ཚིག་དོན་དང་ལྡན་ཞིང་ལེགས་པར་བརྗོད་པ་སྤངས་ཏེ་ལྡོག་པ་ཆད་པ་ལྟ་བ་སྟོན་པར་བཟུང་ ནས་སྡིག་པ་མང་པོ་བྱས་པས། མིའི་ནང་ན་སྨད་པ་དབང་པོ་ཐམས་ཅད་མ་ཚང་བ་ལོག་པའི་ལྟ་བ་ཅན་དུ་གྱུར་པར་བསམ་ཞིང། ཆེན་པོ་བསྟན་པའི་ཚིག་དག་བཙལ་བར་སྔ་མ་བཞིན་ནོ། །དགུ་པ་ནི་སེམས་ཅན་འདི་དག་ནི་དོན་མེད་པས་བསྐོར་བ་ལུས་དང་སྲོག་ལ་ལྟ་ཞིང་བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་རྣམས་ལ་མི་ལྟ་བས། རང་ཉིད་སྦ་དང་དྲིལ་བ་དང་མཉེ་བ་དང་ཁྲུས་དང། ཆུང་མ་དང་བུ་ལ་སོགས་པ་དང། བྲན་ཕོ་མོ་ལ་སོགས་པ་བསྲུང་ཞིང་ཞེན་པའོ། །དོན་གྱི་བསྐོར་བ་ནི་དེ་ལས་ལྡོག་པ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་ དག་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། བསྡུ་བའི་དངོས་པོ་བཞི་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང། ཕ་དང་མ་དང་མཁན་པོ་དང་སློབ་དཔོན་ལ་བཀུར་སྟི་བྱེད་ཅིང་འདུད་པ་དང། དཀོན་མཆོག་གསུམ་གྱི་ཞལ་ཏ་བྱེད་པ་སྟེ། བདག་གིས་དོན་མེད་པའི་ བསྐོར་བ་སྤངས་ལ་དོན་གྱི་བསྐོར་བས་བླ་མ་མཉེས་པར་བྱ་ཞིང་སྙིང་པོ་བླང་བ་དང། ཚོགས་གཉིས་ཀྱིས་ཉེ་བར་བརྟན་པས་སྙིང་པོ་བྱང་ཆུབ་དང་ཉེ་བར་བྱའོ་སྙམ་པའོ། །བཅུ་པ་ནི་སེམས་ཅན་འདི་དག་ནི་བཀའ་བློ་མི་བདེ་བས་སློབ་དཔོན་གྱིས་བསྟན་པ་དང་མི་མཐུན་པར་ འཛིན་ཅིང་སློབ་དཔོན་གྱི་ནོར་བདུན་པོ་ཁོང་དུ་མི་ཆུད་པས་རབ་ཏུ་དབུལ་བའོ། །བདག་ནི་བཀའ་བློ་བདེ་ཞིང་མཐུན་པར་འཛིན་པས་ནོར་བདུན་ཁོང་དུ་ཆུད་པར་བྱ་སྟེ། བཀའ་བློ་བདེ་བ་ལ་ནི་བླ་མས་ཆོས་རྒྱ་ཆེར་སྟོན་པར་བྱེད་པས་དབུལ་བ་དང་བྲལ་བ་བྱང་ཆུབ་ཆེན་པོ་ཁོང་དུ་ ཆུད་པར་འགྱུར་རོ། །དེ་ལྟར་བཀའ་བློ་བདེ་བས་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པར་འགྱུར་རོ་སྙམ་པས་བླ་མ་ལ་བསྙེན་བཀུར་བྱེད་དེ་ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ་ཞེས་སོ། ༈ །འདས་ཆེན་ལས་འབྱུང་བ་ལས་གནོད་པ་དཔེས་མཚོན་པ་བསྒོམ་པའི་དབང་དུ་བྱས་ [155B] དཔེར་ན་སྦྲུལ་གདུག་བཞི་སྣོད་གཤེད་མ་ལྔ། །མཛའ་བར་འཆོས་པས་བསླུ་དང་གྲོང་སྟོང་དང། །དགྲ་བོ་དྲུག་དང་ཆུ་ཆེན་འཇིགས་པ་ཡིས། །རབ་སྐྲག་གཟིངས་བཅས་བྲོས་པས་བདེར་གནས་འཐོབ། །དཔེར་ན་རྒྱལ་པོས་མི་ཞིག་ལ་སྦྲུལ་གདུག་པ་བཞི་སྣོད་གཅིག་ ཏུ་འཚོར་བཅུག་པས། འདི་དག་གཅིག་བྲོས་ནའང་ཁྱོད་གསོད་དོ་ཞེས་པས་བྲེད་དེ་བོར་ནས་བྲོས་སོ། །ཡང་རྒྱལ་པོས་གཤེད་མ་ལྔས་དེ་བསྙེགས་སུ་བཏང་སྟེ་རལ་གྲི་ཐོགས་ཏེ་བྱུང་བ་མཐོང་བས་ཆེས་མྱུར་བར་བྲོས་སོ། །དེ་ལྔས་རལ་གྲི་སྤས་ཏེ་གཅིག་མཛའ་བ་ལྟར་སྒྱུས་བསྙེན་ནས་ཁྱོད་ ཕྱིར་ལོག་ཅིག་ཅེས་པ་དང། དེ་ཡིད་མ་ཆེས་ནས་གྲོང་ཁྱེར་གཅིག་ཏུ་བྲོས་པ་ན་ཁང་པ་ཐམས་ཅད་ན་མི་གཅིག་ཀྱང་མེད་དེ་སྣོད་ཀུན་ཀྱང་སྟོང་བར་མཐོང་ནས། དེར་འདུག་པ་དང་ནམ་མཁའ་ལ་ཀྱེ་འདི་ན་སུ་ཡང་མེད་ལ་དེ་ནུབ་དགྲ་མ་རུངས་པ་དྲུག་འོང་བས་ཁྱོད་གསོད་ན་ཅི་ སྟེ་ལེ་ལོ་བྱེད་ཅེས་གྲག་གོ་ཡང་བྲོས་པ་ན་ཆུ་ཆེ་ལ་དྲག་པ་ཞིག་དང་ཕྲད་དེ་གྲུ་གཟིངས་ནི་མེད་པས་སྐྲག་ནས། རྩྭ་ཤིང་བསྡུས་པའི་གཟིངས་བཅས་ཏེ་འདིར་འདུག་ན་ནི་སྔ་མ་དེ་རྣམས་ཀུན་གྱིས་འཚེ། ཆུ་བརྒལ་ནའང་གྲུ་གཟིངས་ངན་མོད་ཀྱི་ཆུར་ཤིའང་བླ་སྦྲུལ་དང་འཚེ་ བ་མེད་པར་བྱའོ་སྙམ་ནས། རྩྭའི་གཟིངས་སུ་ཞུགས་ཤིང་ལག་པས་བྲུས། རྐང་པས་འཕྲས་པས་བདེ་བར་ཐར་པར་གྱུར་པའོ། ༈ །དོན་ལ་སྦྱར་བ་ནི། དེ་བཞིན་ལུས་ཀྱི་ཆེན་པོ་བཞི་ཡི་སྦྲུལ། །དུག་ཆེན་དོར་ཕྱིར་འཕགས་ལམ་བརྩོན་པས་བྲོས། །སྲིད་པར་གསོད་བྱེད་གཤེད་མ་ཕུང་པོ་ལྔ་ མཛར་བཅོས་བསླུ་ལ་འདོད་ཆགས་འཆིང་འདི་ཡིན། །སྐྱེ་མཆེད་དྲུག་པོ་གྲོང་སྟོང་རྐུན་སོགས་ཚངས། །དགྲ་ཆེན་དྲུག་ནི་ཡུལ་དྲུག་གནོད་མང་བྱེད། ། ཉོན་མོངས་ཚུ་ཀླུང་གཏིང་ཟབ་མཐའ་ཡངས་ཏེ། །ཚུལ་ཁྲིམས་ལ་སོགས་གཟིངས་བཅས་ལེགས་བརྒལ་བྱ། །དཔེ་སྔ་མ་དང་འདྲ་བར་བྱང་ ཆུབ་སེམས་དཔའ་ཡང་ལུས་ནི་སྣོད་ལྟ་བུར་རྟོག་གོ་ཆེན་པོ་བཞི་ནི་སྦྲུལ་གདུག་པ་སྟེ་མཐོང་བ་དང་རོག་པ་དང་བཔུགས་དང་ཟོས་པའི་དུག་ལས་བལྟས་པ་ལ་སོགས་པས་སྡིག་པ་བྱེད་པའི་ཕྱིར་རོ། །དེ་དག་པོར་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པས་བྲོས་སོ། །གཤེད་ [156A]༄༅། །མ་ལྔ་ནི་ཕུང་པོ་ལྔ་སྟེ་དེས་མཛའ་སྡུག་དང་ཕྲལ་ནས་དགྲ་སྡང་བ་དང་སྤྲོད་པ་ལྟར་མི་དགེ་བ་ལ་ཆགས་ཤིང་དགེ་བའི་ཆོས་བྲལ་བར་བྱེད་པས་སོ། །ཡང་དེ་དག་རལ་གྲི་དང་ཕུབ་ལ་སོགས་པས་བརྒྱན་ཏེ་གཞན་གསོད་པ་ལྟར། ཕུང་པོ་ཡང་ཉོན་མོངས་པ་མང་པོས་ ཤིན་ཏུ་བརྒྱན་ཏེ་གཏི་མུག་ཅན་རྣམས་ལ་འཚེ་ཞིང་འཁོར་བར་ལྟུང་བར་བྱེད་དོ། །ཡང་དེས་མི་རྐང་པ་དང་མཚོན་ཆ་དང་གཡོག་མེད་པ་གསོད་པ་ལྟར། ཕུང་པོ་ལྔས་ཀྱང་ཚུལ་ཁྲིམས་དང་ཤེས་རབ་དང་བླ་མ་གསུམ་མེད་པ་དག་གསོད་དོ། །གཤེད་མས་ནི་བསད་ཀྱང་ངན་སོང་དུ་སྐྱུར་ མི་ནུས་ལ། ཕུང་པོ་ལྔས་ནི་ནུས་པས་ན་དེ་བས་ཆེས་རླང་བར་རྟོག་གོ་དེས་ན་ཚེ་གཅིག་ཏུ་རིགས་ངན་དེ་དང་འགྲོགས་པ་ནི་བླའི། ཕུང་པོ་དང་སྐད་ཅིག་ཀྱང་ཉེ་བར་མི་འདོད་དོ། །སྒྱུས་མཛའ་བ་ལྟར་འཆོས་པ་ནི་འདོད་ཆགས་ཏེ་དེ་ནི་ཉེ་ཞིང་མཛར་མི་རུང་ཡང་རུང་བ་ལྟར་སྟོན། མི་དྒེའང་ དགེ་བར་སྟོན། མི་སྡུག་ཀྱང་སྡུག་པར་སྟོན་པས་ཐམས་ཅད་བསླུ་བ་ལྟར། འདོད་ཆགས་ཀྱང་བསླུ་བར་བྱེད་པས་འཁོར་བར་འཆིང་བའོ། །དེ་ལྟར་ཤེས་པ་ནི་སླུར་མེད་པའོ། །གྲོང་སྟོང་པ་ནི་སྐྱེ་མཆེད་དྲུག་སྟེ། དེར་རྐུན་པོ་ཞུགས་ན་བདེ་བ་ཐོབ་པ་ལྟར། ཉོན་མོངས་པ་རྣམས་ཀྱང་དྲུག་པོ་ དེར་ཞུགས་ན་སྟོབས་སྐྱེའོ། །དེར་སྟག་ལ་སོགས་པ་གནས་པ་ལྟར་སྐྱེ་མཆེད་ཀྱང་ཉོན་མོངས་པ་ཅན་གྱི་གཅན་གཟན་མང་པོའི་གནས་སོ། །ཡང་དག་པ་མ་ཡིན་པས་བསླུ་བས་ཀྱང་གྲོང་སྟོང་ངོ། །དགྲ་དྲུག་ནི་ཡུལ་དྲུག་སྟེ་དགེ་བའི་ནོར་ །དགྲ་དྲུག་ལ་ནང་ཡན་མེད་ ན་ལྡོག་པ་ལྟར། ཡུལ་དྲུག་ཀྱང་ཕྱིན་ཅི་ལོག་གི་ནང་ཡན་མེད་ན་འཕྲོག་མི་ནུས་ཏེ། ཤེས་རབ་ཅན་ལ་ལྡོག་པའོ། །དེས་ན་སྲུང་མ་ནི་ཤེས་རབ་པོར་ ཡུལ་ནི་དུས་གསུམ་གྱི་དགེ་བའང་འཕྲོག་པའོ། །ཡང་དགྲ་ཉི་མ་ནུབ་ན་དགའ་བ་ལྟར་ཡུལ་ཡང་མ་ རིག་པའི་མུན་ནག་ལ་དགའོ། །དགྲ་རྒྱལ་པོས་ཕབས་པ་ལྟར་ཡུལ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕབས་སོ། །དགྲས་ནི་ཕ་ཚན་ཆེ་ཞིང་རགས་པ་ལ་མི་ཚུགས་པ་ལྟར་དགེ་བའི་བཤེས་གཉེན་བསྟེན་ན་ཡུལ་གྱིས་མི་འཕྲོགས་སོ། །ཆུ་ཆེན་པོ་ནི་ཉོན་མོངས་ [156B] །ཟབ་ཅིང་གཏིང་རིང་བས་ཆུ་ཀླུང་ །མཐའ་མེད་པས་ཆེན་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་ཁོ་ནས་བརྒལ་བར་ནུས་པའོ། །ཡང་ཆུས་རྩྭ་ཤིང་ལ་སོགས་པ་ཀུན་བསྐྱེད་པ་ལྟར་ ཉོན་མོངས་པས་ཀྱང་སྲིད་པ་ཉི་ཤུ་རྩ་ལྔ་ཀུན་བསྐྱེད་དོ། །མི་ཆུར་ལྷུང་ན་ཁྲེལ་འཛེམ་མེད་པ་ལྟར་ཉོན་མོངས་པར་ལྷུང་བ་ཡང་ངོ། །གཟིངས་ནི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ་ཞེས་གསུངས་ཏེ། དེ་དག་ལ་ བརྟེན་ནས་འཇིགས་པ་ཐམས་ཅད་ལས་འདས་ཤིང་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པའི་གནས་ཐར་པའི་གྲོང་ཁྱེར་ཆེན་པོར་བགྲོད་པར་བྱ་བ་ལ་འབད་པ་བསྐྱེད་པར་དགོངས་པའོ། ༈ །འདུ་ཤེས་བཅུ་དང་དེའི་རྒྱུ་མཐུན་གྱི་དབང་དུ་བྱས་ནས་བསྒོམ་པ་ནི། གཞན་ཡང་འདུ་ཤེས་ བཅུ་ལ་འབད་པ་ཡིས། །མྱ་ངན་འདས་མཐར་བགྲོད་བྱ་མི་རྟག་དང། །སྡུག་བསྔལ་བདག་མེད་ཟས་ །འཇིག་རྟེན་མི་རྒ་འཆི་དང་ཉེས་དམིགས་མང། །སྤོང་དང་འགོག་དང་སྲེད་མེད་འདི་རྣམས་ཀྱི། །རྒྱུ་ནི་མི་རྟག་བདེ་དང་སྡང་མེད་སོགས། །འདུ་ཤེས་བདུན་ཏེ་དེ་དག་གོམས་ བྱེད་པ། །དགེ་སྦྱོང་བྲམ་ཟེ་རབ་ཞི་མཁས་མཆོག་ཡིན། །མདོ་དེ་ཉིད་ལས་འདུ་ཤེས་བཅུ་ལ་འབད་པ་བྱས་ན། མྱ་ངན་ལས་འདས་པ་འཐོབ་སྟེ། མི་རྟག་པ་ནས་སྲེད་པ་མེད་པའི་འདུ་ཤེས་ཀྱི་བར་རོ། །མི་རྟག་པ་ནི་བྱང་ཆུབ་སེམས་དཔའ་གཉིས་པོ་ཐོག་མ་སེམས་བསྐྱེད་པ་དང། རྫོགས་ པའི་བྱང་ཆུབ་ལ་ནན་ཏན་བྱེད་པ་དག་གིས་རགས་པ་དང་ཕྲ་བའི་མི་རྟག་པ་གཉིས་ལས། རྒྱལ་སྲས་དང་པོས་ནི་ཕྱི་དང་ནང་གི་དངོས་པོ་གཉིས་ལས་ནང་གི་དངོས་པོ་ནི་མི་རྟག་པ་སྟེ། ལུས་ཀྱི་མང་ལ་དང་བཙས་པའི་གནས་སྐབས་དང། སྟོབས་དང་ལོངས་སྤྱོད་དང་ཡོན་ཏན་དང་དགེ་བ་ དང་མི་དགེ་བ་དང། ཆེ་བ་དང་ཆུང་བ་ལ་སོགས་པའི་རྣམ་འགྱུར་སྣ་ཚོགས་དམིགས་པའི་ཕྱིར་རོ། །ཕྱིའི་ཡང་ས་བོན་དང་མྱུ་གུ་ལ་སོགས་པ་འཕེལ་འགྲིབ་ཀྱི་རྣམ་འགྱུར་ལ་སོ། །གཞན་ཡང་ལྷ་དག་གི་ནི་ལོངས་སྤྱོད་དང་མངོན་ཤེས་ལ་སོགས་པ་དང་ལྡན་པ་ལས་འཆི་ལྟས་ལྔ་ [157A]༄༅། །འབྱུང་བ་དང་འཆི་བ་དང་ལྟུང་བ་ལ་སོགས་པས་སོ། །མིའང་བསྐལ་པ་དང་པོར་འོད་ལ་སོགས་པ་དང་ལྡན་པ་འགྲིབ་ཅིང། འཁོར་ལོས་བསྒྱུར་བ་རིན་པོ་ཆེ་སྣ་བདུན་ལ་སོགས་པ་དང་ལྡན་པའང་འཆི་བ་ལས་མི་ཐར་བ་ལ་སོགས་པས་སོ། །ས་ཆེན་པོ་འྡིའང་སྔོན་ས་ སྟོངས་མད་པར་སྨན་ལ་སོགས་པས་གང་བ་ལས་རིམ་གྱིས་སྟོབས་བྲི་ཞིང། དེ་ལས་སྐྱེས་པ་རྣམས་ཀྱང་རོ་མེད་ཅིང་གསོབ་ཏུ་གྱུར་པའོ། །དེས་ན་ཕྱི་ནང་ཐམས་ཅད་ཀྱི་མི་རྟག་ནི་རགས་པས་སོ། །ཕྲ་བ་ནི་གཟུགས་རྣམས་རྡུལ་ཕྲན་གྱི་བར་དུ་དང་པོ་ཉིད་ནས་སྐད་ཅིག་མའི་མི་རྟག་པ་ སྟེ་མེར་མེར་པོ་ལ་སོགས་པ་གཞན་དུ་འཕོ་བས་སོ། །སྐད་ཅིག་རེ་རེར་ཡང་རྟག་ན་ནི་འཕོ་བ་དེ་མི་རུང་ངོ། །ཡང་དབང་པོ་དང་མདོག་ལ་སོགས་པ་གསལ་བ་ཕྱིས་རྒུད་ཅིང་ཉམས་པའང་སྐད་ཅིག་རེ་རེ་ནས་བརྩམས་པ་ཡིན་པས་ཕྲ་བའི་མི་རྟག་པ་ནི་སྐད་ཅིག་གིས་འཇིག་པའོ། །སེམས་ ཀྱང་འདོད་པ་དང་སྡང་བ་དང། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྣམ་འགྱུར་སྣ་ཚོགས་ཀྱིས་སོ། །སྡུག་བསྔལ་བ་ནི་དེ་ལྟར་མི་རྟག་པའི་རྐྱེན་ཅན་གྱི་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་ལས་ཕྱི་དང་ནང་གི་སྡུག་བསྔལ་བཀྲེས་པ་དང། སྐོམ་པ་ལ་སོགས་པ་མཐའ་ ཡས་པས་ལུས་འདི་ཉིད་མི་རྟག་པ་དང་སྡུག་བསྔལ་གྱི་སྣོད་དུ་ཤེས་པའོ། །དེ་ཉིད་ཀྱི་བདག་མེད་པའི་ཡང་སྟེ། དེ་ལྟར་རང་དབང་མེད་ཅིང་འཇིག་ལ་སྡུག་བསྔལ་བ་ལ་སུ་ཞིག་བདག་ཏུ་རྟོག་ཡང་བདག་ཡོད་ན་གཅིག་གམ་དུ་མར་ཡོད། དང་པོ་ལྟར་ན་རིགས་བཞི་དང་འགྲོ་བ་ལྔ་ལ་ སོགས་པ་ཡང་ཇི་ལྟར་འཐད། དུ་མ་ཡིན་ནའང་གཅིག་གིས་ཐམས་ཅད་ལ་ཁྱབ་པར་ཇི་ལྟར་འདོད། ཟས་ལ་མི་མཐུན་པའི་ནི་དེ་ལྟར་མི་རྟག་སྡུག་བསྔལ་བདག་མེད་ན་ཅིའི་ཕྱིར་ཟས་ཀྱི་དོན་དུ་ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་བྱེད་དེ། ཟས་ལ་སྲེད་པས་སྡིག་པ་བྱེད་པ་ནི་ཟས་ ནི་གཞན་དང་ཐུན་མོང་དུ་འགྱུར་ལ། རྣམ་སྨིན་ནི་རང་ཉིད་ལ་འབབ་བོ། །དེས་ན་ཟས་ལ་བརྟེན་དགོས་ཀྱང་བུའི་ཤ་ཟ་བ་ལྟ་བུར་བརྟེན་དུ་ཟད་དོ། །ཡང་ཁམ་གྱི་ཟས་ལ་ནི་ལྤགས་པ་བཤུས་པ་ལ་སྲིན་བུ་མང་པོས་ཟ་བ་ལྟར་རྟོག་སེམས་པའི་ལ་མེའི་ཕུང་པོ་ལྟ་བུ་དང། ཡིད་ལ་བྱེད་ [157B]དེས་ན་ཟས་བཟང་པོ་ལའང་མི་གཙང་བར་རྟོག་པས་རྨ་མི་བཟད་པ་ལ་སྨོན་ །དེ་ཉིད་ཀྱི་འཇིག་རྟེན་ཐམས་ཅད་ལ་མི་ཆགས་པའི་ཡང་སྟེ། འཇིག་རྟེན་ཐམས་ཅད་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་གནས་ མ་ཡིན་པ་མེད་དོ། །བདག་གང་དུ་མ་སྐྱེས་པ་དང་མ་ཤི་བའམ། སེམས་ཅན་རེ་རེས་ཀྱང་སྡུག་བསྔལ་ཐམས་ཅད་མ་མྱོང་བའི་གནས་མེད་དེ། ཚངས་པ་ལ་སོགས་པའི་ལྷ་ནས་ཀྱང་ངན་སོང་གསུམ་དུ་དང། འཁོར་ལོས་བསྒྱུར་བ་ཡང་དབུལ་པོ་ལ་སོགས་པར་དང། ལོངས་སྤྱོད་སྣ་ཚོགས་ ཡོད་ཀྱང་འབྲལ་བས་སྡུག་བསྔལ་ཁོ་ནའོ། །ནད་ཆེན་པོས་བཏབ་ན་རོལ་མོ་ལ་སོགས་པ་ལ་ཆགས་པ་མེད་པ་ལྟར་མཁས་པ་ནི་འཇིག་རྟེན་ཐམས་ཅད་ལའོ། །དེ་ལས་འཆི་བའི་ཡང་སྟེ་སྲོག་འདི་རྟག་ཏུ་དགྲ་སྡང་བ་དུ་མས་བསྐོར་བས་རྟག་ཏུ་ཉམས་པར་བྱེད་ཀྱི། འཕེལ་བར་བྱེད་པ་གང་ ཡང་མེད་པ་ལ་སོགས་པར་བཤད་ཟིན་པ་ལྟར་རོ། །འདུ་ཤེས་དྲུག་བོ་དེ་དག་དང་ལྡན་པས་ནི་ཡང་དེ་དག་གི་རྒྱུའི་འདུ་ཤེས་བདུན་ལ་ནན་ཏན་དུ་བྱ་སྟེ། མི་རྟག་པའི་དང། བདེ་བའི་དང། ཞེ་སྡང་མེད་པའི་དང། ཕྲག་དོག་མེད་པའི་དང། བདེ་བའི་སྨོན་ལམ་གྱི་དང། ང་རྒྱལ་མེད་པའི་དང། ཏིང་ངེ་ འཛིན་གྱི་དབང་དུ་གྱུར་པའི་འདུ་ཤེས་སོ། །དེ་ལྟ་བུའི་འདུ་ཤེས་དག་དང་ལྡན་པ་དེ་ནི་དགེ་སྦྱོང་དང་བྲམ་ཟེ་དང་རབ་ཏུ་ཞི་བ་དང། ཡོངས་སུ་དག་པ་དང། རྣམ་པར་གྲོལ་བ་དང། མཁས་པ་ཤེས་རབ་ཅན་དང། ཡོངས་སུ་དག་པའི་ལྟ་བ་དང། ཕ་རོལ་ཏུ་སོན་པ་དང། སྨན་པའི་རྒྱལ་པོ་དང། དེད་དཔོན་ དང། སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པ་ལ་མཁས་པ་དང། ཡང་དག་པ་ཤེས་ཤིང་མཐོང་བ་དང། གསུང་རྣམ་པ་བདུན་རྟོགས་པ་ཞེས་ཀྱང་བྱའོ། །འདུ་ཤེས་དྲུག་དང་ལྡན་པ་དེ་ནི་འཇིག་རྟེན་གསུམ་ལ་ཉེས་དམིགས་མང་བར་ཤེས་པས་མི་སྨོན་ཅིང་སྤོང་བའོ། །འཇིག་རྟེན་གསུམ་ ཞི་བར་བྱེད་པའོ། །འཇིག་རྟེན་གསུམ་ལ་མ་ཆགས་པ་སྟེ། མཁས་པ་ཤེས་རབ་ཅན་འདུ་ཤེས་བཅུ་དང་ལྡན་པའོ་ཞེས་གསུངས་སོ། ༈ །སྐབས་ཀྱི་དོན་བསྡུ་བའི་དབང་དུ་བྱས་ཏེ་སྨྲས་པ། དེ་ཕྱིར་སྲིད་གསུམ་ཐམས་ཅད་སྡུག་བསྔལ་དང། །ཉེས་བ་ཀུན་གྱི་འབྱུང་གནས་ཆེན་པོ་སྟེ། །མེ་ཡི་རླུབས་ [158A]༄༅། །དང་བཙོན་ར་མི་གཙང་རྫབ། །སྤུ་གྲིའི་ལམ་དང་དུག་སྡོང་སོགས་ལྟར་སྨད། །ཡ་ངའི་གནས་ཆེན་འདི་ན་བྱིས་པ་རྣམས། །བདག་ཏུ་ལྟ་སོགས་རྟག་ཆད་མཐར་ལྷུང་ཞིང། །ཉེས་མང་འདོད་བས་བསླུས་ཏེ་བག་མེད་ལས། །ཁྱིམ་གྱི་གནས་སོགས་བྱུར་ཆེན་ནོན་པར་གྱུར། །རྨོངས་སོགས་ གནོད་པའི་རོ་གཅིག་ལྡན་པ་ཡི། །ཡན་ལག་བཅུ་གཉིས་ །བདེ་འྒྲོའང་རྒྱང་བསྲིངས་ཐར་པ་སྨོས་ཅི་དགོས། །འདི་འདྲ་རྗེས་བསམས་རབ་ཏུ་སྐྱོ་ཡིད་བསྒྲུབ། །མནར་མེད་པ་ནས་སྲིད་པའི་རྩེ་མོའི་མཐར་ཐུག་པ་ཁམས་གསུམ་པོ་འདི་མཐའ་དག་གི་འགྲོ་བ་ལྔ་ཅར་ཡང་སྡུག་ བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་དང། རྩོད་པ་དང་ཉོན་མོངས་པ་ལ་སོགས་པ་ཉེས་བ་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་སྟེ། ལུས་དང་སེམས་རབ་ཏུ་གདུང་བར་བྱེད་པས་མེའི་དོང་ཆེན་པོ་དང། འདོད་པའི་གནས་སུ་འགྲོར་མེད་པས་བཙོན་ར་དང། ཉོན་མོངས་པ་དང་ཉེས་སྤྱོད་ཀྱིས་སྤག་ པ་ཐམས་ཅད་ཀྱིས་སྤག་པས་རྩོག་པས་མི་གཙང་བའི་རྫབ་ཆེན་པོ་དང། དགེ་ལེགས་ཀྱི་ཡན་ལག་ཐམས་ཅད་གཅོད་པས་སྤུ་གྲིའི་ལམ་དང། བདེ་འགྲོ་དང་ཐར་བའི་ལམ་གྱི་སྲོག་མ་རུངས་པར་བྱེད་པས་དུག་ཤིང་ལྟ་བུ་ལ་སོགས་པར་རབ་ཏུ་སྨད་པ་ཉིད་དོ། །མདོ་ལས། དགེ་སློང་དག་ཁམས་ གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་གང་ཅི་ཚོར་ཡང་རུང་སྟེ་མཐའ་དག་སྡུག་བསྔལ་འབའ་ཞིག་གོ་དེའི་ཕྱིར་ང་ནི་སེ་གོལ་གཏོགས་པ་སྲིད་ཙམ་གྱིའང་སྲིད་པ་འགྲུབ་པ་བསྔགས་པར་མི་བྱེད་དོ་ཞེས་གསུངས་སོ། །རྗེ་བཙུན་གྱིས་ཀྱང། ཇི་ལྟར་མི་གཙང་བ་ལ་དྲི་ཞིམ་མེད་ བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་མཚོ་ལ་སོགས་རེག་སྐྱེས་བཞིན། །ཞེས་བྱ་བ་ལ་སོགས་པས་རབ་ཏུ་སྨད་དོ། །འདས་ཆེན་ལས་ཀྱང། རྟག་པ་དང་ནི་ཆད་པའི་བློ། །ཆོས་གཉིས་མྱུར་དུ་སྤངས་ནས་ནི། །འདུ་བྱེད་ཐམས་ཅད་བདག་མེད་པ། །ཚུལ་ བཞིན་རབ་ཏུ་བརྟག་པས་བྱོས། །ཀུན་འབྱུང་སྲེད་དང་སྡུག་བསྔལ་ཡང། །ཡེ་ཤེས་ཆུ་ཡིས་བཀྲུ་བར་བྱོས། །ཞེས་འདི་ལ་འཇིགས་པར་ལྟ་བར་གསུངས་སོ། །ཡུལ་འཁོར་སྐྱོང་གིས་ཞུས་པ་ལས་ཀྱང། འཁོར་བ་འདི་ནི་ཡང་ང་བ་དང་ཕྲད་ཅིང་བྱས་པ་མི་གཟོ་བའོ། །བྱིས་བ་དག་ནི་བྱས་པ་མི་ [158B] །འཇིག་ཚོགས་ལ་ལྟ་བ་ནི་ཡ་ང་བའོ། །ཁྱིམ་གྱི་གནས་ནི་ཉེས་པ་མང་བའོ། །བག་མེད་པ་ནི་མཁས་པ་རྣམས་ཀྱིས་སྨད་པའོ། །མ་རིག་པའི་མུན་ནག་ནི་རྨོངས་པར་བྱེད་པའོ། །འདུ་བྱེད་རྣམས་ནི་རྟོགས་པར་དཀའ་བའོ། །རྣམ་པར་ཤེས་པ་ནི་གདུལ་བར་དཀའ་བའོ། །མིང་དང་གཟུགས་ནི་ཟབ་ པའོ། །སྐྱེ་མཆེད་དྲུག་ནི་དབུགས་འབྱིན་པ་མེད་པའོ། །རེག་པ་ནི་ཡོངས་སུ་མི་ཤེས་ཏེ་སྡུག་བསྔལ་སྨིན་པའོ། །ཚོར་བ་ནི་ཉེས་དམིགས་མང་བའོ། །སྲེད་པ་ནི་འཆིང་བ་རབ་ཏུ་དམ་པའོ། །ཉེ་བར་ལེན་པ་ལས་ནི་འབྱུང་བར་དཀའ་བའོ། །སྲིད་པའི་སྲེད་པ་ནི་འཕགས་པ་མ་ཡིན་པའོ། །སྲེད་པ་ཡོད་ན་ སྐྱེ་བ་རྒྱུན་གཅོད་པར་དཀའ་བའོ། །རྒ་བས་ནི་རྣམ་པར་འགྱུར་བར་བྱེད་པའོ། །ནད་ཀྱིས་ནི་རྣམ་པར་འཇིག་པར་བྱེད་པའོ། །འཆི་བ་ནི་རྗེས་སུ་མི་བསྲུང་བའོ། །འཇུག་པ་ནི་རོ་བྲོ་བ་ཆུང་བའོ། །སྲིད་པ་འགྲུབ་པ་ནི་ཉེས་དམིགས་མང་བའོ། །ཇི་ལྟར་སངས་རྒྱས་ཀྱི་བསྟན་པ་ཉམས་དགའ་བ་ལྟར་འདི་བྱ་བར་ མི་ནུས་ཏེ། འདོད་པའི་ཁོལ་བོ་ཉོན་མོངས་པས་རྨོངས་པ། སེམས་ཅན་ཐ་བ་ཅན་བག་མེད་པ་ལ་དགའ་བ། བྱིས་བའི་ནང་ན་འདུག་པ་ཚུལ་བཞིན་མ་ཡིན་པའི་སེམས་དང་ལྡན་པ། འཁོར་བ་ལ་ཆགས་པའི་སེམས་དང་ལྡན་པ། སྐྱེ་བོ་མ་རུངས་པའི་ནང་ན་འདུག་པས་ནི་བདེ་འགྲོའི་ལམ་ཡང་སྦྱང་བར་མི་ ནུས་ན་མངོན་པར་རྫོགས་པར་འཚང་རྒྱ་བ་ལྟ་ཅི་སྨོས་ཞེས་སོ། །དྲན་པ་ཉེར་གཞག་ལས་ཀྱང། འཁོར་བའི་སེམས་ཅན་གྱི་ཚེས་ཉིད་ནི་བརྒྱད་དེ། སྐྱེས་པ་འཆི་བ་དང། ནད་མེད་པ་ན་བ་དང། ལང་ཚོ་རྒས་པ་དང། ལྡན་པ་ལས་འབྲལ་བ་དང། ལས་དགེ་མི་དགེ་ལ་སྤྱོད་དེ་ལས་བདག་གིར་བྱ་བ། ལས་ཀྱི་ བགོ་སྐལ་ལ་སྤྱོད་པ། ལས་སྟོན་པ་དང་དགའ་བ་དང་ཡིད་དུ་འོང་བ་ཐམས་ཅད་ལས་ཀྱང་དམས་ཤིང་མེད་ལ་འབྲལ་བ་དང། གཞན་གྱི་དགེ་སྡིག་གཞན་ལ་མི་དམིགས་པས་མི་བསླུ་བ་དང། བག་མེད་པ་དག་དགེ་བར་འགྱུར་མི་སྲིད་པའོ་ཞེས་སོ།། ༈ འབྲས་གཉིས་གནོད་པ་འགྲོ་བ་ལྔ་ལ་ཐུན་མོང་དུ་བསྒོམ་པ་ནི། ཕུང་པོ་ལྔ་སོགས་འཇིག་རྟེན་སྲིད་པ་ནི། །ཉི་ཤུ་རྩ་ལྔས་རབ་བྱེ་མཐའ་དག་ཀྱང། །མ་རིག་སྲེད་སོགས་ཉོན་མོངས་ལས་རྣམས་ཀྱིས། །སྡུག་བསྔལ་འཁྲུལ་འཁོར་ཆེན་པོར་རྣམ་པར་འཁོར། །སྐྱེ་རྒ་ན་འཆི་སོགས་ཀྱིས་རབ་མནར་ཞིང། ། [159A]༄༅། །སྐྱབས་མེད་མགོན་མེད་རྨོངས་པས་ཉེར་བཅིངས་རྣམས། །ཤེས་པས་རྣམ་པར་རྒོལ་ཕྱིར་འཇིག་རྟེན་དུ། །བརྩེ་ཆེན་དྲང་སྲོང་མཆོག་རྣམས་ཡང་དག་བརྟན། །འདས་ཆེན་ལས་སྲིད་པ་ཉི་ཤུ་རྩ་ལྔ་ནི་དམྱལ་བ་དང། ཡི་དྭགས་དང། དུད་འགྲོ་དང། མི་འཛམ་བུ་གླིང་པ་དང། ཤར་ གྱི་ལུས་འཕགས་པོ་དང། ནུབ་ཀྱི་བ་ལང་སྤྱོད་པ་དང། བྱང་གི་སྒྲ་མི་སྙན་པ་དང། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་དང། སུམ་ཅུ་རྩ་གསུམ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང། བསམ་གཏན་དང་པོ་བ་དང། བསམ་གཏན་གཉིས་པ་བ་ དང། བསམ་གཏན་གསུམ་པ་བ་དང། བསམ་གཏན་བཞི་པ་བ་དང། ཚངས་པ་ཆེན་པོ་དང། འདུ་ཤེས་མེད་པ་དང། གཙང་མའི་གནས་ཀྱི་རིས་པ་དང། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ ཤེས་མེད་མིན་གྱི་ལྷ་རྣམས་སོ་ཞེས་སོ། །རྒྱ་མཚོས་ཞུས་པ་ལས་ཀྱང། བྱིས་པས་བདག་དང་བདག་གིར་འདིར་བརྟགས་ནས། །བླུན་པོ་སྲེད་པས་གཟིར་བ་འདིར་རྨོངས་ཏེ། །འཁོར་བའི་འཁོར་ལོས་ཡོངས་སུ་འཁོར་བ་ན། །སྡུག་བསྔལ་གྱིས་ནོན་ཞི་བ་འཐོབ་མི་འགྱུར་ཞེས་སོ། །ཡེ་ཤེས་རྒྱས་པའི་མདོ་ ལས་ཀྱང། འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔ་སྟེ། དེ་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་འཇིགས་པ་རབ་ཏུ་འཇིགས་པ། ཤིག་ཤིག་པོར་འགྱུར་བ། ལྷོད་ལྷོད་པོར་འགྱུར་བ། རྙིངས་པར་འགྱུར་བ། མདོག་ངན་པར་འགྱུར་བའོ། །གང་གིས་དེ་ལྟར་ཤེས་པ་ལ་ནི་རྒ་བ་ལ་སོགས་པའི་ སྡུག་བསྔལ་འགག་པར་འགྱུར་ཏེ་སེམས་ཅན་རྣམས་ཀྱིས་ནི་དེ་ལྟར་མི་ཤེས་སོ་སྙམ་ནས་ཐུགས་རྗེ་ཆེན་པོ་སྐྱེ་བར་གསུངས་སོ། །རྒྱ་མཚོས་ཞུས་པ་དེ་ཉིད་ལས་ཀྱང། སྐྱབས་མེད་འགྱུར་དང་རྟེན་མེད་གྱུར་པ་ཡི། །འཇིག་རྟེན་སྡུག་བསྔལ་ཐམས་ཅད་གཟིགས་ནས་ནི། །དྲང་སྲོང་ཆེན་པོ་ཐུགས་བརྩེ་ཐུགས་རྗེ་ ཅན། །སྡུག་བསྔལ་རྣམ་པར་འགྲོལ་ཕྱིར་ཡང་དག་བལྟམས་ཞེས་སོ།། ༈ ལྷ་ལ་འཆི་འཕོ་མི་ལ་འཚོལ་འགྲོ་སོགས། །དམྱལ་བ་ཚྭ་གྲང་ཡི་དྭགས་བཀྲེས་བསྐོམ་དང། །དུད་འགྲོར་ཀུན་རྨོངས་གཅིག་ལ་གཅིག་ཟ་བ་ [159B] །རྒྱ་མཚོས་ཞུས་པ་ལས། ལྷ་རྣམས་སྡུག་བསྔལ་འཆི་འཕོའི་ཆོས་གཅིག་པ། །མི་རྣམས་ཀྱི་ནི་སྡུག་བསྔལ་འཚོལ་འགྲོ་ལགས། །དམྱལ་བ་དག་གིས་མེ་སོགས་གནོད་པ་རྣམས། །གཅིག་ལ་གཅིག་འཚལ་དུད་འགྲོ་རྣམས་ཀྱི་ལགས། །ཡི་དྭགས་སྡུག་ བསྔལ་འདི་ན་བཀྲེས་དང་སྐོམ། །འཇིག་རྟེན་ཐམས་ཅད་སྡུག་བསྔལ་རྣམས་སུ་ནུབ་ཅེས་གསུངས་ཏེ། གཙོ་བོས་ཉེ་བར་མཚོན་པར་དགོངས་པའོ། །སྙིང་རྗེ་པམ་དཀར་པོ་ལས་ཀྱང། ལྷ་དང་མིའི་རྒྱལ་སྲིད་ལས་ཀྱང། སྡུག་བསྔལ་གྱི་རྒྱུ་ཉིད་དེ་ཡུན་རིང་དུ་འཁོར་བའི་སྡུག་བསྔལ་མྱོང་བར་བྱེད་པའོ། །ལྷ་དང་ མིའི་འབྱོར་པ་ནི་རླུང་གི་ཤུགས་ལྟར་གཡོ་ཞིང་མི་གནས་པའོ། །བྱིས་པ་རྣམས་འདོད་པའི་ཡོན་ཏན་ལྔས་མི་ངོམས་ཤིང་ཡུལ་ལ་མོས་ནས་ལྷ་དང་མིའི་དཔལ་འདོད་དེ། དེ་དག་ཡང་དང་ཡང་དུ་སེམས་ཅན་དམྱལ་བར་ཚ་གྲང་གི་གནོད་པ་དང། དུད་འགྲོ་ཀུན་ཏུ་རྨོངས་པའི་སྡུག་བསྔལ་དང། མིར་ སྡུག་པ་དང་བྲལ་བ་དང། ལྷར་འཆི་འཕོ་བ་དང། ཡང་མངལ་དུ་གནས་པ་དང། མགོ་གཅོད་པ་དང། ཕན་ཚུན་ཟ་བའི་གནོད་པ་མྱོང་ཞིང་འཁྱམས་པ་ན་སྡུག་བསྔལ་ཉི་ཚེ་མྱོང་བའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་དང་བྲལ་བས་མ་ཐོབ་པ་ཐོབ་པ་དང་མ་རྟོགས་པ་རྟོགས་པ་དང་མངོན་དུ་མ་ བྱས་པ་མངོན་དུ་བྱས་པའི་སྨོན་ལམ་མི་འདེབས་ཤིང་རྩོལ་བར་མི་བྱེད་པའི་ཕྱིར་ཏེ། བླུན་པོ་དག་སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ནི་སྐྱོ་ལ། སྡུག་བསྔལ་ཐཾ་ཅད་ཀྱི་སྣོད་འཁོར་བས་མི་སྐྱོ་བ་དང། ཡིད་འབྱུང་བ་མི་སྐྱེ་བས་སོ། །དེས་ན་འཁོར་བ་ཐཾ་ཅད་སྡུག་བསྔལ་གྱི་ སྣོད་ཁོ་ནར་བརྟག་ཅིང་དགེ་ལེགས་ཐཾ་ཅད་ནི་ཅི་ནུས་སུ་བསགས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་གསུངས་ཏེ་འདི་ནི་འདོད་པའི་ཉེས་དམིགས་སུ་འང་སྦྱར་བར་བྱའོ། ༈ །རྒྱས་པར་བཤད་པ་ནི། དམྱལ་ཆེན་བཅུ་དྲུག་འཁོར་ཅན་ཚ་རྩུབ་དྲུག་གཟུགས་སོགས་ཡུལ་རྣམས་གང་མྱོང་མི་འདོད་དང་ མི་སྡུག་ཡིད་དུ་མི་འོང་ལུས་ཆེན་འབར། །ལྕགས་ཟངས་རབ་འབར་ཟ་སོགས་ཡུན་རིང་མནར། །དུད་འགྲོ་རབ་ཕྲ་སྐྲ་རྩེ་ལྔ་བཅུ་ཡི། །ཆ་ནས་དཔག་ཚད་བརྒྱད་ཁྲི་བར་གྱི་ལུས། །ཚེ་ཡང་ཡུད་ཙམ་བསྐལ་པར་དགེ་ལེགས་བསྲིངས། །བརྩེ་དང་འཛེམ་མེད་རབ་རྨོངས་རྟག་ཏུ་སྐྲག་ཕན་ཚུན་ཟ་ཞིང་དབང་མེད་ཁོལ་ [160A]༄༅། །དང་གསོད། །སྡིག་ལས་ཀུན་ལྡན་གཏི་མུག་མུན་ཁྲོད་ཞུགས། །ཡི་དྭགས་ལུས་ངན་ཆེ་ཆུང་སྣ་ཚོགས་བ། །ལྕེ་རྩུབ་གནག་ཅིང་སྐེམས་ །བཀྲེས་སྐོམ་མེ་ཡི་དབུགས་དྲག་སྡང་ཆེན་ལྡན། །ཐུ་ལུམ་རྣག་སོགས་ཟ་བའང་བདེར་མི་རྙེད། །མི་ལའང་སྐྱེ་རྒ་ན་འཆི་སྡུག་བྲལ་སོགས། ། འཁྲུག་ཁྲོ་ཕྲག་དོག་སེར་སྣ་མི་དགེ་མང། །ཚ་གྲང་ཕན་ཚུན་གནོད་མང་ཚེ་ཐུང་དང། །འཆི་དང་ངན་འགྲོར་ལྟུང་སོགས་མང་དྲན་གཟིར། །འདོད་པའི་ལྷ་རྣམས་འདོད་སྲེད་ཉེར་སྤྱོད་དང། །བགེད་ཅིང་སྡུག་བྲལ་དགེ་ཟད་ལྟུང་སོགས་སྡུག་གཟུགས་ཁམས་ནའང་ཟག་བཅས་རྣམ་གྲོལ་ཚོལ། །གཞན་ལ་ མི་ལྟ་ངན་འགྲོས་སྐྲག་སོགས་ལྡན། །གཟུགས་མེད་བཞི་འང་སྲེད་ཀུན་མ་གཅོད་ཅིང། །ཐོས་སྤངས་ཡོན་ཏན་མཆོག་ལ་དབང་དང་བྲལ། །སའི་སྙིང་པོའི་མདོ་ལས། འཇིག་རྟེན་ཐམས་ཅད་ལས་མངོན་པར་མི་དགའ་བར་བྱ་བ་ལ། འཇིག་རྟེན་ནི་གཉིས་ལས་སེམས་ཅན་གྱི་འཇིག་རྟེན་ནི་འགྲོ་བ་ ལྔའོ། །དེ་ལ་འདོད་པའི་ཁམས་གནས་རིགས་ཉི་ཤུ་ལས་དམྱལ་བ་ཆེན་པོ་བརྒྱད་ནི་འཁོར་བཅུ་དྲུག་པ་སྟེ། རྒྱས་བར་སྔར་བཤད་པ་ལྟར་ལུས་དང་ངག་དང། ཡིད་ཀྱི་ཉེས་པར་སྤྱོད་པའི་རྒྱུ་ལས། དེ་དག་ཏུ་སྐྱེས་པ་ན་སྡུག་བསྔལ་ཚ་བ་རྩུབ་པ་མི་བཟད་པ་ཉམས་སུ་མྱོང་བས། མིག་གིས་གཟུགས་ཅི་མཐོང་ཡང་ དེ་ཐམས་ཅད་ཡིད་དུ་མི་འོང་བ། ཡིད་དུ་མི་འཐད་པ། མི་སྡུག་པ། མི་ལེགས་པ་མཐོང་གི་ཡིད་དུ་འོང་བ་ལ་སོགས་པ་ནི་མ་ཡིན་ནོ། །རྣ་བས་སྒྲ་ཐོས་པ་ལ་སོགས་པ་ལྔ་པོ་ཐཾ་ཅད་ཀྱང་དེ་བཞིན་ནོ། །ལུས་རབ་ཏུ་འབར་བ་དང་ལྕགས་ཀྱི་ཐུ་ལུམ་ཟ་ཞིང་ལྕགས་ཟངས་ཁོལ་མ་འཐུང་སྟེ་ལས་མ་ཟང་ཀྱི་བར་དུ་མི་འཆི་བའོ། །བདེ་ བ་འདོད་ཅི་སྡུག་བསྔལ་མི་འདོད་པ་སུ་ཞིག་དེ་ལ་དགའ་ཞིང་འདོད་པར་བྱེད། དུད་འགྲོ་ནི་ལུས་རབ་ཏུ་ཕྲ་བ་སྐྲ་རྩེ་ལྔ་བཅུའི་ཆ་ཅམ་ནས་ཉི་ཟེར་གྱི་རྡུལ་དང་རྒྱ་ཤུག་གི་ཚད་དང་དཔག་ཚད་བརྒྱད་ཁྲིའི་བར་རོ། །ཚེའང་ཁ་ཅིག་ནི་ཡུད་ཙམ་གྱི་ཚད་ནས་ལ་ལ་ནི་བསྐལ་བའི་བར་རོ། །དེར་ནི་ཆོས་མེད་ པ་དགེ་བ་མེད་པ། ངོ་ཚ་ཁྲེལ་ཡོད་སྤངས་པ་བརྩེ་བ་མེད་པ། རྟག་ཏུ་སྡུག་བསྔལ་གྱིས་གཟིར་བ། རྟག་ཏུ་སྐྲག་པ། གཅིག་ལ་གཅིག་ཟ་གམི་དགེ་བའི་ལས་ཀྱི་ལམ་ཐཾ་ཅད་དང་ལྡན་པ། གཏི་མུག་གི་མུན་ཁྲོད་དུ་ཞུགས་པས་བདེ་འགྲོ་དང་ངན་འགྲོའི་ལམ་ལ་ཕྱིན་ཅིག་ལོག་དང་ལྡན་པའོ། །མཁས་པ་སུ་ཞིག་དེ་ [160B] ཡི་དྭགས་ཀྱང་ལ་ལ་ལུས་མཐོ་གང་ཙམ་ནས་མི་ཙམ་དང་དཔག་ཚད་སྟོང་གི་བར་ཏེ། གཅེར་བུ་རྩུབ་པ་གནག་པ་སྐེམས་ཞིང་ཤ་ཁྲག་དང་བྲལ་བ། རྟག་ཏུ་བཀྲེས་པ་དང་སྐོམ་པས་གཟིར་བ། བཟའ་བ་དང་བཏུང་བ་དང་བྲལ་བ། མེ་དབུགས་འབྱུང་རྡུབ་བྱེད་པ། ཕན་ཚུན་རབ་ཏུ་སྡང་ཞིང་ བརྩེ་བ་མེད་པ། རྟག་པར་ལུས་དུབ་པ་སྤྲིན་བསིལ་བ་དང་བྲལ་བའོ། །ཟས་ནི་ལ་ལའི་ལྕགས་ཟངས་དང་ཐུ་ལུམ་ལ་ལའི་རྣག་ཁྲག་ཚ་བ་དང་རྡུལ་ཚ་བ་དང་ཕྱི་ས་ཚ་བ་དང། གཅིན་ཁོལ་བ་དང། རླུང་ཚ་བ་དང། རྩྭ་འམ་འདབ་མ་འམ། མེ་ཏོག་གམ། འབྲས་བུའམ་ཤིང་འབར་བས་སྟེ། དེའང་རྙེང་པར་དཀའ་ལས་རེས་ འགའ་ནན་གྱིས་རྙེད་པ་ཙམ་མོ། །ཚེ་ནི་ལ་ལ་ལོ་སྟོང་ནས་སྟོང་ཕྲག་བརྒྱའི་བར་རོ། །རྟག་པར་སྡུག་བསྔལ་ཞིང་བདེ་བ་མེད་པ་མ་རིག་པའི་མུན་པར་ཞུགས་པ་ཡིན་ན། མཁས་པ་སུ་ཞིག་དེ་ལ་མངོན་པར་དགའ་བའི་འདུ་ཤེས་བསྐྱེད། མི་ལའང་རྒ་བ་དང་ན་བ་དང་འཆི་བ་དང་མི་སྡུག་པ་དང་ཕྲད་པ་དང་སྡུག་པ་དང་བྲལ་བ་ དང༑ རྣམ་པ་སྣ་ཚོགས་ཀྱི་ཚོལ་འགྲོ་དང། འཁྲུག་པ་དང་ཁྲོ་བ་དང་ཕྲག་དོག་དང་སེར་སྣ་དང་ཕྲ་མ་དང་ཚིག་རྩུབ་དང་བརྣབ་སེམས་དང། ཕན་ཚུན་གནོད་པའི་སྡུག་བསྔལ་གྱིས་གཟིར་བའོ། །རྟག་ཏུ་འཆི་བ་དྲན་པ་དང་ཚེ་ཐུང་བ་དང། འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་དྲན་པའི་སྡུག་བསྔལ་གྱིས་གཟིར་བས་མཁས་པ་སུ་ ཞིག་དགའ་བར་བྱེད། འདོད་པའི་ཁམས་ཀྱི་ལྷ་དྲུག་པོའང་འདོད་པ་དང་སྲེད་པའི་སྡུག་བསྔལ་དང། བགེད་པ་དང་ལོངས་སྤྱོད་དདང་ཉེ་བར་སྤྱོད་པའི་སྡུག་བསྔལ་དང། སྔོན་བསགས་པའི་དགེ་བ་འཛད་པ་དང་ཡོངས་སུ་འཚོལ་བ་དང་སྡུག་པ་དང་བྲལ་བ་དང་བསོད་ནམས་ཟད་པས་འཆི་འཕོ་བ་དང། ངན་སོང་དུ་ལྟུང་ བའི་སྡུག་བསྔལ་གྱིས་གཟིར་བའོ། །གཟུགས་ཀྱི་ཁམས་པ་དག་ཀྱང་འཇིག་རྟེན་པའི་བསམ་གཏན་བསྒོམ་ཏེ་ཟག་བཅས་ཐཾ་ཅད་སྡུག་བསྔལ་ལས་མ་གྲོལ་བས་གཟིར་པའོ། །ཕུང་པོ་ལྷག་མ་དང་བཅས་པར་འགྲོ་དགོས་པ་དང། ཕ་རོལ་ལ་མི་ལྟ་བ་དང། ངེས་པར་འབྱུང་བ་མ་མི་ལྟ་བ་དང། ངན་སོང་ལས་མ་ གྲོལ་བའི་སྡུག་བསྔལ་གྱིས་ཀྱང་གཟིར་བའོ། །ཡང་ཟག་པ་མེད་པའི་བསམ་གཏན་ལ་གནས་ཀྱང་རྣམས་པར་མ་གྲོལ་བ་དག་ལ་མ་དེ་རྫོགས་པ་འཚོལ་བ་དང། ས་མ་ལུས་པའི་ཏིང་འཛིན་ལ་དབང་མི་བྱེད་པ་དང། རང་སངས་རྒྱས་དང་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་དབང་བསྒྱུར་བ་མེད་པའི་སྡུག་བསྔལ་གྱིས་ [161A]༄༅། །གཟིར་པའོ། །གཟུགས་མེད་པ་བྮིའང་ཟག་བཅས་ཀྱི་ཏིང་ངེ་འཛིན་དང་ལྡན་མོད་ཀྱི། ཟག་བཅས་ཀྱི་སྡུག་བསྔལ་ལས་མ་གྲོལ་བའོ། །སློབ་པ་དང་མི་སློབ་པའི་ས་ཐམས་ཅད་ལ་དབང་བསྒྱུར་བ་མེད་པ་དང། ཆོས་མི་ཐོས་པ་དང། སྲེད་པ་ཐཾ་ཅད་གཏན་དུ་གཅོད་པ་ལ་དབང་བསྒྱུར་བ་ མེད་པ་དང། འཆི་འཕོ་བ་དང་ལྷག་མ་དང་བཅས་པར་འགྲོ་བ་དང། ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་ལས་མ་གྲོལ་བས། དེ་དག་གིས་སྡུག་བསྔལ་གྱིས་གཟིར་བས་ན་སྲིད་པ་གསུམ་གྱི་བཙོན་རར་ཐཾ་ཅད་དུ་སྲིད་པ་མངོན་པར་འགྲུབ་པ་ལ། མཁས་པས་མངོན་པར་མི་དགའ་བའི་འདུ་ཤེས་བསྐྱེད་ཅིང་ འདུན་པ་དྲག་པོས་ལམ་གྱི་ཡན་ལག་བརྒྱད་བསྒོམ་པར་བྱ་བའོ། །མངལ་དུ་འཇུག་པ་ལས་ཀྱང། མིར་སྐྱེས་ན་ཡང་དེ་ལྟར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཚད་མེད་པ་དང་ལྡན་པའོ། །ལྷ་དག་ཀྱང་རྟག་ཏུ་ལྟུང་བའི་འཇིགས་པས་སྡུག་བ་དང་བྲལ་བའི་སྡུག་བསྔལ་ཤིན་ཏུ་ཆེ་སྟེ། འཆི་བ་ན་ལྷ་གཞན་དག་ ཁྱོད་བདེ་འགྲོར་སྐྱེ་བར་གྱུར་ཅིག་བདེ་འགྲོ་ནི་མིའི་འགྲོ་བའོ་ཞེའོ། །དམྱལ་བ་ནི་རྟག་ཏུ་སྡུག་བསྔལ་མི་བཟད་པ་ཡིད་དུ་མི་འོང་བར་རབ་ཏུ་ཚ་ཞིང་རྩུབ་པ་མྱོང་བས་དཔེ་བྱར་ཡང་མི་ནུས་སོ། །ཡི་དྭགས་ནི་རང་བཞིན་གྱིས་ཞེ་སྡང་དང་ལྡན་པ། མཉེན་པ་དང་དུལ་བའི་སེམས་མེད་པ། གཡོ་སྒྱུ་དང་ལྡན་པ་ གསོད་ཅིང་གནོད་པ་བྱེད་པ། ལག་པ་ཁྲག་གིས་བསྐུས་པ། བྱམས་པ་དང་སྙིང་རྗེ་མེད་པ། བྱད་བཞིན་མི་སྡུག་པ་མཐོང་ན་འཇིགས་སུ་རུང་བ། གལ་ཏེ་མི་དང་ཉེ་ན་ཡང་བཀྲེས་པ་དང་སྐོམ་པར་བྱེད་པས་རྟག་ཏུ་སྒྲིབ་པ་དང་བཅས་པའོ། །དུད་འགྲོའི་འགྲོ་བ་ནི་དཔག་ཏུ་མེད་པའོ། །དོན་གྱི་དཔྱོད་པ་ དང་མི་ལྡན་པ། བསོད་ནམས་དང་དགེ་བ་དང་ཆོས་ཀྱི་སྤྱོད་པ་དང་མི་ལྡན་པ། དྲང་པོའི་སྤྱོད་པ་མེད་པ། ཕན་ཚུན་ཟ་ཞིང་མཐུ་དང་ལྡན་པས་མཐུ་ཆུང་བ་གསོད་པ་དང་ཟ་བའོ། །ཁ་ཅིག་མུན་པར་སྐྱེས་ཏེ་མུན་པར་རྒས་ཤིང་མུན་པ་ཉིད་དུ་འཆི་བའོ། །ཁ་ཅིག་མི་གཙང་བའི་ ནང་དུ་དང། ཁ་ཅིག་ཆུའི་ནང་དུ་སྐྱེ་བ་ལ་སོགས་པའང་དེ་བཞིན་ནོ། །ལ་ལ་བཤང་བ་དང་གཅི་བའི་དྲི་ཚོར་ན་དེར་བརྒྱུག་ཅང་བཟའ་བཏུང་བྱེད་ལ་ཕག་ལ་སོགས་པའོ། །ལ་ལ་རྟག་ཏུ་རྩྭ་དང་ཤིང་ཟ་བའོ་ཞེས་སོ།། ༈ ལྟོས་ཤིག་མཁས་པ་དག་ལ་ [161B] །སུ་ཞིག་འདི་ལྟ་བུ་ལ་མངོན་དགའ་བས། །བག་མེད་འདོད་སོགས་དབང་འགྱུར་རབ་སྐྲག་ནས། །སྙིང་པོ་དང་ལྡན་ལེགས་གསུངས་བདུད་རྩི་མཆོག་བདེ་ལེགས་ཀུན་གྱི་འབྱུང་གནས་གཅིག་པུ་ལ། འབད་མང་བསྒྲིམས་ཏེ་ལ་གོར་འབྲོས་མི་བྱེད། །སྔར་མདོ་ལས་གསུངས་པ་དེ་དག་ཉིད་ དེ་གཙང་སྦྲ་ཅན་མི་ཤ་དང་རོ་གོས་ལ་སོགས་པ་དང་དུར་ཁྲོད་བསྲུང་བའི་ལས་ལ་བརྩོན་པར་འཛིན་པས་འཇིགས་པའམ། གཤེད་མས་འཁྲིད་པ་དེ་ལས་ཐར་ན་ཅི་ལའང་མི་ལྟ་བར་འབྲོས་པ་ལས་ཆེས་ཆེར་བསྒྲིམས་པ་ལྟར། མཁས་པ་རྣམས་ཀྱང་འདུ་བྱེད་ཀྱི་སྤྲོས་པ་ཐམས་ཅད་ལ་ཉེས་དམིཌ་ མི་བཟད་པར་ལྟ་བས་རྣམ་གྲོལ་གྱི་ལམ་ལ་ལྷུར་བྱེད་པ་ལ་བསྒྲིམས་པར་ལྟའོ། །ཡང་མངལ་དུ་འཇུག་པ་ལས། ཀྱེ་མ་ཀྱི་ཧུད་སྲིད་པའི་རྒྱ་མཚོ་འདི་འབར། རབ་ཏུ་འབར་བས་འགའ་ཞིག་ཀྱང་དེར་མ་བསྲེགས་པ་མེད་དོ། །ཅི་ཞིག་འབར་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་སྐྱེ་བ་དང་རྒ་བ་ ལ་སོགས་པ་རྟག་ཏུ་འབར་བས། འྒའང་ཐར་པ་མེད་དོ། །དེ་བས་ན་ལུས་འདི་མྱུར་དུ་འཇིག་པར་ལྟས་ལ་རྟག་ཏུ་བརྩོན་འགྲུས་བརྩམས་པས་རྩེ་གཅིག་ཏུ་ངེས་པར་འབྱུང་བ་ལ་བསླབ་བོ། །དེས་ན་རྟག་ཏུ་གཅིག་པུ་དབེན་པར་སོང་ལ་ཆོས་ལ་སོ་སོར་རྟོག་པ་མང་དུ་བྱས་པས་བདག་ཉིད་བདག་གི་གླིང་དང་ སྐྱབས་དང། ཆོས་གླིང་དང་སྐྱབས་སུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་རང་བཞིན་དྲང་ལ་སྒྱུ་མེད་པ་ལ་ལ་སྔ་དྲོ་ངའི་དྲུངས་དུ་འོངས་པ་ལ་ངས་དབང་པོ་དང་མཐུན་པར་ཆོས་བསྟན་ནས་དེ་ཕྱི་དྲོ་བདག་ཉིད་བསྒོམས་པས་ཐོས་པ་དང་ལྡན་པའི་ཆོས་སྨྲ་བ་ཡང་བྱེད་དོ། །དེ་ནས་ངའི་ལེགས་པར་ གསུངས་པའི་ཆོས་ནི་མཐོང་བའི་ཆོས་ལ་མངོན་སུམ་དུ་རྟོགས་པར་བྱེད་པ། རབ་ཏུ་གདུང་བ་སེལ་བར་བྱེད་པ། ཐབས་དང་ལྡན་པ། རང་གིས་རིག་པའི་ཆོས། ལེགས་པར་སྐྱོབ་པར་བྱེད་པ་ཡིན་པས་ན། གང་གིས་ང་ལ་མངོན་སུམ་དུ་ཆོས་ཐོས་ན་མྱ་ངན་ལས་འདས་པའི་རྗེས་སུ་མཐུན་ཞིང་ རྫོགས་པའི་བྱང་ཆུབ་ལ་གཞོལ་བར་བྱེད་པ་གང་ཡིན་པ་འདི་ནི་ངའི་མཁྱེན་པ་སྟེ། དེ་བས་ན་ཁྱེད་ཀྱི་རང་དང་གཞན་དང་གཉི་གའི་དོན་དེ་ལྟ་བུ་མཐོང་ནས་ཆོས་འདི་ལ་རྟག་ཏུ་ཡང་དག་པར་བསླབས་ཏེ་རབ་ཏུ་བྱུང་བའི་ཆོས་བག་ཡོད་པར་བསྒྲུབས་ནས། ཆུད་མི་གཟོན་ཅིང་འབྲས་བུ་དམ་པར་འདུས་མ་བྱས་ [162A]༄༅། །ཀྱི་བདེ་བ་ཐོབ་པར་བྱས་ལ། གཞན་གྱིས་བྱིན་པའི་ཆོས་གོས་ལ་སོགས་པ་བླང་ཞིང་སྦྱིན་བདག་གིས་བསོད་ནམས་ཕན་ཡོན་དང་འབྲས་བུ་རྒྱ་ཆེ་བ་ཐོབ་པར་འགྱུར་བར་ཁྱེད་ཀྱི་དེ་ལྟར་བསླབ་བོ་ཞེས་སོ། ༈ །མིའི་སྡུག་བསྔལ་བྱེ་བྲག་ ཏུ་བཤད་པ་ལས། སྐྱེ་བ་དང་དེ་ལ་བརྟེན་པའི་གནོད་པ་རགས་པ་མངལ་དུ་འཇུག་ནས་འབྱུང་བའི་དབང་དུ་བྱས་ནས་སྐྱེ་བའི་ལས་དང་པོ་མངལ་དུ་འཇུག་པ་ཉིད་ཀྱི་ནི། སྐྱེ་བོ་མངལ་འཇུག་ཕྱིན་ཅི་ལོག་བློ་ཡིས། །མ་དང་ཕ་ལ་ཕོ་མོའི་འདོད་སྡང་སྐྱེ། །ལས་ཀྱི་རྗེས་ འབྲང་རྫི་ཆར་དྲག་སོགས་ཀྱིས། །གྲང་བས་ཁྱིམ་སོགས་འཇུག་པའི་འདུ་ཤེས་བཅུས། །ཤིན་ཏུ་བཙོག་ཅིང་སྨད་པའི་གཟུགས་དང་མིང། །བཞི་འདུས་སྡུག་བསྔལ་ཕུང་པོ་འབའ་ཞིག་ལེན། །མངལ་དུ་འཇུག་པ་ལས། བར་མ་དོའི་སེམས་ཅན་མངལ་དུ་འཇུག་པ་ན་ཕྱིན་ ཅི་ལོག་གིས་གལ་ཏེ་ཕོ་ཡིན་ན་མ་ལ་ནི་འདོད་ཆགས་སྐྱེ་ལ། ཕ་ལ་ནི་ཞེ་སྡང་སྐྱེའོ། །མོ་ཡིན་ན་ནི་ཕ་ལ་འདོད་ཆགས་དང་མ་ལ་ཞེ་སྡང་སྐྱེའོ། །སྔ་མའི་ལས་ཀྱི་འདུ་ཤེས་ཕྱིན་ཅི་ལོག་སྐྱེ་སྟེ། གྲང་བ་དང་རླུང་ཆེན་པོ་ལངས་པ་དང་ཆར་འབབ་པ་དང་ནམ་དམུས་ པ་དང། སྐྱེ་བོ་མང་པོའི་སྒྲ་ཅ་ཅོ་ཐོས་པ་ལས། ལས་ཀྱི་མཐོ་དམན་ཅི་ལྟ་བར་འདུ་ཤེས་བཅུ་འབྱུང་ངོ། །དེང་བདག་ཁང་བར་འཇུག་གོ་ཁང་པ་བརྩེགས་མ་དང། གཞལ་མེད་ཁང་དང། ཁྲི་དང། རྩ་སྤྱིལ་དང། ལོ་མའི་ཁྱིམ་དང། རྩྭ་སྟུག་པོ་དང། ནགས་དང་ རྩིག་ཕུག་དང། སབ་མོའི་གསེབ་ཏུ་འཇུག་གོ་སྙམ་ནས་མངལ་དེར་འཇུག་གོ་དེ་ནི་མེར་མེར་པོ་སྟེ་ཕ་མའི་ཁུ་བ་དང་ཁྲག་གོ་དེ་དག་ཉིད་འདུས་རྣམ་པར་ཤེས་པའི་རྐྱེན་ལས་ལྷན་ཅིག་གནས་པར་ཟད་ཀྱིས། འདི་ལ་བྱེད་པ་པོ་ནི་གང་ཡང་མེད་དོ། །དེ་ཡང་ འབྱུང་བ་བཞི་ཅར་འདུས་པའི་གཟུགས་དང་མིང་བཞི་འདྲེས་པ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་ནི་སྨད་པ་ཡིན་པས་ན། ད་ནི་སྐད་ཅིག་ཙམ་ཡང་བསྔགས་པར་མི་བྱེད་དོ། །སྐྱུགས་པ་ནི་ཆུང་ངུ་ཡང་བཙོག་ཅིང་མནམ་པ་ལྟར་སྲིད་པའི་སྐྱེ་བ་ནི་ [162B] མཁས་པ་སུ་ཞིག་སྲིད་པའི་རྒྱ་མཚོ་འདིར་སྲིད་པའི་རོ་བསྐྱེད་ནས་མངལ་ན་ཉལ་ཞིང་སྡུག་བསྔལ་འདི་འདྲ་བ་མི་བཟད་པ་མྱོང་བར་བྱེད་ཅེས་སོ།། ༈ །དེར་རྒྱས་ཤིང་སྨིན་པ་ནི། ཞག་ནི་བདུན་ཕྲག་སུམ་ཅུ་རྩ་བརྒྱས་ཀྱིས། །མངལ་གྱི་གནས་ སྐབས་རྣམ་བཅུས་རྒྱས་མིན་བྱེད། །མེར་མེར་ནུར་ནུར་ལ་སོགས་རླུང་གི་ཚོགས། །དྲི་ལྡན་ཀུན་ཏུ་དག་སེགས་དྲོད་བཅས་འཁྲུག་དེ་ཡིས་རབ་འཚེད་སྡུག་བསྔལ་མི་བཟད་ལྡན། །རྩིབས་ལོག་གཡས་གཡོན་ཞུ་མ་ཞུའི་བར་ན། །གནས་ལྔ་བཅིངས་ཤིང་གསལ་ ཤིང་རྩེར་བསྐྱོན་ལྟར། །ཕྱི་སའི་ཁུང་བཞིན་དྲི་ང་རབ་བཙོག་རིང་མ། །སྲིན་ཚོགས་ཚང་ཆེན་ཁུ་ཁྲག་རུལ་མྱགས་ཁུང། །རྟག་ཏུ་མི་གཙང་འཛག་གྱུར་སྡིག་ཆེན་སྐོར། །ཀུན་ཏུ་བསྐུམས་ནས་མ་ཡི་སྤྱོད་ལམ་དང། །ཟས་སོགས་མཐོ་དམན་གྱི་ནས་རབ་སྡུག་བསྔལ་ འདི་ནི་མངལ་གྱི་གནས་སྐབས་བཅུ་གསུངས་ཏེ། །དང་པོར་མེར་མེར་པོ་ལ་སོགས་པ་བཞི་ནི་དེ་ཉིད་ལས་དབང་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་དུ་གནས་སོ། །དང་པོ་ལ་ནི་མེར་མེར་པོ་སྟེ་མི་གཙང་བ་ཐོག་མའི་གནས་སུ་འབྲས་ཁུའམ་ཞོ་སྤྲིས་ལྟ་བུ་ཟངས་རབ་ཏུ་ ཚ་བར་བཙོས་ཤིང་བརྔོས་པ་ལྟར་རླུང་དང་དྲོད་ཀྱིས་བཙོས། རབ་ཏུ་བཙོས་པས་སྡུག་བསྔལ་མི་བཟད་པ་མྱོང་བའོ། །གཉིས་པ་ལ་ནི་ནུར་ནུར་བོ་འོ་མ་བསྐ་བའམ་མར་འཁྱགས་པ་འདྲ་བ་ཀུན་ཏུ་རེག་པ་ཞེས་བྱ་བའི་རླུང་གིས་བཙོས་པའོ། །གསུམ་པ་ལ་ནི་ལྟར་ ལྟར་ཁྲོ་སྟེ་བཙོད་ཀའི་རླུང་གིས་བཙོས་ལ་ལྕགས་འཐུར་རམ་གྲོལ་བ་འདྲ་བའོ། །བཞི་པ་ནི་མཁྲ་འགྱུར་ཏེ་རབ་ཏུ་འབྱེད་པའི་རླུང་གིས་བཙོས་པ་བོང་བའམ་མཆི་གུ་འདྲ་བའོ་ཞེས་སོ། །ཡན་ལག་འགྲུབ་པ་ནི་ཡང་ལྔ་པ་ལ་སྡུད་པའི་རླུང་གིས་དཔུང་པ་གཉིས་དང་ བརླ་གཉིས་དང་མགོའི་མཚན་མ་ལྔ་པོ་དབྱར་ཆར་གྱིས་ཤིང་ལོ་རྒྱས་པ་ལྟར་བུའོ། །དྲུག་པ་ལ་ནི་རྒྱ་ཆེན་པོའི་རླུང་གིས་དཔུང་པ་གཉིས་ལ་པུས་མོ་གཉིས་ཏེ་མཚན་མ་བཞི་པོ་ཤིང་ཡལ་ག་སྐྱེ་བ་ལྟ་བུའོ། །བདུན་པ་ལ་ནི་འཁྱིལ་བའི་རླུང་གིས་རྐང་ལག་བཞི་འབྱུང་སྟེ་དབུ་ [163A]༄༅། །བའམ་ཉ་ལྕིབས་ལྟ་བུའོ། །བརྒྱད་པ་ལ་ནི་མངལ་ལོག་པའི་རླུང་གིས་སོར་མོ་ཉི་ཤུའི་མཚན་མའོ་ཞེས་སོ།། །བུ་ག་དང་ནང་རོལ་དང་རྩ་རྒྱུས་འགྲུབ་པ་ནི་ཡང་དགུ་པ་ལ་རྣམ་པར་འབྱེད་པའི་རླུང་གིས་མིག་གཉིས་དང་རྣ་བ་གཉིས་དང་སྣ་ བུག་གཉིས་དང་ཁ་དང་བཤང་བ་དང་གཅི་བའི་བུ་ག་དགུ་སྣང་ངོ། །བཅུ་པ་ལ་ནི་སྲ་བར་བྱེད་པའི་རླུང་གིས་དེ་རྣམས་སྲ་ཞིང་བརྟན་པར་བྱེད་དོ། །ཀུན་ནས་སྐྱེ་བའི་རླུང་གིས་བུས་པས་ནི་རྐྱལ་པ་ལྟར་རྒྱས་པར་བྱེད་དོ། །བཅུ་གཅིག་པ་ལ་ནི་བུ་ག་སྣང་བའི་རླུང་གིས་འཁོར་ སྟོང་དུ་བྱེད་པས་བུ་ག་དགུ་འཕེལ་བར་བྱེད་དོ། །བཅུ་གཉིས་པ་ལ་ནི་ཡོད་པའི་སྐྲའི་རླུང་གིས་ནང་རོལ་གྱི་རྒྱུ་མ་པདྨའི་རྩ་བ་ལྟར་བསྣལ་མར་གནས་པ་ལ་སོགས་པ་རྣམས་འབྱིན་ཏོ། །བ་སྤུ་རྒྱུ་བའི་རླུང་གིས་ནི་ཚོགས་བརྒྱ་སུམ་ཅུ་དང་གནས་བརྒྱ་རྩ་གཅིག་བསྐྱེད་དོ། །བཅུ་ གསུམ་པ་ལ་ནི་རླུང་སྔ་མ་དེས་བཀྲེས་སྐོམ་ཚོར་ནས་མས་ཟོས་པའི་རོ་ཇི་སྙེད་པ་ལྟེ་བར་ཞུགས་ཏེ་ལུས་ལ་ཕན་ནོ། །བཅུ་བཞི་པ་ལ་སྐུད་པའི་ཁའི་རླུང་གིས་རྩ་རྒྱུས་སྟོང་སྐྱེད་པར་བྱེད་དེ། མདུན་ན་ཉིས་བརྒྱ་ལྔ་བཅུ་དང། རྒྱབ་དང་གཡས་དང་གཡོན་ན་ཡང་དེ་སྙེད་དག་གིས་ སོ། །བཅོ་ལྔ་པ་ལ་ནི་པད་མའི་རླུང་གིས་རྒྱབ་ལ་སོགས་པ་ན་ལྔ་ལྔ་ནས་རྩར་རྒྱུ་བ་བསྐྱེད་ནས་རོ་རྣམས་གཞིབ་བོ། །རེ་རེ་ལ་ཡན་ལག་བཞི་བཅི་ཚོ་རེ་ཡོད་པས་དབུགས་གཞིབ་པའི་རྩར་རྒྱུ་བ་བརྒྱད་བརྒྱའོ། །རེ་རེ་ལའང་ཡན་ལག་བརྒྱད་བརྒྱས་སྟོང་ཕྲག་བརྒྱད་བཅུའོ། །དེ་རེ་རེ་ ལ་བུ་ག་མང་པོ་ཡོད་པས། བ་སྤུའི་ཁུང་བུ་རེ་རེ་དང་འདྲེས་པས་པད་མ་བུ་ག་མང་པོ་དང་འདྲ་བའོ། །བཅུ་དྲུག་པ་ལ་ནི་པདྨ་འགྲོ་བའི་རླུང་གི་སྐྱེ་མཆེད་དྲུག་དང་ཁ་སྒོ་དང་མིད་པ་དང་སྙིང་གི་འཁོར་ཡུག་དང་བཟའ་བཏུང་འཇུག་པའི་གནས་བརྒྱད་བསྐྱེད་དེ། །དབུགས་རྒྱུ་ བ་མི་ཐོགས་པར་བྱེད་དོ། །བཅུ་བདུན་པ་ལ་ནི་འབྲི་གདོང་གིས་རླུང་གིས་བུ་ག་དེ་རྣམས་མེ་ལོང་ཕྱིས་པ་ལྟར་དང་བར་བྱེད་དོ་ཞེས་སོ། །དབང་པོ་འགྲུབ་པ་ནི་ཡང་བཅོ་བརྒྱད་ལ་དྲི་མ་མེད་པའི་རླུང་གིས་དབང་པོ་དྲུག་དང་བར་བྱེད་དོ། །བཅུ་དགུ་པ་ལ་མིག་དང། རྣ་བ་དང་ [163B] །རུས་པ་ལ་སོགས་འགྲུབ་པ་ནི་ཡང་ཉི་ཤུ་པ་ལ་ཤིན་ཏུ་བརྟན་པའི་རླུང་གིས་རྐང་པ་གཡས་གཡོན་གྱི་སོར་མོའི་རུས་པ་བཞི་བཅུ་དང། རྟིང་བའི་རུས་པ་བཞི་དང། རྗེ་ངར་གྱི་གཉིས་དང། བརླའི་གཉིས་དང། པུས་མོའི་གཉིས་ དང། ལོང་བུའི་གཉིས་དང། རྐེད་པའི་གསུམ་དང། སྒལ་ཚིགས་བཅོ་བརྒྱད་དང། རྩིབ་མའི་ཉི་ཤུ་རྩ་བཞི་དང། ལག་པ་གཉིས་ཀྱི་སོར་མོའི་བཞི་བཅུ་དང། ལག་ངར་གྱི་བཞི་དང། དཔུང་པའི་གཉིས་དང། བྲང་གི་བདུན་དང། ཕྲག་པའི་བདུན་དང་ གཉའ་བའི་བཞི་དང། འགྲམ་པའི་གཉིས་དང། སོའི་སུམ་ཅུ་རྩ་གཉིས་དང། མགོའི་རུས་པ་བཞི་བསྐྱེད་དོ། །ཉི་ཤུ་གཅིག་པ་ལ་ནི་ཡང་དག་པར་བསྐྱེད་པའི་རླུང་གིས་ཤ་རྣམས་ཞལ་བ་ལྟར་བསྐྱེད་དོ། །ཉི་ཤུ་གཉིས་པ་ལ་ནི་ཀུན་ཏུ་རྒྱལ་བའི་རླུང་གིས་ཁྲག་ བསྐྱེད་དོ། །ཉི་ཤུ་གསུམ་པ་ལ་ནི་ཡོངས་སུ་དག་པ་འཛིན་པའི་རླུང་གིས་ལྤགས་པའོ། །ཉི་ཤུ་བཞི་པ་ལ་ནི་ཀུན་ཏུ་འཕྱོ་བའི་རླུང་གིས་ལྤགས་པའི་མདོག་འབྱིན་ཏོ། །ཉིས་ཤུ་ལྔ་པ་ལ་ནི་གྲོང་ཁྱེར་འཛིན་པའི་རླུང་གིས་ཤ་ཁྲག་དང་བར་བྱེད་དོ། །ཉི་ཤུ་དྲུག་པ་ལ་ནི་སྐྱེ་བ་ མངོན་པར་གྲུབ་པའི་རླུང་གིས་སྐྲ་དང་སྤུ་དང་སེན་མོ་བསྐྱེད་དེ་ཐམས་ཅད་རྩ་རྒྱུས་དང་འབྲེལ་བའོ། །ཉི་ཤུ་བདུན་པ་ལ་ནི་སྨན་ཡོན་ཆེན་པོའི་རླུང་གིས་སྐྲ་ལ་སོགས་པ་འཕེལ་བར་བྱེད་དོ། །དེ་གལ་ཏེ་སྡིག་པ་ཅན་ཡིན་ན་ནི་མི་སྡུག་པ་འོན་ལོང་ལ་སོགས་པར་འགྱུར་རོ།། དགེ་བ་ཅན་ཡིན་ན་ནི་མཛེས་ཤིང་གསལ་ལ་ཡིད་དུ་འོང་བའོ། །ཁྱེའུ་ཡིན་ན་ནི་རྩིབ་ལོགས་གཡས་ན་ཙོག་པུར་ལག་པ་གཉིས་གདོང་པ་ལ་བཀབ་ནས་སྒལ་པ་ལ་བལྟས་ཏེ་འདུག་གོ་བུ་མོ་ནི་གཡོན་ན་དེ་བཞིན་དུ་ལྟ་བ་ལ་བལྟས་ཏེ་འདུག་གོ་མ་ཞུ་བའི་འོག་ ན་དེས་མནན་ཅིང་ཞུ་བའི་སྟེང་ན་དེས་བཏེག་སྟེ། གནས་ལྔ་བཅིངས་ནས་གསལ་ཤིང་རྣོན་པོ་ལ་བཙུགས་པ་ལྟར་གནས་སོ། །མས་ཟས་མང་བ་ལ་སོགས་པ་དང། འདོད་པ་སྤྱོད་དམ་དྲག་ཤུལ་དུ་འགྲོ་བ་ལ་སོགས་པས་ཤིན་ཏུ་སྡུག་བསྔལ་ཏེ། མི་ལ་སྡུག་ [164A]༄༅། །བསྔལ་དེ་ལྟར་བརྗོད་དུ་མེད་ན་དམྱལ་བ་ནི་དཔེ་བྱ་བར་ཡང་ལྟ་ཅི་སྨོས་ཏེ། མཁས་པ་སུ་ཞིག་འདི་ལྟ་བུ་འདོད་པར་བྱེད། ཉི་ཤུ་བརྒྱད་པ་ལ་ནི་དེ་ལ་ཕྱིན་ཅི་ལོག་བརྒྱད་སྐྱེ་སྟེ། ཁྱིམ་དང་བཞོན་པ་དང། ཀུན་དགའ་བ་དང། ཁང་པ་ བརྩེགས་མ་དང། སྐྱེད་མོས་ཚལ་དང་ཁྲི་དང། ཆུ་བོ་དང། རྫིང་ན་འདུག་པའི་འདུ་ཤེས་སོ། །ཉི་ཤུ་དགུ་པ་ལ་ནི་མེ་ཏོག་གི་ཕྲེང་བའི་རླུང་གིས་ལྤགས་པའི་མདོག་གསལ་བ་དང་དྭངས་བ་དང་དཀར་བར་བྱེད་དོ། །སུམ་ཅུ་པ་ལ་ནི་ལྕགས་ཀྱི་སྒོའི་རླུང་གིས་སྐྲ་དང་སྤུ་དང་ སེན་མོ་རྣམས་རྒྱས་པར་བྱེད་དོ། །སུམ་ཅུ་རྩ་གཅིག་དང། རྩ་གཉིས་དང་རྩ་གསུམ་དང་རྩ་བཞི་པའི་བར་དུ་ནི་མཐར་གྱིས་ཆེར་སྐྱེ་ཞིང་འཕེལ་ལོ། །སུམ་ཅུ་རྩ་ལྔ་པ་ལ་ནི་ཡན་ལག་དང་ཉིང་ལག་ཐམས་ཅད་རྫོགས་སོ་ཞེས་སོ། །ཕྱིར་སྐྱེ་བ་ལ་ཕྱོགས་པ་ནི་ཡང་སུམ་ ཅུ་རྩ་དྲུག་པ་ལ་དེར་འདུག་མི་འདོད་པར་འགྱུར་རོ། །སུམ་ཅུ་རྩ་བདུན་པ་ལ་ནི་ཕྱིན་ཅི་ལོག་མ་ཡིན་པའི་འདུ་ཤེས་གསུམ་འབྱུང་སྟེ། མི་གཙང་བ་དང། དྲི་མི་ཞིམ་པ་དང། མུན་གང་གི་འདུ་ཤེས་སོ། །ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་པ་ལ་ནི་ཨུཏྤལ་ཞེས་བྱ་བའི་ རླུང་གིས་ལུས་བསྒྱུར་ཏེ་ལག་པ་ཐུར་དུ་བརྐྱངས་ནས་སྐྱེ་གནས་ཀྱི་སྒོར་ཕྱོགས་པར་བྱེད་དོ། །ཡང་ཁ་ཐུར་དུ་བལྟ་བའི་རླུང་གིས་བུས་པས་མགོ་ཐུར་དུ་བལྟས་རྐང་པ་གྱེན་དུ་བལྟས་ནས་ཕྱིར་འབྱུང་ངོ། །གལ་ཏེ་སྡིག་ཅན་ཞིག་སྟེ་གཞན་གྱི་མངལ་རླུགས་པར་བྱས་ ན་ནི་རྐང་ལག་ལོག་ཅིང་བསྣོལ་མར་གྱུར་ནས་བསྒྱུར་མི་ནུས་པས་དེ་ཉིད་དུ་འཆིའོ། །དགེ་བ་ཅན་ནི་བདེ་བར་བཙའོ་ཞེས་སོ། ༈ །ཕྱིར་སྐྱེ་བའི་སྡུག་བསྔལ་ནི། དེ་ནས་སྲོག་ལ་བབ་པའི་སྡུག་བསྔལ་གྱིས། །ཕྱིར་འབྱུང་ཅུང་ཟད་དྲན་པའང་ཀུན་ཉམས་མྱོས། །ལག་པའམ་ གོས་སྟེང་ལྷུང་ཡང་ཚ་རྩུབ་ལ། །བ་ལང་གསོན་བཤུས་སྲོག་ཆགས་མང་ཟ་འདྲ། །ཆུ་འཇམ་བཀྲུས་ཀྱང་མཛེ་པོའི་པགས་རུལ་བ། །ལྕག་གིས་བཞུས་ལྟར་མི་བཟད་རབ་ཏུ་ཚ། །ཡང་ཕྱིར་འབྱུང་བ་ནི་སྡུག་བསྔལ་སྲོག་ལ་བབ་པས་གདོད་སྐྱེ་བས་ན་ཤིན་ཏུ་སྡུག་ [164B] སྣམ་ཕྱི་ས་དང་འདྲ་བར་མཆོག་ཏུ་དྲི་མི་ཞིམ་པ། སྐྱུག་བྲོ་བའི་འདམ་གྱི་ཁུང། སྲིན་བུའི་རིགས་མང་པོ་རྟག་ཏུ་གནས་པ། མི་གཙང་བའི་ཁུ་བ་རྟག་ཏུ་འཛག་པ། ཁུ་བ་དང་ཁྲག་རླངས་རུལ་མྱགས་པ། མཐོང་ན་སྐྱོ་བར་འགྱུར་བ། ལྤགས་པ་སྲབ་ མོས་གཡོགས་པ། སྡིག་པའི་གནས་ཀྱི་རྨ་དང་བཅས་པ། མི་གཙང་བའི་གནས་དེ་ལྟ་བུ་ལ་སུ་ཞིག་ཆགས། དེ་བཙས་ནས་ལག་པའམ་གོས་ཀྱི་སྟེང་དུ་ལྟུང་ནས་ཉི་མའམ་གྲིབ་མའམ་ཤིང་ལེབ་བམ་སྟན་ནམ་པང་དུ་བཞག་པ་ན་མི་བཟད་པ་ཚ་བ་བརྩུབ་པ་མྱོང་སྟེ་ བ་ལང་གསོན་པོར་བཤུས་པ་སྲོག་ཆགས་ཀྱིས་ཟ་བ་ལྟ་བུའོ། །ཆུ་དྲོན་གྱིས་བཀྲུས་ནའང་མཛེ་པོ་ལྤགས་པ་རུས་པ་རྣག་ཁྲག་འཛག་པ་ལྕག་གིས་བཞུས་པ་ཙམ་མོ། །དེ་ལྟ་བུ་ཐམས་ཅད་ཀྱི་ཚེའང་དེ་དག་མྱོང་ཞིང་དྲན་པ་འབྱུང་བའོ། ༈ །དེ་ལ་བརྟེན་པའི་གནོད་པ་རགས་ པ་ནི། །བཅོས་ནས་ཞག་བདུན་ཕྱིན་ཆད་སྲིན་བུའི་ཚོགས། །བརྒྱད་ཁྲིས་ཟ་བས་ཉམས་ཆུང་བཀྲེས་སྐོམ་སོགས། །ན་རྒ་འཆི་དང་སྡུག་བསྔལ་མི་སྡུག་ཕྲད། །འདོད་ཚོལ་མི་རྙེད་ཕུང་པོའི་ཁུར་གྱིས་མནར། །ཁྱད་པར་དུའང་ནད་མང་འབྱུང་གནས་ཀྱི། །མི་རྟག་སྡུག་བསྔལ་ ཡིད་བརྟན་མི་རུང་སྟེ། །ཡན་ལག་གཅོད་འབིགས་གོ་རར་འཇུག་དང་བཅིང། །སྡིག་སྦྲུལ་འཚེ་སོགས་སྡུག་བསྔལ་ཉིད་ལ་བརྟག་ཡང་བཙས་ནས་ཞག་བདུན་ཕན་ཆད་སྲིན་བུའི་ཚོགས་བརྒྱད་ཁྲི་བྱུང་ནས་ལུས་ལ་ཟའོ། །དེས་ན་རྟག་ཏུ་གདུང་ཞིང་ཉམས་ཆུང་ བ་དང་བཀྲེས་པ་དང་སྐོམ་པ་དང་ནས་སྟ་ཚོགས་ཀྱང་སྣང་བའོ། སྐྱེ་བའི་རྩ་བ་དེ་ལ་རྒ་བ་དང་ན་བ་དང་འཆི་བ་དང་སྡུག་བསྔལ་དང་བྲལ་བ་ལ་སོགས་པ་སྡུག་བསྔལ་འབའ་ཞིག་གོ་ལོ་བརྒྱ་ཐུབ་ནའང་གནས་སྐབས་བཅུ་སྟེ། བྱིས་པ་གན་རྐལ་དུ་ཉལ་བ་དང། གཞོན་ནུ་རྩེ་དགའ་ བྱེད་པ་དང། ལང་ཚོ་འདོད་པའི་བདེ་བ་ཅན་དང། མཐུ་དང་ལྡན་པ་དཔའ་སྟོབས་ཅན་དང། དར་ལ་བབ་པ་བཤེས་པ་དང། སྤོབས་པ་ཅན་དང། ཡོངས་སུ་རྫོགས་པ་ལེགས་པར་སྤྱོད་པ་ལ་མཁས་པ་དང། མཐར་གྱིས་རྒས་པ་ཆོས་ཀྱི་གཞུང་ཤེས་པ་དང་ [165A]༄༅། །རྒས་པ་བྱ་བ་མང་པོ་ལ་མཐུ་ཞན་པ་དང། ཤིན་ཏུ་རྒས་པ་ཅིའང་མི་ནུས་པ་དང། མཐའ་མ་འཆི་བའི་གནས་སྐབས་སོ། །དེ་དག་ལ་དུས་སུམ་བརྒྱ་ཡོད་དེ། དཔྱིད་དང་དབྱར་དང་དགུན་བརྒྱ་བརྒྱའོ། །ཟླ་བ་ནི་བརྒྱ་ཕྲག་བཅུ་གཉིས་ཏེ་ དཀར་གང་གི་ངོ་བོ་ནི་བརྒྱ་ཕྲག་ཉི་ཤུ་རྩ་བཞིའོ། །ཉིན་མཚན་ནི་སྟོང་ཕྲག་སུམ་ཅུ་རྩ་དྲུག་དུ་འཚོའོ། །ཉིན་གཅིག་ལན་གཉིས་ཟ་བས་ཟན་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཟ་སྟེ། རྐྱེན་གྱིས་མ་ཟོས་པའི་གྲངས་ཀྱང་དེར་གཏོགས་སོ། །འདི་ལྟ་བུ་བསམས་ཤིང་ ཡང་སྐྱོ་བར་བྱའོ། །དེ་ལྟར་སྐྱེས་པའི་ལུས་ལ་ཡང་ནད་མང་པོ་ཀླད་ནས་དང་མིག་ནད་དེ་ལ་སོགས་པ་མཐའ་ཡས་ཏེ། ནང་ནས་སྐྱེ་བའི་ནད་ཀྱི་རིགས་ནི་བཞི་བརྒྱ་རྩ་བཞི་ཡིན་པས་ལུས་འདི་ནི་འབྲས་དང་ཟུག་རྔུ་ལྟ་བུ་དང། སྐད་ཅིག་ཙམ་ཡང་མི་གནས་ པས་རང་བཞིན་གྱིས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་འཆི་བ་ཉེ་བ་ཡིད་བརྟན་དུ་མི་རུང་བའོ། །ཡང་ལག་དང་རྐང་པ་ལ་སོགས་པ་བཅད་པ་དང་མིག་ཕྱུང་བ་ལ་སོགས་པ་དང། གོ་རར་གཞུག་པ་དང་བཅིང་བ་ལ་སོགས་པ་དང། བཀྲེས་ཤིང་ སྐོམ་པ་དང། སྡིག་སྦྲུལ་ལ་སོགས་པས་རེག་པ་ལ་ཉིན་མཚན་དུ་སྡུག་བསྔལ་དྲག་པོས་བསྲེག་ཅིང་གདུངས་པའོ་ཞེས་སོ། ༈ །འཁོར་བའི་ཉེས་དམིགས་བསྒོམ་པའི་སྐབས་ཀྱི་དོན་ལ་སྦྱར་བ་ནི། དེ་ལྟར་བདེ་འགྲོའི་སྐྱེ་གནས་དམན་པའི་ཡང། །སྡུག་བསྔལ་དེ་འདྲ་ དམྱལ་སོགས་སྨོས་ཅི་དགོས། །འདི་འདྲ་རྗེས་བསམ་སྐྱོ་བས་ནན་ཏན་གྱིས། །བརྩོན་འགྲུས་བརྟན་པོས་རྣམ་གྲོལ་བཙལ་བར་འབད། །ཡང་དེ་ལྟ་བུ་ལ་ཡིད་འབྱུང་བས་ཆོས་བཙལ་ཞིང་ཤིན་ཏུ་སྐྱོ་བ་བསྐྱེད་དེ་ནན་ཏན་གྱིས་བརྩོན་འགྲུས་ཀྱིས་རྣམ་པར་གྲོལ་བ་བཙལ་བར་ བྱའོ། །དེ་ལྟར་བདེ་འགྲོའི་སྐྱེ་གནས་མི་གཙང་བའི་སྡུག་བསྔལ་འང་བརྗོད་དུ་མེད་ན་ངན་སོང་གསུམ་གྱི་མི་བཟད་པར་བཟོད་པར་དཀའ་བ་ལྟ་ཅི་སྨོས། ༈ །འདས་ཆེན་ལས་འབྱུང་བ་ལ་སྐྱེ་བ་ཉིད་ཀྱི་ནི། སྐྱེ་འདི་སྡུག་བསྔལ་གཞན་གྱི་རྩ་བ་སྟེ། །དུག་གི་ས་བོན་ལྟ་བུར་ [165B] །བཀྲ་ཤིས་མ་དང་རྣ་ནག་མ་འབྲེལ་ལྟར། །སྐྱེ་བ་འདོད་པས་གནོད་གཞན་སྤང་མི་ནུས། །དེས་ན་འགྲོ་བའི་སྐྱེ་བ་མ་ལུས་ལ། །མཁས་པས་གནོད་ཆེན་ཉིད་བརྟག་ཕྱིར་ཕྱོགས་བྱ། །ངན་སྐྱུགས་མང་ཉུང་དྲི་ངར་མཚུངས་པ་ལྟར། །ཚེ་རིང་ཚེ་ཐུང་སྐྱེ་ཀུན་ སྡུག་བསྔལ་ཉིད། །མདོ་སྡེ་ལས་སྐྱེ་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་སྟེ་འཁྲུལ་པ་ཅན་དག་སྐྱེ་བ་འདོད་ཀྱི། རྒས་པ་དང་ན་བ་ལ་སོགས་པ་མི་འདོད་ཀྱང། དཔལ་ཐམས་ཅད་སྟེར་བའི་བཀྲ་ཤིས་མ་དང་བྱུར་ཐམས་ཅད་འབེབས་པའི་རྣ་ནག་མ་དག་འབྲེལ་བར་མི་ནུས་ པ་དང་འདྲ་བའོ། །བྱང་ཆུབ་སེམས་དཔའ་ནི་དང་པོ་སྐྱེ་བ་ཉིད་ནས་སྐྱོན་དུ་རྟོགས་ཏེ། དུག་གི་སྡོང་པོ་ནི་རྩ་བ་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་གསོད་པ་ལྟར། སྐྱེ་བ་ཐམས་ཅད་ཀྱི་ནང་ལ་སོགས་པ་དང་འབྲེལ་བའོ། །ངན་སྐྱུགས་ནི་མང་ཉུང་འདྲ་སྟེ་མནམ་པ་ལྟར་ཚེ་རིང་ ཐུང་ཐམས་ཅད་སྡུག་བསྔལ་ཉི་ཚེར་མཚུངས་པའོ། །ཡང་མི་ཐ་མ་མངལ་ན་འདུག་པ་ནི་ཕྱི་ས་ཁུང་ངམ་མུན་ཁུང་ན་གནས་མི་རོའི་གནས་སམ་ཚེར་ཁུང་ངམ་མུན་ཁུང་ན་གནས་ཤིང་འབྱུང་ནའང་དེ་དག་ནས་འབྱུང་བ་སྙམ་མོ། །འབྲིང་ནི་སྐྱེད་མོས་ཚལ་ལམ་ཆུ་གཙང་ ངམ་ཁྱིམ་བཟང་པོར་ཤེས་སོ། །རང་ནི་ཡང་ཐོག་བཟང་པོའམ་མ་སྐྱེད་མོས་ཚལ་ལམ་རྟའམ་གླང་པོ་ཆེ་གཞོན་པའཾ་རི་མཐོན་པོ་ལ་འཛེག་པའམ་དེ་དག་ནས་འབྱུང་བ་སྙམ་མོ་ཞེས་སོ། ༈ །དེ་ལ་བརྟེན་པའི་གནོད་པ་རགས་པ་ལས་རྒས་པ་ནི། རྒས་པས་གླེན་སོགས་ ནད་ལྡང་སྟོབས་སོགས་འཇོམས། །འཆི་བདག་ཁར་བསྟོབས་ཡུལ་རྣམས་སྤྱོད་མཐུ་འཕྲོག་ཀུན་གྱིས་བརྙས་འགྱུར་རབ་འབྱུང་ཐོས་སོགས་ཉམས། །ལུས་རིད་ལས་ཀྱི་མཐུ་མེད་མྱུར་བར་འཆི། །ཡང་རྒས་པ་ན་ནི་སྐྱུག་པོ་བཞིང་བྱ་དང། དཔའ་བ་དང་ཉམས་རྩལ་འཕྲོག་པའོ།། བརྩོན་འགྲུས་དང་འཛིན་པ་དང་གཞོན་དར་བ་དང་རབ་ཏུ་བདེ་བ་དང་ང་རྒྱལ་དང་རྒྱགས་འཆོས་དང་བདེ་བ་ཅི་འདོད་པ་ལ་སྤྱོད་པ་རྣམས་མ་རུངས་པར་བྱེད་པའོ། །ལེ་ལོ་དང་སྙོམས་ལས་ཆེ་བའོ། །གཞན་གྱིས་བརྙས་པ་སྐྱེད་པའོ། །དཔེར་ན་རྫིང་དུ་པདྨ་རྒྱས་པ་ན་ཁ་དོག་འཚེར་ [166A]༄༅། །བས་ཀུན་གྱི་ཡིད་དུ་འོང་ཞིང་འདོད་དེ། སེར་བས་མ་རུངས་པར་བྱེད་པ་ལྟར། རྒས་པའང་གཞོན་དར་བའི་མདོག་བཟང་པོ་ཡིད་དུ་འོང་བ་མ་རུང་བ་བྱེད་དོ། །རྒྱལ་པོའི་བློན་པོ་མཛངས་པས་དེ་ལ་བསྔོ་བའི་རྒྱལ་ཕྲན་ཐབས་ཀྱིས་བཟུང་སྟེ་འབུལ་ ལོ༑ ༑རྒས་པས་ཀྱང་གཞོན་དར་བ་བཟུང་སྟེ་འཆི་བདག་གི་རྒྱལ་པོ་ལ་འབུལ་ལོ། །ཕྱུག་པོའི་ནོར་གསེར་ལ་སོགས་པ་མང་པོ་རྐུན་པོས་འཇོམས་པ་ལྟར་གཞོན་པ་ཁ་དོག་ལ་སོགས་པ་རྒ་བའི་དགྲས་རྟག་ཏུ་འཇོམས་སོ། །དབུལ་པོ་དག་རྟག་ཏུ་ཟས་དང་གོས་ བཟང་པོ་འདོད་ཀྱང་མི་རྙེད་པ་ལྟར། རྒས་པའང་འདོད་པའི་ཡོན་ཏན་ལྔའི་བདེ་སྐྱིད་ལ་ལོངས་སྤྱོད་པར་འདོད་ཀྱང་ནུས་པ་མེད་དོ། །སྐམ་སའི་རུས་སྦལ་རྟག་ཏུ་ཆུ་དྲན་ཡང་མི་རྙེད་པ་ལྟར། རྒས་འཁོགས་པས་བསྐམས་པའང་རྟག་ཏུ་གཞོན་པའི་འདོད་པའི་ཡོན་ཏན་ ལྔ་པོ་དྲན་ནོ། །སྟོན་པདྨ་ཁ་བྱེ་བ་ཡང་ཀུན་གྱི་ཡིད་དུ་འོང་པ་རྙིངས་ནས་ཀུན་གྱིས་མི་འདོད་པ་ལྟར། རྒས་པ་ཡང་ཀུན་གྱི་ཡིད་དུ་མི་འོང་བས་མི་འདོད་དོ། །བུ་རམ་ཤིང་བཙིར་བའི་ཚིགས་མ་ལ་རོ་མེད་དོ། །རྒས་པས་གུད་པ་ན་ཡང་རབ་ཏུ་འབྱུང་བ་དང་ཀློག་པ་དང་ བསམ་གཏན་གྱི་རོ་གསུམ་མེད་དོ། །ཟླ་བ་རྒྱས་པ་མཚན་མོ་གསལ་ཡང་ཉིན་མཚན་གཉིས་མི་འདྲའོ། །གཞོན་པ་བཟང་ཞིང་མཛེས་པ་ཡང་རྒས་པ་ན་བསྐམས་ཤིང་རིད་དོ། །རྒྱལ་པོ་སྲིད་བཟང་པོ་སྐྱོང་བ་གཞན་གྱིས་ཕབ་སྟེ་འཁྱམས་པ་ན་ཀུན་སྙིང་རྗེ་བས་ཁྱོད་ ལྟ་བུ་ཇི་སྟེ་འདི་ལྟར་འཁྱམ་ཞེའོ། །རྒས་པས་ཉམས་པ་ལ་ཡང་སྔར་གཞོན་པའི་ལས་ངག་ལ་བསྟོད་དུ་ཟད་དོ། །མར་མེ་མར་ཟད་པ་མྱུར་དུ་འཆིའོ། །གཞོན་པ་རྒས་པ་ཡང་དེ་བཞིན་ནོ། །ཤིང་རྟའི་སྲོག་ཤིང་ཆག་ན་ཁལ་འཁུར་མི་ནུས་སོ། །རྒས་པས་ཀྱང་ དགེ་བའི་ཆོས་ཐམས་ཅད་འཛིན་པར་མི་ནུས་སོ། །བྱིས་པ་ཆུང་ངུ་ཤེད་མ་བྱེ་པ་ནི་ཀུན་གྱིས་བརྙས་པ་ལྟར་རྒས་འཁོགས་པ་ཡང་ངོ་ཞེས་སོ། ༈ །ན་བ་ནི། ནད་ཀྱིས་བདེ་བ་ཀུན་འཇོམས་འཇིགས་སོགས་བསྐྱེད། །དབང་སོགས་གཟུགས་ཉམས་འཆི་བ་ཉེར་འདྲེན་ [166B] ༑དྲེའུ་སྦྲུམ་སོགས་དང་རྒྱལ་པོའི་འཁོར་སོགས་བཞིན། །མདོག་སྟོབས་ངོ་ཚ་སོགས་འཇོམས་ལུས་སེམས་བསྲེག་ཡང་སེར་བས་ལོ་ཏོག་ཀུན་འཇོམས་པ་ལྟར་ན་བས་བདེ་ཀུན་འཇོམས་སོ། །ཤ་འཁོན་ཅན་གྱི་དགྲ་ལ་རྟག་ཏུ་འཇིགས་པ་ལྟར་ན་བས་ཀྱང་ རྟག་ཏུ་འཇིགས་ཤིང་མ་ངན་བྱེད་དེ། །མི་གཟུགས་བཟང་པོས་རྒྱལ་པོའི་བཙུན་མོ་ལ་སྤྱད་པ་དེས་ཚོར་ཏེ་མིག་ཕྱུང། རྣ་བ་གཅིག་བཅད། ལག་པ་གཅིག་བཅད་ན་སྔོན་གྱི་གཟུགས་ཉམས་ཏེ་ཀུན་གྱིས་མི་འདོད་དོ། །ན་བ་ཡན་ལག་ཀུན་གཟིར་བ་ཡང་དེ་བཞིན་ནོ། །ཆུ་ཤིང་ ལ་སོགས་པ་ནི་རང་གི་འབྲས་བུས་བརླག་པར་བྱེད་དོ། །ནད་ཀྱིས་ཀྱང་འཆི་བར་བྱེད་དོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་དམག་དང་བློན་པོའི་ཕྱི་བཞིན་དུ་འབྲང་ངོ། །འཆི་བའི་རྒྱལ་པོ་ཡང་རྟག་ཏུ་ན་བའི་བློན་པོའི་རྗེས་སུ་འབྲང་ངོ། །རྒྱལ་པོ་གཞན་གྱི་རྗེས་སུ་འཁོར་ དག་འབྲང་ངོ། །ན་བའི་རྒྱལ་པོའི་རྗེས་སུ་ཡང་འཆི་བའི་འཁོར་འབྲང་ངོ། །ན་བའི་རྒྱུས་ནི་སྡུག་བསྔལ་དང་འཁྲུག་པ་དང་ཟློས་པའི་མྱ་ངན་དང་སྨྲེ་སྔགས་འདོན་པ་ལུས་དང་སེམས་མི་བདེ་བར་བྱེད་པ་སྟེ། དགྲ་མ་རུངས་པས་ཉེན་པ་དང། རྐྱལ་པ་འབྲལ་བ་དང། ཟམ་པ་འཇིག་པ་ དང། དྲན་པ་འཕྲོག་པ་དང། གཞོན་པའི་ཁ་དོག་དང་སྟོབས་དང་བདེ་བ་མ་རུངས་པར་བྱེད་པ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པར་བྱས་པ་དང། ལུས་དང་སེམས་འབར་ཞིང་ཚིག་པར་བྱེད་པའི་རྣམ་གྲངས་ཅན་ནོ། །ཞེས་སོ། ༈ །འཆི་བ་ནི། བསྐལ་མེ་སོགས་ལྟར་འཆི་བས་ཀུན་ འཇོམས་ཏེ། །རྒྱལ་སྲས་དབང་ཐོབ་ཟབ་ཆོས་རྟོགས་མ་གཏོགས། །རྒྱལ་པོ་སྡང་སོགས་ནོར་དབྱིག་དབུལ་སོགས་ཀྱིས། །བཟློག་པར་ནུས་ཀྱི་འཆི་བདག་དེ་ལྟ་མིན། །ཡང་འཆི་བ་ནི་འཇིག་ཅིང་མེད་པར་བྱེད་པའོ། །མེ་དང་ཆུ་དང་རླུང་གིས་བསམ་གཏན་གཉིས་པ་ལ་སོགས་པ་ མ་གཏོགས་པ་ཀུན་འཇིག་པ་ལྟར། འཆི་བས་ཀྱང་བྱང་ཆུབ་སེམས་དཔའ་མདོ་འདི་ལ་གནས་པ་མ་གཏོགས་པ་ཐམས་ཅད་མེད་པར་བྱེད་དོ། །ནམ་མཁའ་ལྡིང་གི་རྒྱལ་པོས་ཀླུ་དང་གསེར་ལ་སོགས་པ་ཀུན་འཇུ་བར་ནུས་ཀྱང་རྡོ་རྗེ་ནི་མི་འཇུའོ། །འཆི་བའི་རྒྱལ་པོས་ཀྱང་རྒྱལ་ [167A]༄༅། །སྲས་དེ་མ་གཏོགས་པ་འཇུ་ནུས་སོ། །ནམ་མཁའ་ལྡིང་ཀླུ་ཐམས་ཅད་ཟའང་གསུམ་ལ་སྐྱབས་སུ་སོང་བ་ནི་ཟ་མི་ནུས་སོ། །ཤི་བའི་མཁའ་ལྡིང་སེམས་ཅན་དཔག་ཏུ་མེད་པ་ཟའང་རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་པ་ནི་མ་ཡིན་ནོ། །མི་ ལ་རྒྱལ་པོ་སྡང་བ་ནི་ནོར་དབྱིག་ཕུལ་ཏེ་འཇམ་པའི་ཚིག་སྨྲས་པས་བྱམས་པར་འགྱུར་གྱི། འཆི་བའི་རྒྱལ་པོ་ལས་ནི་དེ་དག་གིས་ཐར་པ་མེད་དོ་ཞེས་སོ། ༈ །འདོད་པ་དང་བྲལ་བ་ནི། སྡུག་བྲལ་གནོད་པ་ཀུན་གྱི་རྩ་བ་སྟེ། །ཚེ་ཟད་མཐོ་ལྟུང་རྒྱལ་སྲིད་ནོར་བརླག་སོགས། །ཡང་ འདོད་པ་དང་བྱེ་བྲལ་བ་ནི་སྡུག་བསྔལ་ཀུན་གྱི་རྩ་བ་སྟེ། འདོད་པའི་རྐྱེན་གྱིས་མྱ་ངན་སྐྱ། །འདོད་པའི་རྐྱེན་གྱིས་འཇིགས་པ་སྟེ། །འདོད་པ་ཐམས་ཅད་ཡོངས་སྤངས་ན། །མྱ་ངན་འཇིགས་པ་ག་ལ་འོང། །ཡང་འདོད་པ་དང་བྲལ་བ་ནི། ཚེ་ཟད་པ་ལ་སོགས་པ་སྟེ་སྡུག་བསྔལ་སྣ་ཚོགས་ གཞན་ཡང་རྒྱལ་པོ་སྤྱི་བོ་སྐྱེས་ལ་སོགས་པ་བཞིན་ནོ་ཞེས་སོ། ༈ །མི་འདོད་པ་དང་ཕྲད་པ་ནི། མི་སྡུག་དང་ཕྲད་དགྲ་བོས་ཉེར་བཅོམ་ཞིང། །བཙོན་རར་བཅུག་དང་འབྱུང་པོས་བརླམས་སོགས་ཡིན། །ཡང་དགྲ་སྡང་བ་དང་ཕྲད་པ་ནི་འགྲོ་བ་ལྔ་ཅར་ལ་ཡང་ཡོད་དེ། མི་ལ་ནི་བཟུང་སྟེ་ བཙོན་རར་བཅུག་པ་ལ་སོགས་པའོ་ཞེས་སོ། ༈ །འདོད་པ་བཙལ་ཏེ་མ་རྙེད་པ་ནི། འདོད་པ་མི་རྙེད་དགེ་བ་མ་ཐོབ་དང། །མི་དགེས་ཉེར་བཅོམ་ངལ་མང་འབྲས་མེད་སོགས། །ཡང་འདོད་པ་མི་རྙེད་ཐམས་ཅད་ཀྱང་འདོད་པ་གཉིས་པོ་དགེ་བ་དང་མི་དགེ་བ་འདོད་པ་དག་ལས་ དགེ་བ་ནི་མ་རྙེད་ན་སྡུག་བསྔལ་ལོ། །མི་དགེ་བ་དང་ནི་མ་བྲལ་ན་སྡུག་བསྔལ་ལོ་ཞེས་སོ། ༈ །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ནི། ཕུང་པོའི་ཁུར་ནོན་གཡང་ས་ཆེན་པོ་ཅན། །གྲོགས་མེད་མཐའ་མི་མངོན་པའི་ལམ་རིང་དུ། །མུན་ཆེན་སྣང་མེད་ཐར་སྒོ་ མཐོང་མེད་ཅིང། །གཞིག་པར་མི་ནུས་ཐོས་ནས་སྐྲག་པར་འཁྱམ། །ཡང་མདོ་སྡེ་ལས། བྱིས་པ་མ་རབས་ནི་གཡང་ས་ཆེན་པོར་འཇུག་སྟེ། ལམ་ཤིན་ཏུ་རིང་ལ་གྲོགས་མེད་པ་ཉིན་མཚན་དུ་ཕྱིན་ཀྱང་མཐའ་མི་ཤེས་པ། ཤིན་ཏུ་གནག་པའི་མུན་པར་འཐོམ་པ། སྣང་བ་དང་སྒྲོན་མེ་ [167B] སྣང་བའི་དམིགས་མེད་ལ་གསོར་མི་རུང་བ། འགྲོ་བ་ལ་བར་ཆད་དང་ཐར་པ་མེད་པའི་གནས་སུ་ཕྱིན་པ། གཞིག་ཏུ་མེད་པ། མཐོང་བ་ཙམ་གྱིས་མྱ་ངན་གྱིས་གདུངས་པ་གཟུགས་སྡུག་པ་མ་ཡིན་ཡང་ཀུན་གྱིས་འཇིགས་ སྐྲག་པ། ལུས་ལ་ཁྱབ་པར་ཡོད་ཀྱང་ཚོར་མི་ཤེས་སོ་ཞེས་གསུངས་ཏེ། ཕུང་པོ་ལྔ་ནི་བླངས་པ་ཙམ་གྱིས་ཚོར་བ་གསུམ་དང་རྗེས་སུ་འབྲེལ་པ་ཉིད་དུ་རོ་གཅིག་ལ། བདེ་བ་ཐམས་ཅད་ཀྱང་འགྱུར་བའི་སྡུག་བསྔལ་ཉིད་དོ། །སྡུག་བསྔལ་ཐམས་ཅད་ནི་སྡུག་བསྔལ་གྱི་སྡུག་ བསྔལ་ཉིད་དོ། །བཏང་སྙོམས་ཐམས་ཅད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་ན་ཕུང་པོ་གྲུབ་བོ་ཅོག་མ་ལུས་པ་ནི་སྡུག་བསྔལ་འབའ་ཞིག་པ་སྟེ། འབའ་ཞིག་པ་ནི་བདེ་བ་གཏན་མེད་པའམ་བྱེད་པ་པོའི་བདག་མེད་པའི་དོན་ཏོ། །སྔར་གྱི་སྡུག་བསྔལ་བརྒྱད་པོ་ཡང་སྡུག་ བསྔལ་གསུམ་པོ་འདི་ཉིད་ཀྱི་དབྱེ་བར་ཅི་རིགས་སུ་སྦྱར་རོ། ༈ །སྐྱེ་བ་ལ་ནི་བརྟེན་པའི་གནོད་པ་ཕྲ་བ་ནི་མཐའ་ཡས་པ་ཉིད་དེ། འོན་ཀྱང་འདིར་བསྡུས་པ་ནི། ལམ་ངན་འཇུག་དང་ཞུམ་དང་སེར་སྣ་དང། །བསྔོས་བསྒྱུར་དབུལ་དང་ནོར་དང་སྲེད་ཞེན་དང། །ལོག་འཚོ་ གཞན་སྡུག་མི་ལྟ་ཕྲག་དོག་དང། །འཛེམ་མེད་སྤྱོད་དང་གཞན་སྐྱོན་རྟོག་བྱེད་དང། །ལས་ངན་གྱིས་གཡེང་ཐོས་སོགས་དོན་མི་གཉེར། །འཇིག་རྟེན་ཕ་རོལ་མི་ལྟ་གཞན་བསླུ་དང། །ཡོན་ཏན་མི་བརྟན་ཉེས་བརྟན་བཟོད་མེད་དང། །མཛའ་བཤེས་ཡལ་འདོར་བྱས་ མི་གཟོ་ལ་སོགས། །ཡིད་འབྱུང་སྐྱོ་བའི་གནས་མང་ལེགས་བརྟགས་ནས། །མཁས་པས་དེ་དག་རྒྱང་རིངས་དོར་བར་འབད། །ལམ་ངན་པར་འཇུག་པ་ནི་སྡིག་པ་སྤྱོད་པ་ལ་སོགས་པ་སྟེ། དེ་སྤང་བར། སྡུག་བསྔལ་གཞིར་གྱུར་གཏམ་ངན་རྗེས་འབྲང་བའི། །སྡིག་པའི་ ལམ་ལས་བདེ་འདོད་སླར་ལོག་ལ། །དེ་བས་བསོད་ནམས་སྤྱོད་པ་དཔལ་ལྡན་པ། །བདེ་བ་རབ་འབྱུང་སྒྲུབ་ལ་བློ་བྱོས་ཤིག་ཅེས་སོ། །ཞུམ་པ་ནི་བྱ་དཀའ་བའི་ལས་སེམས་ཀྱིས་མི་ལྕོགས་པ་སྟེ། དེ་སྤང་བར། ཞུམ་པས་ཕོངས་ལས་ཐར་ལ་མི་ཕན་གྱི། །དེ་བས་མྱ་ངན་གདུང་ [168A]༄༅། །བར་མ་བྱེད་པར། །དགོས་པའི་དོན་བསྒྲུབ་མཁས་ལ་བརྟེན་བྱས་ན། །རབ་ཏུ་དཀའ་བའང་སླ་བས་ཐར་བར་འགྱུར། །དེ་བས་འཇིགས་ཤིང་མི་དགར་མ་བྱེད་པར། །ཇི་ལྟར་བྱ་བའི་ཐབས་ཀྱིས་དགོས་པ་བསྒྲུབས། །མཁས་པའི་གཟི་བརྗིད་བརྟན་པས་ གཟེངས་བསྟོད་ན། །དོན་རྣམས་ཐམས་ཅད་འགྲུབ་པ་ལག་ན་ཡོད། །ཅེས་སོ། །སེར་སྣ་ནི་ཡོ་བྱེད་ལ་ཀུན་འཛིན་དམ་པས་གཏོང་མི་ནུས་པ་སྟེ། དེ་སྤང་བར་གློག་ནི་འགྱུ་བ་ལྟ་བུར་མི་བརྟན་ནོར། །ཀུན་དང་ཐུན་མོང་ཕོངས་པ་དུ་མའི་རྒྱུ། །བདེ་བ་འབྱུང་བའི་རྒྱུ་ནི་སྦྱིན་ཡིན་ ན། །ཡ་རབས་སུ་ཞིག་སེར་སྣའི་ལམ་ལ་བརྟེན། །ཞེས་སོ། །བསྔོས་པ་བསྒྱུར་བ་ནི་བསྔོས་ནས་མི་སྦྱིན་པའམ་བསྔོས་པ་ལས་གཞན་པ་སྦྱིན་པའི་མ་གཞན་ལ་བསྔོས་ནས་གཞན་ལ་སྦྱིན་པ་ལ་སོགས་པ་སྟེ། དེ་སྤང་བར་སྦྱིན་ནོ་ཞེས་ནི་ཁས་བླངས་པས། ཕོངས་བའི་རེ་བ་ བརྟན་བྱས་ནས། །བསླུ་བའི་ཚིག་ནི་རྩུབ་མོ་དེའི། །སྐྱིན་པ་བསབ་པ་ཅི་ཡང་མེད། །ཕོངས་པ་རྣམས་ཀྱིས་བག་ཕབ་སྤོབས་ཏེ་བསླངས་པ་ལ། །སྦྱིན་པའི་དུས་སུ་བརྙས་ཏེ་མ་བྱིན་དགའ་བ་བས། །མི་བཟད་མེ་ལྕེ་འབར་བའི་སེམས་ཅན་དམྱལ་བ་དེར། །མེ་ལྕེ་འབར་བས་ཕོག་ནས་ སྤྱིའུ་ཚུགས་ལྷུང་ཡང་རུང། །གང་ཞིག་སློང་བ་དེ་ཉིད་སྦྱིན་པར་བྱ། །མི་འདོད་པ་ནི་བྱིན་ཡང་དགར་མི་འགྱུར། །ཆུས་ཁྱེར་བ་ལ་ཆུ་ཡིས་ཅི་ཞིག་བྱ། །དེ་བས་བསླངས་པའི་དོན་ནི་འདི་ལ་སྦྱིན། །ཞེས་སོ། །དབུལ་བ་ནི་ནོར་དང་མི་ལྡན་པ་སྟེ། དམའ་འབབ་གནས་གྱུར་ཉོན་མོངས་ངལ་ བའི་གཞི། །བདེ་བ་ཡོངས་སྤངས་ཤིན་ཏུ་མི་བརྗིད་པ། །ཉམས་ཉེས་བཞིན་དུ་རྟག་ཏུ་མྱ་ངན་བྱེད། །ནོར་མེད་གྱུར་པ་ཤིན་ཏུ་འཇིག་སུ་རུང། ཞེས་སོ། །ནོར་དད་ནི་ནོར་སྒྲུབ་ཅིང་ཕངས་པར་འཛིན་པ་སྟེ། བསགས་དང་བསྲུང་དང་བརླག་པའི་གདུང་བ་ཡིས། །ནོར་ནི་ཕུང་ཀྲོལ་མཐའ་ཡས་ ཤེས་པར་བྱ། །ནོར་ལ་ཆགས་པས་གཡེངས་པར་གྱུར་པ་རྣམས། །སྲེད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་བྱ་བ་དང། འཇིག་རྟེན་དག་ན་ནོར་ནི་ཕལ་ཆེར་ཡང། །ཆགས་པའི་གཞི་དང་ངན་འགྲོའི་གྲོགས་སུ་འགྱུར་ཞེས་སོ། །དེ་སྤང་བར་གཏོང་དཀའི་ནོར་ནི་བདག་ [168B] །འབྱོར་བ་ཐོབ་པས་དོན་དང་མཐུན་པར་འགྱུར། ཞེས་སོ། །སྲེད་ཞེན་ནི་མ་འོངས་པའི་འདོད་པའི་ཡུལ་དག་གིས་སྐོམ་ཞིང་དོན་དུ་གཉེར་བ་སྟེ། དམན་པ་རྣམས་ནི་ཕལ་ཆེར་ཡང། །མི་བཟོད་པར་ནི་ཡིད་གདུངས་ནས། །དངོས་པོ་གང་ལ་དེ་གྲགས་པ། །དེ་ ཡིས་ལྷག་པར་གདུངས་པར་འགྱུར། ཞེས་སོ། །ལོག་འཚོ་ནི་ཚུལ་འཆོས་ལ་སོགས་པས་ཉེས་པར་སྤྱོད་པ་སྣ་ཚོགས་ལ་འཛེམ་པ་མེད་པར་རྙེད་པ་དང་བཀུར་སྟི་བསྒྲུབ་པ་སྟེ། སྤྱི་བརྟོལ་བྱེད་ཅིང་འཕྲོག་རློམ་ཅན། །མི་གཙང་ལས་ལྡན་ཁྭ་ལྟ་བུ། །ཤིན་ཏུ་ཉོན་མོངས་འཚོ་བ་ ཅན། །ངོ་ཚ་མེད་པའི་འཚོ་བ་ལས། །རྟག་ཏུ་གཙང་མ་འཚོལ་བ་དང། །ཐུབ་ཚོད་མི་བྱེད་འཛེམ་བག་ཅན། །འཚོ་བ་དག་པ་ལྟ་བ་ཡིས། །ངོ་ཚ་ཤེས་པའི་འཚོ་བ་དཀའ། ཞེས་སོ། །དེ་སྤང་བར། ཆོག་ཤེས་དེས་པའི་བདག་ཉིད་ཅན། །འཚོ་བ་གང་ནའང་བཙལ་མི་དཀའ། །རྩྭ་དང་ ལོ་མ་ཆུ་ནི་གནས། །གང་ནའང་མེད་པ་མ་ཡིན་ནོ། །མང་དུ་ཐོས་པ་སྙེམས་པ་མེད། །འབྱོར་པ་ཐོབ་ལ་སེར་སྣ་མེད། །ནགས་ཚལ་གནས་ལ་ཆོག་ཤེས་པ། །ཡོན་ཏན་ཀུན་གྱི་མཆོག་ཡིན་ནོ་ཞེས་སོ། །གཞན་གྱི་སྡུག་བསྔལ་ལ་མི་ལྟ་བ་ནི་སྙིང་སྲ་བས་གཞན་གྱིས་བདེ་སྡུག་ ཁྱད་དུ་བསད་ཅིང་རང་གི་བདེ་བ་ཆུང་ངུའང་འཚོལ་བ་སྟེ། དེ་སྤང་བར། དམ་པ་རྣམས་ནི་ཕ་རོལ་སྨད་ལ་སོགས། །གནོད་པ་བྱས་ནས་རང་གི་བདེ་མི་བསྒྲུབ། །དེ་བས་མཁས་པ་གཅིག་ལའང་མི་གནོད་པར། །ཆོས་ལ་གནས་ནས་བདག་གི་དོན་བསྒྲུབ་བོ་ཞེས་སོ། །ཕྲག་དོག་ནི་གཞན་ གྱི་དཔལ་ལ་སྡང་བས་མི་བཟོད་པ་སྟེ། རང་གི་ཡོན་ཏན་གྲགས་པ་ཁྱད་པར་ཅན། །འགྲོ་བ་མགུ་བར་ནུས་པའི་མཐུ་ཅན་ལ། །ཡོན་ཏན་བཅོས་མས་བཀུར་སྟི་ཐོབ་པ་རྣམས། །ཕྲག་དོག་མེ་ནི་གོར་མ་ཆག་པར་འབར་ཞེས་སོ། །འཛེམ་པ་མེད་པར་སྤྱོད་པ་ནི་ངོ་ཚ་དང་ཁྲེལ་ཡོད་ཤས་ ཆུང་བ་སྟེ། འཇིག་རྟེན་སྤྱོད་པས་འཛེམ་པ་མེད་པ་དང། །ཆོས་དང་ཕྱི་མའི་འབྲས་བུ་མི་ལྟ་བ། །གང་ཡིན་དེ་ལ་སྐྱེ་བོ་ཡིད་མི་ཆེས། །ལྷ་དང་དཔལ་གྱིས་རབ་ཏུ་སྤངས་པར་འགྱུར་ཞེས་ཏེ། དེ་སྤང་བར། ལྷ་དབང་ཕྱིར་ཡང་ངོ་ཚ་བོར་ནས་ནི། །ཡིད་ལ་ཆོས་དང་འགལ་བ་བྱེད་པ་བས།། [169A]༄༅། །གྱོ་མོའི་སྣོད་ཐོགས་གོས་ངན་གྱོན་ནས་ནི། །དགྲ་ཡི་ཁྱིམ་དུ་འབྱོར་བ་སློང་ཡང་བླ། །བྱིས་པ་རྣམས་ནི་མཚན་མ་ཆུང་ཟད་ལ། །བརྟེན་ནས་རང་གི་ཆོས་ལམ་འདོར་བར་བྱེད། །དཀའ་ཐུབ་ཆོས་དང་ཤེས་པའི་ནོར་ལྡན་པ། །དགེ་བ་རྣམས་ནི་ཕོངས་ ཀྱང་མི་འགྱུར་རོ་ཞེས་སོ། །གཞན་གྱི་སྐྱོན་དང་འཁྲུལ་པ་ལ་རྟོག་པ་ནི། བདག་ལས་གཞན་པའི་སྐྱོན་དག་ནི། །ཕུབ་མ་གཏོར་བ་ཇི་བཞིན་དུ། །གཞན་གྱི་སྐྱོན་མཐོང་སླ་བ་སྟེ། །རང་གི་སྐྱོན་ནི་མཐོང་བར་དཀའ་ཞེས་ཏེ། དེ་སྤང་བར། གཞན་སྐྱོན་རྟོག་པ་སྤོང་བ་དང། །རང་ གི་ཉེས་པ་ལྟ་བའོ་ཞེས་སོ། །ལས་ངན་པས་གཡེངས་པ་ནི་ཁྱིམ་གྱི་སོ་ཚིས་ལ་སོགས་པས་རྟག་ཏུ་རང་དབང་མེད་པར་བཀོལ་བ་སྟེ། ཁྱིམ་གྱིས་སོ་ཚིས་བྱེད་པས་ནི། །བརྫུན་དུ་མི་སྨྲར་མི་རུང་ཞིང། །ཕ་རོལ་གནོད་པ་བྱེད་པ་ལ། །ནན་ཏུར་མི་བྱར་མི་རུང་ངོ། །ཕྱུགས་ཀྱིས་བསྒྲུབ་ ནའང་མི་དཀོན་པའི། །མནོག་ཆུང་གང་ཡིན་དེ་དོན་དུ། །དལ་འབྱོར་ཕུན་སུམ་རྙེད་དཀའ་འདི། །ལས་ཀྱིས་མནར་བ་རྣམས་ཀྱིས་བཅོམ་ཞེས་སོ། །ཐོས་པ་ལ་སོགས་དོན་དུ་མི་གཉེར་བ་ནི་དམ་པ་རྣམས་ཀྱི་ལས་སུ་བྱ་བ་ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པ་ཡོན་ཏན་གྱི་ཚོགས་ལ་ རྩིས་མེད་པས་ཡལ་བར་འདོར་ཞིང་མི་སེམས་པ་སྟེ། དེ་སྤང་བར། ཡོན་ཏན་ལྡན་པ་ཡོན་ཏན་ལ་དགའ་ཞིང། །ཡོན་ཏན་མེད་པ་ཡོན་ཏན་ལ་མི་དགའ། །བུང་བ་ནགས་ན་གནས་ཀྱང་མཚོའི་པད་གཞིབ། །སྤལ་པ་དྲུང་ན་འདུག་པ་དེ་ལྟ་མིན། །མཁས་པ་རྣམས་ཀྱི་གྲགས་པ་ ནི༑ ༑མཁས་པ་རྣམས་ཀྱི་ནང་དུ་འཕེལ། །རན་ཆེན་ཤེས་ལ་རིན་ཆེན་དང། །གཡུལ་ངོའི་ནང་དུ་དཔའ་བོ་བཞིན། །གང་ཞིག་འདོན་དང་འདྲི་དང་ཀློག་པ་དང། །གཞན་ལ་འདྲི་དང་ཐོས་པ་འཛིན་བྱེད་པ། །དེ་ཡི་བློ་ནི་ཉི་མའི་འོད་ཟེར་གྱིས། །པདྨ་བཞིན་དུ་རྣམ་པར་ཁ་འབྱེའོ། ། མང་དུ་ཐས་པ་ཐོས་པ་འདོད། །གཙང་སྦྲ་ཅན་ནི་གཙང་ལ་དགའ། །དཀའ་སྤྱོད་རྣམས་ནི་དེས་མི་འཇིགས། །སྐྱེས་བུ་གོམས་པའི་ལམ་དུ་འགྲོ་མེ་ཏོག་རྣམས་ནི་ལྗོན་པའི་ཤིང་གི་རྒྱན་དུ་འགྱུར། །གློག་ཕྲེང་འགྱུར་བ་ཆར་སྤྲིན་རྣམས་ཀྱི་རྒྱན་དུ་འགྱུར། །བུང་བ་མྱོས་པ་འདུ་བའི་ [169B] །ཡོན་ཏན་ཁྱད་པར་འཕགས་པ་ལུས་ཅན་རྣམས་ཀྱི་རྒྱན། །ཞེས་སོ། །གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །གཟི་བརྗིད་ཆེའང་བཟོད་ཅིང་དེས་པའི་ངང། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །དཔལ་དང་ལྡན་ཞིང་འབྱོར་ཀྱང་དྲེགས་པ་མེད། ། སྐྱེ་བོ་རྣམས་ལ་སྡུག་བསྔལ་དབང་མེད་པ། །དེ་ཡིས་མ་བཟོད་སྙིང་རྗེའི་གཞུ་དག་དང། །སྦྱིན་པའི་མདའ་རྣམས་ཆར་བཞིན་འབེབས་པ་ཡིས། །དེ་དང་ལྷན་ཅིག་གཡུལ་ཆེན་འགྱེད་པ་འདྲ། ཞེས་སོ། །འཇིག་རྟེན་ཕ་རོལ་ལ་མི་ལྟ་བ་ནི་ཚེ་ཕྱི་མ་ཕན་ཆད་ཀྱི་བདེ་སྡུག་མི་སེམས་པར་ ཚེ་འདི་ཉིད་དུ་ཅི་བདེ་ཙམ་འཚོལ་བར་ཟད་པ་སྟེ། ལྷ་ཡི་དཔལ་དང་འཁོར་ལོས་བསྒྱུར་ལ་སོགས། །གཟུགས་དང་ལང་ཚོ་འབྱོར་སོགས་བདེ་ལྡན་ཡང། །མཐོ་རིས་བྱང་གྲོལ་འཚོལ་ལ་སྤྱོད་མེད་པ། །དུད་འགྲོ་མི་ཡི་ཆ་བྱད་འཛིན་པར་ཟད་ཅེས་སོ། །གཞན་ཡང་བསླུ་བ་ནི་ གཡོ་སྒྱུ་འབའ་ཞིག་སྤྱོད་པས་རང་གི་དོན་ཅུང་ཟད་ཀྱི་དོན་དུ་ཡང་གཞན་དག་ཚེགས་ཆེན་པོས་ངལ་བ་ལ་སོགས་པ་ལ་སྦྱོར་བའོ། །ཡོན་ཏན་ཡོད་ཀྱང་མྱུར་དུ་ཉམས་པ་དང་སྐྱོན་བྱུང་ཞིང་སྐྱེས་པ་དང་རྟག་ཏུ་མི་འབྲལ་བ་སྤང་བར། ཡོན་ཏན་གོམས་པས་དགེ་བ་རྣམས། ། ལེགས་པར་བྱས་པ་སེམས་ལ་གནས། །པདྨའི་འདབ་ལ་ཆུ་འབོ་བཞིན། །ཉེས་པར་བྱས་པ་མི་ཆགས་སོ་ཞེས་སོ། །བཟོད་པ་མེད་པ་ནི་མཐུ་ཆུང་ངུས་ཀྱང་ཀྱལ་ཀ་བྱེད་པ་ལ་སོགས་པའང་བསྲན་མི་ནུས་པ་སྟེ། དེ་སྤང་བར། སྡིག་ཅན་རྣམས་ནི་རང་བཞིན་གྱིས། །འདུལ་དང་འགལ་ བའི་ལམ་ལ་བརྟེན། །དམ་པ་རྣམས་ནི་གོམས་པའི་ཕྱིར། །དེ་ལའང་ཕན་བཏགས་བཞིན་དུ་བཟོད། །དགེ་ཞིང་དུལ་བའི་ཚུལ་སྤྱོད་ལ། །བཟོད་པ་བྱར་ཡང་ཅི་ཞིག་ཡོད། །མཐུ་ཆུང་འཁྲུལ་པ་དག་ལ་ནི། །མཐུ་ཡོད་བཞིན་དུ་བཟོད་ན་ལེགས། །དེ་ཕྱིར་ཡོན་ཏན་ཉམས་པ་བས། ། རབ་ཏུ་བརྙས་པར་གྱུར་ཀྱང་རུང། །གང་ཞིག་རང་གི་ཆོས་ཉམས་མི་སེམས་པར། །བདག་གིས་སྡིག་སྦྱང་ཕྱིར་ནི་ཞུགས་འདྲ་བ། །འདི་ལའང་བདག་ནི་བཟོད་པར་མི་བྱེད་ན། །དེ་ལས་གཞན་པ་དྲིན་མེད་ཅི་འདྲ་ཞིག་ཅེས་སོ། །མཛའ་བཤེས་ཡལ་བར་འདོར་བ་ནི་དེའི་སྡུག་ [170A]༄༅། །བསྔལ་བསལ་བ་ལ་སོགས་པ་ལ་འབད་པར་མི་བྱེད་པ་སྟེ། ༈ བྱམས་པའི་བཅིང་བས་ཡིད་ནི་བཅིངས་པ་རྣམས། །རང་གི་སྲོག་དང་བྲལ་བའང་མི་སེམས་སོ། །མཛའ་བཤེས་ཉམ་ཉེས་གྱུར་པའི་མྱ་ངན་ནི། །སྲོག་དང་བྲལ་བ་བས་ ཀྱང་སྡུག་བསྔལ་ཆེ་ཞེས་སོ། །བྱས་པ་མི་གཟོ་བ་ནི་གཞན་གྱིས་ཕན་བཏགས་པ་མི་སེམས་ཤིང་ལན་དུ་ཕན་མི་འདོགས་པའམ་གནོད་པ་བྱེད་པ་སྟེ། རི་རྣམས་དང་ནི་རྒྱ་མཚོ་དང། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ ཁུར་ཆེན་ཡིན། །ཞེས་སྨད་ཅིང། དེ་སྤོང་བ་ནི། བྱས་པ་ཤེས་ཤིང་བྱས་པ་གཟོ། །བྱས་པ་ཆུད་ཟོས་མི་བྱེད་པ། །མི་ལ་དཔལ་མགོན་ཉེ་བར་གནས། །ཞེས་བསྔགས་སོ། །སོགས་པས་ནི་གཟུགས་ངན་པ་དང་གཟི་བརྗིད་མེད་པ་དང་འཁོར་ངན་པ་དང་དབང་པོ་མ་དུལ་བ་ དང་ངན་དུ་སྨྲ་བ་ལ་སོགས་པ་སྐྱོ་བའི་གནས་སུ་གྱུར་པ་ཐམས་ཅད་བསྡུ་སྟེ་བརྗོད་ཀྱིས་མི་ལང་ངོ། །དེ་ལ་འཁོར་ངན་པ་ནི་གང་དང་འགྲོགས་པས་སྡིག་པ་འཕེལ་བའི་གྲོགས་ལ་སོགས་པ་སྟེ། དེ་སྤང་བར། བརྟན་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི། །གྲོགས་པོ་ མཁས་པ་གལ་ཏེ་རྙེད་ན་ནི། །ཉོན་མོངས་ཐམས་ཅད་མངོན་པར་ཟིལ་མནན་ནས། །དྲན་ལྡན་དགའ་བའི་ཡིད་ཀྱིས་དེ་དང་སྤྱད། །བརྟན་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི། །གྲོགས་པོ་མཁས་པ་གལ་ཏེ་མ་རྙེད་ན། །ཡུལ་འཁོར་ཡངས་པ་སྤངས་པའི་རྒྱལ་པོ་ལྟར། ། གཅིག་པུ་སྤྱད་བྱ་སྡིག་པ་མི་བྱའོ། །བྱིས་པ་གྲོགས་སུ་མི་འགྱུར་བས། །གཅིག་པུ་སྤྱོད་པར་བྱེད་པ་བླ། །མ་བསྟང་དགོན་པའི་གླང་པོ་ལྟར། །སེམས་ཁྲལ་བསྐྱུངས་ཏེ་སྡིག་མེད་གནས་ཞེས་སོ། །མ་དུལ་བ་ནི་དབང་པོ་རྣམས་ཡུལ་ལ་ཕྱར་གཡེང་གིས་ཉམས་པར་བྱེད་པ་སྟེ། དེ་ སྤང་བར། བཙོ་བླག་མཁན་དག་ཆུས་འཁྲུ་ཞིང། །མདའ་མཁན་མེས་ནི་སྲོང་བ་དང། །ཤིང་མཁན་ཤིང་ལ་འཇོག་སྦྱོང་ལྟར། །མཁས་པས་བདག་ཉིད་གདུལ་བར་བྱ་ཞེས་སོ། །ངན་དུ་སྨྲ་བ་ནི་མཉན་པར་མི་བདེ་བ་དང་གཞན་སུན་པར་བྱེད་པའི་ཚིག་ལ་སོགས་པ་སྟེ། དེ་སྤང་ [170B] གང་དག་སྙན་པར་སྨྲ་ལ་དགའ། །འཇིག་རྟེན་ཀུན་གྱིས་ཕྱག་བྱེད་དོ། །འཇིག་རྟེན་ཀུན་ལ་མ་དང་འདྲ། །དེ་ནི་ཕ་དང་འདྲ་བར་དགའ། །དབང་པོ་སྙན་པར་སྨྲ་བ་དགེ། བདེ་འཇམ་བདེ་བ་འབྱུང་བ་ཡིན། །སྡིག་པ་མི་བཟད་སེལ་བ་དང། །མི་སྡུག་པ་ཀུན་སྦྱོང་བ་ཡིན། །ཚིག་སྙན་མཐོ་རིས་ སྐས་ཡིན་ཏེ། །ཚིག་སྙན་དགེ་བའི་གཏེར་ཡིན་ནོ། །ཚིག་སྙན་འཇིག་རྟེན་གཉེན་ཡིན་ཏེ། །ཚིག་སྙན་ལེགས་ཀུན་མངོན་པར་འགྲུབ་ཅེས་སོ། །འདི་ལྟ་བུ་ཐམས་ཅད་ལེགས་པར་བརྟགས་ནས་དེ་དག་གི་རྒྱུ་སྤང་ཞིང་ལྡོག་པའི་རྒྱུ་དང་གཉེན་པོ་ལ་ནན་ཏན་བྱ་བ་ནི་འཁོར་བའི་ཉེས་ དམིགས་ལ་མཁས་པའི་སྐྱེས་བུའི་རྩལ་དུ་གོ་བར་བྱའོ། ༈ །དེ་ལྟར་འབྲས་བུའི་གནོད་པ་བརྗོད་ནས། རྒྱུ་ལས་དང་ཉོན་མོངས་པ་སྤྱིའི་གནོད་པའི་དབང་དུ་བྱས་ནས་དེ་གཉི་གའི་གནོད་པ་ནི། སེམས་ནི་གདུལ་དཀའ་ཉོན་མོངས་དྲག་པོའི་ཚོགས། །རབ་འབར་དགྲ་ཡི་དབང་གྱུར་ ཉེས་སྤྱོད་ནི། །མི་བཟད་རང་དབང་མེད་པར་གསོག་པས་ན། །ངན་སོང་ལ་སོགས་སྡུག་བསྔལ་གཡང་སར་འཕེན། །ཐོག་མ་མེད་པ་ཅན་གྱི་མ་རིག་པ་ལས་བདག་དང་གཞན་དང་སྡུག་པ་དང་མི་སྡུག་པ་ལ་སོགས་པར་ཞེན་པའི་རྩ་བ་ཅན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་ མོངས་པ་དང་ཉེ་བའི་ཉོན་མོངས་པ་མཐའ་ཡས་པ་རབ་ཏུ་འབར་ཞིང་འཁྲུག་པས་ཀུན་ནས་བསླང་བ། མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ་དང་མི་དགེ་བ་བཅུ་ལ་སོགས་པ་ཤིན་ཏུ་བརླང་པོ་མ་རུངས་པ་མང་ཞིང་མང་བ་བསགས་པ་ལས། ངན་སོང་གསུམ་དང་མཐོ་རིས་དག་ ཏུའང་ཚེ་ཐུང་བ་དང་ནད་མང་བ་ལ་སོགས་པ་སྔར་བརྗོད་པའི་སྡུག་བསྔལ་མཐའ་ཡས་པ་རབ་ཏུ་འདྲེན་པར་བྱེད་དོ། ༈ །གཙོར་ཉོན་མོངས་པའི་གནོད་པ་ནི། ཞེ་སྡང་ལ་སོགས་ཐ་བ་རབ་སྲ་བ། །གཉེན་པོའི་གཤོལ་གྱིས་གཞིག་དཀའ་ཁྱི་བཞིན་དུ། །ཉེ་བར་རབ་བསྙེན་གཉེན་པོ་ རི་དྭགས་ལྟར། །ཅུང་ཟད་ཉེར་བསྟེན་དེ་མ་ཐག་ཉམས་འགྱུར། །ཁྱད་པར་དུ་ཡང་ཕྱི་རོལ་མུ་སྟེགས་བྱེད། །ཐམས་ཅད་མ་རིག་ལྟ་བའི་མུན་ཆེན་གྱིས། །ཁེབས་ཤིང་ཉོན་མོངས་ནད་ཆེན་གསོ་དཀས་ཐེབས། །ཐར་བྱེད་འདྲེན་པ་སྨན་སོགས་དང་བྲལ་འཁྱམས། །འདས་ཆེན་ལས་ [171A]༄༅། །སྲན་བསྐམས་ལ་ཁབ་མིག་ཟུག་བ་ལ་སོགས་པ་ལྟར་ཉོན་མོངས་པ་རབ་ཏུ་སྲ་བ་ལ་ཉི་མ་འགའ་ཙམ་སེམས་རྩེ་གཅིག་པ་ཐོབ་ཀྱང་འདུལ་བར་མི་ནུས་སོ། །ཁྱི་མིས་མི་འཇིགས་པ་ལྟར་ཞེ་སྡང་ལ་སོགས་པ་ནི་སྤང་དཀའོ། །ཤྭ་བ་མིས་མཐོང་མ་ ཐག་འབྲོས་པ་ལྟར་བྱམས་པ་ལ་སོགས་པ་ནི་ཉམས་པར་སླའོ། །ཉོན་མོངས་པ་ནི་རྡོ་ལ་རི་མོ་བྲིས་པ་དང་འདྲའོ། །དགེ་བ་ནི་ཆུའི་རི་མོ་དང་འདྲའོ། །ཞེ་སྡང་ནི་མེའི་ཕུང་པོ་དང་འདྲ་ལ། བྱམས་པ་ནི་གློག་དང་འདྲ་བས་ན་སེམས་ནི་ཤིན་ཏུ་གདུལ་དཀའ་བའོ། །མུ་སྟེགས་ཅན་ཐམས་ ཅད་ནི་ཐར་པར་འདོད་ཀྱང་ཚུལ་ཁྲིམས་ཀྱི་རྐང་པ་མེད་པ། བདེ་བ་འདོད་ཀྱང་བདེ་བའི་རྒྱུ་རྐྱེན་མི་ཚོལ་བ། སྡུག་བསྔལ་མི་འདོད་ཀྱང་སྤྱོད་པ་ཐམས་ཅད་དུ་སྡུག་བསྔལ་གྱི་རྒྱུ་མི་སྤོང་བ། མ་རིག་པའི་མུན་པས་ཁེབས་པས་དགེ་བའི་བཤེས་གཉེན་སྤོང་བ་སྟེ། ཁམས་གསུམ་པའི་སྲེད་ པས་མི་རྟག་པའི་མ་ ཉོན་མོངས་པའི་ནད་ལྕི་བ་འཚོ་དཀའ་བས་བཏབ་ཀྱང་སྨན་པ་མཁས་པ་མི་ཚོལ་ལ། མཐའ་མེད་པའི་ལམ་རིང་པོར་འགྲོ་ཡང་བདེ་བའི་རྒྱགས་མི་གསོག་པའོ་ཞེས་སོ། ༈ །གཙོར་ལས་ཀྱི་གནོད་པ་ནི། ཐམས་ཅད་འདུ་འཛིས་གཡེངས་ ཤིང་སྨྲ་ལ་ཆགས། །དོན་ལ་གཞོལ་མེད་གཉིད་རྨུག་མུན་ཆེན་འཐིབས། །བྱ་བ་དམན་པས་རང་བཀོལ་སྤྱོད་འཛིན་པའི། །སྤྲོས་པས་གཡེན་སྤྱོའི་ཉེས་ཚོགས་བརྒྱས་རབ་འཛོམས། །ལྷག་པའི་བསམ་པ་བསྐུལ་བ་ལས་འདུ་འཛི་ལ་དགའ་བའི་ཉེས་དམིགས་ཉི་ཤུ་སྟེ། ལུས་ཀྱིས་ མ་བསྔམས་ ངག་གིས་མ་བསྔམས་པ་དང། ཡིང་ཀྱིས་མ་བསྔམས་ འདོད་ཆགས་ཆེ་བ་དང། ཞེ་སྡང་ཆེ་བ་དང། གཏི་མུག་ཆེ་བ་དང། འཇིག་རྟེན་པའི་གཏམ་གྱིས་གོས་པ་དང། འཇིག་རྟེན་ལས་འདས་པའི་གཏམ་ལས་ཉམས་པ་དང། ཆོས་ལ་མ་ གུས་པ་དང། ཆོས་སྤོང་བ་དང། བདུད་ཀྱིས་གླགས་རྙེད་པ་དང། བག་མེད་པ་ལ་བརྟེན་པ་དང། བག་མེད་པ་དང་ལྡན་པ་དང། རྟོག་དཔྱོད་ཤས་ཆེ་བ་དང། ཐོས་པ་ལས་ཉམས་པ་དང། ཞི་གནས་དང་ལྷག་མཐོང་མི་འཐོབ་པ་དང། མྱུར་དུ་ཚངས་པར་སྤྱོད་པར་མི་འགྱུར་ [171B] སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དགའ་བ་ཉམས་པ་གསུམ་གྱིས་སོ། །སྨྲ་བ་ལ་དགའ་བའི་ཉེས་པ་ཡང་ཉི་ཤུ་སྟེ། ཐོས་པས་རྒྱགས་པས་གུས་པ་མེད་པ་དང། རྩོད་པ་ལྷུར་ལེན་པས་ཕྱོགས་ལ་ཞེན་པ་དང། ནང་དུ་སེམས་པ་དང་བྲལ་བས་དྲན་པ་ཉམས་པ་དང་ ལུས་དང་སེམས་མ་སྦྱངས་པས་ཤེས་བཞིན་མེད་པར་སྤྱོད་པ་དང། ཆོས་ལ་བཟོད་པ་ཉམས་པས་ཁེངས་པ་དང་འདུད་པར་འགྱུར་བ་དང། ཞི་གནས་དང་ལྷག་མཐོང་སྤངས་པས་སེམས་དམུ་རྒོད་དུ་འགྱུར་བ་དང། སྨྲ་བས་སྤགས་པས་དུས་མ་ཡིན་པར་སྨྲ་བ་དང། འཕགས་ པའི་ཤེས་པ་མ་ཐོབ་པས་མ་བསྡམས་པ་དང། ལྷ་ལ་སོགས་པས་བཀུར་སྟི་མི་བྱེད་པ་དང། སོ་སོ་ཡང་དག་པར་རིག་པ་ཐོབ་པ་དག་གིས་བརྙས་པ་དང། ལུས་མངོན་སུམ་དུ་གྱུར་པ་དག་གིས་སྤྱོ་པ་དང། བསྒྲུབ་པར་མི་གནས་པས་འགྱོད་པས་ཟིན་པ་དང། ཐེ་ཚོམ་མ་ སྤངས་པས་མི་བརྟན་པ་དང། སྒྲ་ཙམ་ལྷུར་ལེན་པས་ཐོས་པ་དང་བྱེ་བྲག་ཕྱེད་པ་ཉམས་པ་དང། རྣམ་པར་ཤེས་པའི་སྤྱོད་ཡུལ་ཅན་ཡིན་པས་འདོད་པའི་ཡོན་ཏན་ལ་ཆགས་པ་དང། ཡང་དག་པ་ཇི་ལྟ་བར་མི་རྟོགས་པས་མྱུར་དུ་ཆོས་སྤོང་བ་དང། གཞན་དང་གཞན་རྩོམ་ པས་མི་བརྟན་ཞིང་རྟེན་མེད་པ་དང། སེམས་མ་དུལ་བས་བཀུར་སྟི་མི་འཐོབ་པ་དང། ཆོས་ཉིད་མ་རིག་པས་གཞན་གྱི་དྲིང་འཇོག་པ་དང། དབང་པོ་རྣམས་མི་ཤེས་པས་ཉོན་མོངས་པའི་དབང་དུ་འགྱུར་བའོ། །གཉི་ད་ལ་དགའ་བའི་ཡང་ཉི་ཤུ་སྟེ། རྨུགས་པ་དང་གཉིད་ ཀྱིས་ནོན་པས་ལེ་ལོ་ཆེ་བ་དང། ལུས་ཤ་ཆེ་བ་དང། མདོག་མ་དག་པ་དང། འབྱུང་བ་རྣམས་ནད་གཞིས་ནོན་པ་དང། མེའི་ཁམས་ཆུང་བ་དང། ཟས་ལེགས་པར་མི་འཇུ་བ་དང། འབྲས་དང་ཕོལ་མིག་འབྱུང་བ་དང། ལེ་ལོ་ཅན་དུ་འགྱུར་བ་དང། གཏི་མུག་གི་དྲ་བ་འཕེལ་ བ་དང། ཤེས་རབ་ཉམ་ཆུང་བ་དང། དྭངས་ག་མི་བདེ་བ་དང། གཏི་མུག་གི་མུན་པ་འཛིན་པ་དང། མི་མ་ཡིན་པས་བཀུར་སྟི་མི་བྱེད་པ་དང། སེམས་བརྟུལ་བ་དང། མི་སྡང་བ་མང་བ་དང། བག་ལ་ཉལ་གྱིས་འཁྲི་བ་དང། དགེ་བ་ལ་མི་འདུན་པ་དང། དགེ་བའི་ཆོས་ཀུན་ [172A]༄༅། །ལས་ཉམས་པ་དང། སྤྱོད་པ་ཞུམ་ནས་བརྩོན་འགྲུས་ཅན་ལ་སྨོད་པ་དང། འཁོར་དུ་བརྙས་བར་འགྱུར་པའོ། །ལས་ལ་དགའ་བའི་ཡང་ཉི་ཤུ་སྟེ། འཇིག་རྟེན་པའི་ལས་ཀུན་ལ་བརྩོན་བ་དང། ལས་ངན་པ་ཐམས་ཅད་ལ་གནས་པ་དང། ཀློག་པ་ ལ་དགའ་བ་དག་གིས་བརྙས་པ་དང། བསམ་གཏན་ལ་དགའ་བ་དག་གིས་བརྙས་པ་དང། འཁོར་མཐའ་མེད་པ་འཛིན་པའི་ལས་རྩོམ་པ་དང། ཁྱིམ་པ་དང་ཅན་གྱི་ཡོན་སྦྱོང་མི་ནུས་པ་དང། སེམས་དངོས་པོར་འཛིན་པ་ལ་འཇུག་པ་དང། ཆགས་པ་མང་བ་དང། ཁྱིམ་ སོ་རྣམས་ལ་སྦྱོར་བ་དང། དབང་བྱེད་པར་མི་ནུས་པ་དང། ལྡོག་པར་བྱེད་པའི་ངང་ཚུལ་ཅན་ཡིད་སྨོན་མང་པོ་ལ་རྒྱུན་དུ་གནས་པ་དང། ཁྱིམ་གྱི་བྱ་བ་ལ་བརྩོན་པ་དང། རོ་ལ་ཤས་ཆེར་ཆགས་པ་དང། ལེན་པ་མེད་པར་མི་དགའ་བ་དང། མནར་སེམས་མང་བ་ལས་ཀྱི་ སྒྲིབ་པ་རྒྱུན་དུ་མངོན་པར་འདུ་བྱེད་པ་དང། དགེ་བསྙེན་ཕོ་མོ་ལ་རྟོན་པ་དང། ཟས་ཀྱི་རྣམ་རྟོག་གིས་ཉིན་མཚན་འདའ་བ་དང། འཇིག་རྟེན་པའི་བྱ་བ་རྒྱུན་དུ་འདྲི་བ་དང། མི་རིགས་པའི་སྨྲ་བ་ལ་དགའ་བ་དང། ཞལ་ཏ་བྱེད་པའི་དྲེགས་པས་ཚངས་པ་མཚུངས་པར་སྤྱོད་ པ་རྣམས་དབང་ཕྱུག་གིས་ཚར་གཅོད་པ་དང། གཞན་གྱི་འཁྲུལ་བ་རྟོག་ཅིང་རང་གི་མི་རྟོག་པ་དང། དོན་དང་ལྡན་ཞིང་རྣམ་པར་ངེས་པའི་གཏམ་དག་ལ་སྐྱེན་པར་བརྙས་པར་འགྱུར་བའོ། །སྤྲོས་པ་ལ་དགའ་བའི་ཉེས་པ་ཡང་ཉི་ཤུ་སྟེ། ཚེ་འདི་ཉིད་ལ་སྡུག་བསྔལ་བ་དང་ ཡིད་མི་བདེ་བ་མང་བ་དང། བཟོད་པ་ལས་ཉམས་པ་དང་མི་མཛའ་བ་རྣམས་ཡིད་རངས་པ་དང། བདུད་མགུ་བ་དང། བདུད་ཀྱི་འཁོར་དགའ་བ་དང། དགེ་བ་མ་སྐྱེས་པ་མི་སྐྱེ་བ་དང། སྐྱེས་པ་འཇིག་པ་དང། འཐབ་རྩོད་མང་བ་དང། དེ་ལས་ངན་སོང་གི་ལས་གི་སོག་པ་ དང། བག་མེད་པའི་ལམ་འཛིན་པ་དང། ལྕེའི་དབང་པོ་རྩུབ་པ་དང། ལུང་མནོས་པའི་ཆོས་ལེགས་པར་མི་གནས་པ་དང། མདོ་སྡེ་ལུང་མ་མནོས་པ་རྣམས་རྣ་ལམ་དུ་མི་གྲག་པ་དང། དགེ་བའི་བཤེས་གཉེན་ཀུན་གྱིས་སྤོང་བ་དང། སྡིག་གྲོགས་དང་མྱུར་དུ་འཕྲད་པ་ [172B] དཀའ་བའི་སེམས་ཀྱིས་ངེས་པར་འབྱུང་བ་དང། རྟག་ཏུ་ཚིག་ངན་ཐོས་པ་དང། གང་ནས་གང་དུ་སྐྱེས་པར་ཐེ་རྩོམ་ཅན་དུ་འགྱུར་བ་དང། མི་ཁོམ་པ་བརྒྱད་དང་ཉེ་བ་དང། རྟག་ཏུ་དེའི་དགེ་བ་རྩོམ་པ་ལ་བར་ཆད་འབྱུང་བའོ་ཞེས་སོ། ༈ །སྐབས་ལ་སྤྱར་བ་ནི། དེའི་ཕྱིར་ སྲིད་པའི་རོ་ལ་སེམས་ལྡན་མི། །བདག་ལ་ཕན་འདོད་སུ་ཞིག་ཡིད་རྟོན་བྱེད། །དེས་ན་ཉེས་དམིགས་མཐའ་ཡས་པ་དང་རྗེས་སུ་འབྲེལ་ཅིང་བདེ་བའི་རོས་ཤིན་ཏུ་སྟོངས་པ་འཁོར་བ་འདི་ལ། རྟོག་པ་དང་ལྡན་པ་མཁས་པའི་སྐྱེས་བུ་སུ་ཞིག་ཡིད་རྟོན་ཅིང་རྗེས་སུ་ཆགས་པ་ དང། ༈ ཐོག་མེད་དུས་ནས་ལྷ་རྫས་རྣམ་མང་དང། །རིན་ཆེན་བདུན་དང་གླིང་བཞིའི་དབང་ཕྱུག་དང། །འདོད་པའི་ཡོན་ཏན་ཇི་ཙམ་ཉེར་བསྟེན་ཡང། །ངོམས་མེད་ཕྱིར་ ཞིང་རབ་སྐོམ་རྗེས་སུ་བརྒྱུག་དེ་ལྟར་འདོད་པའི་རྗེས་འབྲང་ངོམས་མེད་ཕྱིར། །ཤེས་རབ་ཀྱིས་ནི་ཡུལ་རྣམས་གསོག་ཉིད་དུ། །སོ་སོར་བརྟགས་ནས་གང་དག་རྟོག་བྱེད་པ། །མཁས་རྣམས་སྲེད་ཟད་བདེ་བས་དགྱེས་མཆོག་བརྙེས། །འཁོར་བ་སྔོན་དང་ཕྱི་མའི་མཐའ་མི་ མངོན་པར་མཐོ་དམན་སྣ་ཚོགས་སུ་ཡོངས་སུ་འཁོར་ཞིང་འཁྱམ་པ་ན་སྔར་ཡང་ཚངས་པ་དང། དབང་པོ་དང། འཇིག་རྟེན་སྐྱོང་བ་ལ་སོགས་པ་ལྷའི་དབང་ཕྱུག་དང། འཁོར་ལོས་བསྒྱུར་བ་དང་རྒྱལ་རིགས་ས་ལ་ཆེན་པོ་དང་བྲམ་ཟེ་ས་ལ་ཆེན་པོ་དང་ཁྱིམ་བདག་ས་ ལ་ཆེན་པོ་ལ་སོགས་པ་མིའི་དབང་ཕྱུག་དག་ཏུ་གྱུར་ནས། འདོད་པའི་ལོངས་སྤྱོད་དང་དགའ་བདེ་དཔག་ཏུ་མེད་པ་ལ་སོགས་པའི་བདེ་དཔལ་ཇི་ཙམ་གྱི་རོ་མྱངས་ཤིང་ལོངས་སྤྱོད་ཀྱང་ངོམས་པའམ་ཆོག་ཤེས་པ་ཅུང་ཟད་ཀྱང་མེད་དེ། ལན་ཚྭའི་ཆུ་འཐུང་བ་དང་གཡན་ པ་འཕྲུག་པ་ལ་སོགས་པ་ལྟར་སྲེད་པ་ཇེ་འཕེལ་ཇེ་འཕེལ་དུ་འགྱུར་བ་འབའ་ཞིག་གོ་དེས་ན་ནམ་ཞིག་ཉེས་པ་འདི་ལྟ་བུ་ཤེས་ནས་སྤངས་པ་དེའི་ཚེ་ངོམས་པ་མཐར་ཕྱིན་པར་ཟད་དོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སྔོན་འདས་དུས་ནི་ཤིན་ཏུ་རྒྱས་པ་ནས། །ལྷ་རྫས་ [173A]༄༅། །དག་དང་མི་ནོར་བཟང་པོ་དང། །འདོད་པའི་ཡོན་ཏན་ལྔ་དག་བསྟེན་གྱུར་ཀྱང། །དེ་ལ་ནམ་ཡང་ངོམས་པ་མ་རྙེད་དོ། །དེ་ཕྱིར་རྒྱལ་སྲིད་རྒྱས་དང་གཉེན་ཚོགས་དང། །འདོད་པའི་ཡོན་ཏན་འདི་དག་སྤང་བྱ་སྟེ། །ལུས་སྐྱེས་ནས་ནི་མྱུར་དུ་རབ་བྱུང་ ལ། །བྱང་ཆུབ་ཕྱིར་ནི་བརྩོན་འགྲུས་བརྩ་མེ་པར་བྱ་ཞེས་སོ། །ཚོམ་ལས་ཀྱང། ཇི་སྲིད་འདོད་པའི་རྗེས་འབྲང་བ། །དེ་སྲིད་པར་དུ་ངོམས་མི་འགྱུར། །དེ་ལས་གང་དག་ཤེས་རབ་ཀྱིས། །ཟློག་བྱེད་དེ་དག་ཚིམ་པར་ཟད། །ལྷ་ཡི་འདོད་པ་རྣམས་ལ་ཡང། །ལྷག་པར་དགའ་བར་མི་ འགྱུར་གྱིས། །རྫོགས་སངས་རྒྱས་དང་ཉན་ཐོས་རྣམས། །སྲེད་པ་ཟད་པས་དགྱེས་པ་ཐོབ། །གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང། །མི་སྡུག་བསྒོམ་པ་རྟག་ཏུ་དྲན་བྱེད་ན། །དེ་ཡི་སྲེད་པ་རབ་ཏུ་སྤངས་པ་ཡི། །རང་གི་འཆིང་བ་དེ་ངག་རུལ་ཏེ་འགྲོལ། །མི་གང་རྟག་ཏུ་ བདེ་ལ་རབ་བརྐམ་པ། །སྐྱེ་དང་རྒ་བར་ཉེ་བར་འགྲོ་འགྱུར་ཞིང། །སྐྱེ་དགུ་སྲེད་པ་རྣམས་ཀྱི་མདུན་དུ་བདར། །རྒྱ་ནང་རྭི་བོང་ཡོངས་སུ་བརྒྱུག་པ་བཞིན་ཞེས་སོ། ༈ །སྡུག་བསྔལ་མཐའ་ཡས་བསྐྱེད་པ་ནི། སྡུག་པར་བཟུད་ལ་བརྐམ་ཞིང་རྗེས་ཆགས་པས། །འདོད་ཞེན་ དགྲས་བསླུས་སྡིག་ལྕི་མང་བསགས་ནས། །སྨད་པའི་གནས་གྱུར་འདི་དང་ཕྱི་མར་ནི། །གནོད་དང་སྡུག་བསྔལ་མཐའ་ཡས་སྣོད་ཆེན་འགྱུར། །ཚོམ་ལས། སྡུག་གུ་མ་ལས་མྱ་ངན་སྐྱེ། །སྡུག་ལས་སྡུག་བསྔལ་སྡུག་ལས་འཇིགས། །སྡུག་གུ་མ་དག་གཞན་གྱུར་ན། །ཡི་ མུག་འགྱུར་བ་ཐོབ་པར་བྱེད། །གང་ཞིག་འཇིག་རྟེན་འགའ་ནའང་སྡུག་མེད་པ། །གང་ཡིན་དེ་དག་བདེ་ཞིང་མྱ་ངན་མེད། །དེ་བས་གདུང་མེད་རྡུལ་བྲལ་དོན་གཉེར་བས། །ནམ་ཡང་སྡུག་པར་ཞེན་པར་མི་བྱའོ་ཞེས་སོ། །གང་པོས་ཞུས་པ་ལས་ཀྱང་འདོད་པའི་རོ་ནི་མྱ་ངེས་ པའི་ཕྱིར། །འཁོར་བ་དག་ནི་རྒྱུན་མི་གཅོད། །དགྲ་ནི་གསོས་ན་དུར་ཁྲོད་འཇུག་དོན་མེད་སྡུག་བསྔལ་མང་པོ་མྱོང་ཞེས་སོ། །བསྟན་བཅོས་ལས་ཀྱང། འཇིག་རྟེན་འདི་དང་ཕ་རོལ་ཏུ། །འདོད་པ་རྣམས་ནི་ཕུང་གྲོལ་བསྐྱེད། །འདིར་ནི་བསད་དང་བཅིང་དང་གཅོད། །ཕ་རོལ་ཏུ་ [173B] འདོད་པ་དག་ལ་བརྟེན་པའི་མི། །ལྡོངས་འགྱུར་ཕ་དང་མའང་གསོད། །འདོད་བསྟེན་ཚུལ་ཁྲིམས་ལྡན་པའང་གསོད། །དེ་ལྟ་བས་ན་རབ་ཏུ་སྤངས་ཞེས་བྱ་བ་དང། ཡང་གང་གི་ཚེ་ན་འདོད་ཆེན་དགྲས་བསླུས་ཏེ། །སྨད་པའི་གནས་སུ་ ཉེ་བར་འདི་སོང་ལ། །གྲགས་པ་བས་པས་དེ་ཚེ་བཀུམ་པར་འགྱུར། །བསོད་ནམས་བས་པས་སླད་མའི་ཚེ་ལའང་བཀུམ། །སྡུག་བསྔལ་བཟོད་པར་དཀའ་བས་ཡིད་གདུངས་ནས། །མི་རྣམས་འདི་ལྟ་བུར་ནི་བརླག་པར་འགྱུར། །འབྲས་བུ་ཕུན་སུམ་ཚོགས་པ་འདོད་པས་བསླུས། ། མར་མེའི་འོད་ཀྱིས་ཕྱེ་མ་ལེབ་བྲིད་བཞིན་ཞེས་སོ། ༈ །ཉོན་མོངས་པ་དང་ཉེས་རྩོམ་ཐམས་ཅད་བསྐྱེད་པ་ནི། འདོད་པས་རབ་གཟིར་རྨོངས་ཆེན་འདོད་པའི་ཡུལ། །གྱི་ན་གེགས་བྱེད་ཕ་མ་དགྲ་བཅོམ་ཡང། །གསོད་པའི་ཞེ་སྡང་ལ་སོགས་ཉོན་མོངས་དང། །ཉེས་རྩོམ་མཐའ་དག་ རྒྱས་བྱེད་རྒྱུ་གཅིག་པུ། །དེ་ཕྱིར་ཀ་མི་པ་ཀ་དང་དུག་སྣོད་དང། །སྲིན་མོའི་གླིང་དང་གཤེད་མ་སོགས་ལྟར་སྨད། །སྐྱེས་བུ་འདོད་པ་ལ་བརྟེན་པས་སྡིག་པ་མི་བྱ་བའི་ལས་མེད་ཅེས་རྣམ་གྲངས་དུ་མར་གསུངས་པ་ལྟར། ཕ་མའང་གསོད་པ་ལ་སོགས་པའི་ཉོན་མོངས་པ་དྲག་ པོ་དང། རྩོད་པ་ལ་སོགས་པའི་ཉེས་རྩོམ་ཐམས་ཅད་ཀྱི་རྒྱུ་གཅིག་པུ་ལྟ་བུར་གྱུར་པ་ནི་འདོད་པ་ཡིན་པས་ན། ཡེ་ཤེས་རྒྱས་པའི་མདོ་ལས། འདོད་པའི་ཟག་པ་ནི་ཡོངས་སུ་རྟོག་པ་ལས་བྱུང་བ། ངོ་བོ་ཉིད་དང་བྲལ་བ། ཡང་དག་པ་མ་ཡིན་པ་སཽར་ཉེ་བར་འཇོག་པ་ དགེ་བའི་རྩ་བ་འཇིག་པར་བྱེད་པ། བཅིངས་པ་ལྷོད་ཀྱང་རབ་ཏུ་ཐར་པར་དཀའ་བ། མི་བཤེས་ཀྱང་བཤེས་པ་ལྟར་སྣང་བ། བར་དུ་གཅོད་པར་བྱེད་པ། མི་མཐུན་པ་རྣམ་པ་དུ་མ་དག་ཏུ་མཚུངས་པའོ་ཞེས་སོ། །སའི་སྙིང་པོའི་མདོ་ལས་ཀྱང། འདོད་པ་རྣམས་ནི་མི་སྡུག་པ་དག་གོ་ ཀ་མི་བ་ཀའི་འབྲས་བུ་ལྟ་བུའོ། །མེ་མདག་གི་ཕུང་པོ་ལྟ་བུའོ། །དུག་གི་བུམ་པ་ལྟ་བུའོ། །སྣམ་ཕྱིས་ལྟ་བུའོ། །སྤུ་གྲིའི་སོ་ལྟ་བུའོ། །ཆོམ་རྐུན་ལྟ་བུའོ། །གདོལ་བའི་ཁྱིམ་ལྟ་བུའོ། །ལྕགས་ཀྱི་ཐུ་ལུམ་ལྟ་བུའོ། །སེར་བ་འབབ་པ་ལྟ་བུའོ། །སྦྲུལ་གདུག་བ་ལྟ་བུའོ། །དགྲ་ལྟ་བུའོ། །དགོན་ [174A]༄༅། །པའི་ལམ་ལྟ་བུའོ། །སྲིན་མོའི་གླིང་ལྟ་བུའོ། །གཤེད་མ་ལྟ་བུའོ། །ཕྱག་བདར་བ་ལྟ་བུའོ། །འདོད་པ་རྣམས་ནི་དུར་ཁྲོད་ལྟ་བུ་དག་གོ་ཞེས་སོ། ༈ །མནོག་ཆུང་ལ་ཉེས་དམིགས་མང་བ་ནི། སྤུ་གྲིའི་སོར་ཆགས་སྦྲང་རྩི་གོད་ཀྱི་ཤ། མཆིལ་པའི་གཟན་ དང་ཁྱི་རྒན་རུས་བསྐམས་འཆའ། །སྦྲུལ་གདུག་སྣོད་སོགས་ལྟ་བུར་མནོག་ཆུང་ཞིང། །ཉེས་མང་སྣ་ཚོགས་རྗེས་འབྲེལ་བྱུར་ཆེན་སྒོ། །འདོད་པའི་གཞི་ལས་ལུས་ངན་དཔག་མེད་པས། །དོན་མེད་སྡུག་བསྔལ་འབའ་ཞིག་རབ་སྤྱད་པའི། །རུས་པ་རི་དང་ཞོ་ཁྲག་མཆི་མ་ནི། ། རྒྱ་མཚོ་བཞི་དང་ཕ་མ་བྱས་པ་ཡང། །རྩི་ཤིང་སོར་བཞིའི་ཚད་ལས་ཆེས་ལྷག་ཉིད། །དེ་ཡང་ཕལ་ཆེར་ངན་སོང་གཞིར་གནས་ཏེ། །བདེ་འགྲོ་གློ་བུར་འགྲོན་རྒྱུ་ཙམ་དུ་ཟད། །འདི་འདྲ་རྗེས་བསམས་ཡུངས་མར་སྣོད་བསྐུར་ཏེ། །རལ་གྲི་ཐོག་པས་བསྡིགས་ལྟར་འདོད་སྤང་བསྒྲིམ། ། འདས་ཆེན་ལས་འདོད་པའི་ཡོན་ཏན་ལྔ་ནི་བདེ་བ་མེད་པ་ཁྱི་ཀེང་རུས་འཆའ་བའམ་རླུང་གི་ཕྱོགས་སུ་སྒྲོན་མེ་ཐོགས་པའམ། །སྦྲུལ་གདུག་པའི་སྣོད་དམ་རྨི་ལམ་གྱི་རྙེད་པ་ལྟ་བུའོ། །ཡང་ལམ་གྱི་བཟའ་ཤིང་ལྟར་ཀུན་གྱིས་ཐོག་པ། གོད་ལ་བྱ་དག་རྟོད་པའམ་ཆུའི་ ཆུ་བུར་རམ་ཆུའི་རི་མོའམ་ཐགས་ཀྱི་རྒྱུ་ཟད་པའམ་བཙོན་གསོད་སར་འཁྲིད་པའམ་བརྙན་པོ་དག་རིང་དུ་མི་གནས་པ་ལ་སོགས་པ་ལྟར་སྐྱོན་སྣ་ཚོགས་ཀྱིས་གང་བའོ། །དེའི་ལས་དབང་གིས་སེན་རྣམས་བསྐལ་པ་དང་བསྐལ་པ་རྣམས་སུ་རུས་པ་བསགས་ན་ནི་ རྒྱལ་པོའི་ཁབ་ཀྱི་རི་བྱི་བོ་བས་མཐོ། །ནུ་ཞོ་འཐུང་བ་དང་ཞོ་དང་ཁྲག་དང་ཤི་བ་ན་ཕ་མ་ལ་སོགས་པ་ངུས་བའི་མཆི་མ་བསགས་ན་ནི་རྒྱ་མཚོ་བཞིའི་ཆུ་བས་མང། རྩི་ཤིང་ཐམས་ཅད་སོར་བཞི་པར་བྱས་པ་བས་ནི་སེམས་ཅན་རེ་རེས་ཕ་མ་བྱས་པ་ཆེས་ མང་ངོ། །ངན་སོང་གསུམ་དུ་སྐྱེས་ཏེ་སྡུག་བསྔལ་གྲངས་མེད་པ་མྱོང་བ་ནི་རེ་རེའི་ཡང་མཐའ་མི་མངོན་ནོ། །དེས་ན་ཏིལ་མར་བསྐུར་ཏེ་སྟེགས་འདྲེད་པ་ལ་བཏང་བ་རལ་གྲི་ཐོགས་པས་གསོད་པ་དག་བསྒྲིམས་ཏེ་འདོད་པའི་ཡུལ་ཇི་ལའང་མི་བལྟ་བ་ལྟར་ [174B] ༈ །ཐ་ཤལ་རྣམས་རྟེན་གྱི་དམ་པས་སྨད་པ་ནི། དེས་ན་ཝ་དང་ཁྱི་དང་ཕག་དང་ཕྱུགས། །འོན་ལོང་གླེན་ལྐུག་ལ་སོགས་རབ་དམན་རྣམས། །བསྟེན་པས་འདོད་ཡོན་འདི་དག་བྱིས་རྨོངས་ ཉིད། །བསླུ་བར་ཟད་ཀྱི་མཁས་རྣམས་རྒྱང་བསྲིངས་བཞུགས། །ཁྱེའུ་བཞིའི་ཏིང་ངེ་འཛིན་ལས། སེམས་ཅན་གང་དག་འདོད་དབང་སོང། །དེ་དག་བྱིས་པ་རྨོངས་པ་ཡིན། །འདོད་པ་སྤུ་གྲིའི་སོ་འདྲི་བས། །འདོད་པ་དེ་ལ་སུ་ཡིད་རྟོན། །ཁྱི་དང་ཕག་དང་ཝ་དག་ཕྱེ་ལེབ་དང། །བ་ ལང་བོང་བུ་དྲེའུ་ལ་སོགས། །དེ་དག་འདོད་པ་བསྟེན་བྱེད་ཀྱི། །སངས་རྒྱས་མི་མཛད་ཉན་ཐོས་མིན། །ཞར་བ་ཐེང་པོ་ལོང་བ་དང། །གླེན་པ་སྒུར་པོ་མིའུ་ཐུང་སོགས། །དེ་དག་འདོད་པ་བསྟེན་བྱེད་ཀྱི། །སངས་རྒྱས་མི་མཛད་ཉམ་ཐེས་མིན། །སྦྲང་བུ་སྦུར་བ་ཕྱེ་ལེ་བ་དང། །དེ་ བཞིན་རྨ་བྱ་ཁུ་བྱུག་རྣམས། །དེ་དག་འདོད་པ་བསྟེན་བྱེད་པས། །ཁོ་བོ་ཁྱད་པར་མེད་པར་འགྱུར། །ཇི་ལྟར་མེ་ཡི་རླུབས་ཀྱིས་ནི། །འཛམ་བུའི་གླིང་འདི་གང་གྱུར་ན། །ལོང་བ་དེར་ནི་ལྟུང་བ་ལྟར། །རྒྱལ་བ་འདོད་པ་དེ་བཞིན་ནོ་ཞེས་སོ། །བསྟན་བཅོས་ལས་ཀྱང། ཡུལ་གྱི་ བདེ་བ་ཙམ་གྱི་ཚོད་ཀྱིས་ཀྱང། །བྱིས་པ་རྣམས་ནི་བག་མེད་དབང་དུ་འགྱུར། །དམ་པ་རྣམས་ནི་བསམ་གཏན་བདེ་བས་ཀྱང། །གཞན་ལ་ཕན་པར་འདོད་པ་ཡོངས་མི་ཉམས་ཞེས་སོ། ༈ །སྤང་བའི་ཐབས་ཀྱིས་སྐབས་ལ་སྦྱར་བ་ནི། འདུ་བྱེད་འཇིག་རྟེན་ལུས་ངག་ཡིད་ གསུམ་དང། །གོས་དང་ཟས་དང་གནས་ཁང་ལ་སོགས་དང། །གྲང་དྲོ་གསལ་མི་གསལ་དང་མི་ཝགས་དང། །ཤ་ཁྲག་སོགས་དང་མི་རོའི་ཁྲི་ལ་སོགས། །མི་མཐུན་སྣ་ཚོགས་རབ་བརྟགས་ཐམས་ཅད་ལ། །མངོན་པར་མི་དགའི་འདུ་ཤེས་རབ་བསྒྲོམས་ཏེ། །སྟོང་ སོགས་རྣམ་ཐར་སྒོ་ཡི་བཟོད་པ་ལས། །མ་རིག་ང་རྒྱལ་ཆགས་སོགས་སྤངས་ཐོབ་བྱ། །འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ལ། །འཇིག་རྟེན་ན་གཉིས་ལས་སེམས་ཅན་གྱི་འཇིག་རྟེན་ལ་མི་དགའ་བ་ནི། སྔར་འགྲོ་བ་ལྔའི་སྡུག་བསྔལ་དང་ [175A]༄༅། །གནོད་པ་ལས་བཤད་ཟིན་པའོ། །འདུ་བྱེད་ཀྱི་འཇིག་རྟེན་ལ་བསྒོམ་པ་ལ་ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་གསུམ་དང། དེའི་ལོངས་སྤྱོད་དུ་གཏོགས་པ་ལ་བསྒོམ་པ་གཉིས་ལས། དང་པོ་ནི། ལུས་ཀྱི་འདུ་བྱེད་དབུགས་འབྱུང་རྔུབ་ལ་ གསར་པ་དང་རྙིང་པ་དང་གྲང་བ་དང་དྲོ་བ་ལ་སོགས་པ་དང། ངག་གི་འདུ་བྱེད་རྟོག་དཔྱོད་དག་ལ་ངེས་པ་དང་མ་ངེས་པ་ལ་འཇུག་པ་ལ་སོགས་པ་དང། ཡིད་ཀྱི་འདུ་བྱད་སེམས་པ་ལ་སོགས་པའང་གསལ་བ་དང་མི་གསལ་བར་འཇུག་པ་ལ་སོགས་པ་མི་ མཐུན་པའི་རྣམ་པར་བརྟགས་པས་ཐམས་ཅད་མི་རྟག་པ་ལ་སོགས་པ་དང། ལོངས་སྤྱོད་བྱ་གོས་ལ་སོགས་པ་ལའང་མིའི་པགས་པ་ལ་སོགས་པའི་རྣམ་པར་མི་མཐུན་པར་བརྟགས་པས་མངོན་པར་མི་དགའ་བའི་འདུ་ཤེས་བསྒོམ་པ་སྟེ། འདས་ཆེན་པས། འདུ་ བྱེད་ལས་འདུ་བྱེད་ཀྱི་འཇིག་རྟེན་ལ་མདོན་པར་མི་དགའ་བ་ལ་གསུམ་སྟེ། ལུས་ཀྱི་འདུ་བྱེད་ནི་དབུགས་འབྱུང་བ་དང་རྔུབ་པའོ། །ངག་གི་ནི་རྟོག་པ་དང་དཔྱོད་པའོ། །ཡིད་ཀྱི་ནི་རྣམ་པར་ཤེས་པ་དང་སེམས་པའོ། །དེ་དག་ལ་ཡང་མཁས་པ་རྣམས་ཀྱིས་དབུགས་ འབྱུང་རྔུ་བ་པ་ལ་ནི་གསར་རྙིང་དང་བསིལ་དྲོ་དང་མི་མཐུན་པའི་ཚུལ་གྱིས་བརྟག་སྟེ། ཐམས་ཅད་མི་རྟག་པ་དང་མི་བརྟན་པ་དང་མི་བརྟག་པ་དང་སྟོང་པ་དང་བདག་མེད་པར་རོ། །དེ་ལྟ་བུ་ལ་སོགས་པ་བརྟགས་པས་འདུ་བྱེད་ཐམས་ཅད་ལ་མངོན་པར་མི་དགའོ། །གོས་ལའང་མི་མཐུན་ པའི་འདུ་ཤས་ནི་ཆོས་གས་མཐོང་དམ་རེག་གམ་ཤམ་ཐབས་སུ་བྱེད་དམ་གྱོན་ནམ་བཞག་གམ་སྦས་ཀྱང་རུང། འདི་ནི་མིའི་པགས་ཨྔྶ་སོ། བྱེ་བྲག་ཏུ་ཕྱེ་བ་ལས་ལུས་ལ་ཏུ་དྲི་ང་བ། སྲིན་བུའམ་སྦྲང་བུས་གོང་བས་ན་མཁས་པ་དག་གིས་དགའ་བར་བྱ་བ་ མ་ཡིན་པའོ་ཞེས་སོ། །ཟས་ལ་ནི་དེ་བླངས་པ་ན་འྡིའང་ནང་ཁྲོ་མ་ཡིན་པའོ་ཞེས་སོ། །ཟས་ལ་ནི་དེ་བླངས་པ་ན་འྡིའང་ནང་ཁྲོལ་ཏེ་སྐྲ་དང་ཝླགྶ་པ་མེད་ཅིང་རྣག་ཁྲག་བསྐུས་པ་སྲིན་བུ་དང་སྦྲང་བུས་གང་པའོ། །སྣོད་ནི་མགོའི་ཐོད་པ་དྲི་ང་བ་སྐྱོན་དུ་བགྲང་བ་དུ་མ་དང་ལྡན་པའོ། །ཡང་འབྲས་ཆེན་ལ་མི་རོ་སྲིན་བུས་གང་བའམ། ཆུ་ལ་ [175B] ཕྱེ་ལ་མི་རུས་ཀྱི་ཕྱེ་མ་དང། འཁུར་སྐྱ་ལ་མི་སྤགས་དང། ཤ་ཁུ་ལ་སོགས་པ་ལ་ཁྲག་དང་ཁྲག་རླངས་དང་སྔ་སྔོ་ལ་མིའི་སྐྲའམ་སོ་དང། ཤ་ལ་མི་ཤ་དང། ལི་ཁ་ར་དང་བུ་རམ་དང་རྒུན་ཆང་ལ་སོགས་པ་ལ་མིའི་ཁྲག་དང་ཀླད་པ་དང་རྐང་མར་དང་ བད་ཀན་གྱི་རྣམ་པར་རོ། །གནས་ཁང་ལ་སོགས་པ་ལའང་འཇིགས་པའི་གནས་ཆེན་པོར་ཏེ། ཤིང་ལ་མི་དང་འཇིམ་པ་ལ་མི་ཤ་དང་རི་མོ་ལ་མི་ཁྲག་དང་མལ་སྟན་ལ་མི་ལྤགས་དང་ཁྲི་ལ་མི་རུས་ཀྱི་གོང་བུའམ་མི་རོར་བྱིན་གྱིས་བརློབ་པའི་འདུ་ཤེས་ཀྱིས་སོ། ། དེ་ལྟར་འཇིག་རྟེན་ཐམས་ཅད་ལ་མི་དགའ་བའི་འདུ་ཤེས་ཀྱིས་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་བཟོད་པ་ཐོབ་པས། །ཁམས་གསུམ་གྱིས་འདོད་ཆགས་དང་ང་རྒྱལ་དང་རྒོད་པ་དང་ཐེ་ཚོམ་དང་མ་རིག་པའི་མུན་པ་ཐམས་ཅད་སྤོང་སྟེ། བདག་དང་གཞན་གྱི་དོན་ཐམས་ ཅད་འགྲུབ་པའོ་ཞེས་སོ། །སྔར་བསྟན་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས་ནམ་མཁའ་མཛོད་ཀྱི་མདོ་ལས། འདད་པ་མི་རྟག་དེ་བཞིན་རྒྱལ་སྲིད་སོགས། །སྲོག་ནི་རྩྭ་ཡི་ཟིལ་པའི་ཐིག་པ་འདྲ། །རྩེ་བ་དེ་བཞིན་འདོད་པ་རྨི་ལམ་འདྲ། །མཁས་པ་སུ་ག་འདི་ལ་དགའ་ པ་བསྐྱེད། །སེམས་ཅན་གང་ཡང་འདོད་པས་དམིས་མེད་དོ། །ཕྱིར་ཡང་དེ་བཞིན་འདོད་པ་སྐོམ་ཞིང་བརྒྱུག། །བྱས་པར་མས་མི་ཤེས་ཤིང་ཡུལ་ལ་ཞེན། །ཤེས་རབ་གང་ངོམས་དེ་དག་ཤིན་ཏུ་ངོམས། །སྒྱུ་མ་བསླུ་ཞིང་སྙིང་པོ་མེད་པ་ལྟར། །དེ་བཞིན་ཕུང་པོ་ལ་ཡང་སྒྱུ་ མ་འདྲ། །ཁམས་འདི་དག་ནི་སྦྲུལ་གདུག་བཞིན་དུ་བསྟན། །དབང་པོ་དྲུག་ནི་སྟོང་པའི་གྲོང་དང་འདྲ། །བུ་དང་ཆུང་མ་རྒྱལ་སྲིད་ཡུལ་འཁོར་ཡང། །འཆི་བར་ཕྱོགས་པའི་གྲོགས་སུ་འགྱུར་བ་མེད། །སྦྱིན་དུལ་ཀུན་སྡོམ་ཚུལ་ཁྲིམས་ཕུང་པོ་ནི། །དེ་དག་ཕ་རོལ་ མཆོག་ཡིན་ཞེས་གསུངས་སོ། ༈ །བྱེ་བྲག་ཏུ་ཕྱེ་བ་ལས་ལུས་ལ་ཆགས་པའི་གནོད་པ་ནི་ཡུལ་ལུས་ཀྱི་ཉེས་པའི་དབང་དུ་བྱས་ནས་རང་བཞིན་དམན་པ་ལ་མི་གཙང་བར་བརྟག་པ་ནི། ལུས་འདི་མི་གཙང་ཚོགས་ཀྱི་ཁྱིམ་ཆེན་ཏེ། །རུས་གཟེབ་ཆུ་རྒྱུས་སྤྲེལ་ལ་ཤ་ཚིལ་སོགས་ [176A]༄༅། །དཀྲིས་ཤིང་གླན་ཏེ་ལྤགས་པའི་ཤ་ཡིས་བཀབ། །གནད་དང་བུ་གའི་ཚོགས་ཀྱི་སྒོ་མཐོངས་ཅན། །སྐྲ་སྤུ་སེན་མོའི་ཁ་ཁྱེར་ཚེར་ཐགས་བསྐོར། །རབ་བཀྲེན་ནད་རྣམས་གློ་སྙིང་མཁལ་མཆིན་མཚེར། །རྒྱུ་མ་ཆེ་ཕྲ་མི་གཙང་གང་བས་ བཅེར། །ཞག་དང་ཁྲག་རུལ་སྲིན་རིགས་བརྒྱད་ཁྲིས་ཁྱབ། །སྟེང་འོག་བུ་ག་ཀུན་ནས་བཤད་གཅི་དང། །མཆིལ་སྣབས་ལ་སོགས་མི་གཙང་རྒྱུན་དུ་འཛག་ཟས་སོགས་ཁ་ཆུས་བསྲེས་པ་རབ་བཙོག་པ། །ཁྱི་རྒན་རུས་བསྐམ་འཆས་འདྲ་ལྟོ་བར་འབབ། །འོན་ཀྱང་གཙང་ བལྟའི་ཕྱིན་ཅི་ལོག་ཆེན་གྱིས། །རོ་ལ་བརྐམ་པས་བད་ཀན་གནས་ཕྱིན་ཟས། །གྱེན་དུ་སློང་འགྱུར་ངར་སྣབས་དང་འདྲ་ཡང། །ཞམ་ཞིམ་སླར་མེད་བྱེད་པ་རེ་མཚར་ཀྱེ། །མངལ་འཇུག་ལས། ལུས་འདི་མི་གཙང་བ་ཐམས་ཅད་ཀྱི་ཁྱིམ་ཡིན་ཞིང། མི་བརྟན་པ་ བེམས་པོ་སྟེ་རྨོངས་པ་དག་སླུ་བར་བྱེད་པའོ། །རུས་པའི་འཁྲུལ་འཁོར་རྩ་རྒྱས་ཀྱིས་སྤྲེལ་བ། བུ་ག་དང་གནད་རྣམས་དོད་པ། ཤ་དང་ཁྲག་དང་རྐང་དང་ཚིལ། །ཕན་ཚུན་ཁྲིས་ཤིང་ལྤགས་པས་གཡོགས་པ། རབ་ཏུ་གདུངས་པའི་ཕུག་མི་གཙང་བས་གང་བ། སྐྲ་ དང་སྤུ་དང་སེན་མོ་དང་སོའི་གནས་སྐབས་ཐ་དད་པ་དག་ལའང་ང་དང་ང་ཡིར་བཟུང་བས་རྟག་ཏུ་རང་དབང་མེད་པར་ཁྲིད་པ། རྟག་ཏུ་མཆིལ་མ་དང་སྣབས་དང་བཤང་གཅི་དང་ཁ་ཆུ་དང་རྡུལ་དང་མཁྲིས་པ་དང་བད་ཀན་འབྱུང་ཞིང་ཞག་དང་འཚིལ་རུལ་ཏེ་མྱགས་པ། ། མཁལ་མ་དང་མཆེར་པ་དང་མཆིན་པ་དང་གློ་བ་དང་སྙིང་དང། རྒྱུ་མ་ཆ་ཕྲ་མི་གཙང་བས་གང་ཞིང་སློན་བྲོ་བ། སྲིན་གྱི་རིགས་མང་པོས་ཁྱབ་པར་གང་བ། སྟེང་འོག་གི་བུ་ག་ནས་རྟག་ཏུ་མི་གཙང་བ་ཟག་པ། ཞུ་བ་དང་མ་ཞུ་བའི་གནས་གཉིས་ལྤགས་པ་སྲབ་མོས་ བཀབ་པ་འདི་ནི་སྣམ་ཕྱིས་དང་འདྲ་བར་སོ་སོར་བརྟག་གོ་ཅི་ཙམ་དུ་བཟའ་བ་དང་བཅའ་བ་དང་ཟོས་ཤིང་བལྡགས་པ་མཆིལ་རྫབ་ཏུ་གྱུར་ནས་མེད་པར་འཛུད་ཅིང། རྐང་དང་ཀླད་པའི་བར་དུ་འདྲེས་ནས་ལྟོ་བར་འབབ་སྟེ། ཁྱི་རྒན་རུས་པ་བསྐམ་པོ་འཆའ་བ་ལྟ་བུར་ [176B] ཕྱིན་ཅི་ལོག་གིས་ཞིམ་པར་འདུ་ཤེས་ནས་ཟས་རྐེད་པར་ཕྱིན་པ་གྱེན་དུ་སྤོང་ཡང་སླར་མིད་པར་བྱེད་དོ། །ཡང་ཀླད་རྒྱས་དང་ནི་ལྤགས་པ་དང། །སྙིང་དང་ནང་རོལ་གློ་མཆིན་དང། །འདི་ལ་སོགས་པའི་རུལ་མྱགས་དང། །མི་གཙང་རྣམས་དང་ལྷན་ ཅིག་གནས། །སྡིག་པའི་ལས་ནི་འཇིགས་རུང་བས། །འདི་ཉིད་བདག་གི་དགྲ་ཡིན་ནོ། །བཤས་མེད་འདོད་ལ་ཞེན་པ་ཡི། །བླུན་པོ་རྟག་ཏུ་ཕངས་པར་བྱེད་ཅེས་སོ། ༈ །མི་རྟག་པ་ལ་སོགས་པར་བརྟག་པ་ནི། སྙིང་པོ་མེད་ཅིང་མིག་བསླུ་མྱུར་འཇིག་ཅིང། །སྤྱོད་པོ་སྤྱད་བྱ་ ལྟར་སྣང་རིང་མི་གནས། །བསྲིང་བ་མི་ནུས་གཡོ་བ་མེད་པའི་ལུས། །འདི་ལ་སེམས་ཤེས་སུ་ཞིག་གཅེས་འཛིན་བྱེད། །འདས་ཆེན་ལས། ལུས་ནི་ཆུ་ཤིང་ལྟ་བུའོ་ཞེས་བྱ་བ་ནས་གཏུང་ཤིང་ལྟ་བུའོ་ཞེས་བྱ་བའི་བར་དུ་གསུངས་ཏེ། སྙིང་པོ་མེད་པས་ཆུ་ཤིང་ལྟ་བུའོ། །བླུན་པོའི་མིག་ བསླུ་བས་སྨིག་རྒྱུ་ལྟ་བུའོ། །མྱུར་དུ་འཇིག་པས་ཆུ་བུར་རོ། །སྤྱོད་པ་པོ་མེད་ཀྱང་དེར་སྣང་བས་སྒྱུ་མའི་མི་ལ་སོགས་པའོ། །སྤྱད་བྱ་མེད་ཀྱང་དེར་སྣང་བས་རྨི་ལམ་གྱི་བཟའ་བཏུང་ངམ་དྲི་ཟའི་གྲོང་ཁྱེར་ལ་སོགས་པའོ། །རིང་དུ་མི་གནས་པས་རྫ་མ་སོ་མ་བཏང་བ་དང་གློག་གི་ འོད་དང་ཆུའི་རི་མོ་དང་གསོད་སར་ཁྲིད་པའི་བཙོན་དང་ཤིང་ཐོག་སྨིན་པ་དང་རོ་རུལ་པ་ལྟ་བུའོ། །རིང་དུ་གནས་པར་བྱ་མི་ནུས་པས་ཐགས་ཀྱི་རྒྱུ་ཟད་པ་ལྟ་བུའོ། །གཡོ་བ་མེད་པས་གཏུན་ལྟ་བུའོ། །ལུས་ཀྱི་འདུ་བྱེད་རྣམས་ཀྱང་ཟས་དུག་ཅན་དང་འདྲ་བ། ཉེས་པའི་འབྱུང་ གཅིག་བུར་གསུངས་སོ། ༈ །རྒྱུ་དམན་པར་བརྟག་པ་མདོར་བསྟན་པ་ནི། །ཐོག་མའི་རྒྱུ་ནི་ཕ་མའི་མི་གཙང་བསྡུས། །གནས་ཤིང་འཕེལ་རྒྱས་ཟས་སོགས་རྒྱུ་ལས་སོ། །དཔལ་བྱིན་གྱིས་ཞུས་པ་ལས། ལུས་ཀྱི་ཐོག་མའི་རྒྱུ་ནི་ཕ་དང་མའི་ཁུ་ཆུ་དང་ཁྲག་འདུས་པའོ། །ཐ་མའི་རྒྱུ་ ཟས་འཇུ་བ་ལ་སོགས་པའོ་ཞེས་སོ། ༈ །སྔ་མ་བཤད་པ་ནི། དང་པོ་རུས་པ་སུམ་བརྒྱ་དྲུག་ཅུའི་ཁོག་སྤྲེལ་ཆིངས་རྒྱུས་པའི་དྲ་བ་བདུན་བརྒྱ་སོགས། །རྒྱུ་མ་འདོམ་ནི་ཕྱེད་དང་བཞི་ལ་སོགས། །མི་བཟད་མི་གཙང་ཚོགས་ཀྱིས་ནང་རྒྱས་བྱས། །ལྤགས་རིམ་བདུན་གཡོགས་ [177A]༄༅། །དབང་སོགས་བུ་ག་དགུས། །ཡུལ་ལ་འཇུག་དང་འཛག་སྒོའི་ལམ་སྲང་ངོ། །ཡང་ལུས་ནི་རུས་པ་སུམ་བརྒྱ་དྲུག་ཅུས་ཁོག་པ་བསླང་བ། ཤིང་ངན་པའི་ཁྱིམ་ལྟར་སྲིགས་སུམ་བརྒྱས་སྦྱར་བ། རྩའི་དྲ་བ་བཞི་བརྒྱས་གླགས་པ། ཤ་སྤར་ ཚད་སུམ་བརྒྱས་གཡོགས་པ། སྡོམ་རྩ་དྲུག་གིས་ཁེབས་པ། རྩ་བདུན་བརྒྱས་གང་བ། རྒྱུས་པ་བདུན་བརྒྱས་སྤྲེལ་བ། ཆུ་བ་བཅུ་དྲུག་གིས་ཉེ་བར་བརྟན་པ། ཆུ་བ་ཆེན་པོ་གཉིས་ཀྱིས་ཁྱབ་པར་དཀྲིས་པ། རྒྱུ་མ་འདོམ་ཕྱེད་དང་བཞིས་ནང་ཁྲོལ་བྱས་པ། ལོང་ག་ དང་ཕོ་བ་དང་འབྲེལ་བའི་གཉེ་མ་རིམ་པ་བཅུ་དྲུག་འཁྱིལ་བ། རྩ་ཕྲན་ཉིས་སྟོང་ལྔ་བརྒྱས་སྐར་ཁུང་བྱས་པ། གཤིས་བརྒྱ་རྩ་བརྒྱད་གྱིས་སྣོད་ཆག་པ་ལྟར་ཤིག་ཤིག་པོར་གྱུར་པ། སྤུའི་ཁུང་བྱེ་བ་ཕྲག་བརྒྱད་ཅུས་རྩ་ལྟར་ཁེབས་པ། དབང་པོ་ལྔའི་བུ་ག་དགུ་དོད་པ་ གནས་བདུན་པོ་ཐམས་ཅད་མི་གཙང་བས་ཡོངས་སུ་གང་བ། ཀླད་པ་སྙིམ་པ་གང་དང། ཚིལ་སྙིམ་པ་གང་དང། ཁྲག་སྙིམ་པ་གསུམ་དང། བད་ཀན་སྙིམ་པ་དྲུག་དང། མཁྲིས་པ་སྙིམ་པ་དྲུག་དང་ལྡན་པ། རླུང་གིས་མཐའ་དག་དྲངས་པ། ཁྲག་བྲེ་གང་དང། ངན་སྐྱུགས་ ཕུལ་གང་སྟེ། དེ་ཐམས་ཅད་ཀྱིས་བང་བ་བར་ཆད་ཅན་ལྟར་སོ་སོར་གང་བ། ལྤགས་པ་རིམ་པ་བདུན་གྱིས་བསྐོར་བ་རྟག་ཏུ་མཐར་འཛག་ །མདོ་སྔ་མས་ནི་མི་གཙང་བའི་རྫས་དེ་ཐམས་ཅད་ཀྱི་འབྲས་བུར་གནས་པའི་ཆ་གསུངས་པས་ལུས་ཀྱི་ རང་བཞིན་དུ་བལྟའོ། །འདིས་ནི་དེ་ཐམས་ཅད་བསྐྱེད་ཅིང་འཕེལ་བར་བྱེད་པའི་རྒྱུའི་ཆ་གསུངས་པའོ། ༈ །ཕྱི་མ་བཤད་པ་ནི། གཉིས་པ་རོ་བྲོ་དྲུག་སོགས་གསོས་ཀྱིས་ནི། །ནང་གི་མེ་ལ་ངན་སྐྱུགས་སྦྱིན་སྲེག་བྱེད། །དེ་ཡང་གནས་གསུམ་བརྒྱུད་ལས་དྭངས་མས་ཁྲག་ ཤ་ཚིལ་རུས་རྐང་ཁུ་ཆུ་རིམ་གྱིས་བསྐྱེད། །ཚིགས་མས་བཤང་གཅི་དྲི་མ་བསྐྱེད་པ་སྟེ། །འདི་འདྲའི་རྒྱུས་བསྐྱེད་སྨད་པའི་གནས་གྱུར་པའོ། །ཡང་རོ་བྲོ་བ་དྲུག་གིས་གསོ་བ། ལུས་ཀྱི་མེ་ལ་ངན་སྐྱུགས་ཀྱི་སྦྱིན་སྲེག་བྱེད་པ་སྟེ། ཁམ་གྱི་ཟས་དང་པོ་བད་ཀན་གྱི་གནས་སུ་སོང་ [177B] །དེ་ནས་མཁྲིས་པའི་གནས་སུ་ཞུ་ཞིང་སྐྱུར་པོར་འགྱུར་རོ། །དེ་ནས་རང་གི་གནས་སུ་ལྷུང་བ་རླུང་གིས་དྭངས་ཚིགས་ཕྱེ་ནས། དྭངས་མ་ལས་ནི་ཁྲག་གོ་དེ་ལས་ནི་ཤའོ། །ཤ་ལས་ནི་ཚིལ་ལོ། །དེ་ལས་མི་རུས་པའོ་ དེ་ལས་ནི་རྐང་སྟེ་སྙིང་ཁུའོ། །དེ་ལས་ནི་ཁུ་ཆུའོ། །ཚིགས་མས་ནི་བཤང་གཅི་དང་དྲི་མར་འགྱུར་ཏེ། དེ་ལྟར་རྒྱུ་མི་གཙང་པས་ལུས་མི་གཙང་པའོ། །ཞེས་སོ། ༈ །བྱེད་པ་དམན་པ་ནི། མི་སྡུག་དྲི་ང་བཀྲེས་སྐོམ་ན་རྒས་སོགས། །སྡུག་བསྔལ་ཀུན་གྱི་རྟེན་གྱུར་མི་བཅང་འཛག་ གཟེ་རེ་ཆེ་ཞིང་གནོད་མང་ཉོན་མོངས་དང། །ཉེས་སྤྱོད་མི་བཟད་ཀུན་གྱི་སྒོར་གྱུར་པའོ། །ཡང་ལུས་ཀྱི་ཆ་དེ་ཐམས་ཅད་ཀྱིས་བལྟ་ན་མི་སྡུག་ དྲི་ང་བ་རྣག་གི་རང་བཞིན་རྟག་ཏུ་མི་གཙང་བ་འཛག་པ། འདི་ལ་སུ་ཞིག་གུས་པར་བྱེད། ཡང་རང་བཞན་གྱིས་ཡིད་དུ་མི་འོང་ཞིང་ མི་མཐུན་པས་སྨད་པའི་གནས་དང། རྣག་ཟགས་པས་དྲི་མི་ཞིམ་པ་ལ་སོགས་པ་བཞི་བཅུ་རྩ་བཞིར་བརྟགས་པའང་གསུངས་སོ། །ཚོམས་ རྒྱུན་ཉུ་ནད་ཀྱིས་མངོན་གདུངས་ཞིང། །རྟག་ཏུ་མི་གཙང་འཛག་པ་དང། །རྒ་དང་འཆི་བས་འཚེར་འགྲིབ་པའི། །ལུས་འདི་ དོར་ ༈ །དེ་ལ་ཆགས་པའི་ཉེས་པ་ནི། །ད་ལྟ་ཁོ་ནའི་ལུས་འདི་འབའ་ཞིག་ལ། །གཏན་དུ་རྗེས་འབྲེལ་བཞིན་དུ་དམ་ཞེན་པའོ། །སྲེད་ཆེན་གྱིས་བཅིངས་ཉེས་ཀུན་སློང་བྱེད་པ། །ཀྱེ་མ་འདོད་མཐུ་མི་བཟད་ངོ་མཚར་ལྟོས། །དེ་ཡང་འཁོར་བ་ཐོག་མ་དང་ ཐ་མ་མེད་པ་འདིར་མཐོ་དམན་གྱི་ལུས་དཔག་ཏུ་མེད་པ་ཇི་ཙམ་འདོར་ལེན་བྱས་ཀྱང། བདག་ཅག་གིས་ད་ལྟར་གྱི་ལུས་འདི་ལྟ་བུའི་རིགས་དང་རུས་དང་མིང་དང་ཁ་བཞིན་དང་ཆ་བྱད་ལ་སོགས་པའི་རྣམ་པ་དང་ལྡན་པ་ནི་སྔོན་ཆད་ནམ་ཡང་ལེན་མ་མྱོང་ཞིང་ཕྱིན་ཆད་ ཀྱང་ནམ་ཡང་ལེན་མི་སྲིད་ཀྱི། འོན་ཀྱང་གཞིའི་སྲེད་པ་བརྟན་པར་ཆགས་པ་རབ་ཏུ་དམ་པོས་འདི་འབའ་ཞིག་མ་གཏོགས་པ། སྔ་ཕྱི་ཐམས་ཅད་ལ་དཔྱོད་པ་ཙམ་གྱི་བློ་ཡང་ཡ་མེད་པར་འདི་ཉི་ཚེ་ལ་གཅེས་པར་འཛིན་ཅིང་བདེ་སྡུག་བླང་དོར་གྱི་མངོན་པར་ཞེན་པས་སྦྱར་བའི་ [178A]༄༅། །འདོད་པ་འཆིང་བ་དམ་པ་རབ་ཏུ་དམ་པ་ཆེན་པོས་བཅིངས་ཤིང་གཡེན་སྤྱོ་བ་ལས། ཉོན་མོངས་པ་སྣ་ཚོགས་འགྲན་པ་ལྟ་བུར་མི་བཟད་པར་རབ་ཏུ་འབར་བས་སྡིག་པའི་ལས་མ་རུངས་པ་ཆེ་ཞིང་ཆེ་བ་རྣམས་ལ་ཡང་མི་བྱ་བ་མེད་པ་ལྟ་བུར་ ཤིན་ཏུ་སྤྲོ་བཞིན་དུ་འཇུག་པར་གྱུར་ནས་ཉེས་པར་སྤྱོད་པ་ཤིན་ཏུ་ལྕི་བ་མང་པོའི་ཁུར་གྱིས་རབ་ཏུ་ནོན་ཏེ། སྡུག་བསྔལ་སྣ་ཚོགས་དང་རྗེས་སུ་འབྲེལ་བ་ངན་སོང་གསུམ་ལ་སོགས་པའི་གཡང་ས་ཆེན་པོར་འཇུག་པ་ལ་དགའ་དགའ་ལྟར་རྩོལ་ཞིང་འབད་པ་མང་ པོས་བསྒྲིམ་ཤ་དྲག་པོ་བཏོན་ནས་བྱེད་ལ། སྐྱེས་བུ་དམ་པ་རྣམས་ཀྱིས་རྗེས་སུ་བསྟེན་པར་གྱུར་ཅིང་བསྟེན་པར་མཛད་ལ་བསྟེན་པར་ཡང་འགྱུར་བས། བདེ་བ་དམ་པ་གང་འདོད་སྣ་ཚོགས་ཐམས་ཅད་ཀྱིས་དབུགས་འབྱིན་པ་བརྙེས་པར་གྱུར་ཅིང་བརྙེད་ལ་བརྙེད་པར་ འགྱུར་བ། བཟང་པོའི་གནས་དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་དང་གང་གིས་དུས་དང་གནས་སྐབས་དང་སྐྱེ་བ་ཐམས་ཅད་དུ་བདེ་ལེགས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་པར་བྱེད་པ། བརྟུལ་ཞུགས་དང་སྡོམ་པ་དང་ཐོས་པ་དང་གཏོང་བ་ ལ་སོགས་པ་རྣམས་ལ་ནི་སྙིང་པོར་འཛིན་པས་རྗེས་སུ་བསྒྲུབ་པའི་བློ་ཡུད་ཙམ་ཡང་རྨི་ལམ་ཙམ་མམ་ཡིད་ཀྱི་དགུ་ལ་ཡང་མི་རྒྱུ་བ་ནས། རེས་འགའ་ཅི་ཞིག་ལྟར་བདེ་བླག་ཏུ་ཞར་ཙམ་ལ་ཡང་ངང་གིས་བསྒྲུབ་པར་ནུས་པ་བྱུང་དུ་ཟིན་ཀྱང་རྩ་ཉིལ་དང་མཆིལ་སྣབས་ བཞིན་དུ་ཡལ་བར་དོར་བ་ཕལ་ཆེར་ཉེ་བར་གནས་པའི་ཕྱིར། ཀྱེ་མ་ཀྱི་ཧུད་ཕྱིན་ཅི་ལོག་དང་འདོད་པའི་མཐུ་རབ་ཏུ་མི་བཟད་པ་འདི་ལྟ་བུ་ལ་ལྟོས། ༈ འདི་འདྲ་རྗེས་བསམ་ཀུན་ཏུ་ཡིད་འབྱུང་བས། །ལུས་ལ་སྲེད་པའི་གཅེས་འཛིན་ཐག་ བསྲིངས་ཏེ། །ཁུར་སོགས་དོན་དུ་ཤིང་རྟའམ་བརྙན་སྤྱད་ལྟར། །ཆོས་ལ་བཀོལ་སྤྱད་བྱར་བསམས་སྙིང་པོ་བླངས། །དཔལ་བྱིན་གྱིས་ཞུས་པ་ཉིད་ལས། དེ་ལྟར་བརྟགས་ན་ཉེས་པ་ཐམས་ཅད་ཀྱི་སྣོད་འདི་ལ་སུ་ཞིག་གུས་པར་བྱེད་དེ། ལུས་ལ་ལུས་སུ་འདུན་པ་ [178B] ལུས་ལ་བདག་གིར་བྱེད་པ་དང་ལུས་ལ་སྲེད་པ་དང་ལུས་གནས་པ་དང་ལུས་ལ་ཞེན་པ་ཐམས་ཅད་ལྡོག་ཅིང། སྲོག་ལ་སྲོག་ཏུ་འདུན་པ་ལ་སོགས་པ་དང། བུ་སྨད་དང་ནོར་ལ་འདུན་པ་ལ་སོགས་པ་ཐམས་ཅད་ཀྱང་ལྡོག་སྟེ། ལུས་ དང་སྲོག་ལ་ཡང་མི་ལྟ་བར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡོངས་སུ་རྫོགས་པར་བྱས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེས་ན་འདི་ལ་སྐད་ཅིག་དགོས་པས་སྣོད་བརྙན་པོ་ཙམ་དང། ཁུར་བཀུར་བའི་ཤིང་རྟ་ལྟ་བུ་འབའ་ཞིག་ཡིན་པར་ཆོས་ཀྱི་ བློས་གཟུང་བར་བྱའོ། །བསྟན་བཅོས་ལས་ཀྱང། དེས་ན་འདི་ལ་ཉེས་མང་ཡང། །ལས་ཀྱི་སྤྱད་བཞིན་གཟུང་བར་བྱ། ཞེས་གསུངས་ཏེ། ཆོས་བསྒྲུབ་པའི་ལུས་ནི་གཅེས་སྤྲས་ཀྱིས་བསྐྱང་དགོས་པས་བབ་ཅོལ་དུ་ཆུད་མི་གཟོན་པར་དགོངས་པའོ། ༈ །ལུས་ལ་ཆགས་ པའི་གནོད་པའི་དབང་དུ་བྱས་ནས་འཁྲིག་པའི་འདོད་ཆགས་ཀྱི་ཡུལ་ལ་ཆགས་པའི་ཉེས་པ་སྤྱིར་བསྟན་པ་ནི། འགྲོ་ཀུན་སྡུག་བསྔལ་སྒོ་དང་ལམ་ཆེན་པོ། །ཁྱིམ་ཐབ་རྗེས་ཆགས་ཡིད་ཀྱིས་རབ་བཅིངས་བསླུས། །གཤེད་མས་གསོད་སར་འཁྲིད་དང་གླང་ཆེན་ནི། །འདམ་ བྱིད་མེ་ལྕེར་ཕྱེ་མ་ལེབ་སྡུང་ །རྙོང་ལ་སྤྲེའུ་ཐོགས་ཉ་ནི་ཉ་རྒྱས་ཟིན། །རྒྱ་མཚོར་གྲུ་ཞིག་དམུས་ལོང་གཡང་སར་ལྷུང། །གསལ་ཤིང་རྩེར་བཙུགས་སོགས་ལྟར་དཀོས་ཐག་པ། །སུམ་ཅུ་གཉིས་ཀྱི་བརྩེ་ལྡན་སྨྲེ་གནས་གྱུར། །རྒྱ་ཆེར་རོལ་པ་ལས། འཇིག་རྟེན་མགོན་གྱིས་ གང་མཐོང་ཡིད་འབྱུང་སྟེ། །སྙིང་རྗེས་ཤུགས་རིང་ཕྱུང་ནས་འདི་སྐད་སྨྲ། །ཨེ་མ་སྐྱེ་དགུ་དག་ནི་སྡུག་བསྔལ་གྱུར། །སྲིན་མོའི་ཚོགས་ལ་དགའ་བ་ཇི་ལྟར་རྙེད། །འདོད་པ་ཡོན་ཏན་མེད་ལ་ཡོན་ཏན་འཛིན། །གཏི་མུག་མུན་པས་རབ་བསྒྲིབས་བློ་གྲོས་ངན། །དཔེར་ན་བྱ་ནི་བྱ་ རྒྱར་ཆུད་པ་བཞིན། །ནམ་ཡང་འབྱུང་བ་རྙེད་པར་འགྱུར་མ་ཡིན་ཞེས་སོ། །ཡང་བྱང་ཆུབ་སེམས་དཔའ་ཆོས་སྣང་བའི་སྒོ་འདིས་རྣམ་པ་སུམ་ཅུ་རྩ་གཉིས་ཀྱི་སྙིང་རྗེའི་སྨྲ་བས་སེམས་ཅན་གྱི་ཕྱིར་སྨྲེ་ཞིང་བུད་མེད་ལ་སོ་སོར་རྟོག་སྟེ། བྱིས་པ་འདི་དག་ནི་གསོད་པ་སྟེ་གསོད་ [179A]༄༅། །པའི་གནས་སུ་གསད་བྱ་གསོད་པ་ལྟ་བུའོ། །དེ་བཞིན་དུ་འདི་དག་ནི་ཆགས་པ་སྟེ་སྣོད་རི་མོ་ཅན་ངན་སྐྱུགས་ཀྱིས་གང་བ་ལ་མི་མཁས་པ་ཆགས་པ་ལྟ་བུའོ། །བྱིང་བ་སྟེ་གླང་པོ་ཆེ་འདམ་དུ་བྱིང་བ་ལྟ་བུའོ། །བསྲུང་བ་སྟེ་བཙོན་རའི་བཙོན་ བསྲུང་བ་ལྟ་བུའོ། །མངོན་པར་དགའ་བ་སྟེ་ཕག་མི་གཙང་བ་ལ་དགའ་བ་ལྟ་བུའོ། །ཆགས་པ་སྟེ་ཁྱི་ཀེང་རུས་ལ་ཆགས་པ་ལྟ་བུའོ། །ལྷུང་བ་སྟེ་ཕྱེ་མ་ལེབ་མེ་ལྕེར་ལྷུང་བ་ལྟ་བུའོ། །ཐོགས་པ་སྟེ་སྤྲེའུ་རྙོང་ལ་ཐོགས་པ་ལྟ་བུའོ། །ཡོངས་སུ་གདུང་བ་སྟེ་ཉ་རྒྱས་ཟིན་པ་ལྟ་ བུའོ། །གཏུབས་པ་སྟེ་ཤ་འཚོང་གི་ལུག་ལྟ་བུའོ། །བཙུགས་པ་སྟེ་སྡིག་བྱེད་པ་གསལ་ཤིང་ལ་བཙུགས་པ་ལྟ་བུའོ། །ཡང་ཐོགས་པ་སྟེ་གླང་རྒན་འདམ་དུ་ཐོགས་པ་ལྟ་བུའོ། །ཕོངས་པ་སྟེ་རྒྱ་མཚོར་གྲུ་ཞིག་པ་ལྟ་བུའོ། །རབ་ཏུ་ལྷུང་བ་སྟེ་དམུས་ལོང་གཡང་ས་ཆེན་པོར་ལྷུང་ བ་ལྟ་བུའོ། །ཟད་པར་འགྱུར་བ་སྟེ་སའི་མཚམས་ཀྱི་ཆུ་ལྟ་བུའོ། །དུ་བ་འཐུལ་བ་སྟེ་བསྐལ་པ་ཟད་པའི་ས་ཆེན་པོ་ལྟ་བུའོ། །འཁོར་བ་སྟེ་རྫ་མཁན་གྱི་འཁོར་ལོའི་ཤུགས་ལྟ་བུའོ། །འབྲོག་འཚོལ་བ་སྟེ་དམུས་ལོང་གིས་རི་ལ་ཕྱིན་པ་ལྟ་བུའོ། །བཏགས་ཤིང་འཁོར་བ་སྟེ་ཁྱི་ སྡོང་ལ་བཏགས་པ་ལྟ་བུའོ། །རྙིངས་པ་སྟེ་དཔྱིད་ཀྱི་རྩྭ་དང་ཤིང་ལྟ་བུའོ། །ཉམས་པ་སྟེ་མར་ངོའི་ཟླ་བ་ལྟ་བུའོ། །ཟ་བ་སྟེ་ཀླུ་ལ་ནམ་མཁའ་ལྡིང་ལྟ་བུའོ། །འཆའ་བ་སྟེ་གཟིངས་ལ་ཆུ་སྲིན་ལྟ་བུའོ། །འཇོམས་པ་སྟེ་འགྲོན་པོ་ལ་ཆོམ་རྐུན་ལྟ་བུའོ། །འཇིགས་པར་བྱེད་པ་སྟེ་ཤིང་ ལ་རླུང་དམར་ལྟ་བུའོ། །ཡང་གསོད་པར་བྱེད་པ་སྟེ་སྐྱེ་བོ་ལ་སྦྲུལ་གདུག་པ་ལྟ་བུའོ། །ཆོད་པ་སྟེ་རལ་གྲིའི་སོའི་སྦྲང་རྩི་བལྡག་པ་ལྟ་བུའོ། །ཁྱེར་བ་སྟེ་ཤིང་ཕུང་ཆུས་ཁྱེར་བ་ལྟ་བུའོ། །རྩེ་བ་སྟེ་བྱིས་པ་ཆུང་དུ་གཅིན་རྟུག་ལ་རྩེ་བ་ལྟ་བུའོ། །བསྒྱུར་བ་སྟེ་གླང་པོ་ལ་ལྕགས་ཀྱུ་ ལྟ་བུའོ། །བསླུ་བ་སྟེ་གཡོ་ཅན་གྱིས་བྱིས་པ་ལྟ་བུའོ། །དགེ་བའི་རྩ་བ་འཛད་པ་སྟེ་རྒྱན་པོ་ལ་དགའ་བའི་ནོར་ལྟ་བུའོ། །འདི་དག་ནི་བྱིས་པ་རྣམས་འཆའ་བར་བྱེད་པ་སྟེ། སྲིན་མོའི་ཚོགས་ཀྱིས་ཚོང་པ་འཆོས་པ་ལྟ་བུའོ། །ཞེས་སོ། ༈ །ཆུང་མ་དངོས་བསྟེན་པའི་ཉེས་པ་ནི་ [179B] །གནོད་པར་ནུས་པའི་དགྲ་གཞན་མི་སྲིད་དེ། །དེ་ཡིས་མི་བྱའི་སྡིག་མེད་སྡུག་བསྔལ་རྣམས། །དེ་ཡིས་མི་མྱོང་འགའ་ཡང་མེད་ཕྱིར་རོ། །འདི་ནི་དེ་ཉིད་གཟིགས་པས་མཐོ་རིས་དང། །ཐར་པའི་ལམ་གྱུར་དཀར་ཆོས་མ་ལུས་ པའི། །བར་དུ་གཅོད་ཅིང་ཉོན་མོངས་ཉེས་སྤྱོད་ཚོགས། །མ་ལུས་འཛིན་པའི་སྣོད་ཆེན་ཉིད་ཅེས་སྨད། །དེས་སྣང་གང་དེ་ཡང་དག་སྨད་པའི་གནས། །བྱིས་པ་བླུན་པོས་བདེར་བཟུང་ཕྱིན་ཅི་ལོག་གནོད་པ་ཀུན་གྱི་འབྱུང་ཁུང་གཅིག་པུ་སྟེ། །བདག་ལ་ཕན་འདོད་སུ་ཞིག་ བསྟེན་པར་བྱེད། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འདོད་པ་བསྟེན་པས་ནི་སྡིག་པ་མི་བྱེད་པ་ཅུང་ཟད་ཀྱང་མེད་དེ། དེའི་འབྲས་བུ་སྡུག་བསྔལ་མི་མྱོང་བ་ཅིའང་མེད་དོ། །སྟོང་གི་འཇིག་རྟེན་གྱི་ཁམས་སུ་བརྟགས་ན་ཆུང་མ་ལྟར་དགྲར་གྱུར་པ་ནི་གང་ཡང་མེད་ དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ནི་ཡེ་ཤེས་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ནི་མི་ཤེས་པ་སྟེ། གང་ཡེ་ཤེས་དང་ལྡན་པས་སྨད་པ་དེ་ནི་ཡང་དག་པའོ། །གང་མི་ཤེས་པས་བཟུང་བ་དེ་ནི་ཡང་དག་པ་མ་ཡིན་པའོ། །དེས་འདུས་བྱས་ཀྱི་སྤྲོས་པ་ བཟུང་ཞིང་འཕགས་པའི་ལམ་མ་བཟུང་བས་བུ་དང་ཆུང་མས་བསྐོར་ཅིང་དེ་དག་ལ་སྲེད་པ་ནི་རབ་ཏུ་བྱུང་བའི་བར་དུ་གཅོད་པའོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང། ཤེས་རབ་དང་མཐོ་རིས་དང་མྱ་ངན་ལས་འདས་པ་དང་དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་གཅོད་ དེ། དེ་དག་ཡོངས་སུ་འཛིན་པ་ནི་དགྲར་གྱུར་པ་འཛིན་པ། ངན་སོང་གསུམ་འཛིན་པ། མི་དགེ་བ་ཐམས་ཅད་འཛིན་པ། ཐན་ཟས་བཟང་པོའི་ཡང་བར་དུ་གཅོད་པའོ། །སངས་རྒྱས་མཐོང་བ་དང་ཆོས་ཉན་པ་དང་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང། དེ་གསུམ་ལ་དད་ པ་དང་དལ་བ་འབྱོར་པ་རྙེད་པ་དང། འཕགས་པའི་ནོར་བདུན་རྙེད་པའི་བར་དུ་གཅོད་པའོ། །དེ་དག་ཡོངས་སུ་འཛིན་པ་ནི་མ་དད་པ་དང་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་དང། གནོད་སེམས་དང་ལེ་ལོ་དང་རྣམ་པར་གཡེང་བ་དང་ཤེས་རབ་འཆལ་བ་དང་ངོ་ཚ་མེད་པ་དང་ [180A]༄༅། །ཁྲེལ་མེད་པ་ཡོངས་སུ་འཛིན་པའོ། །ནད་དང་འབྲས་དང་ཟུག་རྔུ་དང། མེའི་ཕུང་པོ་དང་སྦྲུལ་གདུག་པ་འཛིན་པའོ་ཞེས་སོ། ༈ །དེའི་ཡན་ལག་ཏུ་གཏོགས་པ་ཁྱིམ་གྱི་གནས་ལ་སོགས་པ་འཛིན་པ་ནི། ཁྱིམ་གནས་དུར་ཁྲོད་བདེ་འཇོམས་ཆོམ་ རྐུན་གནས། །བུ་སྨད་སྲེད་པ་རྡོ་རྗེའི་མེ་སོགས་འཛིན། །དེ་ཡི་རིམ་གྲོའི་རོ་མྱང་ལྕགས་ཁྲི་དང། །ཐུ་ལུམ་ལྕགས་ཟངས་ཁོལ་མ་ལ་སྲེད་ཡིན། །བྲན་འཁོར་རྟ་གླང་རྔ་མོ་སོགས་འཛིན་པ། །དམྱལ་སྲུངས་ལྕགས་ཀྱི་ལྕེ་སྤྱང་སོགས་འཛིན་པའོ། །ཡང་ཁྱིམ་གྱི་གནས་ནི་དུར་ ཁྲོད་དམ་མྱ་ངམ་དགོན་པ་སྨྲ་བའི་ས་མེད་པ་སྟེ། ཆོས་དཀར་པོ་ཐམས་ཅད་བརྐུ་བར་ངས་བཤད་དོ། །ཆུང་མ་དང་བུ་ལ་སོགས་པ་ལ་ཆགས་པ་ནི་རྡོའི་སེར་བ་འབབ་པ་དང་རལ་གྲིའི་སོ་དང། ལྕགས་ཀྱི་ཁྲི་བསྲེགས་པ་ལ་ཆགས་པའོ། །དེའི་མེ་ཏོག་ཕྲེང་ངམ་སྤོས་བྱུང་པ་ ལ་སོགས་པ་ལ་ཆགས་པ་ནི་ལྕགས་ཀྱི་ཁྲིད་དང་ལྕགས་ཀྱི་ཐུ་ལུམ་དང་བཤང་གཅི་བྱུག་པ་ལ་ཆགས་པའོ། །ཁྱིམ་འཛིན་པ་ནི་ལྕགས་ཟངས་ཆེན་པོ་འཛིན་པའོ། །བྲན་ཕོ་དང་བྲན་མོ་འཛིན་པ་ནི་དམྱལ་བའི་སྲུང་མ་འཛིན་པའོ། །རྟ་དང་གླང་པོ་དང་གསུང། །བློ་ཞན་བུ་སྨད་རྣམས་ལ་ལྟ་བ་གང། །ཀུན་ནས་ཆགས་ བུ་དང་བྱ་དང་ཁྱི་དང་ཕག་དང་ར་དང་ལུག་འཛིན་པ་ནི་སྲོག་ཆགས་བྲེ་བོ་དང་ཁྲ་བོ་དཔག་ཚད་བརྒྱ་པ་འཛིན་པའོ། །བུ་དང་ཆུང་མ་འཛིན་པ་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་ཐམས་ཅད་འཛིན་པའོ་ཞེས་པའོ། །དྲན་པ་ཉེར་གཞག་ལས་ཀྱང་ལྕགས་སམ་ཤིང་ངམ་ དྲེས་མ་གང་ཡིན་པ། །འཆིང་བ་འདི་ནི་དམ་པར་འཕགས་མི་གསུང། །བློ་ཞན་བུ་སྨད་རྣམས་ལ་ལྟ་བ་གང། །ཀུན་ནས་ཆགས་པའི་སེམས་ནི་དམ་ཞེས་གསུངས་ཞེས་སོ། ༈ །བུད་མེད་ལ་བལྟ་བ་དང་རེག་པ་ལ་སོགས་པ་བསྟེན་པ་ནི། དེ་ཕྱིར་ལྕགས་ཁྲི་འབར་བ་ཆེན་པོ་ལ། ། དམ་དུ་འཁྱུད་བླའི་ཆུང་མ་བལྟ་བའང་མིན། །ཡང་ལྕགས་ཀྱི་ཁྲི་དཔག་ཚད་སྟོང་ཡོད་པ་ཀུན་ནས་འབར་བ་ལ་མཐང་སྦྱར་བ་ནི་བླའི། ཆུང་མ་ལ་རྒྱང་རིང་པོ་ནས་ཆགས་པའི་སེམས་ཀྱིས་བལྟ་བའང་དེ་མ་ཡིན་ན་མཐང་སྦྱར་བ་ལྟ་ཅི་སྨོས། ༈ [180B] དེ་ནི་སྡིག་གནོད་ཀུན་གྱི་རྩ་བ་སྟེ། །དགེ་ལེགས་ཐགས་བསྲིངས་གོལ་བའི་ལམ་འཛུད་པའོ། །ཡང་དེ་ཅིའི་ཕྱིར་ཞེ་ན། ཆུང་མ་ནི་སྡུག་བསྔལ་དང་སྡིག་པ་དང་མནར་སེམས་དང་འཆིང་བ་དང་མྱ་ངན་དང་དགྲ་དང་དམུས་ལོང་རྩ་བའོ། །ཤེས་ རབ་ཀྱི་མིག་དང་མི་མཐུན་པ། ལྕགས་སམ་རྡོ་བསྲེགས་པ་བཀྲམ་པའི་ས་བཞི། ཕ་རོལ་ཏུ་གནོད་པ་བྱེད་པ་ལོག་པའི་ལས་ཀྱིས་གཟིར་བའོ་ཞེས་སོ། ༈ །ཆུང་མའི་སྒྲ་དོན་ནི། །ཆུང་མ་ཞེས་བྱ་རབ་གནོན་ཁུར་ལྕི་དང། །དབང་མེད་ཕམ་བྱེད་འཁོལ་བྱེད་གསོ་བྱ་དང། །ཕུང་ པོའི་ཁུར་ཆེན་མི་འདོད་ཚུལ་ཁྲིམས་སོགས། །ཉམས་བྱེད་སྡུག་བསྔལ་ཀུན་སྡུད་གཉིས་པའི་མིང། །ཡང་ཅིའི་ཕྱིར་ཆུང་མ་ཞེས་བྱ་ཞེ་ན། ཁུར་བསྐུར་བ་དང་ཁུར་འཁྱེར་བ་དང་ཁུར་ལེན་པ་དང་ཁུར་ཐགས་པ་དང་ཁུར་གྱིས་ཉོན་མོངས་པ་དང་ཁུར་གྱིས་ཉེན་པས་ན་ཆུང་མའོ། ། སྲེད་པས་འཁོལ་བ་ལས་དེ་གསོལ་བ་དང་དེ་ལ་གཞོལ་བ་དང་དེས་ཟིན་པ་དང། དེས་ཕམ་པར་བྱས་པ་དང་དེས་བསྡུས་པ་དང་དེས་དབང་བྱས་པ་དང། དེས་འཁོལ་བ་དང་དེའི་རྗེས་སུ་འབྲང་བ་ན་ཆུང་མའོ། །དེའི་ཕྱིར་ཕུང་པོ་ལྔའི་ཁུར་ཆེན་པོ་མི་འདོར་བས་ཆུང་མ་ཞེས་བྱའོ། །ཡང་ གོས་གཉིས་པ་ཞེས་བྱ་སྟེ་ཚུལ་ཁྲིམས་ཉམས་པ་གཉིས་པའོ། །ལྟ་བ་དང་ཆོ་ག་དང་བཟའ་བཏུང་ཉམས་པ་གཉིས་པའོ། །ངན་སོང་གསུམ་དུ་འགྲོ་བ་གཉིས་པ་དང། འཕགས་པའི་ཡེ་ཤེས་ཀྱི་བར་ཆད་བྱེད་པ་གཉིས་པ་དང། མྱ་ངན་ལས་འདས་པའི་བདེ་བའི་བར་ཆད་བྱེད་པ་ གཉིས་པ་དང། སྡུག་བསྔལ་ཐམས་ཅད་སྡུད་པར་བྱེད་པ་གཉིས་པ་ཡིན་པའི་ཕྱིར་རོ་ཞེས་སོ། ༈ །བུད་མེད་ཀྱི་སྒྲ་དེ་ན་ནི། བུད་མེད་ཅེས་བྱ་ཉེས་མང་སྒྱུ་མའི་ཚང། །བདུད་དང་སྡིག་པའི་ལག་པ་སེམས་ཡང་བ། །སྤྲེའུ་ལྟར་མི་བརྟན་སྒྱུ་མའི་གྲོང་ཁྱེར་སོགས། །མཐའ་ཡས་ སྟོན་པས་སླུ་བྱེད་མིང་དུ་གསུངས། །ཡང་ཅིའི་ཕྱིར་བུད་མེད་ཅེས་བྱ་ཞེ་ན། ཉེས་པ་མང་བཞིང་རྒྱུ་མཐའ་ཡས་པས་སྒྱུ་མས་ཏེ་ཕུད་མེད་ཅེས་བྱའོ། །དེ་ནི་སྒྱུ་མའི་གྲོང་ཁྱེར་དང་གྲོང་རྡལ་དང་རྒྱལ་པོའི་ཕོ་བྲང་དང་ཡུལ་འཁོར་དང་རྒྱལ་སྲིད་དང་ཡུལ་དང་སྒྱུ་མའི་འཇིག་རྟེན་གྱི་ [181A]༄༅། །ཁམས་ཏེ། སྒྱུ་མ་མཐའ་ཡས་པ་རྒྱས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པས་ན་བུད་མེད་ཅེས་བྱའོ། ༈ །གཞན་ཡང་དེ་ཡི་སྒྱུ་མ་མཐོང་ཐོས་རེག་པ་དང། །གླུ་གར་རྒོད་འབོད་སོགས་ཀྱིས་སྐྱེས་པའི་སེམས། །དམ་དུ་འཆིང་བས་ དབང་བྱེད་ལོ་ཏོག་ལ། །སེར་ཆེན་བབ་ལྟར་དཀར་པོའི་ཆོས་ཀུན་འཇིག་ཡང་དཔེར་ན་སྒྱུ་མ་མཁན་ལྟད་མོ་བའི་ནང་དུ་སྒྱུ་མ་སྣ་ཚོགས་སྟོན་པ་ལྟར། བུད་མེད་ཀྱི་སྒྱུ་མ་ཤིན་ཏུ་བསླབས་པ་ཡང་མཐོང་བ་དང་ཐོས་པ་དང་རེག་པ་དང་གླུ་ལེན་པ་དང་གར་བྱེད་པ་དང་རྒོད་པ་ དང་ངུ་བ་དང་འབོད་པ་དང་འགྲོ་བ་དང་འགྲེང་པ་དང་འདུག་པ་དང་ཉལ་བའི་རྣམ་པ་ཐམས་ཅད་ཀྱིས་ཀྱང་སྐྱེས་བུ་འཆིང་དབང་དུ་བྱེད་དོ། །དཔེར་ན་འབྲས་ཀྱི་ཞིང་ལ་སེར་བ་ཆེན་པོ་བབ་ན་བརླག་པ་ལྟར། སྐྱེས་བུའི་ཞིང་ལའང་བུད་མེད་ཀྱི་སེར་བས་ཆོས་དཀར་པོའི་ལོ་ཏོག་ ཐམས་ཅད་འཇིག་པར་བྱེད་དོ་ཞེས་སོ། ༈ །ཞར་ལ་གནོད་པ་དེ་སྤང་བའི་ཐབས་མདོར་བསྟན་པ་ནི། མཁས་པས་བྱིས་རྣམས་སྐྱེས་བུ་ངན་པ་དང། །འཕགས་རྣམས་སྐྱེས་བུ་དམ་པར་མངོན་བལྟས་ཏེ། །དམ་པའི་འགྲོས་ཀྱིས་བགྲོད་བྱ་ངན་པའི་མིན། །སེང་གེ་ཅང་ ཤེས་ཝ་སོགས་དེ་བཞིན་ནོ། །ཡང་མཁས་པ་རྣམས་ནི་འདོད་པའི་ཉེས་པ་དེ་ལྟ་བུ་དག་རིག་ནས་འདུ་ཤེས་གཉིས་བསྐྱེད་དེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ལ་སྐྱེས་བུ་ངན་པ་དང། འཕགས་པའི་སྐྱེ་བོ་ཐམས་ཅད་ལ་སྐྱེས་བུ་དམ་པར་འདུ་ཤེས་པའོ། །བདག་ གིས་ནི་དེ་གཉིས་ལས་སྐྱེས་བུ་དམ་པའི་འགྲོས་སུ་བྱའི་ངན་པའི་འགྲོས་སུ་མི་བྱ་སྟེ། དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་དང་ཚུལ་ཁྲིམས་འཆལ་བའི་འགྲོས་སུ་མི་བྱའོ། །མཆོག་དམ་པ་གཙོ་བོ་ཆོས་ཐམས་ཅད་སྒྲིབ་པ་མེད་པར་རྟོགས་པ་སངས་རྒྱས་ཀྱི་འགྲོས་སུ་ བྱའོ། །སེང་གེའི་སྒྲ་བསྒྲག་གི་ཝའི་སྒྲ་མི་བསྒྲག་གོ་མི་ཅང་ཤེས་སུ་བྱའི་མི་མ་རུངས་བར་མི་བྱའོ། །ཟས་བཟང་པོ་བཟའི་ཟས་ངན་མི་བཟའོ། །སངས་རྒྱས་ཀྱི་ཡེ་ཤེས་བཙལ་བར་བྱའི་འདོད་པ་ཚོལ་བས་ནི་ཆོག་གོ་ཞེའོ། ༈ །རྒྱས་པར་ཕྱེ་བ་ནི། འདོད་ [181B] །གནས་སྐབས་ཐོབ་ཀྱང་ཡུལ་གྱི་བཟང་མོ་ལ། །ཉམས་སོགས་རྣམ་བཞིར་བརྟག་བསམ་མ་སྲིང་དང། །བུ་མོར་བལྟས་ཤིང་སྟོང་པར་ཚུལ་བཞིན་བརྟག་ཡང་མཁས་པ་ནི་ལྡོག་པ་བཞི་བསྐྱེད་པར་བྱེད་དེ། འདོད་ པ་དང། སྲིད་པ་དང། བྱས་པ་མི་གཟོ་བ་དང། འདུ་བྱེད་ཀྱི་སྡུག་བསྔལ་ཐམས་ཅད་ལས་ལྡོག་པའོ། །བྱང་ཆུབ་སེམས་དཔའ་ངན་སོང་ན་གནས་པས་ཀྱང་ཁ་དོག་རྒྱས་པའི་བུད་མེད་མཐོང་ན་འདུ་ཤེས་བཞི་བསྐྱེད་པར་བྱ་སྟེ། ཉམས་པར་འདུ་ཤེས་པ་དང། གཡང་ སར་འདུ་ཤེས་པ་དང། ཕྱི་ས་ཁུང་དུ་འདུ་ཤེས་པ་དང། རྣག་ཏུ་བློས་སྤྱོད་པར་འདུ་ཤེས་པའོ། །མིར་གྱུར་པ་ན་ལྟ་ཅི་སྨོས་ཏེ་ཐེག་ཆེན་ལ་ཞུགས་པས་བཞི་པོ་དེ་བསྐྱེད་དོ། །དེ་ལྟར་བརྟགས་ཀྱང་འདོད་ཆགས་སྐྱེ་ན་འདུ་ཤེས་གསུམ་བསྒོམ་སྟེ། མ་དང་འདྲ་བ་ལ་མའི་འདུ་ ཤེས་དང། སྲང་མོ་དང་འདྲ་བ་ལ་སྲིང་མོའི་འདུ་ཤེས་དང། བུ་མོ་དང་འདྲ་བ་ལ་བུ་མོའི་འདུ་ཤེས་སོ། །དེ་ལྟ་ན་ཡང་འདོད་ཆགས་སྐྱེ་ན་ནི་ཐམས་ཅད་མ་གྲུབ་པ་སྟོང་པར་ཚུལ་བཞིན་སོ་སོར་བརྟག་པར་བྱའོ་ཞེས་སོ། ༈ །གཉི་གའི་གནོད་པའི་རྣམ་གྲངས་ཀྱི་དབྱེ་བ་ནི། ༈ །གཞན་ ཡང་བུད་མེད་དམྱལ་བའི་རྒྱུ་གཅིག་པུ། །འབྱོར་ཚོགས་བརླག་བྱེད་གཡོ་སྒྱུ་ཕྲག་དོག་འབར། །དང་པོར་མཉེན་འཇམ་ཕྱི་ནས་རྡོ་རྗེའི་སེམས། །མི་བརྟན་བྱས་མི་གཟོ་སོགས་འཇིགས་སུ་རུང། །མེ་ཡི་ཚ་བཞིན་ཆགས་དང་ལྷན་ཅིག་སྐྱེ། །ཚིག་སྙན་སྙིང་ནི་དུག་ཅན་སྤུ་གྲི་འདྲ། །ལྷ་ དང་ལྷ་མིན་གནོད་སྦྱིན་སྲིན་པོ་དང། །ཀླུ་སོགས་མཐུ་ལྡན་རྣམས་ཀྱང་འཆིང་བར་ནུས། །བུང་བས་མེ་ཏོག་བསྐམ་པོ་འདོར་སོགས་ལྟར། །འབྱོར་སོགས་ཀུན་གྱིས་ཇི་ལྟར་ཕན་བཏགས་ཀྱང། །དབུལ་སོགས་རྒུད་ཚེ་གཅིག་ཀྱང་འདོར་བྱེད་དེ། །སྐྱེས་བུ་བརླག་བྱ་ཉིད་ཕྱིར་འདི་སྐྱེས་ འདྲ། །བུད་མེད་སྲེད་འདི་འདོད་ཆགས་ནང་ནས་ལྕི། །འདི་ཡིས་ཡད་བསྲེགས་ཕྱི་ནས་མི་བཟད་མེས། །རབ་ཏུ་བསྲེག་ཅིང་འདི་དང་ཕ་རོལ་ཏུ། །བདག་ལ་ལེགས་འདོད་མཁས་པས་ཐག་རིང་དོར། །དྲན་པ་ཉེར་གཞག་ལས། བུད་མེད་ངན་སོང་གཞི་ཡིན་ཞིང། །ཀུན་ནས་ [182A]༄༅། །ནོར་ནི་ཟད་པར་བྱེད། །མི་གང་བུད་མེད་ཚིག་ཉན་པ། །དེ་ལ་བདེ་བ་ག་ལ་ཡོད། །དོན་མེད་ཆོས་ལ་དགའ་བ་ནི། །བུད་མེད་གཡོ་དང་ཕྲག་དོག་མང། །འཇིག་རྟེན་གཉིས་ནི་རྣམ་འཇིག་པ། །སྐྱེས་པ་དག་གི་མདུན་ན་གནས། །དེ་ཚིག་ཤིན་ཏུ་མི་ བརྟན་ཏེ། །རྟག་ཏུ་འདོད་ཆགས་བསྐྱེད་ལ་མཁས། །དེ་ཡི་སྙིང་ནི་གཞན་སེམས་ལ། །གཞན་གྱི་ཚུལ་དུ་སྨྲ་བར་བྱེད། །དང་པོར་མཉེན་ཞིང་སྲུན་བྱེད་པ། །ཕྱི་ནས་སེམས་ནི་རྡོ་རྗེ་འདྲ། །སེམས་ནི་ཡང་ལ་ཕན་མི་བྱེད། །བཀུར་སྟི་དག་ནི་དྲན་མི་བྱེད། །ལེགས་པ་བརྒྱ་ནི་ ཆུད་གཟོན་ལ། །མ་ལེགས་གཅིག་པུའང་དྲན་པར་བྱེད། །སྡིག་པའི་ས་གཞི་བུད་མེད་ཡིན། །སྙིང་ནི་གློག་གི་ངོ་བོ་བཞིན། །སྐྱེས་པ་ཆགས་པའི་སེམས་ཡོད་པ། །འཇིག་པའི་རྒྱུ་ནི་བུད་མེད་བྱེད། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །འཇིག་རྟེན་ནང་ནི་བུད་མེད་འཇིག་གལ་ཏེ་ བདེ་བ་མཆོག་འདོད་ན། །དེ་ལྟའི་བུད་མེད་རྣམ་པར་སྤོངས། །བུད་མེད་རྟག་ཏུ་སྤངས་པ་ནི། །འཇིག་རྟེན་འདི་དང་ཕ་རོལ་བདེ། །གང་ཞིག་དབུལ་བ་སྤོང་འདོད་ཅིང། །གང་ཞིག་བདག་ཉིད་འབྱོར་འདོད་དང། །གང་ཞིག་མྱ་ངན་འདས་འགྲོ་འདོད། །མི་དེས་བུད་མེད་སྤང་བར་བྱས། ། ཇི་ལྟར་འཇིག་རྟེན་དག་གི་མེ། །ཚ་དང་ལྷན་ཅིག་སྐྱེ་བ་ལྟར། །བུད་མེད་མི་བཟད་འདོད་ཆགས་དང། །ངེས་པར་ལྷན་ཅིག་སྐྱེ་བར་འགྱུར། །ཇི་ལྟར་བུད་མེད་ལས་བྱུང་མེ། །ལུས་ཅན་རྣམས་ཀྱི་སྙིང་འཇུག་པ། །མེ་གཞན་གང་ཞིག་བྱུང་བ་ནི། །དེ་ལྟར་ཚ་བར་མི་འགྱུར་རོ། །འཇིག་རྟེན་ ཐམས་ཅད་རྣམ་འཇིག་ཅིང། །ཆོས་ནི་ཐམས་ཅད་ཟད་བྱེད་ལ། །སེམས་ཅན་དམྱལ་བའི་རྒྱུ་གཅིག་པུ། །བུད་མེད་ཡིན་ཞེས་དྲང་སྲོང་གསུངས། །བུད་མེད་ཁ་ནི་ཚིག་སྙན་སྨྲ། །སྙིང་ནི་གདུག་པའི་དུག་དང་མཚུངས། །ཡིད་དུ་འོང་དང་འདུག་མི་བྱེད། །དེ་ལ་མི་ནི་སུ་ཞིག་ དགའ། །ཡུད་ཙམ་གྱིས་ནི་དགར་བྱེད་ལ། །དེ་བཞིན་ཡུད་ཀྱིས་དགར་མི་བྱེད། །སྙིང་དུ་སྡུག་པའང་གནས་མི་བྱེད། །བརྟན་པ་མེད་དེ་གློག་དང་མཚུངས། །ལྷ་དང་མི་དང་ཤ་ཟ་དང། །ལྟོ་འཕྱེ་རྣམས་དང་སྲིན་པོ་ཡང། །འཆིང་བར་འགྱུར་བ་བུད་མེད་དེ། །ཤིན་ཏུ་མི་བཟད་ [182B] །ཕན་པ་མེད་དང་རིགས་མེད་དང། །མཐུ་རྩལ་ཆེ་བའང་དྲན་མི་བྱེད། །སེམས་ནི་གནས་པ་མེད་པ་སྟེ། །བུད་མེད་རླུང་གི་ཤུགས་དང་མཚུངས། །གང་དུ་ཕུན་སུམ་ཚོགས་གྱུར་པ། །དེར་ནི་བུད་མེད་ཆགས་བྱེད་པ། །དབུལ་བར་གྱུར་ན་འདོར་བྱེད་དེ། །སྐྱེས་ པ་ངེས་པར་གཏོང་བར་བྱེད། །སྐྱེས་པ་གང་དང་གང་ཕྲད་པ། །དེ་ལ་བུད་མེད་ཆགས་འགྱུར་ཞིང། །དེ་ནི་མྱུར་ཞིང་ཆེས་མྱུར་བར། །གཏོང་སྟེ་མི་མཐུན་གནས་པར་བྱེད། །ཇི་ལྟར་བུང་བས་མེ་ཏོག་དག་བསྐམས་ན་ཐམས་ཅད་གཏོང་བྱེད་ལྟར། །དེ་བཞིན་ནོར་དང་བྲལ་བ་ཡི། ། མི་ནི་བུད་མེད་རྣམས་ཀྱིས་གཏོང། །སྙིང་ནི་མི་བཟད་རལ་གྲི་འདྲ། །མུན་པས་ཁེབས་པ་བརྟན་པ་མེད། །གང་གི་རྒྱུ་ཡིས་བུད་མེད་རྣམས། །སྐྱེས་པ་འཇིག་པའི་ཕྱིར་སྐྱེས་སོ། །བུད་མེད་ལས་བྱུང་འདོད་ཆགས་གང། །འདོད་ཆགས་ནང་ན་འདི་ཆེ་སྟེ། །བུད་མེད་འདོད་པས་ཡིད་བསྲོག་ པ། །ཕྱི་ནས་མེ་ཆེན་གྱིས་སྲེག་བྱེད། །སྐྱེས་པ་དང་ནི་ཡིད་བཅུགས་ཤིང། །དགའ་བ་དུ་མ་བྱས་ནས་སུ། །སྦྲུལ་གྱི་ལྤགས་པ་འདོར་བ་ལྟར། །བུད་མེད་ཀྱིས་ནི་གློ་བུར་འདོར། །ཐབས་ཀུན་གྱིས་ནི་བུད་མེད་བསྒྲུབས། །ཐམས་ཅད་དུ་ནི་ཡོངས་བསྐྱངས་ཀྱང། །བུད་མེད་ཤིན་ཏུ་མ་ བཟད་པ། །བདག་གིར་བྱ་བར་མི་ནུས་སོ། །དེ་ལྟར་རང་བཞིན་དེ་ཡིན་ཏེ། །བུད་མེད་རྣམས་ནི་སེམས་མི་བརྟན། །སྐྱེས་པ་བརྟན་པའི་སེམས་ཀྱིས་སུ། །དེ་ལ་ནམས་ཡང་ཡིད་མ་རྟོན། །ཞེས་སོ། ༈ །རྙེད་པ་ལ་སོགས་པ་ལ་ཆགས་པའི་ཉེས་དམིགས་ནི། རྙེད་དང་བཀུར་སྟི་ གྲགས་དང་སྙན་ལ་སོགས། །བདེ་བའི་ལོངས་སྤྱོད་འདོད་བྱར་རབ་བརྟགས་པའི། །ཡུལ་ལ་ཆགས་པའང་ཉེས་པ་ཐམས་ཅད་ཀྱི། །འབྱུང་གནས་ཁོ་ནར་མཁས་པས་ངེས་པར་བརྟག་ཅིའི་ཕྱིར་ཞེ་ན་རྙེད་སོགས་མ་ལུས་རྣམས། །བསྒྲུབ་པར་དཀའ་ཞིང་བཇིག་སླ་སྙིང་ པ་དང། །མནོག་ཆུང་སྤུན་པ་འཕྱར་འདྲ་བྱིས་རྨོངས་རྣམས། །དགའ་བས་བསླུ་བྲིད་བྱེད་པ་ཁོ་ནར་ཟད། །ལྷག་པའི་བསམ་པ་བསྐུལ་བ་ལས་རྙེད་པ་དང་བཀུར་སྟི་ལ་དགའ་བའི་ཉེས་པ་ཉི་ཤུ་གསུངས་པ་རྒྱས་པར་བལྟའོ། །བསྟན་བཅོས་ལས་ཀྱང། བདག་ནི་རྙེད་མེད་ [183A]༄༅། །བཀུར་སྟིར་བཅས། །བདག་ལ་མང་པོ་དགའ་བོ་ཞེས། །དེ་འདྲའི་སྙེམས་པ་འཆང་གྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །རྙེད་པ་དག་ནི་མང་བྱུང་ཞིང། །གྲགས་དང་སྙན་པ་བྱུང་གྱུར་ཀྱང། །རྙེད་དང་གྲགས་པའི་ཚོགས་བཅས་ཏེ། །གང་དུ་འགྲོ་བའི་ གཏོལ་མེད་དོ། །ཞེས་བྱ་བ་ལ་སོགས་པས་རབ་ཏུ་སྨད་པ་ལྟར་རོ། །བསྟན་པ་ལ་འཇུག་པའི་རིམ་པ་རྣམ་པར་བཤད་པ་ལས་འཁོར་བའི་ཉེས་དམིགས་བསྒོམ་པ་ལ་འཇུག་པ་བཤད་པ་སྟེ་ལེའུ་ལྔ་པའོ།། །།དེ་ལྟར་འཁོར་བའི་སྐྱོན་མཐའ་ཡས་པ་ མཐོང་བས་རང་དང་གཞན་ཡ་ང་བའི་གནས་ཆེན་པོར་ཡོངས་སུ་འཁྱམས་པར་ཤེས་ནས། རང་ཉིད་སྡུག་བསྔལ་ལས་བྲོས་ཤིང་བདེ་བ་བསྒྲུབ་པའི་ཕྱིར་ནི་སྔར་བརྗོད་པ་ལྟར་ལས་འབྲས་བསྒོམས་ནས་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བྱས་ཏེ་དགེ་བ་སྣ་ཚོགས་ཅི་ནུས་ བསགས་པ་ལ་འབད་པར་བྱ་བ་ཡིན་ལ། དེའང་འགྲོ་བ་མཐའ་དག་ལ་བལྟོས་ནས་ནི་བདག་འབའ་ཞིག་གི་བདེ་སྡུག་ས་ཆེན་པོ་ལས་རྡུལ་ཕྲན་ནམ་རྒྱ་མཚོ་ལས་སྐྲ་རྩེས་བླངས་པའི་ཆུ་ལྟ་བུར་སྣང་ཞིང། སེམས་ཅན་གྱི་ཚོགས་ས་ཆེན་པོ་དང་རྒྱ་མཚོ་ཆེན་པོ་རྣམས་ཀྱང་ སྐྱེ་བ་དང་སྐྱེ་བ་མཐའ་ཡས་པ་རྣམས་སུ་བདག་གི་མ་ལ་སོགས་པར་གྱུར་ནས། ལན་ཅིག་མ་ཡིན་པར་དཀའ་བ་མང་པོས་ཕན་བཏགས་པ་ཤ་སྟག་ཡིན་པས། འདི་རྣམས་ལ་མི་ལྟ་བར་རང་བདེ་ཙམ་གྱིས་སེམས་ཚིམ་པ་ནི་སྐྱེས་བུ་དམ་པའི་ཚུལ་ལས་ཐག་རིང་བར་ འགྱུར་བའི་ཕྱིར་ན། ཁྱིམ་རྙིང་ལ་མེ་མཆེད་པས་སྐྲག་སྟེ་རང་ཉིད་ཕྱིར་བྲོས་ནས་བུ་སྡུག་པ་རྣམས་དྲན་པས་སླར་མེའི་རླུབས་སུ་དེ་དག་བདོན་པར་འཇུག་པའམ། མྱ་ངམ་དགོན་པ་ཆེན་པོར་ལམ་སྟོར་བ་འབད་པ་དྲག་པོས་ལམ་རྙེད་ནས་བུ་དྲན་ཏེ་ཡང་དགོན་པ་དེ་ཉིད་དུ་ཚོལ་དུ་ འགྲོ་བ་ལྟར། སླར་འཁོར་བའི་སྡུག་བསྔལ་ལ་མི་སྐྲག་པར་རང་གི་སྡུག་བསྔལ་ཁྱད་དུ་བསད་ནས། གཞན་གྱི་དོན་དུ་སྡུག་བསྔལ་ཇི་ལྟ་བུ་ཡང་དང་དུ་ལེན་ཅིང་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ལས་དཀའ་བའི་སྤྱོད་པ་རྨད་དུ་བྱུང་བ་བསྐལ་པ་མཐའ་ཡས་ [183B] དེ་རྣམ་པར་ངེས་པར་བྱ་བའི་དོན་དུ་རྒྱུ་དང་མཚན་ཉིད་དང་དབྱེ་བ་དང་རྣམ་པར་གཏན་ལ་དབབ་པ་སྟེ། ཤེས་པར་བྱ་བའི་གནས་བཞི་རྣམ་པར་བཞག་པ་ལས་ རྒྱུ་སྤྱིར་བསྟན་པ་མདོར་བསྡུས་ནས། ཀུན་ནས་ཉོན་མོངས་རྒྱ་མཚོའི་ཀློང་འཁོར་བའི། །སེམས་ཅན་མ་ལུས་ཡོངས་སུ་བསྐྱབ་དོན་དུ། །སངས་རྒྱས་ཆོས་ཀུན་ཡོངས་རྫོགས་དོན་གཉེར་རྒྱུས། །བརྟན་རྣམས་བྱང་ཆུབ་མཆོག་གི་སེམས་རབ་བསྐྱེད། །ཞེས་སྨོས་ཏེ་ ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ལས། གང་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལ་བརྟེན་ནས་ཏེ། དེ་བྱང་ཆུབ་སེམས་དཔའི་ཐེག་པ་མ་ཡིན་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་གོ་ཆ་གྱོན་པར་ ཡི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཅི་ལ་དམིགས་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དམིགས་པ་སྟེ། དེ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ལས་སྐྱེ་བའོ་ཞེས་སོ། །དེ་དག་ཉིད་ཀྱི་རྣམ་པར་དབྱེ་བ་ནི། སྡོང་པོ་བཀོད་པ་ལས། བྱང་ཆུབ་ཀྱི་སེམས་སྐྱེ་བའི་དོན་ རྐྱེན་ནི་རྣམ་པ་བཅུ་སྟེ། སེམས་ཅན་སྨིན་པར་བྱ་བ་དང། སེམས་ཅན་གྱི་སྡུག་བསྔལ་བཟློག་པ་དང། སེམས་ཅན་བདེ་བའི་ཡོ་བྱད་ཀྱིས་འཐུད་པ་དང། སེམས་ཅན་གྱི་མི་ཤེས་པ་བསལ་བ་དང། སེམས་ཅན་ལ་སངས་རྒྱས་ཀྱི་ཡེ་ཤེས་བསྒྲུབ་པ་དང། སངས་རྒྱས་ མཆོད་པ་དང། སངས་རྒྱས་མཉེས་པར་བྱ་བ་དང། སངས་རྒྱས་ཀྱི་གཟུགས་དང་མཚན་དང་དཔེ་བྱད་བསྟན་པ་དང། སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པ་དང། སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་སྟོན་པའི་རྐྱེན་ལས་སོ་ཞེའོ། ༈ །རྒྱས་པར་དབྱེ་བ་བདེན་སྨྲའི་ ལེའུ་ལས་འབྱུང་བ་ནི། ཐེག་མཆོག་ལ་མོས་སྙིང་རྗེ་ལྷག་བསམ་བརྟན། །བསོད་ནམས་བསགས་ཤིང་སྡིག་བཅོམ་འཇིག་རྟེན་མགོན། །མཉེས་བྱས་བཤེས་གཉེན་བཟང་བསྟེན་དམ་བཅས་བརྟན། །ཀུན་འགེད་ངང་ཅན་རྒྱལ་བས་བྱིན་བརླབས་པ། །བརྩེ་བས་འགྲོ་ [184A]༄༅། །བ་རྗེས་འཛིན་བདོག་ཀུན་གཏོང། །གང་ཡིན་དེ་ལ་སེམས་མཆོག་བདེ་བླག་སྐྱེ། །མདོ་དེ་ལས། ཆོས་བཅུ་གཉིས་དང་ལྡན་ན་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། རང་བཞིན་གྱིས་རྒྱ་ཆེ་བ་ལ་མོས་ཤིང་དམན་པ་ལ་མོས་པ་མེད་པ་དང། རང་བཞིན་གྱིས་སྙིང་རྗེ་ དང་ལྡན་ཞིང་དཀར་བའི་ངང་ཚུལ་ཅན་དང། བཅོས་མ་མ་ཡིན་པའི་ལྷག་པའི་བསམ་པ་དང་ལྡན་ཞིང་ཡི་དམ་ལ་བརྟན་པ་དང། ཚོགས་རྒྱ་ཆེན་པོ་བསགས་ཤིང་སྤྱད་པ་ལེགས་པར་སྤྱད་པ་དང། སངས་རྒྱས་འབྱུང་བ་ལེགས་པར་བསྙེན་བཀུར་བྱས་ཤིང་དཀར་ པོའི་ཆོས་ལེགས་པར་བསྡུས་པ་དང། བཞི་གསུམ་གྱི་ཆོས་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང་ལྡན་ཞིང་སྡིག་པའི་ལས་ཐམས་ཅད་བོར་བ་དང། སྡིག་པའི་གྲོགས་པོ་ཐམས་ཅད་དུ་སྤངས་ཤིང་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང། ཇི་སྐད་སྨྲས་པ་བཞིན་བྱེད་ པས་བསླུ་བ་མེད་པ་དང། ཀུན་འགྱེད་པའི་ངང་ཅན་ཡིན་ཞིང་རོ་བྲོ་བ་རྣམས་ལ་མ་ཆགས་པ་མང་བ་དང། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཤིང་བདུད་ཀྱི་བྱིན་རླབས་དང་བྲལ་བ་དང། སེམས་ཅན་ཐམས་ཅད་ལ་ཡང་དང་ཡང་དུ་སྙིང་རྗེ་ཆེན་པོས་ཡང་དག་པར་འཇུག་ པ་དང། བདོག་པ་ཐམས་ཅད་གཏོང་ཞིང་མ་ཆགས་པའི་སེམས་དང་ལྡན་པ་ཞེས་སོ། ༈ །ཆོས་བཅུ་པ་ལས་འབྱུང་བ་ནི། གང་ཡང་དམ་པ་གཞན་གྱིས་བསྐུལ་བ་དང། །བསྔགས་ཚོགས་ཐོས་དང་འགྲོ་བ་མགོན་མེད་ལ། །བརྩེ་དང་སངས་རྒྱས་རྣམ་ཀུན་མཆོག་ལྡན་པ། ། མཐོང་ནས་རབ་ཏུ་སྤྲོ་བ་ལས་ཀྱང་ངོ། །མདོ་དེ་ལས། འདི་ལ་བྱང་ཆུབ་སེམས་དཔའ་རིགས་གནས་པ་སེམས་མ་བསྐྱེད་ན། དེ་བཞིན་གཤེགས་པའམ་དེའི་ཉན་ཐོས་ཀྱིས་བསྐུལ་ཅིང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་འདིའི་རྒྱུ་དང་པོའོ། །རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ བསྔགས་པ་བརྗོད་པ་ཐོས་ནས་བསྐྱེད་པ་ནི་གཉིས་པའོ། །སེམས་ཅན་མགོན་མེད་སྐྱབས་མེད་པ་མཐོང་ནས་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ་བསྐྱེད་པ་ནི་གསུམ་པའོ། །དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་ཡོངས་སུ་རྫོགས་པ་མཐོང་ནས་དགའ་བ་ [184B] ༈ །བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་ནི། བདག་ཉིད་ཆེན་པོའི་ཆོ་འཕྲུལ་སྟོབས་མཐོང་ངམ། །ཐེག་མཆོག་ཐོས་ནས་དེ་ལ་རབ་མོས་དང། །དམ་ཆོས་འཇིག་པའམ་སྙིགས་མའི་དུས་ཀྱི་ནི། །ཉེས་མང་མཐོང་བའི་རྐྱེན་ བཞི་དག་ལས་ཏེ། །གཞན་ཡང་རིགས་དང་བཤེས་གཉེན་སྙིང་རྗེ་དང། །སྡུག་བསྔལ་བཟོད་པ་ཕུན་ཚོགས་རྒྱུ་བཞི་དང། །རང་དང་གཞན་དང་རྒྱུ་དང་སྦྱོར་བ་ཡི། །སྟོབས་བཞི་རྣམས་ལས་བརྟན་དང་མི་བརྟན་འཐོབ། །བྱངས་ལས་སེམས་སྐྱེ་བ་དེའང་རྐྱེན་བཞི་དང་སྟོབས་ བཞི་ལས་སྐྱེ་བར་རིག་པར་བྱའོ། །དེ་ལས་རྐྱེན་བཞི་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པའམ་བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་དང་མཐུ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་མཐོང་ངམ་ཐོས་ནས། ཀྱེ་མ་གང་ལ་གནས་པའམ་ཞུགས་ནས་ཆོ་འཕྲུལ་ འདི་ལྟ་བུ་དང་ལྡན་པའི་བྱང་ཆུབ་དེ་ནི་མཐུ་ཆེའོ་སྙམ་ནས་བྱང་ཆུབ་ཆེན་པོར་མོས་ཤིང་དེར་སེམས་བསྐྱེད་པ་ནི་རྐྱེན་དང་པོའོ། །བྱང་ཆུབ་ཀྱི་སྡེ་སྣོད་ཐོས་ནས་དད་པ་ལས་སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་ཤིང་སེམས་བསྐྱེད་པ་ནི་གཉིས་པའོ། །དམ་པའི་ཆོས་ནུབ་ཏུ་ཉེ་བ་ན་ཀྱེ་མ་ ཆོས་གནས་པ་ནི་སེམས་ཅན་མང་པོའི་སྡུག་བསྔལ་སེལ་བར་བྱེད་པ་ཡིན་གྱི། དེའི་དོན་དུ་བདག་གིས་ཆོས་ཡུན་རིང་དུ་གནས་པར་བྱའོ་ཞེས་སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་ཤིང་སེམས་བསྐྱེད་པ་ནི་གསུམ་པའོ། །དུས་ཀྱི་སྙིགས་མའི་ཚེ་སེམས་ཅན་གྱི་ལྟ་བའི་ཉོན་མོངས་ པ་བཅུ་པོ་གཏི་མུག་དང་ངོ་ཚ་མེད་ཅིང་ཁྲེལ་མེད་པ་དང། ཕྲག་དོག་དང་སེར་སྣ་དང། སྡུག་བསྔལ་དང། གནས་ངན་ལེན་དང། ཉོན་མོངས་པ་དང། ཉེས་པར་སྤྱོད་པ་དང། བག་མེད་པ་དང། ལ་ལོ་དང། མ་དད་པ་བཅུ་པོ་ཤས་ཆེ་བ་དག་གིས་ཉེ་བར་ཉོན་མོངས་པར་མཐོང་ ནས། ཀྱེ་མ་སྙིགས་མའི་དུས་ཆེན་པོ་བྱུང་གི་བདེ་ལེགས་མེད་དོ། །དུས་འདིར་ནི་བྱང་ཆུབ་དམན་པ་གཉིས་སུ་སེམས་བསྐྱེད་པའང་རྙེད་པར་དཀའ་ན་མཆོག་ཏུ་ལྟ་ཅི་སྨོས་ཏེ། རེ་ཞིག་བདག་གིས་སེམས་བསྐྱེད་ན་གཞན་དག་ཀྱང་སློབ་པར་འགྱུར་རོ་ཞེས་བྱང་ཆུབ་ཆེན་པོར་ [185A]༄༅། །མོས་ཤིང་སེམས་བསྐྱེད་པ་ནི་བཞི་པའོ། །རྒྱུ་བཞི་ལ་རིགས་ཕུན་སུམ་ཚོགས་པ་ནི་ཆོས་ཉིད་ཀྱིས་ཐོབ་པའི་རིགས་དང་ལྡན་པའོ། །བཤེས་གཉེན་ཕུན་སུམ་ཚོགས་པ་ནི་བཞི་སྟེ། དང་པོ་ཉིད་ནས་ཡིད་རྟུལ་པོ་མ་ཡིན་པ་མཁས་ཤིང་ མཛངས་པ་ལྟ་བ་ངན་པར་མ་ཞུགས་པ་དང། བག་མེད་པ་དང་དེའི་གནས་ལ་འཇུག་པར་མི་བྱེད་པ་དང། ཉེས་པ་སྤྱོད་པ་ཨང། དེའི་གནས་ལ་འཇུག་པར་མི་བྱེད་པ་དང། དད་པ་དང་འདུན་པ་དང་བརྩོན་འགྲུས་མཆོག་དང་ཐེག་པ་ཆེན་པོ་ལ་འཇུག་པ་དང་ བསྒོམས་པ་ལས་བྱུང་བ་ལ་སོགས་པ་ཡོན་ཏན་ཁྱད་པར་དུ་འཕགས་པ་དག་ལ་འཇུག་པ་ལས་ལྡོག་ནས། འདུན་པ་ལ་སོགས་པ་དམན་པ་དང། ཐེག་པ་དམན་པ་དང། བསམས་པ་ལས་བྱུང་བ་ལ་སོགས་པ་ཡོན་ཏན་ཆེས་དམན་པ་འཛིན་དུ་འཇུག་པར་མི་ བྱེད་པའོ། །སྙིང་རྗེ་ཕུན་སུམ་ཚོགས་པ་ནི་རྒྱུ་བཞི་ལས་སྐྱེ་བ་སྟེ། ཕྱོགས་བཅུའི་འཇིག་རྟེན་གང་ན་སྡུག་བསྔལ་མེད་པ་དེར་བྱང་ཆུབ་སེམས་དཔའ་མི་སྐྱེ་བར་སྡུག་བསྔལ་ཡོད་པ་དག་ཏུ་སྐྱེ་བ་དང། གཞན་སྡུག་བསྔལ་ཅིའང་རུང་བས་ནོན་ཅིང་གནོད་པ་མཐོང་ བ་དང། བདག་ཀྱང་སྡུག་བསྔལ་ཅིའང་རུང་བས་གནོད་ཅིང་ནོན་པ་དང། རང་ངམ་གཞན་སྡུག་བསྔལ་དྲག་པོ་བར་ཆད་མེད་པས་ནོན་པ་མཐོང་ན། དམིགས་པ་དེ་བཞི་ལ་བརྟེན་ནས་རང་གི་རིགས་ཉིད་ལས་གོམས་པ་མེད་པ་ཡང་སྙིང་རྗེ་ཆུང་འབྲིང་ཆེན་པོ་དག་སྐྱེ་བའོ། ། སྡུག་བསྔལ་བཟོད་པ་ཕུན་སུམ་ཚོགས་པ་ནི་སྙིང་རྗེ་དེ་སྔོན་དུ་བཏང་ནས་རྒྱུ་བཞི་ལས་འཁོར་བའི་སྡུག་བསྔལ་ཆེན་པོས་ཀྱང་མི་སྐྲག་ན། ཆུང་ངུས་ལྟ་ཅི་སྨོས་པ་སྟེ། རང་བཞིན་གྱིས་སྙིང་སྟོབས་ཆེ་ཞིང་བརྟན་པ་དང། མཁས་ཤིང་ཡང་དག་པར་སོ་སོར་རྟོག་པའི་ སྟོབས་ཅན་དང། བྱང་ཆུབ་མཆོག་ལ་མོས་པ་ཆེ་བ་དང། སེམས་ཅན་ལ་ཆེར་སྙིང་བརྩེ་བའོ། །སྟོབས་བཞི་ལ་རང་གི་སྟོབས་ནི་རང་ཉིད་ཀྱི་མཐུས་བྱང་ཆུབ་ཆེན་པོ་འདོད་པའོ། །གཞན་གྱི་སྟོབས་ནི་གཞན་གྱི་མཐུས་དེ་འདོད་པའོ། །རྒྱུའི་སྟོབས་ནི་སྔོན་ཐེག་པ་ཆེན་ [185B] །སྦྱོར་བའི་སྟོབས་ནི་ཚེ་འདི་ཉིད་ལ་སྐྱེས་བུ་དམ་པ་བསྟེན་པའམ་ཆོས་ཉན་པའམ་སེམས་ པ་ལ་སོགས་པ་གོམས་པ་བྱས་པ་ལས་སེམས་སྐྱེ་བའོ། །དེ་ལྟར་རྐྱེན་བཞི་དང་རྒྱུ་བཞི་ཚོགས་པའམ་སོ་སོ་ལ་བརྟེན་ནས་རང་དང་རྒྱུའི་སྟོབས་གཉིས་ཀའམ་སོ་སོ་ལས་སྐྱེ་བ་ནི་བརྟན་པ་སྙིང་པོ་ཡོད་པའོ། །གཞན་དང་སྦྱོར་བའི་སྟོབས་ལས་ནི་མི་བརྟན་པ་སྐྱེ་བར་བལྟའོ། ། ཞེས་སོ། ༈ །རྒྱུའི་ཁྱད་པར་ལས་ཕན་ཡོན་མཐོང་བ་ལས་སྐྱེ་བ་སྟོན་པས་ཕན་ཡོན་སྤྱིར་བསྔགས་པ་ནི། མཆོག་ཏུ་རྙེད་དཀའི་རིན་ཆེན་སེམས་མཆོག་དེ། །ཀླུ་རྒྱལ་མ་དྲོས་བཞིན་དུ་ཆོས་ཆེན་གྱི། །ཆུ་ཀླུང་བཞི་ཡིས་འཇིག་རྟེན་བསྲེག་སྐོམ་སེལ། །རྣམ་ཐར་སྒོ་གསུམ་ཡན་ ལག་བརྒྱད་ལམ་སོགས། །ཆོས་ཀྱི་བརླན་གྱིས་འགྲོ་དགེའི་སྨན་སོགས་བསྐྱེད། །དབང་སྟོབས་བྱང་ཆུབ་ཡན་ལག་བདུན་ལ་སོགས། །ཡོན་ཏན་རིན་ཆེན་འབྱུང་གནས་རྣམ་གྲོལ་གྱིས། །རྒྱ་མཚོ་ཆེན་པོ་ཀུན་ཏུ་འགེངས་པར་བྱེད། །སྐྱེས་མ་ཐག་ཏུ་བསོད་ནམས་ཞིང་མཆོག་ དང། །གནོད་པ་མེད་པའི་བསོད་ནམས་མཆོག་འཛིན་འགྱུར། །སྲེད་མེད་ཀྱི་བུས་ཞུས་པ་ལས། མི་ལུས་ཐོབ་པ་རྙེད་པར་དཀའ། །སངས་རྒྱས་འབྱུང་བའང་རྙེད་པར་དཀའ། །སངས་རྒྱས་དད་པའང་རྙེད་པར་དཀའ། །བྱང་ཆུབ་སེམས་ཀྱང་རྙེད་པར་དཀའ། །གནས་སྐབས་བཞི་པོ་ འདི་དག་ནི། །བསྐལ་པར་རྙེད་པར་དཀའ་བ་སྟེ། །དེ་ཕྱིར་ཐོབ་ནས་མ་སྤང་ཞིག་མཐུ་སྟོབས་དག་ཀྱང་ཆུད་མི་གཟོན། །སེམས་དེའི་བརྩོན་འགྲུས་བསྐྱེད་ནས་ཀྱང། །རྟག་ཏུ་བག་ནི་ཡོད་པར་གྱིས། །དྲང་སྲོང་ཆེན་པོ་དག་གིས་ཀྱང། །བག་ཡོད་པས་ནི་བྱང་ཆུབ་བརྙེས། །སངས་ རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བའི་སྒོ་དང་ཚུལ་གྱི་ལམ། །བག་ཡོད་པ་དང་བརྩོན་འགྲུས་ཡིན། །མཁས་པ་རྣམས་ཀྱང་འདི་ལ་སློབ་ཅེས་སོ། །དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ལས་ཀྱང། སྐལ་པ་བྱེ་བ་རྣམས་སུ་ཡང། །འཇིག་རྟེན་སྣང་བྱེད་རྣམས་ནི་དཀོན་ [186A]༄༅། །ཨུ་དུམ་ཝ་རའི་མེ་ཏོག་ལྟར། །འཇིག་རྟེན་དུ་ནི་རེས་འགའ་འབྱུང། །གང་དག་བྱང་ཆུབ་ཕྱིར་ཞུགས་པ། །བྱང་ཆུབ་སེམས་དཔའི་སེམས་དེའང་དཀོན། །དཔའ་བོ་ཡི་ནི་སེམས་དེ་ཡང། །འཇིག་རྟེན་དུ་ནི་རེས་འགའ་འབྱུང་ཞེའོ། །ཡང་དེ་ཉིད་ལས་ དཔེར་ན་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་ནས་ཕྱོགས་བཞིར་རླུང་ཆེན་པོ་བཞི་གཏོང་བས་རྐང་གཉིས་པ་དང་རྐང་བཞི་པ་རྣམས་ཀྱི་སྐོམ་པ་སེལ། འབྲུ་དང་སྨན་དང་རྩི་ཤིང་ལ་སོགས་པ་བསྐྱེད། རིན་པོ་ཆེའི་འབྱུང་གནས་རྒྱ་མཚོ་ཆེན་པོའང་ཀུན་ཏུ་ཚིམ་པར་བྱེད་པ་ལྟར་ བྱང་ཆུབ་ཀྱི་སེམས་ཡོད་ན་དེ་ལ་གནས་ནས་བྱང་ཆུབ་ཆེན་པོ་འཐོབ་སྟེ། ཆོས་ཀྱི་ཀླུང་ཆེན་པོ་སོ་སོ་ཡང་དག་པར་རིག་པ་བཞིའི་ཆུ་ཀླུང་རྒྱལ་པོ་བཞི་གཏོང། རྣམ་པར་ཐར་པའི་སྒོ་གསུམ་དང། ལམ་ཡན་ལག་བརྒྱད་པའི་སྒྲ་དབྱངས་ཀྱི་ང་རོ་ཆོས་རིན་པོ་ཆེའི་ཆུ་དང། དབང་ པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཆུས་སེམས་ཅན་ཚད་མེད་པའི་ཉོན་མོངས་པའི་སྐོམ་པ་རྒྱུན་བཅད་ནས་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་རྣམ་པར་གྲོལ་བའི་རྒྱ་མཚོ་ཆེན་པོའང་ཚིམ་པར་བྱེད་ཅེས། །བྱང་ས་ལས་ཀྱང་སེམས་དང་པོ་བསྐྱེད་པ་བརྟན་ པའི་ཕན་ཡོན་ནི་གཉིས་ཏེ། སེམས་བསྐྱེད་མ་ཐག་ནས་སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་དང་བླ་མ་དང་བསོད་ནམས་ཀྱི་ཞིང་དང་ཕ་དང་འདྲ་བར་འགྱུར་བ་དང། གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པས་འཁོར་ལོས་སྒྱུར་བ་ཀུན་ནས་བསྲུང་བའི་ཉིས་འགྱུར་གྱིས་བསྲུང་པ་ལས་གཉིད་ལོག་གམ་མྱོས་པ་ལ་སོགས་པར་གྱུར་ཀྱང་གནོད་སྦྱིན་ལ་སོགས་པས་གཙེ་བར་མི་ནུས་ཏེ། ཚེ་བརྗེས་ཀྱང་གནོད་པ་དང་ནད་ཉུང་བ་དང། ལུས་དང་ངག་གིས་ཆོས་སྟོན་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་ན་ངལ་བ་ལ་སོགས་ པར་མི་འགྱུར་རོ། །རིགས་ལ་གནས་པའང་རང་བཞིན་གྱིས་གནས་ངན་ལེན་ཤས་ཆུང་ལ། སེམས་བསྐྱེད་ན་ནི་ལུས་སེམས་ཀྱི་གནས་ངན་ལེན་ཤིན་ཏུ་ཉུང་ངོ། །ཡམས་ལ་སོགས་པ་ཞི་བར་བྱེད་པའི་གསང་སྔགས་གཞན་གྱིས་མ་གྲུབ་པ་དག་ཀྱང་དེའི་ [186B] །ལྷག་པར་ཡང་བཟོད་པ་དང་དེས་པ་ཆེ་བས་གཞན་གྱི་གནོད་པ་བཟོད་ཅིང་གཞན་ལ་གནོད་པ་མི་བྱེད་པར། གཞན་དག་གཞན་ལ་གནོད་པ་བྱེད་པ་མཐོང་ན་ཡང་ཤིན་ཏུ་མི་དགའོ། །ཉེ་བའི་ཉོན་མོངས་ཁོང་ཁྲོ་དང་ཕྲག་དོག་དང་ གཡོ་ལ་སོགས་པ་ཉམས་དམས་པས་རྒྱ་ལ་སྐྱེས་ན་ཡང་མྱུར་དུ་འབྲལ་ལོ། །དེ་གང་དུ་གནས་པའི་གྲོང་ལ་སོགས་པར་མུ་གེ་དང་མི་མ་ཡིན་པ་ལ་སོགས་པའི་གནོད་པ་མི་འབྱུང་ཞིང་བྱུང་བ་དག་ཀྱང་ཞི་བར་འགྱུར་རོ། །རྒྱ་ལ་སྔར་གྱི་ལས་ཀྱིས་དམྱལ་བར་སྐྱེས་ ཀྱང་མྱུར་དུ་ཐར་བ་དང་སྡུག་བསྔལ་ཆུང་བ་དང་སྐྱེ་བ་དང་སྙིང་རྗེ་ལ་སོགས་པ་ཕན་ཡོན་མང་པོ་འཐོབ་པའོ། ༈ །སངས་རྒྱས་མཆོད་པ་མཆོག་ཏུ་འགྱུར་བ་ནི། །འཇིག་རྟེན་མགོན་ལ་གངྒཱའི་བྱེ་སྙེད་ཀྱིས། །ཞིང་རྣམས་རིན་ཆེན་མེ་ཏོག་སོགས་བཀང་བས། །མཆོད་བཀུར་ དཔག་མེད་བྱས་པས་འགྲོ་བ་ཀུན། །བསྒྲལ་ཕྱིར་སེམས་མཆོག་བསྐྱེད་པའི་ཆར་མི་ཕོད། །གཞན་ཡང་ཕྱོགས་བཅུའི་རྒྱལ་ལ་འགྲོ་མང་གིས། །ཞལ་ཟས་སྤོས་དང་རིན་ཆེན་གདུགས་སོགས་ཀྱི། །མཆོད་པ་ཟིལ་གནོན་འཇིག་རྟེན་འབྱམ་ཀླས་པའི། །སངས་རྒྱས་མཐའ་ ཡས་མཆོད་ཕྱིར་འདི་བསྐྱེད་ཕྱིར། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། །མཚན་མཆོག་སུམ་ཅུ་གཉིས་ལྡན་པའི། །སངས་རྒྱས་མཆོད་པ་མཆོག་ཏུ་འགྱུར། །མི་གང་ཞིག་གིས་སངས་རྒྱས་ ཞིང། །གང་གའའི་བྱེ་མའི་གྲངས་སྙེད་པ། །མེ་ཏོག་རྣམས་ཀྱིས་བཀང་བྱས་ཏེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་འདིར་ནི་ཐལ་སྦྱར་ནས། །བྱང་ཆུབ་ཏུ་ནི་སེམས་བཏུད་ནས། །འདི་ནི་མཆོད་པ་མཆོག་ཡིན་ཏེ། །དེ་ལ་ཚད་ནི་ཡོད་མ་ཡིན། །བྱང་ཆུབ་སེམས་ ནི་ཅི་འདྲ་བ། །དེ་ལྟར་བློ་མཆོག་གིས་བསྟན་པ། །དེ་འདྲའི་མཆོད་པ་གང་ཡང་མེད། །དེ་འདྲ་བ་ཡི་དཔལ་ཡང་མེད་ཅེས་སོ། །དཔལ་བྱིན་གྱིས་ཞུས་པ་ལས་ཀྱང། གང་གའའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ [187A]༄༅། །ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །གང་གིས་བྱང་ཆུབ་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །རིན་ཆེན་སེམས་ཀྱི་བསོད་ནམས་གང། །དེ་ལ་ གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར་ཞེས་སོ། །རྒྱ་མཚོས་ཞུས་པ་ལས་ཀྱང། སྐྱེས་བུ་ཁྱ་མཆོག་ལ་ནི་མཆོད་ཆེན་མང། །དཔག་མེད་རྒྱ་ཆེན་བསམ་ཡས་བྱས་ཟིན་གྱིས། །འགྲོ་བ་དག་ལ་སྙིང་བརྩེ་བསྐྱེད་ ནས་ཀྱང། །རབ་མཆོག་བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །བྱང་ཆུབ་སེམས་ནི་ཡང་དག་སྒྲུབ་བྱེད་གང། །དེ་ནི་མཆོད་མཆོག་དམ་པ་ཁྱད་པར་ཕྱོགས། །དེ་ནི་ཕྱི་མའི་བསོད་ནམས་གཟི་ཆེན་ཡིན་ཞེས་སོ། །གཞན་ཡང། སྡོང་པོ་བཀོད་པ་ལས། མི་བཅུས་སེམས་ཅན་གཞན་ ཐམས་ཅད་དང་ཡང་ལྷན་ཅིག་ཏུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། ཞལ་ཟས་ལ་སོགས་པ་དང། སྤོས་ལ་སོགས་པ་དང། རིན་པོ་ཆེ་ལ་སོགས་པ་དང། གདུགས་ལ་སོགས་པ་ཐམས་ཅད་ཀྱི་མཆོད་པ་དང་བཀུར་སྟི་ཐམས་ཅད་བྱས་པས་ནི། བྱང་ཆུབ་ཀྱི་སེམས་ དང་པོ་སྐྱེ་བའི་བསོད་ནམས་ཀྱི་ཆ་ཙམ་དུའང་མི་ཕོད་དེ། འདི་ནི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་མ་ལུས་པའི་དུས་གསུམ་གྱི་སངས་རྒྱས་འབྱམ་ཀླས་ཕྱི་མ་ལུས་པ་ཐམས་ཅད་མཆོད་པའི་དོན་དུ་བསྐྱེད་པས་སོ་ཞེས་སོ། ༈ །ལམ་དམན་པ་འདོར་ཞིང་མཆོག་བསྒྲུབ་པ་ནི་ དང་པོར་མོས་པས་ཉན་ཐོས་ས་ཀུན་དང། །ལྷག་བསམ་དག་པས་རང་རྒྱལ་ས་ལས་འདའ། །ཕྱིར་མི་ལྡོག་པས་རྒྱལ་སྲས་མ་ངེས་ལས། །བྱང་ཆུབ་སྙིང་པོར་བཞུགས་སེམས་ཀུན་མཁྱེན་རྫོགས། །ཕ་རོལ་ཏུ་ཕྱིན་པ་ལྔའི་མདོ་ལས། སེམས་དང་པོ་བསྐྱེད་པ་ལ་གནས་ ན་དགྲ་བཅོམ་པའི་ས་ལས་འདའོ། །གཉིས་པ་ལས་ནི་རང་སངས་རྒྱས་ཀྱི་ས་ལས་འདའོ། །ཕྱིར་མི་ལྡོག་པའི་སེམས་ཀྱིས་ནི་བྱང་ཆུབ་སེམས་དཔའ་མ་ངེས་པ་ལུང་མ་བསྟན་པ་ལས་འདའོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་ནི་ཐམས་ཅད་མཁྱེན་པའོ་ཞེས་སོ། ། [187B] ༈ །སྲེད་མེད་ཀྱི་བུས་ཞུས་པ་ལས་འབྱུང་བ་སྡུད་པའི་ཚུལ་ནི། འདི་ནི་བསོད་ནམས་ཀུན་བསྡུས་སྡོམ་ཡིན་ཏེ། །ཀླུང་སོགས་ཐམས་ཅད་རྒྱ་མཚོར་འདུས་སོགས་ལྟར། །བྱིས་དང་ཉན་ཐོས་རང་ རྒྱལ་རྒྱལ་སྲས་ཀྱི། །བསོད་ནམས་མ་ལུས་དང་པོའི་སེམས་ཀྱིས་བསྡུས། །མདོ་སྡེ་ལས། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཁོངས་སུ་འདུས་པ་སྟེ། ཆུ་མིག་ལ་སོགས་པ་ཐམས་ཅད་རྒྱ་མཚོ་ཆེན་པོར་འདུས་ཤིང་རྗེས་སུ་ཞུགས་པ་ བཞིན་ནོ། །དེས་ན་སྦྱིན་པ་ལས་བྱུང་བ་ལ་སོགས་པ་དང། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང། ལྷ་དང་མིའི་བསོད་ནམས་ཐམས་ཅད་ནི་འདིར་འདུའོ། །ཡང་རྩྭ་ཤིང་ལ་སོགས་པ་དང་གྲོང་ལ་སོགས་པ་དང་ གླིང་བཞི་པ་དང་སྟོང་དང་སྟོང་གཉིས་དང་སྟོང་གསུམ་དང། ཁམས་གསུམ་དང་ཉི་མ་དང་ཟླ་བ་ཐམས་ཅད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་འདུས་སོ། །སོ་སོ་སྐྱེ་བོ་དང་སློབ་པ་དང་མི་སློབ་བ་དང་རང་རྒྱལ་བ་དང་བྱང་ཆུབ་སེམས་དཔའི་བསོད་ ནམས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པར་འདུས་སོ་ཞེས་སོ། ༈ །འཁོར་ལོས་བསྒྱུར་བའི་དང་ཚངས་པའི་དང་སྦྱིན་པའི་ཕུང་པོ་ཆེན་པོའི་ འཁོར་ལོས་བསྒྱུར་གྱི་བསོད་ནམས་ཚངས་པ་ནི། །གསུམ་གྱིས་བྱམས་ ཆེན་སྦྱིན་བྱུང་བསམ་འདས་རྣམས། །དང་པོའི་སེམས་བསྐྱེད་ལྷག་བསམ་དམ་པ་ཡིས། །འགྲོ་ལ་བརྩེར་ལྡན་བསོད་ནམས་ཆར་མི་ཕོད། །མདོ་སྡེ་ཉིད་ལས་སྟོང་གསུམ་གང་གའའི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་འཁོར་ལོས་བསྒྱུར་བའི་བསོད་ནམས་དང་ལྡན་པ་བས་ ནི༑ བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཆེས་མང་ངོ། །སྟོང་དང་སྟོང་གཉིས་དང་སྟོང་གསུམ་གྱི་འཇིག་རྟེན་རིན་པོ་ཆེ་བདུན་གྱིས་གང་བ་སྦྱིན་པ་བས་ནི་འཇིག་རྟེན་གྱི་ཁམས་དེ་གསུམ་གྱི་བདག་པོ་ཚངས་པ་གསུམ་པོ་དེ་གསུམ་གྱིས་སེམས་ [188A]༄༅། །ཅན་ལ་བྱམས་པས་ཁྱབ་པར་བྱེད་པའི་བསོད་ནམས་ཆེས་མང་ངོ། །དེའི་བསོད་ནམས་པས་ཀྱང་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཆེས་མང་ངོ། །གལ་ཏེ་འཇིག་རྟེན་གྱི་ཁམས་གང་གའའི་ཀླུང་གི་བྱེ་མ་སྙེད་ཡུངས་འཁྲུས་གང་བའི་འབྲུ་ རེ་རེ་ལ་ཡང་ཡུངས་འབྲུ་དེ་རྣམས་ཇི་སྙེད་པའི་ཆ་རིག་གསེས་པའི་གྲངས་ཀྱི་གླིང་བཞིའི་སེམས་ཅན་ཐམས་ཅད་ཤཱ་རིའི་བུ་ལྟ་བུའི་ཤེས་རབ་དང་ལྡན་པར་གྱུར་ཀྱང། ཡུངས་འབྲུ་གཅིག་གི་གྲངས་ཀྱང་བསྐལ་པར་ཡང་མི་ཆོད་ན་ཐམས་ཅད་ལྟ་ཅི་སྨོས། ཤར་ཕྱོགས་ལ་ སོགས་པར་ཕྱོགས་རེ་རེའི་ཡུངས་འབྲུ་དེ་ཐམས་ཅད་སྙེད་ཀྱིའང་འཇིག་རྟེན་གྱི་ཁམས་འདས་པར་ཡུངས་འབྲུའི་ཆ་རེ་རེ་པོར་ཡང་ཕྱོགས་རེ་རེར་ཡུངས་འབྲུའི་ཆི་དེ་ཐམས་ཅད་ཟད་ཀྱང་འཇིག་རྟེན་གྱི་ཁམས་ནི་ཟད་པ་མེད་དེ། དེ་ལྟར་ཕྱོགས་བཅུ་ནས་ནམ་མཁའི་མཐས་ ཁྱབ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེ་སྣེ་བདུན་གྱིས་བཀང་སྟེ་སྦྱིན་པ་བྱིན་པས་ནི། བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་གཡོ་སྒྱུ་མེད་པ། སེམས་ཅན་ཐམས་ཅད་རབ་ཏུ་སྒྲོལ་བར་བརྩོན་པའི་བྱམས་པ་དང་སྙིང་རྗེ་ བསྒོམ་པའི་བསོད་ནམས་བསྡུས་པ་དེའི་ཆར་ཡང་མི་ཕོད་དོ་ཞེས་སོ། །འཇམ་དཔལ་གྱི་ཞིང་གི་བཀོད་པ་ལས་ཀྱང། ཆོས་གཅིག་དང་ལྡན་ན་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སངས་རྒྱས་ཀྱི་ཞིང་བཀོད་པ་ཕུལ་དུ་ཕྱིན་པ་སྦྱོང་སྟེ། དེ་སེམས་ཅན་ཐམས་ཅད་ལ་ སྙིང་རྗེ་དང་ལྷག་པའི་བསམ་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །ལྷག་པའི་བསམ་པ་ནི་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་ནས་མི་དགེ་བའི་ལས་གང་ཡང་མི་སྤྱོད་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མི་སྤྱོད། ཁྱིམ་པའི་རྟགས་ལ་སྲེད་པ་མི་སྤྱོད། རབ་ཏུ་ བྱུང་བས་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་མི་འདོད། རབ་ཏུ་བྱུང་བའི་བསྒྲུབ་པ་ལ་གནས་ཏེ་ཆོས་ཐམས་ཅད་ཡང་དག་པར་རྟོགས་པའོ། །དེ་ཇི་ལྟ་བར་རྟོགས་པ་ནི་སྒྱུ་མ་ལྟ་བུ་དབེན་པ་སྟོང་པར་རྟོགས་པ་སྟེ། དེའང་ཡང་དག་པར་རྗེས་སུ་མི་མཐོང། མི་ [188B] མི་རྟོག་ལ་རྟོག་པ་ཐམས་ཅད་ཉེ་བར་ཞི་བའོ། །དེ་ལྟར་རྟོག་ན་རང་གིས་ཇི་ལྟར་ཤེས་པ་གཞན་ལ་སྟོན་ཅིང་སེམས་ཅན་དང་ཆོས་ཀྱང་མི་དམིགས་པར་སེམས་ཅན་ཡོངས་སུ་མི་གཏོང་བའོ་ཞེས་སོ། ༈ །སྡོང་པོ་བཀོད་པ་ལས་འབྱུང་བ་ ལས་སྦྱིན་པ་ལས་བྱུང་བ་ལ་སོགས་པ་ཟིལ་གྱིས་གནོན་པ་ནི། གཞན་ཡང་དང་པོའི་སེམས་ཀྱི་བསོད་ནམས་ཀྱང། །གཏིང་དཔག་དཀའ་བས་ཀུན་མཁྱེན་སྤྱོད་ཡུལ་ཉིད། །ཕྱོགས་བཅུའི་སེམས་ཅན་བསྐལ་མང་བདེ་ཀུན་གྱིས། །ཚིམ་བྱས་ཚུལ་ཁྲིམས་དང་ནི་བསྒོམས་ བྱུང་དང། །སློབ་དང་མི་སློབ་རང་རྒྱལ་འབྲས་བུ་ལ། །བཀོད་པས་འདི་ཡི་བསོད་ནམས་ཆར་མི་ཕོད། །མདོ་དེ་ལས་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པའི་བསོད་ནམས་ནི་ཤེས་པར་དཀའ། ཡིད་ཆིས་པར་དཀའ། བརྟག་པ་ལ་སོགས་པར་དཀའ་སྟེ། སངས་ རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་ཟད་དོ། །ལ་ལ་ཞིག་གིས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་སེམས་ཅན་ཐམས་ཅད་ལ་བསྐལ་པར་བདེ་བར་སྤྱད་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ་བསླབ་པའི་གཞི་ལྔ་ལ་བཙུད་ལ། དེ་ལྟར་ཕྱོགས་ཐམས་ཅད་དུའང་བྱས་ པའི་བསོད་ནམས་ཀྱིས་ནི་འདིའི་ཆར་ཡང་མི་ཕོད་དོ། །དཔེ་དེ་ལྟ་ཞོག་སྟེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་བསྐལ་པ་བརྒྱར་དེ་ལྟར་བསྙེན་བཀུར་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཞག་པ་དང། བསྐལ་པ་སྟོང་དུ་བཀུར་ཏེ་བསམ་གཏན་བཞི་དང། བརྒྱ་སྟོང་དུ་ བཀུར་ཏེ་ཚད་མེད་པ་བཞི་དང། བྱེ་བར་བཀུར་ཏེ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། བྱེ་བ་ཕྲག་བརྒྱར་བཀུར་ཏེ་རྒྱུན་ཏུ་ཞུགས་པ་དང། བྱེ་བ་སྟོང་དུ་བཀུར་ཏེ་ལན་ཅིག་ཕྱིར་འོང་བ་དང། བྱེ་བ་འབུམ་དུ་བཀུར་ཏེ་ཕྱིར་མི་འོང་བ་དང། བྱེ་བ་ཁྲག་ཁྲིག་ བཀུར་ཏེ་དགྲ་བཅོམ་པ་དང། བྱེ་བ་ཁྲག་ཁྲིག་འབུམ་དུ་བདེ་བར་སྤྱད་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ་རང་སངས་རྒྱས་ལ་བཞག་པའི་བསོད་ནམས་ཀྱིས་ཀྱང་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཆར་ཡང་མི་ཕོད་དོ། ༈ །དེའི་འཐད་པ་ནི། གང་ཕྱིར་དེ་སྙེད་དགེ་བས་ [189A]༄༅། །སངས་རྒྱས་ཀྱི། །རིགས་འཚོ་མི་ནུས་འདིས་ནི་འཇིག་རྟེན་ཀུན། །བསྒྲལ་ཕྱིར་ཞུགས་ལས་རྒྱལ་བ་ཀུན་གྱི་གདུང། །རྒྱུན་མི་འཆད་པར་ཉེ་བར་གནས་ཕྱིར་རོ། །ཡང་དེ་ཅིའི་ཕྱིར་ཞེ་ན། དེ་ཙམ་གྱིས་ནི་སངས་རྒྱས་སུ་མི་འགྱུར་གྱི། འདིས་ནི་འཇིག་རྟེན་ གྱི་ཁམས་ཐམས་ཅད་ཁྱབ་པར་སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པས་སེམས་ཅན་ཐམས་ཅད་བསྒྲལ་བར་སེམས་བསྐྱེད་པའི་ཕྱིར་རོ་ཞེས་སོ། ༈ །འཇིག་རྟེན་ཤེས་པ་ཟིལ་གྱིས་གནོན་པ་ནི། གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་དང་ནི། །སེམས་ ཅན་ཁམས་མང་རྒྱུད་དང་འཇིག་ཆགས་དང། །མོས་དང་དབང་སོགས་ཤེས་པར་ནུས་སྲིད་ཀྱི། །དང་པོའི་སེམས་ཀྱི་བསོད་ནམས་ཟད་མི་ནུས། །གང་ཕྱིར་འདིས་ནི་འཇིག་རྟེན་མཐའ་ཡས་པའི། །འཇུག་ཀུན་ཤེས་ཀྱི་དེ་ཙམ་གྱིས་མིན་ཕྱིར། །ཡང་མི་ལ་ལས་ཤར་ཕྱོགས་ སུ་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འདས་ལ། སེམས་བསྐྱེད་པ་དེ་འདྲ་བས་བསྐལ་པ་གྲངས་མེད་པ་འདས་ཀྱང། འཇིག་རྟེན་གྱི་ཁམས་བརྒྱུད་པ་མ་ཟད་ནས། མི་གཉིས་པ་ཞིག་གིས་དེ་ཁོ་ན་ལྟར་འདས་ཀྱང་མ་ཟད་པ་ནས་མི་བཅུ་པའི་བར་གྱིས་ འདས་ཀྱང་ཟད་པར་མི་ཤེས་སོ། །ཕྱོགས་བཅུ་ཅར་དུ་འང་དེ་བཞིན་ཏེ་དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་བརྒྱུད་པ་ནི་ཤེས་པར་རུང་གི་བྱང་ཆུབ་ཀྱི་སེམས་དང་པོའི་བསོད་ནམས་ནི་མཐའ་མེད་དེ། དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཡངས་ པ་དོག་པར་དང། དོག་པ་ཡངས་པར་དང། སྣྲེལ་ཞི་ལ་སྤྱིའུ་ཚུགས་སུ་དང། སྤྱིའུ་ཚུགས་སྣྲེལ་ཞི་ལ་སོགས་པར་ཤེས་པ་སྐྱེའི་ཚད་དེ་ཙམ་གྱིས་ནི་མ་ཡིན་པའི་ཕྱིར་རོ། །ཡང་དེ་ཁོ་ན་ལྟར་སྐྱེས་བུ་བཅུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འཇིག་པ་དང་ཆགས་པ་ བགྲངས་པའི་མཐའ་ནི་ཤེས་པར་སྲིད་ཀྱི། འདིའི་བསོད་ནམས་ནི་མ་ཡིན་ཏེ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་འཇིག་རྟེན་འཇིགས་པ་དང་ཆགས་པ་ཤེས་པ་ལ་འཇུག་པའི་ཕྱིར་སྐྱེ་བས་ན་བསྐལ་པ་རིང་པོ་ལ་ཐུང་དུ་དང། གཅིག་ལ་གྲངས་མེད་པ་དང། གྲངས་ [189B] །དེ་ཁོ་ན་ལྟར་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་དང། དབང་པོ་དང་བསམ་པ་དང། སྦྱོར་བ་དང། ལས་དང་ཉོན་མོངས་པ་སྣ་ཚོགས་སྐྱེ་བའང་ སྦྱར་རོ། ༈ །སྐབས་ཀྱི་དོན་བསྡུ་བ་ནི། དེ་ཕྱིར་རྒྱལ་བའི་བསོད་ནམས་མཐའ་ཡས་དང། །རྒྱལ་སྲས་རང་རྒྱལ་ཉན་ཐོས་མ་ལུས་དང། །འཇིག་རྟེན་འཇིག་རྟེན་འདས་པའི་ཆོས་རྣམས་ཀུན། །འདི་ལས་འཐོབ་ཅིང་འདི་ཡིས་བསྡུས་པའོ། །དེས་ན་སངས་རྒྱས་ མ་ལུས་པའི་ཡོན་ཏན་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ནི་དེས་བསྐྱེད་ཅིང་དེར་འདུས་པའོ་ཞེས་སོ། །བསླབ་པ་ཀུན་ལས་བཏུས་ པར་ཡང་བསོད་ནམས་ཐམས་ཅད་བསྡུ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་སྟེ། རྒྱལ་བུ་སེང་གེས་ཞུས་པ་ལས། བསོད་ནམས་ཐམས་ཅད་བསྡུ་བ་ནི། །ཆོས་གང་གིས་ནི་འཐོབ་པར་འགྱུར། །སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་དོན་དུ་སེམས་ བཏུད་པ། །དེས་ནི་ཆོས་ཀུན་བསྡུ་བ་འཐོབ་ཅེས་སོ། །གསང་བའི་མདོ་ལས་ཀྱང། འཁོར་ལོས་བསྒྱུར་བ་ལ་རིན་པོ་ཆེ་བདུན་འབྱུང་བ་ལྟར། བྱང་ཆུབ་ཀྱི་སེམས་ལས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཐབས་ལ་མཁས་པ་སྟེ་ཆོས་རིན་པོ་ཆེ་བདུན་ལ་སོགས་པ་ཐམས་ ཅད་འབྱུང་ངོ་ཞེས་སོ། ༈ །སྡུག་བསྔལ་ཐམས་ཅད་གཅོད་པ་ནི། ཐུབ་ལ་བརྟེན་ནས་སེམས་མཆོག་འདི་བཟུང་ན། །སྲིད་པའི་སྡུག་བསྔལ་ཀུན་ལས་འདའ་བར་འགྱུར། །ཉི་མའི་སྙིང་པོ་ལས། དགེ་བའི་དོན་དུ་ཞིང་གཅིག་ལས། །ངེད་ཅག་ཐམས་ཅད་གཤེགས་པ་ ཡིན། །སངས་རྒྱས་རྣམས་ནི་མི་བཞུགས་ན། །སུས་ཀྱང་དཔལ་ཆེན་མི་འཐོབ་བོ། །ཁྱེད་ཅག་གིས་ནི་བྱང་ཆུབ་ཏུ། །གཅིག་ཏུ་སེམས་ནི་གཞོལ་བྱས་ནས། །ཁྱེད་ཅག་ཕྱིན་ཆད་འཁོར་བར་ནི། །སྡུག་བསྔལ་སྐྱེ་བར་མི་འགྱུར་རོ་ཞེས་སོ། ༈ །དེ་ཐམས་ཅད་པས་བསྔགས་པ་ [190A]༄༅། །ནི། དེ་ནི་ས་བོན་ཞིང་ས་ཆུ་རླུང་མེ། །ཉི་ཟླ་སྒྲོན་མིག་མུ་སྟེགས་ལམ་བཞོན་སྒོ། །བཟའ་ཤིང་ར་བ་གཞལ་མེད་ཁང་གནས་བརྟེན། །ཕ་མ་མ་མ་རྒྱལ་བློན་མཚོ་ཆེན་གཞི། །རིན་ཆེན་ཁོར་ཡུག་གངས་རི་སྤོས་དང་ལྡང། །ནམ་མཁའ་པདྨ་གླང་པོ་ཅང་ ཤེས་རྟ། །ཁ་ལོ་བསྒྱུར་དང་སྨན་པ་ས་འོག་དང། །རྡོ་རྗེ་སྤོས་སྣོད་མེ་ཏོག་ཅན་དན་བསིལ། །ཨ་ཀ་རུ་ནག་སྨན་རྒྱལ་བལྟ་སྡུག་དང། །འབྲལ་བྱེད་སྨན་དང་དབང་པོ་ངལ་བསོ་བ། །ལྷབ་ལྷུབ་བསྐལ་མ་རྩ་ཕྲ་སྨན་རྒྱལ་དཔལ། །ཀླུ་ཡི་རིན་ཆེན་ཆུ་མདངས་ཡིད་བཞིན་ མཆོག་བུམ་བཟང་འདོད་འབྱིན་སྡོང་པོ་ཤིང་བལ་རྒྱུད། །ངང་རིས་ཅན་གོས་འདེའུ་ཐུང་མདའ་མདུང་གཤོལ། །གོ་ཅ་རལ་གྲི་རལ་སོ་མདའ་སྟེའུ་ཁ། །དཔའ་བོ་རོ་མཚོན་ལག་ཆ་སྟ་རེ་མཚོན། །ལག་རྐང་མིག་མཁན་སྐམ་པ་ཚེར་བཟུང་ནོར། །མཛའ་བོ་གཙུག་ལག་མེ་ ལོང་ཆུ་མིག་གཏེར། །པད་དཀར་ཀླུང་ཆེན་ཀླུ་རྒྱལ་སོག་དབང་པོ། །བདུད་རྩི་ཀུན་ནས་འཁོར་སྙིང་མཆིལ་པ་སྔགས། །དུག་གི་གཉེན་པོ་དུག་སྨན་རླུང་དཀྱིལ་འཁོར། །རིན་ཆེན་གླིང་རིགས་འབྱུང་གནས་ཚོད་དུས་སྣོད། །ཆུ་ཁམས་སྦྲང་རྩིའི་གནས་དང་གནས་ཁང་མར། ། ཁབ་ལོང་ཨིནྡྲ་ནཱི་ལ་བཻ་ཌཱུརྱ། །འཛམ་གླིང་གསེར་རྒྱན་རི་རབ་ཐོ་རངས་རྡ། །དོན་སྐྱབས་མཆོད་སྦྱིན་དང་བའི་ཆུ་དང་འབྱིག་རྒན་པ་གླེང་གཞི་མདོར་བསྟན་སྲུང་མ་རྫི། །དབང་པོའི་མིག་འཕྲུལ་དེའི་མེ་ཆུ་ལྷའི་ཞགས། །མཆོད་རྟེན་དཔེ་ལས་ཉི་ཤུ་ལྷག་བཅས་བརྒྱ། །རྩི་དང་རིན་ ཆེན་ཤིང་སོགས་ཁྱད་པར་གྱི། །དཔེས་ཀྱང་རྨད་བྱུང་ཡོན་ཏན་དཔག་ཡས་རྣམས། །ཇི་སྐད་གསུངས་བཞིན་བལྟ་བས་རྣམ་ངེས་བྱ། །མདོར་ན་སངས་རྒྱས་ཡོན་ཏན་ཆོས་ཀུན་ནི། །འདི་ལ་གནས་པས་རྒྱལ་སྲས་སྤྱོད་མཆོག་གིས། །དཀྱིལ་འཁོར་ཀུན་འབྱུང་གང་གིས་འདི་ བསྐྱེད་དེ། །དུས་གསུམ་རྒྱལ་བའི་བསྔགས་ཚོགས་མ་ལུས་བཟུང། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ [190B] །ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པར་བྱེད་པས་ཆུ་ལྟ་བུའོ། །འཇིག་རྟེན་པ་ཐམས་ཅད་ལ་མི་བརྟེན་པས་རླུང་ལྟ་བུའོ། །ལྟ་བའི་རྩ་ཐམས་ཅད་བསྲེག་པས་མེ་ལྟ་བུའོ། །སེམས་ཅན་ཐམས་ཅད་ཀྱི་གནས་སུ་སྣང་བར་བྱེད་པས་ ཉི་མ་ལྟ་བུའོ། །ཆོས་དཀར་པོ་ཐམས་ཅད་ཀྱི་དཀྱིལ་འཁོར་རྒྱས་པར་བྱེད་པས་ཟླ་བ་ལྟ་བུའོ། །ཆོས་ཐམས་ཅད་ཀྱི་སྣང་བ་བྱེད་པས་སྒྲོན་མ་ལྟ་བུའོ། །མཉམ་པ་དང་མི་མཉམ་པ་ཐམས་ཅད་མཐོང་བར་བྱེད་པས་མིག་ལྟ་བུའོ། །མུ་སྟེགས་ངན་པ་ཐམས་ཅད་སྤོང་བར་ བྱེད་པས་མུ་སྟེགས་ལྟ་བུའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་ལམ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་གནས་པས་བཞོན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོར་འཇུག་པས་ན་སྒོ་ལྟ་བུའོ། །ཆོས་ཀྱི་དགའ་བ་དང་མོས་པ་མྱོང་ བར་བྱེད་པས་བཟའ་ཤིང་གི་ར་བ་ལྟ་བུའོ། །ཏིང་ངེ་འཛིན་གྱི་ཁང་པར་གནས་པར་བྱེད་པས་གཞལ་མེད་ཁང་ལྟ་བུའོ། །འགྲོ་བ་ཐམས་ཅད་སྐྱོབ་པས་གནས་ལྟ་བུའོ། །འཇིག་རྟེན་ཐམས་ཅད་ལ་ཕན་པ་བསྐྱེད་པས་རྟེན་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསྲུང་བས་ཕ་ ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པས་མ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་སྐྱོང་བས་མ་མ་ལྟ་བུའོ། །ཉན་ཐོས་དང་རང་རྒྱལ་ཐམས་ཅད་ཟིལ་གྱིས་གནོན་པས་རྒྱལ་པོ་ལྟ་བུའོ། །སྨོན་ལམ་ཁྱད་པར་དུ་འཕགས་པས་བློན་པོ་ལྟ་བུའོ། །ཡོན་ཏན་ ཐམས་ཅད་འདུ་བས་མཚོ་ཆེན་པོ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བྱེད་པས་གཞི་ལྟ་བུའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་རིན་པོ་ཆེ་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བརྟེན་པས་ཁོར་ཡུག་ལྟ་བུའོ། །ཡེ་ཤེས་ཀྱི་སྨན་ཐམས་ཅད་འཕེལ་ བར་བྱེད་པས་གངས་རི་ལྟ་བུའོ། །ཡོན་ཏན་གྱི་སྤོས་ཐམས་ཅད་ཀྱི་གནས་སུ་གྱུར་པས་རི་སྤོས་ངད་ལྡང་ལྟ་བུའོ། །ཡོན་ཏན་རྒྱ་ཆེ་བས་ནམ་མཁའ་ལྟ་བུའོ། །འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པས་པདྨ་ལྟ་བུའོ། །སེམས་དུལ་ཞིང་ཅང་ཤེས་པས་གླང་པ་ལྟ་བུའོ། །རྒོད་པ་དང་ [191A]༄༅། །བྲལ་བས་རྟ་ཅང་ཤེས་ལྟ་བུའོ། །ཐེག་པ་ཆེན་པོ་སྐྱོང་བའི་སྔོན་དུ་འགྲོ་བས་ཁ་ལོ་སྒྱུར་བ་ལྟ་བུའོ། །ཉོན་མོངས་པའི་ནད་གསོ་བར་བྱེད་པས་སྨན་པ་ལྟ་བུའོ། །སྡིག་པ་ཐམས་ཅད་ལས་ཐར་པར་བྱེད་པས་སའི་འོག་ལྟ་བུའོ། །ཆོས་ཐམས་ཅད་ ངེས་པར་རྟོགས་པར་བྱེད་པས་རྡོ་རྗེ་ལྟ་བུའོ། །ཡོན་ཏན་གྱི་དྲི་ཞིམ་པོ་དང་ལྡན་པས་སྤོས་སྣོད་ལྟ་བུའོ། །འཇིག་རྟེན་པས་མཐོང་ན་དགའ་བས་མེ་ཏོག་ལྟ་བུའོ། །འདོད་ཆགས་ཀྱི་གདུང་བ་བསིལ་བར་བྱེད་པས་ཁ་བའི་ཙན་དན་ལྟ་བུའོ། །ཆོས་ཀྱི་དབྱིངས་རྒྱས་པར་ འགེངས་པས་ཨ་ག་རུ་ནག་པོ་ལྟ་བུའོ། །ཉོན་མོངས་པའི་ནད་ཐམས་ཅད་འཛེམས་པས་སྨན་གྱི་རྒྱལ་པོ་བལྟ་ན་སྡུག་ལྟ་བུའོ། །བག་ལ་ཉལ་གྱི་ཟུག་རྡུ་འབྱིན་པས་འབྲལ་བར་བྱེད་པའི་སྨན་ལྟ་བུའོ། །དབང་པོ་ཀུན་དབང་བསྒྱུར་བས་དབང་པོ་ལྟ་བུའོ། །དབུལ་བ་ཐམས་ཅད་སེལ་ བས་ངལ་བསོ་བ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་མཛེས་པར་བྱེད་པས་ལྷབ་ལྷུབ་ལྟ་བུའོ། །ཉེས་བྱས་ཐམས་ཅད་བསྲེག་པས་བསྐལ་པའི་མེ་ལྟ་བུའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་འཕེལ་བར་བྱེད་པས་རྩ་བ་མ་དཀྲུགས་པའི་སྨན་གྱི་རྒྱལ་པོ་ལྟ་བུའོ། །ཡོན་ཏན་ཐམས་ ཅད་ཀྱིས་བརྒྱན་པར་བྱེད་པས་དཔལ་ལྟ་བུའོ། །ཉོན་མོངས་པའི་དུག་སེལ་བས་ཀླུའི་རིན་པོ་ཆེ་ལྟ་བུའོ། །རྙོག་པ་ཐམས་ཅད་སེལ་བས་རིན་པོ་ཆེ་ཆུ་དྭངས་ལྟ་བུའོ། །དོན་ཐམས་ཅད་སྒྲུབ་པར་བྱེད་པས་ཡིད་བཞིན་གྱི་རིན་པོ་ཆེའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ ཅད་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཡོན་ཏན་གྱི་རྒྱན་ཆར་དུ་འབེབས་པས་འདོད་འབྱིན་གྱི་ཤིང་རྟ་ལྟ་བུའོ། །རང་བཞིན་གྱིས་འོད་གསལ་བས་ཤིང་བལ་གྱི་རྒྱུད་ལྟ་བུའོ། །འཁོར་བའི་སྐྱོན་ཐམས་ཅད་དང་མ་འདྲེས་པས་གོས་དང་རིས་ཅན་ལྟ་བུའོ། །འཇིག་ ཚོགས་ལ་ལྟ་བའི་གོ་ཆ་བརྟོལ་བར་བྱེད་པས་མདེའུ་ཐུང་ལྟ་བུའོ། །སྡུག་བསྔལ་གྱི་འབེན་འབིགས་པར་བྱེད་པས་མདའ་ལྟ་བུའོ། །ཉོན་མོངས་པའི་དགྲ་འདུལ་བར་བྱེད་བས་མདུང་ཐུང་ལྟ་བུའོ། །བསམ་པའི་ཞིང་ཡོངས་སུ་སྦྱོང་བས་གཤོལ་ལྟ་བུའོ། །ཚུལ་བཞིན་མ་ཡིན་པ་ [191B] །ཉོན་མོངས་པའི་ཀླད་པ་འགེམས་པས་རལ་གྲི་ལྟ་བུའོ། །ང་རྒྱལ་གྱི་དྲེགས་པ་དང་རློམ་པའི་གོ་ཆ་འདྲལ་བས་རལ་གྲིའི་སོ་ལྟ་བུའོ། །བག་ལ་ཉལ་གྱི་གོ་ཆ་གཤོག་པས་མདེའུ་སྟེའུ་ཁ་ལྟ་བུའོ། །ང་རྒྱལ་གྱི་རྒྱལ་མཚན་སྙོལ་བས་དཔའ་ བོའི་རུ་མཚོན་ལྟ་བུའོ། །མི་ཤེས་པའི་ཤིང་བསྒྱེལ་བས་ལག་ཆ་ལྟ་བུའོ། །སྡུག་བསྔལ་གྱི་ཤིང་གཅོད་པས་སྟ་རེ་ལྟ་བུའོ། །གནོད་པ་ཐམས་ཅད་ལས་སྐྱོབ་པས་མཚོན་ཆ་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པའི་ལུས་བསྲུང་བས་ལག་པ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ལ་སོ་སོར་འགོད་པས་ རྐང་པ་ལྟ་བུའོ། །མ་རིག་པའི་ལིང་ཏོག་སེལ་བས་མིག་མཁན་ལྟ་བུའོ། །འཇིག་ཚོགས་ཀྱི་ཟུག་རྔུ་འབྱིན་པས་སྐམ་པ་ལྟ་བུའོ། །བག་ལ་ཉལ་གྱི་ཚེར་མ་འདོན་པས་ཚེར་བཟུང་ལྟ་བུའོ། །གནོད་པ་ཐམས་ཅད་སེལ་བས་ནོར་ལྟ་བུའོ། །འཁོར་བའི་བཅིངས་པ་འགྲོལ་བས་མཛའ་ བོ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་འབྱུང་བའི་ལམ་ཤེས་པར་བྱེད་པས་གཙུག་ལག་ལྟ་བུའོ། །ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྟོན་པས་མེ་ལོང་ལྟ་བུའོ། །ཡེ་ཤེས་མི་ཟད་པ་འབྱུང་བས་ཆུ་མིག་ལྟ་བུའོ། །བསོད་ནམས་ཟད་མི་ཤེས་པས་གཏེར་ལྟ་བུའོ། །འགོ་ བ་མེད་པས་པདྨ་དཀར་པོ་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོ་རྟག་ཏུ་འབེབས་པས་ཆུ་ཀླུང་ཆེན་པོ་ལྟ་བུའོ། །ཆོས་ཀྱི་སྤྲིན་ལས་ཆར་འབེབས་པས་ཀླུའི་རྒྱལ་པོ་ལྟ་བུའོ། །སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པས་སྲོག་གི་དབང་པོ་ལྟ་བུའོ། །འཆི་བ་མེད་པའི་དབྱིངས་ སུ་བསྐྱེལ་པས་བདུད་རྩི་ལྟ་བུའོ། །གདུལ་བྱ་སྡུད་ཅིང་འདྲེན་པས་ཀུན་ནས་འཁོར་བའི་སྙིང་པོ་ལྟ་བུའོ། །འཁོར་བའི་ཆུ་ལས་འབྱིན་པས་མཆིལ་པ་ལྟ་བུའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དུག་སྦྱོང་བས་སྔགས་ལྟ་བུའོ། །འདོད་པའི་དུག་སེལ་བས་དུག་གི་གཉེན་པོ་ ལྟ་བུའོ། །ཤིན་ཏུ་ན་བ་སེལ་བས་དུག་སྨན་ལྟ་བུའོ། །སྒྲིབ་པ་དང་བར་ཆད་ཀྱི་རྩྭ་ཐམས་ཅད་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་འབྱུང་བས་རིན་པོ་ཆེའི་གླིང་ལྟ་བུའོ། །ཆོས་དཀར་པོ་ཐམས་ཅད་འབྱུང་བས་རིགས་ [192A]༄༅། །ལྟ་བུའོ། །ཡོན་ཏན་ཐམས་ཅད་སྐྱེ་བའི་སྒོ་ཡིན་པས་འབྱུང་གནས་ལྟ་བུའོ། །བྱང་ཆུབ་སེམས་དཔའི་ཚོང་པས་སྤྱད་པར་བྱ་བས་ཚོང་དུས་ལྟ་བུའོ། །ཆོས་དཀར་པོ་ཐམས་ཅད་འཛིན་པས་སྣོད་ལྟ་བུའོ། །ལས་དང་ཉོན་མོངས་ཀྱི་སྒྲིབ་པའི་དྲི་མ་སྦྱོང་ བས་ཆུའི་ཁམས་ལྟ་བུའོ། །ཐམས་ཅད་མཁྱེན་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པས་སྦྲང་རྩིའི་གནས་ལྟ་བུའོ། །རྣམ་པར་དགོས་པ་ཐམས་ཅད་སྟོན་པས་གནས་ཁང་ལྟ་བུའོ། །ཉོན་མོངས་པའི་རྡུལ་གནོན་པས་མར་ལྟ་བུའོ། །ཉན་ཐོས་ཀྱི་རྣམ་པར་གྲོལ་བ་དང་ མི་འདྲེ་བས་ཁབ་ལོང་ལྟ་བུའོ། །ཉན་ཐོས་དང་རང་རྒྱལ་བ་དང་འཇིག་རྟེན་པ་ཐམས་ཅད་ཟིལ་གྱིས་གནོན་པས་ཨིནྡྲ་ནཱི་ལ་ལྟ་བུའོ། །རང་བཞིན་དྲི་མ་མེད་པས་བཻཌཱུ་རྱ་ལྟ་བུའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་ཟིལ་གྱིས་གནོན་པས་འཛམ་བུའི་གླིང་གི་གསེར་གྱི་ རྒྱན་ལྟ་བུའོ། །འཇིག་རྟེན་གསུམ་ལས་མངོན་པར་འཕགས་པས་རི་རབ་ལྟ་བུའོ། །ཉོན་མོངས་པའི་གཉིད་ཀྱིས་མྱོས་པ་སེལ་བས་ཐོ་རངས་ཀྱི་རྔ་ལྟ་བུའོ། །དོན་མ་ཡིན་པ་ཐམས་ཅད་འཇོམས་པས་དོན་ལྟ་བུའོ། །སྐྱབས་འཚོལ་བ་རྣམས་མི་གཏོང་བས་སྐྱབས་ལྟ་བུའོ། །འགྲོ་ བ་ཀུན་ཚིམ་པར་བྱེད་པས་མཆོད་སྦྱིན་ཆེན་པོ་ལྟ་བུའོ། །རྙོག་པ་ །སྙིང་དགའ་བར་བྱེད་པས་དབྱིག་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་གཙོ་བོ་ཡིན་པས་རྒན་པ་ལྟ་བུའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པས་གླེང་གཞི་ལྟ་བུའོ་ བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་སྡུད་པས་ན་མདོར་བསྟན་པ་ལྟ་བུའོ། །སྡིག་ཏོ་ཐམས་ཅད་བཟློག་པས་བསྲུང་མ་ལྟ་བུའོ། །འཇིག་རྟེན་ཐམས་ཅད་སྐྱོང་བས་རྫི་བོ་ལྟ་བུའོ། །ཉོན་མོངས་པའི་ལྷ་མ་ཡིན་འདྲེན་པས་དབང་པོའི་མིག་འཕྲུལ་ལྟ་བུའོ། ། བག་ཆགས་དང་ཉོན་མོངས་པ་ཐམས་ཅད་གཞོབ་ཏུ་རློག་པས་དབང་པོའི་མེ་ལྟ་བུའོ། །གདུལ་བྱ་འདྲེན་པར་བྱེད་པས་ཆུ་ལྷའི་ཞགས་པ་ལྟ་བུའོ། །ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུའོ་ཞེས་སོ། །ཡང་གསེར་འགྱུར་གྱི་རྩི་ལྟར་དམན་པ་ལས་ [192B] །ཡང་མདོར་བསྡུས་པ་གསུངས་པ་དེ་ནི་ཡོན་ཏན་དེ་དག་དང། ཡོན་ཏན་ཚད་མེད་པ་གཞན་དང་ཡང་ལྡན་ཏེ་མདོར་ ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་པ་དེ་སྙེད་བྱང་ཆུབ་ཀྱི་སེམས་ལ་ཡང་ཡོད་དེ། འདི་ལས་བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་འབྱུང་བས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འབྱུང་བའོ། །དེ་བས་ན་ གང་གིས་འདི་བསྐྱེད་པ་དེ་ནི་ཐམས་ཅད་མཁྱེན་པའི་སེམས་དཔལ་ །གལ་ཏེ་དེ་ལྟ་བུའི་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བ་ནི་ས་ཐོབ་པའི་བྱང་ཆུབ་ཀྱི་སེམས་ཡིན་ གྱིས། ཉེས་པ་ཐམས་ཅད་ཀྱི་སྣོད་དུ་གྱུར་པ་དག་ལ་དེ་ཇི་ལྟར་སྐྱེ་སྙམ་ན། ༈ འདི་ནི་བྱིས་པའི་ས་ལའང་ངེས་འཐོབ་སྟེ། །འཇིག་ཚོགས་ལྟ་དང་མ་རིག་ཁོང་ཁྲོས་བསྒྲིབས། །སྦྱོར་བ་དམན་པར་ཞུགས་པ་བློ་ ཆུང་བ། །མོས་སྤྱོད་ཆུང་ངུ་སོགས་ལའང་གསུངས་ཕྱིར་རོ། །ལུང་ལ་བརྟེན་པའི་རིགས་པ་སྟེ་བྱང་ཆུབ་སེམས་དཔའ་ལའང་ས་ཐོབ་པ་དང་མི་མཐུན་པའི་ཉོན་མོངས་པ་དང་སྡུག་བསྔལ་དང་ལས་ཀྱི་སྒྲིབ་པ་དང། སྒྲུབ་པ་ལ་དམན་པ་ལ་འཇུག་པ་དམིགས་པར་གསུངས་པས་ དེ་ལ་སྐྱེ་བར་བསྒྲུབ་པའོ། །འདི་ལྟར་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། འཇིག་ཚོགས་ལ་ལྟ་བ་རི་རབ་དང་མཉམ་པའི་ནང་ནས་དྲལ་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བར་གསུངས་སོ། །དཀོན་མཆོག་ཟ་མ་ཏོག་ལས་ཀྱང། ཀ་ལ་པིང་ཀའི་ཕྲུ་གུ་སྒོ་ངའི་ནང་ན་ཡང་ཀ་ལ་པིང་ཀའི་ སྒྲ་འབྱིན་པ་ལྟར། བྱང་ཆུབ་སེམས་དཔའ་མ་རིག་པའི་སྒོ་ངའི་སྦུབས་གྱི་ནང་ན་འདུག་པ་བདག་ཏུ་ལྟ་བ་མ་བརྟོལ་ཅིང་ཁམས་གསུམ་ནས་མ་བྱུང་ཡང་སྟོང་པ་ཉིད་ལ་སོགས་པ་སངས་རྒྱས་ཀྱི་སྒྲ་འབྱིན་ཏོ་ཞེས་སོ། །ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱ་ལས་ཀྱང། གང་ [193A]༄༅། །ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཐེག་པ་ཆེན་པོ་མི་འཛིན་མི་ཀློག་པར་ཉན་ཐོས་ཀྱི་ཐེག་པ་པ་ལ་བརྟེན་ཅིང་དེའི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད། དཔྱོད་པར་བྱེད་ལ། གཞན་དག་ཀྱང་ཀློག་པ་ལ་སོགས་པ་བྱེད་དུ་འཇུག་ན་དེ་ནི་ཤེས་རབ་རྟུལ་ པོར་འགྱུར་ཏེ་བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་ལྡོག་གོ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་རྟུལ་པོར་བསྒྱུར་ཞིང་ཉམས་པར་བྱེད་དེ་འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ་ཞེས་ཏེ། དེ་ལྟ་བུ་ ནི་ཚོགས་ཀྱི་ལམ་ལ་དང་པོར་ཞུགས་པ་དག་གི་དབང་དུ་བྱས་པ་ཡིན་གྱི། དེ་ལྟ་བུའི་ཉེས་པ་དག་ས་ཐོབ་པ་ལ་ག་ལ་སྲིད། དེ་བས་ན་མོས་པ་སྤྱོད་པ་རབ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་ཡང་དཀོན་མཆོག་སྤྲིན་ལས་བྱིས་བའི་སྤྱོད་པ་དང་ལོག་པར་འཇུག་པ་ཐམས་ ཅད་ལས་འདས་པ་དང། ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྲངས་མེད་པ་དང་ལྡན་པར་གསུངས་པའི་ཕྱིར་རོ། །འོ་ན་ཡང་སྦྱིན་པ་ལ་སོགས་པའི་སྤྱོད་པ་དམ་པ་མང་པོ་དང་ལྡན་པ་ལ་ཡིན་གྱི། བྱང་ཆུབ་ ཏུ་སྨོན་པའི་བསམ་པ་ཙམ་གྱིས་ཕན་ཡོན་དེ་ལྟ་བུ་ཐོབ་ན་ནི། ཧ་ཅང་ཐལ་བར་འགྱུར་རོ་སྙམ་ན། ༈ དེ་ནི་འགྲོ་ཀུན་བསྒྲལ་ཕྱིར་བསྐྱེད་པས་ན། བསམ་པ་ཙམ་ཡང་ཕན་ཡོན་མཐའ་ཡས་ལྡན། །བསླབ་པ་ཀུན་ལས་ བཏུས་པ་ལས། བྱང་ཆུབ་ཀྱི་སེམས་ནི་སྤྱོད་པ་དང་བྲལ་བ་ལ་ཡང་བརྙས་པར་མི་བྱ་སྟེ། དེས་ཀྱང་འཁོར་བ་པའི་བདེ་བ་མཐའ་ཡས་པ་བསྐྱེད་པའི་ཕྱིར་རོ། །སྡོང་པོ་བཀོད་པ་ལས། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་བཟང་པོ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་ རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ན་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་རྒྱལ་གྱི་ཡོན་ཏན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་ [193B] འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ་ཞེས་སོ། །རྒྱལ་པོ་ལ་གདམས་པ་ལས་ཀྱང། རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མེད་འབྱེད་པ་མང་བས་ཉིན་མཚན་དུ་རྣམ་པ་ཐམས་ཅད་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ ལ་བསླབ་པར་མི་ནུས་ཀྱི། དེས་ན་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང། དད་པ་དང་སྨོན་པ་འགྲོ་བ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དང། ཟ་བ་ལ་སོགས་པའི་དུས་ཐམས་ཅད་དུ་དྲན་པར་གྱིས་ལ་སྒོམས་ཤིག་སངས་རྒྱས་ལ་སོགས་ པ་ཐམས་ཅད་ཀྱི་དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ལ་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་བར་གྱིས་ཤིག་རྗེས་སུ་ཡི་རང་ནས་སངས་རྒྱས་ལ་སོགས་པ་ཐམས་ཅད་ལ་མཆོད་པར་ཕུལ་ཅིག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཉིན་ རེ་ཞིང་དུས་གསུམ་དུ་བྱང་ཆུབ་ཆེན་པོར་སྔོས་ཤིག་ཁྱོད་དེ་ལྟ་བུར་ཞུགས་ན་རྒྱལ་པོའི་བྱ་བ་ཡང་མི་ཉམས་ལ་བྱང་ཆུབ་ཀྱི་ཚོགས་ཀྱང་རྫོགས་པར་འགྱུར་རོ། །ཁྱོད་བྱང་ཆུབ་ཀྱི་སེམས་དེའི་དགེ་བའི་རྩ་བས་ལན་དུ་མར་ལྷའི་ནང་དུ་སྐྱེས། ལན་དུ་མར་མིའི་ནང་དུ་སྐྱེས་ཏེ་ ཐམས་ཅད་དུ་དབང་པོ་བྱེད་པར་གྱུར་ཀྱང་ད་དུང་དགེ་བའི་རྩ་བ་དེ་ལ་དབྲི་བ་དང་གང་བར་མི་མངོན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དེ་ལན་གཅིག་སྐྱེས་པ་ཡང་སེམས་ཅན་མ་ལུས་པ་ཐམས་ཅད་བསྒྲལ་བ་དང་དགྲོལ་བ་དང། དབུགས་དབྱུང་པ་དང། མྱ་ངན་ལས་བཟླ་ བར་དམིགས་པའི་ཕྱིར། དགེ་བའི་རྩ་བ་དཔག་ཏུ་མེད་པ་གསོག་པར་འགྱུར་ན་དེ་ལྟར་ལན་མང་དུ་བྱེད་པ་ལྟ་ཅི་སྨོས་ཞེས་སོ། །ཧ་ཅང་ཐལ་བར་ཡང་མི་འགྱུར་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཙམ་གྱིས་དངོས་སུ་འབྲས་བུ་དེ་དག་འཐོབ་པ་ནི་མི་འདོད་ལ། དེའི་རྒྱུ་དང་ དམིགས་པ་ལ་སོགས་པ་ལས་སྐྱེས་པའི་ཁྱད་པར་ལས་སྐྱེས་པ་ཙམ་ཉིད་ནས་ཕན་ཡོན་དེ་དག་ཐམས་ཅད་ལ་ནུས་པ་གནས་པ་ནི་གདོན་མི་ཟ་བར་ཤེས་པར་བྱའོ། ༈ །ཚུལ་ཁྲིམས་ཀྱི་སྡོམ་པ་ནི། འཁོར་ལོས་བསྒྱུར་བ་ཁང་བཟང་ལེགས་བསྟར་ཞིང། །རྒྱན་གྱིས་ [194A]༄༅། །སྤྲས་པར་སྤྱན་དྲངས་གཞན་མིན་ལྟར། །སེམས་ཀྱི་རྒྱལ་པོའང་ཚུལ་ཁྲིམས་རྒྱན་སྤྲས་པས། །ལུས་ངག་ཡིད་གསུམ་དྲི་མ་མེད་པར་བསྐྱེད། །བྱང་ཆུབ་ཀྱི་སེམས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་དམ་པ་ཐམས་ཅད་ཚུལ་ཁྲིམས་རིན་ པོ་ཆེའི་གཞི་ལ་བརྟེན་པར་མང་དུ་གསུངས་ཤིང། འདི་ནི་ཤིན་ཏུ་འཐད་པའང་ཡིན་ཏེ་ལུས་དང་ངག་དང་ཡིད་གྱིས་སྲོག་བཅོད་པ་ལ་སོགས་པའི་ཉེས་པར་སྤྱོད་པ་ཀུན་ནས་སློང་ནུས་པའི་ཉོན་མོངས་པ་རགས་པ་ཅམ་ཡང་རྣམ་པར་མ་མནན་པའི་རྒྱུད་ལ་ནི་ཡོན་ཏན་འདི་ དག་སྐྱེ་བའི་སྐབས་མེད་པར་གསལ་བའི་ཕྱིར་རོ། །དེས་ན་སོ་སོར་ཐར་པའི་སྤེམ་པ་ཞེས་བྱ་བ་ནི་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བས་མི་དགེ་བ་བཅུ་ཚང་དང་བཅས་པ་ལས་ལྡོག་པ། བཅས་པའི་ཁ་ན་མ་ཐོ་བ་ཅི་རིགས་པ་སྤོང་བའི་འཁོར་དང་བཅས་པའི་ཚུལ་ ཁྲིམས་ཏེ། ཐ་ན་དགེ་བསྙེན་གྱིས་ཀྱང་དུག་དང་མཚོན་དང་ཆང་འཚོང་བ་ལ་སོགས་པའང་སྤང་བར་བྱ་བ་ཡིན་པས་སོ། །འྡིའང་ཐེག་པ་མཐའ་དག་གི་སྤོང་བ་ཐུན་མོང་པ། བསམ་པའི་ཁྱད་པར་གྱིས་ཉན་ཐོས་ལ་སོགས་པའི་སྡོམ་པ་སོ་སོར་བཞག་པ་ཡིན་པས་ན། གཞན་ དོན་དུ་མོས་པ་ལ་སོགས་པས་ཟིན་པའི་སྡོམ་པའི་རིགས་གང་རུང་ཞིག་མེད་པས་སྲོག་གཅོད་པ་ལ་སོགས་པས་གཞན་ལ་གནོད་པ་བྱེད་པའི་ཉེས་པར་སྤྱོད་པ་ལས་མ་ལོག་པ་ལ། སྙིང་རྗེས་རང་གི་དོན་ལ་མི་ལྟ་བར་གཞན་གཅེས་པར་འཛིན་པས་ཕན་འདོགས་པའི་སེམས་ སྐྱེ་བ་ནི་མི་སྲིད་པའི་ཕྱིར་རོ། །སྡོམ་པ་རྒྱ་ཆེན་དེ་ཡི་རྟེན་ཞེས་རྗེ་བཙུན་གྱིས་གསུངས་ལ། འགྲེལ་བར་ཡང་སེམས་དེའི་རྟེན་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ནི་རྟེན་ཏོ་ཞེས་གསུངས་པའོ། །དེས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྤྱན་དྲང་བའི་ གནས་ནི་ཁང་བཟང་བྱི་དོར་བྱས་པ་རིན་པོ་ཆེ་ལ་སོགས་པའི་རྒྱན་གྱིས་སྤྲས་པ་ལ་སོགས་པའི་ས་ཕྱོགས་བཟང་པོ་དག་ཡིན་གྱི་ལུད་དང་ལྗན་ལྗིན་ལ་སོགས་པས་ཁྱབ་པ་མ་ཡིན་པ་ལྟར། སེམས་ཀྱི་རྒྱལ་པོ་དེའང་ཚུལ་ཁྲིམས་ལ་སོགས་པའི་རྒྱན་དམ་པ་དང་ལྡན་པ་ལུས་ [194B] །དེའི་ཕྱིར་སྡོམ་པ་ལ་མ་ལྟོས་པར་སྐྱེ་བར་འདོད་པ་རྣམས་ནི་རང་དགའ་འབའ་ཞིག་གིས་སྦྱར་བའི་བླུན་ཆོས་སུ་ ཟད་དོ། ༈ །ཐེག་པ་ཆེན་པོའི་སྐྱབས་སུ་འགྲོ་བ་ནི། དེ་ཡང་བདག་ཉིད་འཇིགས་པས་བག་འཁུམས་ཤིང། །བདེ་བས་ཕོངས་ལ་གནས་འདིའི་སྐལ་མེད་པས། །འགྲོ་བའི་སྐྱབས་མཆོག་གསུམ་ལ་ལེགས་རྟོན་ཅིང། །སྐྱབས་ཀྱི་གོ་འཕང་བགྲོད་ཕྱིར་རབ་འབད་བྱ། ། འགྲོ་བའི་དོན་དུ་སངས་རྒྱས་འདོད་པ་དེའང་བདག་ཉིད་འཁོར་བའི་སྡུག་བསྔལ་དང་སྒྲིབ་པའི་འཇིགས་པ་ལས་མ་ཐར་ཅིང་ཡོན་ཏན་གྱི་དབང་ཕྱུག་དམ་པས་བདེ་བའི་གོ་འཕང་མ་ཐོབ་པས་ནི་བསྒྲུབ་པར་མི་ནུས་པས་ཚིག་ཙམ་དུ་འགྱུར་བའི་ཕྱིར། ལྷ་དང་བཅས་པའི་ འཇིག་རྟེན་མཐའ་དག་གི་སྐྱབས་ཀྱི་མཆོག་འཇིགས་པ་ཐམས་ཅད་ལས་འདས་ཤིང་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་ལ་དབང་བསྒྱུར་བ། ཐེག་པ་ཆེན་པོའི་སྐྱབས་གསུམ་པོ་ལ་བདག་གིས་བསྒྲུབ་པར་བྱ་བའི་གོ་འཕང་དེའི་རྒྱུ་དང་འབྲས་བུ་ཉིད་དུ་བློ་རབ་ཏུ་བལྟོས་ཤིང་ ཁས་ལེན་ལ་དམ་འཆའ་བ་སྟེ། ཐེག་པ་ཆེན་པོའི་ལམ་གྱི་སྟོན་པ་དང་ལམ་གྱི་རང་བཞིན་དང། ལམ་གྱི་གྲོགས་སུ་གྱུར་པའི་རྒྱུ་འདི་དག་ལ་བརྟེན་ནས། རང་གིས་ཀྱང་འབྲས་བུ་གསུམ་པོ་འདི་ལྟ་བུ་ཐོབ་པར་བྱས་ལ་གོ་འཕང་དེ་བསྒྲུབ་པར་བྱའོ་ཞེས། སྐྱབས་སུ་ འགྲོ་བའི་རྩ་བ་བརྟན་པ་ལས་སེམས་ཀྱི་མཆོག་དེ་ཡང་བརྟན་པོར་འཐོབ་པར་འགྱུར་གྱི། དེ་མེད་པར་མ་ཡིན་པའི་ཕྱིར། སྐྱབས་འགྲོ་འདི་ལ་ནན་ཏན་བྱ་སྟེ། རྗེ་བཙུན་གྱིས། འདི་ནི་དེའི་དངོས་འདོད་པས་ཁས་ལེན་དེའང་སྙིང་རྗེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་མེད། །ངེས་པར་འབྱུང་བ་ཐེག་པ་ཀུན་གྱིས་རྟོན་པའི་ཡོན་ཏན་རྟག་ཏུ་ལྡན། །བརྡའ་དང་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་མཆོག་ཡིན་ཞེས་གསུངས་པ་ལྟར། ངོ་བོ་ཉིད་དང་རྒྱུ་དང་འབྲས་བུ་དང་ལས་དང་ལྡན་པ་ [195A]༄༅། །དང་དབྱེ་བའི་དོན་དྲུག་གི་ཁྱད་པར་དང་ལྡན་པ། དེའང་བསམ་པ་དང་སྦྱོར་བ་གཉིས་ཀྱིས་རྫོགས་པའི་བྱང་ཆུབ་མཆོག་ཐོབ་བྱར་ཁས་ལེན་པའི་མཚན་ཉིད་ཅན་ཏེ། གང་ཞིག་དཀའ་བ་མང་པོས་བྱང་ཆུབ་མཆོག་དེན་གཉེར། །གང་ཞིག་སྐྱོ་ བ་མེད་པར་དཀའ་བ་ཡང་དག་སྤྱོད། །གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་མཉམ་འགྱུར། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ་ཞེས་གསུངས་པའོ། །འོ་ན་དེའང་འགྲོ་བའི་དོན་དུ་སངས་རྒྱས་འདོད་པ་ལས་མ་འདས་པའི་ཕྱིར་ན་སྨོན་པའི་སེམས་དང་ ཁྱད་པར་ཅི་ཡོད་ཅེ་ན། དེ་ནི་འདི་ལྟར་ལྟ་སྟེ། སྐྱབས་འགྲོ་འདི་ནི་སྔར་བཤད་པ་ལྟར་དང་པོར་ཐེག་པ་ཆེན་པོའི་ཆོས་མཉན་ཏེ་བསམས་ཤིང་བསྒོམས་པའམ་དགེ་བའི་བཤེས་གཉེན་གྱིས་བསྒོ་ཞིང་བསྐུལ་བ་སྔོན་དུ་བྱས་པའི་ཆོ་ག་ལ་སོགས་པ་ལས་སྙིང་རྗེས་འགྲོ་བའི་དོན་དུ་ སངས་རྒྱས་ཉིད་འདོད་པས་བསམ་པ་དང་སྦྱོར་བའི་སྒོ་ནས་ཐོབ་བྱར་ཁས་ལེན་པའི་བློ་རྐྱང་པ་འབྱུང་བ་ཡིན་ལ། སྨོན་པའི་སེམས་ནི་དེའི་འོག་ཏུ་སྡོམ་པ་འགའ་ཞིག་སྔར་མེད་ནའང་ཡང་དག་པར་བླང་བ་ལ་སོགས་པའི་རྒྱུ་གཞན་ལའང་བལྟོས་ནས། སྔར་གྱི་བསམ་པ་དེ་ དམ་འཆའ་བའི་ལྕགས་ཀྱུ་ཁས་ལེན་གྱི་ཤེས་པ་གཉིས་པ་ཞིག་གིས་འདི་སྙིང་པོ་བྱང་ཆུབ་ཀྱི་མཐར་ཐུག་པར་སྐད་ཅིག་ཀྱང་ཡལ་བར་མི་འདོར་བར་བསྐྱེད་པར་བྱའོ་ཞེས་རྒྱུད་ལ་བརྟན་པར་བཅིངས་ཤིང་དབང་དུ་བྱས་པའི་གནས་སྐབས་ཕྱི་མ་ཐོབ་པའི་ཁྱད་པར་ཅན་གྱི་ བསམ་པ་རིན་པོ་ཆེ་བསྐྱེད་པའོ། །དེས་ན་དབུས་མཐའ་ལས། སེམས་བསྐྱེད་བའི་རྒྱུ་ནི་ངོ་བོ་སྐྱེ་བའི་བྱེད་རྒྱུ་མ་ཡིན་གྱི། ལུས་གྲུབ་ཟིན་པ་ལ་ས་ལ་སོགས་པ་ལྟར་ཡང་དག་པར་འཛིན་པའི་བྱེད་རྒྱུར་གསལ་བར་གསུངས་སོ། །དེ་ནས་སྔར་གྱི་སྦྱོར་བ་དེ་དམ་འཆའ་ བའི་ཤེས་པས་བརྟན་པར་བཟུང་བའི་གནས་སྐབས་ཐོབ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པའམ་སྤྱོད་པ་སྟེ། དེ་འཛིན་པ་ནི་སྡོམ་པ་བླང་བའི་ཆོ་ག་ལས་འཆད་པར་འགྱུར་བས་ཧ་ཅང་སྤྲོས་པས་ཆོག་གོ་སྐྱབས་འགྲོ་དེའང་འཇམ་དཔལ་རྣམ་པར་རོལ་པ་ལས། ། [195B] །མཛའ་བཤེས་རྩ་ལག་རྣམས་ཀྱང་ཡིན། །དེ་དག་གིས་ནི་ཁྱོད་བོར་ནས། །ཇི་ལྟར་འདོད་པ་བཞིན་དུ་འགྲོ། །འཇིགས་འགྱུར་འཇིགས་པ་སེལ་མཛད་ཅིང། །སྐྱབས་མེད་སྐྱོབ་པའི་སངས་རྒྱས་དང། །ཆོས་དང་ཚོགས་མཆོག་དགེ་འདུན་ལ། ། དེ་རིང་སྐྱབས་སུ་འགྲོ་བར་གྱིས། །ལྷ་དང་དྲི་ཟ་མི་རྣམས་ལས། །གང་དག་དེ་ལ་སྐྱབས་སོང་བ། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །བདེ་བ་རྙེད་པ་དཀའ་བ་མེད་ཅེས་སོ། །མ་དྲོས་པས་ཞུས་པ་ལས་ཀྱང། ཟང་ཞིང་མེད་པའི་སེམས་ཀྱིས་སྐྱབས་སུ་སོང་བ་གང་ ཞེ་ན། ཆོས་ཐམས་ཅད་བདག་མེད་པར་ཤེས་ནས་གཟུགས་སུ་མ་ཡིན། མཚན་མ་མ་ཡིན་ཆོས་སུ་མ་ཡིན་པར། སངས་རྒྱས་ཡང་དག་པར་མཐོང་བ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བའོ། །སངས་རྒྱས་ཀྱི་ཆོས་ཉིད་ནི་ཆོས་ཀྱི་དབྱིངས་སོ། །དེ་ནི་ཐམས་ཅད་ཀྱི་ རྗེས་སུ་སོང་བ་སྟེ། དེ་ལྟར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་སོང་བར་མཐོང་བ་ནི། ཆོས་ལ་སྐྱབས་སུ་སོང་བའོ། །ཆོས་ཀྱི་དབྱིངས་འདུས་མ་བྱས་བསྒོམ་ཞིང། ཉན་ཐོས་རྣམས་ལ་འདུས་མ་བྱས་སྟོན་ལ། འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པར་མཐོང་ བ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་དགེ་འདུན་ལ་སྐྱབས་སུ་སོང་བའོ་ཞེས་སོ། ༈ །སེམས་སྦྱང་བ་སྟོན་པ་ན་ཚད་མེད་པའི་གཞི་ནི། ཐོག་མེད་འཁོར་བར་འགྲོ་ཀུན་བདག་གི་མར། །གྱུར་ནས་དཀའ་བ་མང་པོས་བསྐྱངས་པ་ཡང། །གྲངས་ལས་འདས་པའི་དྲིན་བསམས་ བྱས་གཟོ་བས། །གཅེས་ཤིང་ཡིད་འོང་མཉེས་གཤིན་མང་དུ་བསྒོམ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པས། འཁོར་བ་ཐོག་མ་མེད་པ་ནས་སེམས་ཅན་རེ་རེས་བདག་གི་མ་བྱས་ཤིང་དེའི་ལྟོར་ ཉལ་བ་ལ་སོགས་པ་དཀའ་བ་དང་སྡུག་བསྔལ་ཤིན་ཏུ་མང་པོས་རང་གི་བདེ་སྡུག་ཁྱད་དུ་བསད་ནས་བདག་བསྐྱངས་ཤིང། ཕན་པ་དཔག་ཏུ་མེད་པས་ཕན་བཏགས་པའང་གྲངས་ཀྱིས་མི་ཆོད་པས་ན། ཐ་ན་ནུ་ཞོ་ཉི་ཚེ་འཐུངས་པ་དང་སྨྲ་བ་ཉི་ཚེ་བསླབས་པ་ལ་སོགས་པ་ [196A]༄༅། །ནུ་ཞོའི་མིའི་གནས་སྐབས་གཅིག་ཙམ་གྱི་དྲིན་ཡང་འཁོར་བར་དཀའ་བར་བསམས་ལ། སེམས་ཅན་ཐམས་ཅད་ལ་ཕན་བཏགས་པའི་དྲིན་དེ་ལྟ་བུ་ལ་བྱས་པ་ཤེས་ཤིང་གཟོ་བ་ལས་བྱུང་བའི་གཅེས་ཤིང་ཡིད་དུ་འོང་བ་དང་སྡུག་པར་འཛིན་ པའི་བློ་ཡང་ནས་ཡང་དུ་བསྟེན་ཅིང་བསྒོམ་པ་མང་དུ་བྱ་བའོ། ༈ །དེ་ལས་བྱུང་བ་ཚད་མེད་པའི་ངོ་བོ་དང་གཙོ་བོ་དང་བྱེད་པ་གསུམ་བསྡུས་པ་ན། དེ་ལས་ཚད་མེད་བཞི་ཡི་བརྩར་ལྡན་པས། །གཙོ་ཆེར་བྱམས་དང་སྙིང་རྗེ་རབ་བརྟན་སྦྱང། །འདི་ཉིད་བདེ་མཆོག་ཚད་མེད་ འབྱུང་གནས་ཏེ། །དེ་ལ་ལྷག་བསམ་དམ་པས་འགྲོ་ལ་ལྟ། །ངོ་བོ་ནི་དེ་ལྟར་གོམས་པ་ལས་མ་དྲིན་ཅན་རྣམས་ལ་ལན་དུ་ཕན་པ་དང་བདེ་བ་དང་ཕྲད་པར་འདོད་པ་ནི་བྱམས་པའོ། །དེ་ལྟར་འདོད་ཀྱང་མ་རྣམས་སྡུག་བསྔལ་རྒྱུ་དང་བཅས་པས་ཡོངས་སུ་གདུངས་པར་ཤེས་ ནས་དེ་དང་བྲལ་བར་འདོད་པ་ནི་སྙིང་རྗེའོ། །བདེ་བ་ཐོབ་པ་དང་སྡུག་བསྔལ་དང་བྲལ་བས་སེམས་ཚིམ་ཞིང་ཡི་རངས་པ་ནི་དགའ་བའོ། །དེ་དག་ཕྲད་པ་དང་བྲལ་བའི་ཡུལ་བདེ་སྡུག་ལ་སོགས་པ་ལ་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་མེད་པས་གཏན་དུ་བདེ་ཞིང་ སྡུག་བསྔལ་དང་བྲལ་བར་འདོད་པ་ནི་བཏང་སྙོམས་སོ། །སྔ་མ་གསུམ་ནི་བདེ་བའི་བསམ་པ་ཡིན་ལ། ཐ་མ་ནི་ཕན་པའི་བསམ་པ་སྟེ་ཐམས་ཅད་ཀྱང་བརྩེ་བའི་བསམ་པ་ཡིན་པས་ན། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་ འབྲལ་བ་ཡི་དགོངས་པ་ཅན། ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་བསྟོད་པའང་གསུངས་པའོ། །འདི་སེམས་བསྐྱེད་པའི་རྒྱུ་ཡིན་པར་ནི་འདས་ཆེན་ལས། ཚད་མེད་པ་བཞིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་འགྱུར་གྱི་སྤྱོད་པ་གཞན་གྱིས་ནི་མ་ཡིན་ནོ། །ཚད་ མེད་པ་བཞི་ལས་ནི་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ་རིམ་གྱིས་འཇིག་རྟེན་ལས་འདས་པའང་འཐོབ་བོ་ཞེས་སོ། །དེ་ལ་རྩོད་པ་སྤང་བའང་གསུངས་ཏེ། གལ་ཏེ་ཕན་བདེ་འདོད་པ་ཙམ་གྱིས་དེ་མི་འཐོབ་པས་ཚིག་ཙམ་དུ་མི་འགྱུར་རམ། ཐོབ་ན་ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་ [196B] དེས་ན་དགེ་སློང་མི་སྡུག་པ་བསྒོམ་པ་གོས་ལ་ལྤགས་པ་དང། ཟན་ལ་སྲིན་བུ་དང། སྲན་ཚོད་ལ་རྣག་དང་ཞོ་ལ་ཀླད་པ་དང་ཕྱེ་ལ་རུས་ཕྱེར་འདུ་ཤེས་ཀྱང་དེ་དག་ཡང་དག་པ་མ་ཡིན་པ་ལྟར། དེས་ ཕན་པ་དང་བདེ་བར་མི་འགྱུར་རོ་སྙམ་ན་འདི་ནི་བརྫུན་པ་མ་ཡིན་ཏེ། ཇི་ལྟར་མངོན་ཤེས་ལྡན་པ་ཡི། །དྲང་སྲོང་ས་ཆེན་གང་བ་ལ། །དབང་ལྡན་རྒྱལ་པོས་གླང་ཆེན་སོགས། །ལོངས་སྤྱོད་ཀུན་བསྟོབ་བསོད་ནམས་ཀྱིས། །བྱམས་པ་བསྒོམས་པའི་དགེ་བ་ཡི། །བཅུ་དྲུག་ ཆར་ཡང་མི་ཕོད་དོ། །ཞེས་བྱ་བ་ལ་སོགས་པ་ལྟར་རོ་ཞེས་སོ། །གཞན་ཡང་སེམས་མ་བསྲུང་ན་ལུས་ངག་ཀྱང་བསྲུང་བར་མི་འགྱུར་ལ། སེམས་བསྲུང་ན་ལུས་ངག་ཀྱང་བསྲུང་བར་འགྱུར་རོ། །ལུས་ངག་མ་བསྲུང་ན་ནི་ངན་སོང་དུ་ལྟུང་ལ་བསྲུང་ན་ནི་བདེ་འགྲོ་དང་ ཐར་པ་འཐོབ་བོ་ཞེས་གསུངས་ཏེ། དེས་ན་རྩ་བ་སེམས་ཉིད་མཐུ་ཆེ་བས་ཚིག་ཙམ་དུ་མི་འགྱུར་པར་དགོངས་པའོ། །ཡང་བྱང་ཆུབ་ཀྱི་སེམས་ནི་དངོས་པོ་བཞི་ལ་བརྟེན་ཏེ་ཚད་མེད་པ་བཞིའོ། །དེས་བྱང་ཆུབ་ཀྱི་སེམས་འཐོབ་པས་རྩེ་གཅིག་པས་བརྟེན་ཏོ་ཞེས་སོ། །དེ་ ལས་ཀྱང་གཙོ་བོ་ནི་བྱམས་པའི་བརླན་ལས་འབྱུང་བའི་སྙིང་རྗེ་སྟེ། ཁྱི་ལ་དབྱུག་པ་བསྣུན་པས་དགེ་ཚུལ་ཡང་བརྒྱལ་བ་ལ་སོགས་པ་ལྟར། གཞན་གཅེས་པར་འཛིན་པས་དེའི་སྡུག་བསྔལ་མི་བཟོད་པ་ལས་ནི་དེ་དག་བསྐྱབ་པའི་ཕྱིར་སངས་རྒྱས་འདོད་ཆེས་པས་བྱང་ ཆུབ་ཀྱི་སེམས་བདེ་བླག་ཏུ་སྐྱེ་བས་སོ། །དེས་ན་རྣམ་སྣང་མངོན་པར་བྱང་ཆུབ་པ་ལས་ཐམས་ཅད་མཁྱེན་པ་ནི་སྙིང་བརྩེའི་རྩ་བ་ཅན་བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བར་གསུངས་ལ། རྗེ་བཙུན་གྱིས་ཀྱང། དེའི་རྩ་བ་སྙིང་རྗེར་འདོད་ཅེས་སོ། །གཞན་ལས་ཀྱང་བདག་ གི་སྡུག་བསྔལ་ཆེན་པོས་ཀྱང། །སྙིང་རྗེའི་བདག་ཉིད་བརྟན་པ་གསལ། །གཞན་གྱི་སྡུག་བསྔལ་ཆུང་ངུས་ཀྱང། །འདར་བར་ །བྱེད་པའམ་ཆེ་བ་ནི་ཉི་མའི་སྙིང་པོ་ལས་སུ་ཞིག་དམིགས་པ་མེད་པའི་ཚད་མེད་པ་བསྒོམ་པ་དེ་ལ་བདུད་བྱེ་ [197A]༄༅། །བས་ཀྱང་མཐོ་བཙམས་པའམ་བར་ཆད་བྱེད་ནུས་པ་ནི་གནས་མེད་དོ་ཞེས་ཏེ་ཚད་མེད་ཐམས་ཅད་ལའང་དེ་ལྟར་དགོངས་པའོ། །སྤྲིན་ཆེན་པོ་ལས་ཀྱང་བྱམས་པ་ལ་གནས་ན་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས་སོ། །ཕ་རོལ་གྱིས་ དམག་ཚོགས་ཀྱིས་ཟིལ་གྱིས་མི་ནོན་ཏོ། །བདེ་བར་གཉིད་ལོག་ཅིང་བདེ་བར་སད་པར་འགྱུར་རོ། །རང་གི་བསོད་ནམས་ཀྱིས་བསྲུང་བར་འགྱུར་རོ། །བསོད་ནམས་ཆེན་པོའི་གཟི་བརྗིད་ཀྱིས་བརྗིད་པར་འགྱུར་རོ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས་བརྫི་བ་མེད་དོ། ། མཛེས་ཤིང་མཐོང་ན་དགའ་ལ། འགྲོ་བ་ཐམས་ཅད་དུ་ཐགས་ཐོགས་མེད་དོ། །སྡུག་བསྔལ་ཐམས་ཅད་རྒྱུན་ཆད་དོ། །རབ་ཏུ་དགའ་ཞིང་བདེ་བ་དང་ལྡན་པར་འགྱུར་རོ། །མིའི་ཆོས་བླ་མ་རྟོགས་པར་འགྱུར་རོ། །ཤི་འཕོས་ན་ཡང་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེས་ན་ བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་གནས་པར་བྱའོ། །ཞེས་སོ། །གཞན་ཡང་སྙིང་རྗེ་ལས་སེམས་ཅན་ལ་སྙིང་ཐག་པ་ནས་བདེ་བ་སྟོབ་ཅིང་སྡུག་བསྔལ་སེལ་བས་ཕན་འདོགས་པའི་ལྷག་པའི་བསམ་པ་བསྐྱེད་ལ། དེ་ལས་ནི་དངོས་སུ་བྱང་ཆུབ་ཀྱི་ སེམས་སྐྱེ་བས་ན། བཞི་པོ་བསྒྲུབ་པ་ལས་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པའི་སེམས་བསྐྱེད་པ་ནི་བཞི་སྟེ། སེམས་ཅན་དཔག་ཏུ་མེད་པ་ཡོངས་སུ་བསྡུ་བའི་ཕྱིར་དང། སེམས་ཅན་དཔག་ཏུ་མེད་པ་སྨིན་པར་བྱ་བའི་ཕྱིར་དང། དགེ་བའི་རྩ་བ་དཔག་ཏུ་ མེད་པ་བསགས་པའི་ཕྱིར་དང། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སེམས་བསྐྱེད་པར་བྱའོ་ཞེས་སོ། ༈ །དེ་ལྟར་སེམས་བསྐྱེད་པའི་རྒྱུ་བཤད་ནས་མཚན་ཉིད་རྣམ་པ་ལྔ་ལས། ངོ་བོ་ཉིད་ཀྱི་མཚན་ཉིད་ནི། ཆོས་རྣམས་མཁའ་ དང་རྨི་ལམ་འདྲར་རྟོགས་ནས། །འགྲོ་ཀུན་འཁྲུལ་པས་སྡུག་བསྔལ་རྒྱར་ཆུད་པ། །ཀུན་ཏུ་བསྒྲལ་ཕྱིར་རྫོགས་པའི་སངས་རྒྱས་ཉིད། །རབ་ཏུ་དོན་གཉེར་བྱང་ཆུབ་སེམས་སུ་བརྗོད། །ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་དོན་དམ་པར་སྤྲོས་པའི་ཚོགས་ [197B] འཁྲུལ་པའི་ངོ་བོ་ཀུན་རྫོབ་པ་རྨི་ལམ་ལྟ་བུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས། འགྲོ་བ་རྣམས་ཀུན་ནས་ཉོན་མོངས་པ་གསུམ་གྱི་འཁོར་ལོ་ཆེན་པོས་ཟོ་བའི་ཆུ་སྐོར་ལྟར་ཁམས་གསུམ་གྱི་མཐོ་དམན་སྣ་ཚོགས་སུ་ ཀུན་ཏུ་འཁོར་ཞིང་འགྲོ་བ་རྒྱུད་ལྔར་སྡུག་བསྔལ་འབའ་ཞིག་གིས་རབ་ཏུ་མནར་བ་སྟེ། དེ་རྣམས་ཀྱང་བདག་གི་མ་ལ་སོགས་པར་གྱུར་ནས་དཀའ་བ་མང་པོས་ཕན་འདོགས་པ་ཤ་སྟག་ཡིན་པར་ཤེས་ནས། སྙིང་རྗེས་དེ་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་མི་བཟོད་ པས་དེ་རྣམས་ཀུན་ཏུ་བསྒྲལ་བར་འདོད་ལ། དེའང་བདག་གི་སྤྱོད་ཡུལ་ལས་ཐག་རིང་སྟེ། དེ་ཐམས་ཅད་པས་འགའ་ཞིག་ཙམ་མམ་དེ་བས་ནི་རང་གི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གཅིག་ཙམ་བསལ་བ་ལ་དབང་བར་ཡང་མ་གྱུར་པས། དེ་ལྟ་བུ་ལ་དབང་བའི་གོ་ འཕང་བཙལ་དགོས་ན་འཇིག་རྟེན་པའི་ཆོས་སམ་ཟག་བཅས་ཀྱི་བདེ་བ་གོང་མ་དག་གམ། རང་ཉིད་ཞི་བའི་འབྲས་བུ་རྣམས་ནི་ཐོབ་ཀྱང་དེ་ལ་དབང་བ་མ་ཡིན་པས་ན། ད་འགྲོ་བ་སྐལ་ལྡན་ཐམས་ཅད་ཀྱི་དོན་མཛད་པ་ལ་སངས་རྒྱས་ཐམས་ཅད་ནི་ཡེ་ཤེས་སྒྲིབ་མེད་དང་ཐུགས་ རྗེ་བཤོལ་མེད་དང་མཐུ་ཐོགས་མེད་དུ་མཚུངས་ཤིང་འདྲེས་པ་ཡིན་པས་ན། བདག་གིས་ཀྱང་སངས་རྒྱས་ཐོབ་པར་བྱས་ལ། འཇིག་རྟེན་ལོང་བ་འདྲེན་པ་མེད་པ་རྣམས་ཀྱི་འདྲེན་པ་དང་མགོན་དང་སྐྱབས་བྱའོ་ཞེས། འགྲོ་བའི་དོན་དུ་སངས་རྒྱས་ཉིད་དོན་དུ་གཉེར་བའི་རྣམ་པ་ཅན་ གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དོ། །འདི་ནི་སེམས་དང་སེམས་ལས་བྱུང་བ་མང་པོའི་ཚོགས་པ་ཡིན་པས་ན་བདག་ཉིད་ཆེན་པོ་དག་གིས་གཙོ་བོའི་ཆ་ལ་དགོངས་ནས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་དོན་ ཁྱད་པར་ཅན་དོན་དུ་གཉེར་བའི་འདུན་པ་དང། སེམས་ཡུལ་ཁྱད་པར་དུ་འཕགས་པ་སྣང་བ་ཅན་ཞེས་རྫོགས་པའི་བྱང་ཆུབ་ཐོབ་བྱར་འཛིན་པའི་སེམས་དང། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་ [198A]༄༅། །སེམས་འབྱུང་བ། །ཞེས་ཡོན་ཏན་གསུམ་དང་ལྡན་པ་དམིགས་པ་གཉིས་ལ་འཇུག་པའི་ཁྱད་པར་ཅན་གྱི་སེམས་པ་དང། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་ཆོས་ཀྱི་དབྱིངས་དང་སེམས་ཅན་ལ་ལྟ་བ་དང། བྱམས་པ་དང་སྙིང་རྗེ་དང། ཤེས་ རབ་ཆེན་པོས་བརྒྱན་པ་ཡི། སངས་རྒྱས་ས་བོན་བྱང་ཆུབ་སེམས་ཞེས་ཀྱང་གསུངས་པའོ། །གཙོ་བོའི་ཆ་སྟོན་པ་ནི་རིགས་པ་སྟེ། གང་ཚེ་སྐྱེས་བུ་དགེ་ཡིད་ཀྱིས། །རང་གི་རྫས་དག་སྦྱིན་བྱེད་པ། །དེ་ཚེ་དགེ་བའི་ཕུང་པོ་རྣམས། །སྦྱིན་པ་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་ པ་ལྟར་རོ། ༈ །མཚུངས་ལྡན་གྱི་མཚན་ཉིད་ནི། དང་པོའི་སྨོན་ལམ་བཞི་དང་མཚུངས་ལྡན་ཏེ། །སྡུག་བསྔལ་ཉེར་ལེན་བཅས་བཅིངས་རབ་དགྲོལ་དང། །མ་རིག་དཔྱིས་འཕྱིན་ང་རྒྱལ་དྲུངས་ནས་དབྱུང། །འཁོར་བར་རྣམ་འཁོར་ཟློག་ཕྱིར་ཆོས་བསྟན་འདོད། །རྒྱ་ཆེར་རོལ་ པ་ལས། རང་བྱུང་ཐམས་ཅད་མཁྱེན་པ་འདོད་པའི་དང་པོའི་སྨོན་ལམ་བཞི་སྟེ། སེམས་ཅན་སྡུག་བསྔལ་དང་ལྡན་པ་མཐོང་ནས་ཀྱེ་མ་ངས་འཇིག་རྟེན་གནས་པ་བཅིང་བས་བཅིངས་ཏེ། འཁོར་བའི་བཙོན་རར་འཇུག་པ་ལ་བཅིང་བ་དྲལ་ཏེ་དགྲོལ་བའི་སྒྲ་བསྒྲག་གོ་ སྲེད་པའི་ཞགས་པ་དང་སྒྲོག་དམ་པོས་བཅིངས་པའང་དགྲོལ་ལོ་ཞེས་བྱ་བ་དང། ཀྱེ་མ་ངས་མ་རིག་པའི་མུན་པ་ཆེན་པོར་ཞུགས་པ་མི་ཤེས་པའི་རབ་རིབ་དང་ལིང་ཏོག་གིས་མིག་བསྒྲིབས་པ། ཤེས་རབ་ཀྱི་མིག་དང་བྲལ་བ། གཏི་མུག་གིས་ལྡོངས་པ་ལ་ཆོས་ཀྱི་སྣང་བ་ ཆེན་པོ་བྱ་ཞིང་ཡེ་ཤེས་སྒྲོན་མ་བསྒྲུབས་ལ། རྣམ་པར་ཐར་པའི་སྒོ་གསུམ་ཤེས་པའི་རིལ་བུ་དང་སྨན་ཐབས་དང་ཤེས་རབ་དང་ཡེ་ཤེས་དང་ལྡན་པ་བཏང་སྟེ། མུན་པ་ལ་སོགས་པ་ཐམས་ཅད་བསལ་ནས་ཤེས་རབ་ཀྱི་མིག་སྦྱང་ངོ་ཞེས་བྱ་བ་དང། ཀྱེ་མ་ངས་འཇིག་རྟེན་ང་ རྒྱལ་གྱི་རྒྱལ་མཚན་བསྒྲེང་བ། ང་དང་ང་ཡིར་འཛིན་པ་ལ་མངོན་པར་ཞེན་པའི་ཡིད་ཅན། འདུ་ཤེས་དང་ལྟ་བ་དང་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ། བཟུང་བ་ངན་པས་ཟིན་པ་ལ་འཕགས་པའི་ལམ་བསྟན་ཏེ་ང་རྒྱལ་གྱི་རྒྱལ་མཚན་བསྙལ་ལོ་ཞེས་བྱ་བ་དང། ཀྱེ་མ་ངས་ [198B] འཇིག་རྟེན་འདི་དང་ཕ་རོལ་ཏུ་སོང་ཞིང་འགྲོ་བ་ཀུན་ཏུ་བརྒྱུག་ཅིང་འཁོར་བ་ལས་མི་ལྡོག་པ་འགལ་མེ་འཁོར་བ་ལྟ་བུ་རྣམས་ལ། ཉེ་བར་ཞི་བར་བྱེད་པའི་ཤེས་རབ་ཀྱིས་ཆོག་པར་བྱེད་པའི་ཆོས་ བསྟན་པར་བྱའོ་ཞེས་བྱ་བ་སྨོན་ལམ་གྱི་ཚིག་བཞི་མངོན་དུ་བྱ་བར་གསུངས་པའོ། ༈ །བྱེད་པའི་ལས་ཀྱི་མཚན་ཉིད་ནི། མངོན་འཕགས་བཞི་དང་སྙིང་པོ་མི་ཕྱེད་བཞི། །བསྙེན་དཀའ་བཞི་དང་བླ་ན་མེད་ཆོས་བཞི། །ཕན་བརྩེ་བརྩེ་ཆེན་བྱམས་དང་རྣམ་དག་དང། །དྲི་མེད་ འོད་གསལ་སྒྱུ་མ་དངོས་བྲལ་བརྟན། །ཇི་སྐད་སྨྲས་བཞིན་བྱེད་དང་འགྲོ་ཀུན་སྒྲོལ། །སྟོན་པ་མཆོད་ཅིང་སེམས་ཅན་ཐར་བྱ་དང། །དམ་ཆོས་ཡོངས་འཛིན་སངས་རྒྱས་ཚུལ་རྒྱུན་གནས། །བྱ་བ་སུམ་ཅུ་གཉིས་ཀྱིས་དོན་ཀུན་སྒྲུབ། །ལས་ནི་བྱ་བ་སུམ་ཅུ་རྩ་གཉིས་ཀྱིས་རང་དང་ གཞན་གྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པའོ། །བཞི་པ་བསྒྲུབ་པ་ལས་སེམས་བསྐྱེད་པ་མངོན་པར་འཕགས་པ་ནི་བཞི་སྟེ། ཚུལ་ཁྲིམས་དང་ཐོས་པ་དང་བྱམས་པ་དང་སྙིང་རྗེ་ཆེན་པོས་མངོན་པར་འཕགས་པའོ། །སེམས་བསྐྱེད་པ་བརྟན་པ་མི་ཕྱེད་པ། སྙིང་པོ་དང་ལྡན་པ་ རྡོ་རྗེ་ལྟ་བུ་བཞི་སྟེ། བསམ་པ་ལས་མི་ཕྱེད་པ་དང། མཛའ་བ་ལས་དང། ནན་ཏན་ལས་དང། ཐེག་པ་ཆེན་པོ་ལས་མི་ཕྱེད་པའོ། །སེམས་བསྐྱེད་པ་བསྙེན་པར་དཀའ་བ་བཞི་སྟེ། ཉོན་མོངས་པ་དང་མ་འདྲེས་པ་དང། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དང་མ་འདྲེས་ པ་དང། ཐེག་པ་དམན་པ་དང་མ་འདྲེས་པ་དང། སྐྱེ་བོ་སེམས་ནི་མི་བསྲུངས་པ་ཐམས་ཅད་དང་མ་འདྲེས་པའོ། །སེམས་བསྐྱེད་པ་བླ་ན་མེད་པ་བཞི་སྟེ། ཕངས་པའི་དངོས་པོ་ཐམས་ཅད་གཏོང་བའི་སེམས་དང། དེ་ལ་འགྱོད་པ་མེད་པའི་སེམས་དང། རྣམ་སྨིན་ལ་མི་རེ་ བའི་སེམས་དང། ཡོངས་སུ་བསྔོ་བའི་སེམས་སོ་ཞེས་སོ། །བདེན་སྨྲའི་ལེའུ་ལས་ཀྱང། བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་ཐམས་ཅད་བདེ་བར་བྱ་བའི་ཕྱིར་ཕན་པའི་སེམས་སོ། །སྡིག་པ་ཐམས་ཅད་མི་བྱེད་པས་སྙིང་རྗེའི་སེམས་སོ། །སེམས་ཅན་ཐམས་ཅད་ཀྱིས་ཁུར་ [199A]༄༅། །བཀུར་བའི་ཕྱིར་སྙིང་རྗེ་ཆེན་པོའི་སེམས་སོ། །ངན་འགྲོ་ཐམས་ཅད་སིམ་པར་བྱེད་པའི་ཕྱིར་བྱམས་པའི་སེམས་སོ། །ཐེག་པ་གཞན་ལ་འདོད་པ་མེད་པས་དག་པའི་སེམས་སོ། །ཉོན་མོངས་པའི་རྙོག་པ་སེལ་བས་ཉོན་མོངས་པ་མེད་པའི་སེམས་ སོ༑ ༑རང་བཞིན་གྱིས་འོད་གསལ་བས་འོད་གསལ་བའི་སེམས་སོ། །རྫས་མེད་པས་སྒྱུ་མའི་སེམས་སོ། །དངོས་པོ་དང་བྲལ་བས་དངོས་པོ་མེད་པའི་སེམས་སོ། །མི་བསྒུལ་བས་བརྟན་པའི་སེམས་སོ། །ཆོས་ཐམས་ཅད་ངེས་པར་རྟོགས་པས་ཕྱིར་མི་ལྡོག་པའི་སེམས་ སོ༑ ༑ཇི་སྐད་སྨྲས་པ་བཞིན་བྱེད་པའི་ཕྱིར་སེམས་ཅན་ཐམས་ཅད་སྒྲོལ་བའི་སེམས་ཏེ་མཚན་ཉིད་བཅུ་གཉིས་དང་ལྡན་པའོ་ཞེས་སོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས་ནི་སངས་རྒྱས་མཆོད་པ་དང། སེམས་ཅན་གྱི་སྡུག་བསྔལ་ཞི་བ་དང། དམ་པའི་ཆོས་ཡོངས་ སུ་བཟུང་བ་དང། སངས་རྒྱས་ཀྱི་ཚུལ་རྒྱུན་མི་ཆད་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །ཞེས་སོ། ༈ །དེ་ཁོ་ནའི་མཚན་ཉིད་དངོས་ནི། བྱང་ཆུབ་ཉིད་ནི་བརྗོད་སོགས་ཀུན་འདས་ཤིང། །སེམས་ཀྱང་དེ་ལས་གུད་ན་མི་དམིགས་ཏེ། །འདི་དག་ཕན་ཚུན་རང་ བཞིན་དབེན་པ་ལྟར། །ཆོས་ཀུན་ངེས་རྟོགས་བྱང་ཆུབ་སེམས་དཔར་བརྗོད། །བྱང་ཆུབ་དུས་གསུམ་ལས་འདས་སེམས་དེ་བཞིན། །ཆོས་ཀུན་དབེན་རྟོགས་བྱང་ཆུབ་སེམས་ཞེས་བྱ། །གསེར་འོད་དམ་པ་ལས། བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞེས་བྱ་བ་ནི། བྱང་ཆུབ་ ལ་སེམས་སམ་སེམས་དཔའ་མ་དམིགས་དམིགས་པར་མི་འགྱུར། བྱང་ཆུབ་ལས་གུད་ནའང་བྱང་ཆུབ་ཀྱི་སེམས་མི་དམིགས་ཏེ། བྱང་ཆུབ་ནི་བརྗོད་དུ་མེད་ལ། སེམས་ནི་གཟུགས་མེད་བསྟན་དུ་མེད། ཐོགས་པ་མེད། རྣམ་རིག་མེད་སེམས་པར་ཡང་མི་དམིགས་ན་ དོན་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། བྱང་ཆུབ་ནི་བྲྡའམ་ཐ་སྙད་དམ་གདགས་པར་མི་དམིགས་ཤིང། བྱང་ཆུབ་ལས་གུད་ན་བྱང་ཆུབ་ཀྱི་སེམས་མི་དམིགས་ཏེ། བྱང་ཆུབ་ནི་བརྗོད་དུ་མེད་ལ། སེམས་ནི་གཟུགས་མེད་བསྟན་དུ་མེད་ཐོགས་པ་མེད་རྣམ་རིག་མེད་ [199B] །དེ་ཅིའི་ཕྱིར་ཞེ་ན། སེམས་དང་བྱང་ཆུབ་ཕན་ཚུན་ཇི་ལྟ་བར་བརྗོད་དུ་མེད། དེ་གཉིས་ཇི་ལྟ་བར་སེམས་དཔའ་རྣམས་ཀྱང་དེ་བཞིན། སེམས་དཔའ་ཇི་ལྟ་བར་དུས་གསུམ་གྱི་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ ཆེན་པོ་བྱང་ཆུབ་སེམས་དཔའི་མིང་འཐོབ་བོ། །ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །བྱང་ཆུབ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་མ་ཡིན་པ་སྟེ། སེམས་ཀྱང་དེ་བཞིན་པས་འདི་ལ་ཆོས་ཇིའང་མི་རྙེད་དོ་ཞེས་སོ། ༈ །དེའི་བྱེད་ པ་ནི། མངོན་ཞེན་ལས་གྲོལ་རང་བཞིན་སེམས་ཀྱིས་ནི། །སེམས་ཅན་བདག་མེད་ཡ་མ་བརླར་ཤེས་ནས། །འགྲོ་ཀུན་བྱང་ཆུབ་ཆེན་པོར་ཡོངས་འདྲེན་པའི། །ཐབས་དང་ཤེས་རབ་གཉིས་མེད་བྱང་ཆུབ་སེམས། །ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ལས། གང་ཚེ་སེམས་ནི་ ཆགས་མེད་པས། །བླ་མེད་བྱང་ཆུབ་སེམས་ཡིན་ཏེ། །སེམས་ཀྱི་རང་བཞིན་མངོན་སུམ་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །སེམས་རྣམས་བསྐྱེད་པ་ཐམས་ཅད་ནི། །བྱང་ཆུབ་ཏུ་ནི་ཡོངས་བསྔོ་ཞིང། །བྱང་ཆུབ་སེམས་ལ་རབ་བརྟས་པ། །དེ་ནི་ཐབས་ཀྱི་མཚན་ཉིད་དོ། །སེམས་ སོགས་ཐམས་ཅད་བདག་མེད་ཅིང། །མི་བདེན་ཡ་མ་བརླ་གསོག་ཏུ། །གང་ཚེ་ཤེས་པས་ཤེས་བྱེད་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །གང་ཕྱིར་སེམས་ཅན་ཐམས་ཅད་དག་བྱང་ཆུབ་ཕྱིར་ནི་སྨིན་བྱེད་ཅིང། །བསམ་པ་ཐག་པས་སྡུད་བྱེད་པ། །དེ་ནི་ཐབས་ཀྱི་མཚན་ཉིད་དོ།། ཞེས་སོ། ༈ །མཚན་ཉིད་ཀྱི་དོན་བསྡུ་བ་ནི། ཡང་དག་སྨོན་ལམ་ཀུན་སྡུད་དང་པོ་སྟེ། །བདག་གཞན་དོན་བསྒྲུབ་ཚུལ་གྱི་བྱང་ཆུབ་དང། །སེམས་ཅན་ལ་དམིགས་དགེ་མཆོག་དྲི་མེད་ལྡན། །ཕུལ་བྱུང་སྨོན་ལམ་ཐེག་ཆེན་ལ་འཇུག་པ། །བྱང་ཆུབ་ཆེན་པོའི་རྩ་བ་སྙིང་རྗེས་ བརྟན། །རྒྱལ་སྲས་ལམ་ཚོགས་ཀུན་ལ་སྦྱོར་བྱེད་པའི། །ས་ལས་བྱང་ཆུབ་སེམས་དཔའི་དང་པོ་སེམས་བསྐྱེད་པ་ནི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་སྨོན་ལམ་གྱི་དང་པོའི་ངོ་བོ་སྟེ། དེ་ལས་གཞན་པའི་ཡང་དག་པའི་སྨོན་ལམ་རྣམས་སྡུད་ [200A]༄༅། །པའོ། །ཚུལ་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་ཀྱིས་སྨོན་པ་ན་འདི་ལྟར་སེམས་མངོན་པར་འདུ་བྱེད་ཅིང་ཚིག་ཏུའང་བརྗོད་དེ། ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་གྱུར་ཅིག་ སེམས་ཅན་ཐམས་ཅད་ཀྱི་དོན་ཡང་བྱེད་ཅིང་ཤིན་ཏུ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་དང། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འགོད་པར་གྱུར་ཅིག་ཅེས་བདག་གི་བྱང་ཆུབ་དང་སེམས་ཅན་གྱི་དོན་བསྒྲུབ་པར་སེམས་བསྐྱེད་པས་ན་བསྒྲུབ་པའི་ཚུལ་ཡིན་ ནོ༑ ༑དེའི་དམིགས་པ་ནི་བྱང་ཆུབ་དང་སེམས་ཅན་གྱི་དོན་ཡིན་པས་དེ་གཉིས་ལ་དམིགས་པའོ། །ཡོན་ཏན་ནི་བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་སྡུད་པའི་ཐོག་མར་འགྲོ་བས་དགེ་བ་དང་བཟང་བ་དང་ལེགས་པའི་མཆོག་སྟེ་སེམས་ཅན་ཐམས་ཅད་ལ་བརྟེན་པའི་ལུས་ པོར་འཐོབ་ཉེས་པར་སྤྱོད་པ་དང་མི་མཐུན་པའོ། །ཁྱད་་་དུ་འཕགས་པ་ནི་དེ་ལས་གཞན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་དག་ལ་སྨོན་ལམ་དགེ་བ་ཀུན་གྱི་ནང་ན་ཡང་དག་པའི་སྨོན་ལམ་གྱི་མཆོག་བླ་ན་མེད་པའོ། །ཡང་བསྡུ་བ་ནི་སེམས་དེ་བསྐྱེད་ མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐེག་པ་ཆེན་པོ་ལ་ཞུགས་པ་སྟེ་བརྡའ་དང་ཐ་སྙད་ཀྱི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་འགྲོ་བས་ན་འཇུག་པར་བསྡུས་པའོ། །རྩ་བ་ནི་སེམས་དེ་བསྐྱེད་ནས་རིམ་གྱིས་མངོན་པར་འཚང་རྒྱའི་ མ་བསྐྱེད་པར་མ་ཡིན་པས་བྱང་ཆུབ་ཆེན་པོའི་རྩི་བའོ། །རྒྱུ་ནི་སྙིང་རྗེ་སྟེ་སེམས་ཅན་སྡུག་བསྔལ་རྣམས་ལ་བརྩེ་བས་བསྐྱབ་པའི་དོན་དུ་སེམས་བསྐྱེད་པས་སོ། །རྟེན་ནི་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་དང་བསླབ་པ་ཐམས་ཅད་ལ་སྦྱོར་ཞིང་སེམས་ཅན་གྱི་དོན་ བྱེད་པས་ན་བསླབ་པ་རྣམས་ཀྱི་རྟེན་ཏོ། །བྱང་ཆུབ་ཀྱི་སེམས་དེའི་རབ་ཏུ་དབྱེ་བའི་དབང་དུ་བྱས་ནས་རྒྱུའི་སྒོ་ནས་ནི། ཡང་དག་བླངས་དང་ཆོས་ཉིད་འཐོབ་པ་སྟེ། ཆོ་གས་ཡང་དག་པར་བླངས་པ་ལ་སོགས་པ་འབད་རྩོལ་གྱིས་ཐོབ་པ་དང། བསྒོམས་པའི་སྟོབས་ལས་ [200B] །རྗེ་བཙུན་གྱིས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་མོས་པས་སྤྱོད་པའི་སར་སྲོབས་ལྔའི་དང་པོ་དང་ གཞན་ལས་མི་བརྟན་པ་དང་བརྟན་པ་གཉིས་འབྱུང་བ་ནི་གཞན་གྱི་རིག་བྱེད་ཀྱིས་འབད་རྩོལ་ལས་ཐོབ་པ་ཀུན་མཚོན་པས་དང་པོ་གསུངས་ལ། གཉིས་པ་ནི། རྫོགས་པའི་སངས་རྒྱས་རབ་བསྙེ་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་ཡོངས་སུ་འཛིན་པ་དམ་པ་དང། རྗེས་སུ་བསྒྲུབ་པ་དམ་པ་དང། ཡང་དག་པར་རྟོགས་པ་དམ་པ་གསུམ་ལས་དོན་དམ་པའི་ཁྱད་པར་ཅན་ས་དང་པོར་འཐོབ་པ་གསུངས་པའོ། །ཡུལ་ལས་ནི་ཀུན་རྫོབ་དང་དོན་དམ་བདེན་པའི་ཡུལ་ ཅན་གཉིས་ཏེ། གཙོར་སེམས་ཅན་དང་ཆོས་ཀྱི་དབྱིངས་ལ་དམིགས་པའི་དབྱེ་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་སོ། །རྣམ་པ་ལས་ནི། དེའང་བྱང་ཆུབ་སྨོན་དང་འཇུག་པ་དག་སྟེ། འགྲོ་བའི་དོན་དུ་བྱང་ཆུབ་འཐོབ་པར་འདོད་པའི་བསམ་པ་ ཙམ་སྦྱོར་བས་མ་ཟིན་པ་དང། དེ་ཉིད་འགྲོ་བ་ལ་ཕན་པའི་སྦྱོར་བས་ཟིན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པའི་སེམས་བསྐྱེད་པ་གཉིས་ཏེ། སྡོང་པོ་བཀོད་པ་ལས། སེམས་ཅན་གང་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པ་དེ་དག་ནི་སེམས་ཅན་གྱི་ཁམས་ན་དཀོན་ནོ།། དེ་བས་ཀྱང་གང་བླ་ན་མེད་པའི་བྱང་ཆུབ་ཏུ་ཆས་པ་དག་ནི་ཆེས་དཀོན་ནོ་ཞེས་སོ། །བསྟན་བཅོས་ལས་ཀྱང། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་ བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། ༈ །སའི་དབྱེ་བ་བསྡུས་པ་ནི། མོས་དང་ལྷག་བསམ་རྣམ་སྨིན་སྒྲིབ་སྤངས་ཏེ། །ཚོགས་དང་སྦྱོར་བར་མོས་པ་ལས་བྱུང་བ། །ས་དང་པོ་ནས་བདུན་པའི་བར་དུ་ལྷག་པའི་ [201A]༄༅། །བསམ་པ་རྣམ་པར་དག་པ་དང། ས་བརྒྱད་པ་ལ་སོགས་པ་གསུམ་དུ་རྣམ་པར་སྨིན་པ་དང། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་པའོ། །རྗེ་བཙུན་གྱིས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང།། རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ་ཞེས་སོ། །སའི་དབྱེ་བ་རྒྱས་པ་ནི་གཉིས་ལས་ས་བཅུར་དབྱེ་བས་བཅུ་གཉིས་ཏེ། སྔ་མ་བཞིའི་ལྷག་པའི་བསམ་པ་དག་པ་དང་རྣམ་པར་སྨིན་པ་གཉིས་ཉིད་ལས་ས་དང་པོ་རབ་ཏུ་དགའ་བ་ལ་སེམས་བསྐྱེད་ པ་དང་པོ་ལ་སོགས་པ་བཅུར་ཕྱེ་བས་བཅུ་གཉིས་སུ་དབྱེ་བའོ། །བཅུ་པོ་དེ་ནི་གསེར་འོད་དམ་པ་ལས། སེམས་བསྐྱེད་པ་དང་པོ་ནི་རི་རབ་ལྟར་དགེ་བའི་རྩ་བ་རྣམས་ཀྱིས་མངོན་པར་འཕགས་པ་སྟེ། འདི་ལ་རྒྱུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་གཉིས་ པ་ནི་ཆོས་ཐམས་ཅད་ཀྱི་བྱ་བའི་གནས་ཀྱི་ས་ལྟ་བུ་སྟེ་རྒྱུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་གསུམ་པ་ནི་འཇིགས་པ་དང་བག་ཚ་བ་དང་སྐྲག་པ་མེད་པས། སེང་གེ་རལ་པ་ཅན་གྱི་རྩལ་ལྟ་བུ་སྟེ་རྒྱུ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བཞི་པ་ནི་ཕྱིར་ མི་ལྡོག་པས་སྲེད་མེད་ཀྱི་བུའི་སྟོབས་ལྟ་བུ་སྟེ་རྒྱུ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྔ་པ་ནི་བསོད་ནམས་ཀྱི་ཚོགས་ཀྱིས་ཆོག་མི་ཤེས་པས་དགེ་བའི་ཚོགས་ཀྱིས་འཕགས་པ་ལྟ་བུ་སྟེ་རྒྱུ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དྲུག་པ་ནི་མུན་པ་ཆེན་པོ་ སེལ་བས་ཉི་མ་ལྟ་བུ་སྟེ་རྒྱུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདུན་པ་ནི་འཁོར་བའི་འབྲོག་དགོན་པ་ལས་སྒྲོལ་བས་དེད་དཔོན་ཕྱུག་པོ་ལྟ་བུ་སྟེ་རྒྱུ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྒྱད་པ་ནི་སྒྲིབ་པ་ཐམས་ཅད་དག་པར་བྱེད་པས་ཟླ་བ་ཉ་བ་ལྟ་བུ་སྟེ་རྒྱུ་ནི་སྨོན་ལམ་ གྱི་ཕ་རོལ་ཏུ་ཕྱིན་པའོ། །དགུ་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཡོན་ཏན་གྱི་དཀྱིལ་འཁོར་གྱིས་བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་ལྟ་བུ་སྟེ། རྒྱུ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་བཅུ་པ་ནི་ཡོན་ཏན་དང་ཡེ་ཤེས་དང་ཆོས་ཐམས་ཅད་ [201B] དེ་ལ་རྒྱུ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། ༈ །མཚུངས་པར་ལྡན་པའི་གྲོགས་ལས་དབྱེ་བ་ནི། འདུན་དང་བསམ་སྦྱོར་ལྷག་བསམ་སྦྱིན་སོགས་དྲུག་ཚད་མེད་བསྡུ་དངོས་མངོན་ཤེས་སོ་སོར་ རིག་རྟོན་བཞི་ཞི་གནས་ལྷག་མཐོང་ཕྱོགས་ཆོས་ཚོགས། །གཟུངས་སྤོབས་ཆོས་ཀྱི་དགའ་སྟོན་བགྲོད་གཅིག་ཐབས། །མི་ཟད་པ་བརྒྱད་ཅུ་སྟེ། བློ་གྲོས་མི་ཟད་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུན་པ་ནི་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་མི་ཟད་པ་བརྒྱད་ཅུ་ གསུངས་པ་དང་མཚུངས་པར་ལྡན་པ་ལས་སོ། །དེ་ཉིད་དཔེའི་སྒོ་ནས་དབྱེ་བ་ནི། དཔེ་ལས་ཉི་ཤུ་གཉིས་ཏེ། རྗེ་བཙུན་གྱིས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང། །ཡིད་བཞིན་ནོར་བུ་ཉི་མ་གླུ་རྒྱལ་པོ་མཛོད་དང་ལམ་ པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ་ཞེས་སོ། །དེ་ལ་ཚོགས་ཀྱི་ལམ་དང་པོར་སེམས་བསྐྱེད་པ་ཉིད་ནི་འདུན་པ་དང་ལྡན་པ་ས་ལྟ་བུ་སྟེ་དཀར་པོའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །བར་དུ་མ་ཉམས་པར་གནས་ པ་ནི་བསམ་པ་དང་ལྡན་པ་གསེར་ལྟ་བུ་སྟེ། ཐམས་ཅད་དུ་མི་འགྱུར་བ་རྟེན་པར་གནས་པའི་ཕྱིར་རོ། །ཐ་མར་སྦྱོར་བས་ཀྱང་ཟིན་པ་ནི་སྦྱོར་བ་དང་ལྡན་པ་ཟླ་བ་ཡར་ཚེས་ལྟ་བུ་སྟེ། གོང་ནས་གོང་དུ་དགེ་བའི་ཆོས་ཀྱིས་རྒྱས་པའི་ཕྱིར་རོ། །སྦྱོར་བའི་ལམ་གྱི་ལྷག་པའི་བསམ་པ་དང་ལྡན་ པ་ནི་མེ་ལྟ་བུ་སྟེ་རྒྱུའི་སྟོབས་ཀྱིས་ཁྱད་པར་དུ་འཕེལ་བའི་ཕྱིར་རོ། །མཐོང་ལམ་དང་སྒོམ་ལམ་ས་དང་པོ་ནས་དྲུག་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སོ་སོར་ཤས་ཆེ་བས་དེ་དག་དང་ལྡན་པར་དྲུག་གོ་ས་དང་པོར་སྦྱིན་པ་དང་ལྡན་པ་ནི་གཏེར་ལྟ་བུ་སྟེ། ཟང་ཟིང་ལ་སོགས་པས་ སེམས་ཅན་ཚད་མེད་པ་ཚིམས་པར་བྱེད་ཀྱང་མི་ཟད་པའི་ཕྱིར་རོ། །གཉིས་པར་ཚུལ་ཁྲིམས་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །གསུམ་པར་བཟོད་པ་དང་ལྡན་པ་ནི་རྒྱ་མཚོ་ལྟ་བུ་སྟེ། མི་འདོད་པ་ཐོག་ [202A]༄༅། །ཏུ་བབ་པ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །བཞི་པར་བརྩོན་འགྲུས་དང་ལྡན་པ་ནི་རྡོ་རྗེ་ལྟ་བུ་སྟེ་མི་མཐུན་པའི་རྐྱེན་གྱིས་མི་ཕྱེད་པས་སྲ་བའི་ཕྱིར་རོ། །ལྔ་བར་བསམ་གཏན་དང་ལྡན་པ་ནི་རི་རྒྱལ་ལྟ་བུ་སྟེ། དམིགས་པའི་གཡེང་ བས་མི་བསྒུལ་བའི་ཕྱིར་རོ། །དྲུག་པར་ཤེས་རབ་དང་ལྡན་པ་ནི་སྨན་མཆོག་བདུད་རྩི་ལྟ་བུ་སྟེ་སྒྲིབ་པའི་ནད་སེལ་བའི་ཕྱིར་རོ། །བདུན་པར་ཐབས་ཀྱི་ཁྱད་པར་ལྔ་ལས་སེམས་ཅན་མི་འདོར་བའི་ཐབས་ཚད་མེད་བཞི་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་ལྟ་བུ་སྟེ་ གནས་སྐབས་ཐམས་ཅད་དུ་གདུལ་བྱ་མི་འདོར་བར་བརྩེ་བས་འཛིན་པའི་ཕྱིར་རོ། །འབྲས་བུ་ལ་དབང་བསྒྱུར་བའི་ཐབས་མངོན་ཤེས་ལྔ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་སྟེ་ཇི་ལྟར་འདོད་པའི་འབྲས་བུ་འབྱོར་བར་ནུས་པའི་ཕྱིར་རོ། །སེམས་ཅན་སྨིན་པའི་ཐབས་བསྡུ་ བཞི་དང་ལྡན་པ་ནི་ཉི་མ་ལྟ་བུ་སྟེ། གདུལ་བྱའི་དགེ་བའི་ལོ་ཏོག་སྨིན་པར་བྱེད་པའི་ཕྱིར་རོ། །སེམས་ཅན་རྣམ་པར་གྲོལ་བར་བྱེད་པའི་ཐབས་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་ནི་གླུ་དབྱངས་སྙན་པ་ལྟ་བུ་སྟེ། གདུལ་བྱའི་ཡིད་ཚིམ་པར་བྱེད་པའི་ཕྱིར་རོ། །ཆུད་མི་ ཟ་བར་བྱེད་པའི་ཐབས་རྟོན་པ་བཞི་ནི་རྒྱལ་པོ་ལྟ་བུ་སྟེ་དེ་ལ་བརྟེན་པ་དོན་ཡོད་པའི་ཕྱིར་རོ། །ས་བརྒྱད་པའི་སྨོན་ལམ་ལས་བསྔོ་བར་བྱ་བ་ཕུན་སུམ་ཚོགས་པ་གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཚོགས་གཉིས་ནི་བང་མཛོད་ལྟ་བུ་སྟེ། བསོད་ནམས་ དང་ཡེ་ཤེས་མང་པོ་དང་མཆོག་གི་སྣོད་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་བསྒྲུབ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པ་ནི་ལམ་པོ་ཆེ་ལྟ་བུ་སྟེ་དུས་གསུམ་དུའང་འཕགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པའི་ཕྱིར་རོ། །སྔོ་བྱེད་ཀྱི་སེམས་ ཕུན་སུམ་ཚོགས་པ་ཞི་གནས་དང་ལྷག་མཐོང་གཉིས་དང་ལྡན་པ་ནི་བཞོན་པ་ལྟ་བུ་སྟེ་གང་དུ་འགྲོ་བར་འདོད་པར་མི་ངལ་བར་ཕྱིན་པར་བྱེད་པའི་ཕྱིར་རོ། །ས་དགུ་པའི་སྟོབས་རྣམ་པ་གཉིས་ལས་རང་གི་མི་མཐུན་པའི་ཕྱོགས་གཙོར་ཟིལ་གྱིས་གནོན་པའི་སྟོབས་གཟུངས་ [202B] །གཙོར་གཞན་གྱིས་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའི་སྟོབས་ཆོས་ཀྱི་དགའ་སྟོན་བཞི་དང་ལྡན་པ་ནི་ གཏམ་སྙན་པའི་སྒྲ་ལྟ་བུ་སྟེ་ཆོས་ཀྱི་སྡོམ་བཞི་ལེགས་པར་སྟོན་པས་ཐར་པ་འདོད་པའི་གདུལ་བྱ་དགའ་བ་བསྐྱེད་པའི་ཕྱིར་རོ། །ས་བཅུ་པར་བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི། ཆུ་ཀླུང་ཆེན་པོའི་རྒྱུན་ལྟ་བུ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་གཞན་ དོན་ངང་གིས་འབྱུང་བའི་ཕྱིར་རོ། །ས་བརྒྱད་པ་ལ་སོགས་པ་གསུམ་དང། སངས་རྒྱས་ཀྱི་ས་ཐུན་མོང་གི་ཐབས་ལ་མཁས་པ་ཆེན་པོ་དང་ལྡན་པ་ནི་སྤྲིན་ལྟ་བུ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་འབྱོར་བ་ཐམས་ཅད་དེ་ལ་རག་ལས་པའི་ཕྱིར་ རོ༑ ༈ །འཇུག་པ་དང་ལྡོག་པའི་སྒོ་ནས་དབྱེ་བ་ནི། གཞན་ཡང་འཇུག་དང་ལྡོག་པའི་རྣམ་དབྱེ་བ། །བརྟན་དང་མི་བརྟན་གཉིས་གཉིས་དག་ཏུ་གསུངས། །ས་ལས་སེམས་བསྐྱེད་པ་དེའང་མདོར་ན་རྣམ་པ་གཉིས་ཏེ་ངེས་པར་འབྱིན་པ་དང་ངེས་པར་འབྱིན་པ་མ་ཡིན་པའོ། ། དང་པོ་ནི། གང་སྐྱེས་ནས་གཏན་དུ་འཇུག་ལ་ཕྱིར་མི་ལྡོག་པའོ། །གཉིས་པ་ནི་གང་སྐྱེས་ནས་གཏན་དུ་མི་འཇུག་ལ་ཕྱིར་ལྡོག་པའོ། །དེའི་ལྡོག་པའང་གཉིས་ཏེ། གཏན་དུ་བ་ནི་སེམས་ལན་ཅིག་ལོག་ནས་ཕྱིས་མི་སྐྱེ་བའོ། །གཏན་དུ་བ་མ་ཡིན་པ་ནི་ལོག་ཀྱང་ཡང་དང་ཡང་ དུ་སྐྱེ་བའོ་ཞེས་སོ། །རྣམ་པར་གཏན་ལ་དབབ་པ་ནི། དོགས་པའི་གནས་ཕྲ་བ་སུམ་ཅུ་རྩ་དྲུག་བསལ་ནས་ཡོངས་སུ་འཛིན་པ་ལ་སོགས་པ་གཏན་ལ་དབབ་པ་སྟེ། བྱང་ཆུབ་ཀྱི་སེམས་འདི་རྣམས་ཀྱི་ཡོངས་སུ་འཛིན་པ་ནི་གང་གང་གིས་ནི་ཡོངས་སུ་བསྡུས་ཞེས་བྱ་བ་དང། ། དགེ་བ་གཞན་ལས་ནི་གང་གིས་ཁྱད་པར་དུ་འཕགས་ཞེས་དོགས་པ་ལ། སངས་རྒྱས་ཆོས་རྣམས་ཀུན་འཛིན་བསམ་པ་དང། ལྷག་བསམ་ལ་སོགས་སུམ་ཅུ་གཉིས་ཀྱིས་བསྡུས། །བཅུ་དྲུག་ཚོགས་བསགས་ཀུན་མཁྱེན་རྗེས་སུ་འགྲོ་ལམ་ངན་ཉི་ཤུ་གཉིས་སྤངས་ [203A]༄༅། །ཀུན་མཁྱེན་འཐོབ། །རྒྱལ་མཚན་བཅུ་གཉིས་ཀྱིས་འཕགས་བདུད་ལས་རྒྱལ། །གནས་གཉིས་ཆུད་མི་ཟ་གཉིས་ཟིལ་གནོན་གཉིས། །ཡི་གེ་གཉིས་དང་རྟོན་གཉིས་རྒྱུན་འཆད་གཉིས། །སྒྲིབ་དང་སྒྲིབ་མེད་གསུམ་གསུམ་བཞི་པ་གཉིས། ། རིན་ཐང་མེད་ཆོས་ལྔ་ཐོབ་བརྟུལ་བ་ལྔ། །ཁྱད་ཞུགས་ལྔ་དང་མཆོག་ཏུ་དགའ་བ་ལྔ། །སྟོབས་ལྔ་རིགས་པ་ལྔ་དང་ཤིང་ལྗོན་དེའི། །སྣང་བ་ས་བོན་རྩ་སྡོང་ཡལ་ག་དང། །ལོ་མ་མེ་ཏོག་འབྲས་བུ་ལྔ་ཚན་བརྒྱད། །བྱང་ཆུབ་ཕྱོགས་སོགས་ཡོན་ཏན་ཀུན་ཡོངས་བཟུང་ གཞན་ཡང་ལྷག་བསམ་གཉིས་དང་སྦྱོར་བ་གཉིས། །དགེ་ཆོས་ཆེན་པོའི་འདུ་སྒོ་གཉིས་དང་ནི། །ཚོགས་ཆེན་གཉིས་དང་དཔག་མེད་ཕུང་པོ་གཉིས། །རྒྱུ་འབྲས་ཁྱད་འཕགས་བརྟན་པའི་ཁྱད་པར་རོ་ཞེས་སྨོས་ཏེ། མ་དྲོས་པས་ཞུས་པ་ལས། ཆོས་གཅིག་གིས་རྣམ་ པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏེ། སེམས་ཅན་ཐམས་ཅད་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་སོ། །དེའང་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་ཤིན་ཏུ་བསྡུས་པ་སྟེ། བསམ་པས་བསྡུས་པ་ཡིན། དེ་བཞིན་དུ་ལྷག་པའི་བསམ་པ་ དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། ཡོངས་སུ་མི་སྐྱོ་བ་དང། སྟོབས་དང། རྣམ་པར་གནོན་པ་དང། མཐུ་དང། སོ་སོར་བརྟགས་པ་དང། དགེ་བའི་བཤེས་གཉེན་དང། ཆོས་སྤྱོད་པ་དང། དགེ་བ་སྤྱོད་པ་དང། བསྡུ་བའི་དངོས་པོ་དང། སྡོམ་པ་དང། ཐབས་ དང། བཅོས་མ་མ་ཡིན་པ་དང། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང། ཕྱིར་བྱ་བ་ལ་མི་རེ་བ་དང། ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་དང། མཆོག་ཏུ་དགའ་བ་དང། དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་དང། དགེ་བའི་རྩ་བ་ཐམས་ ཅད་དང། ཐེག་པ་དམན་པ་ལ་འདོད་པ་མེད་པ་དང། རྒྱ་ཆེ་བ་ལ་མོས་པ་དང། སེམས་ཅན་ལ་ལྟ་བ་དང། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་རིགས་མི་གཅོད་པས་བསྡུས་པ་ཡིན་ནོ། །ཡང་དེ་ཚོགས་བསགས་པ་བཅུ་དྲུག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ [203B] ཚུལ་ཁྲིམས་ཀྱི་ཚོགས་བསགས་པ་ཡིན། །དེ་བཞིན་དུ་ཐོས་པ་དང། ཤེས་རབ་དང་སངས་རྒྱས་མཆོད་ཅིང་རིམ་གྲོ་བྱ་བ་དང། དགོན་པར་གནས་པ་དང། ཐོས་པའི་ཆོས་སྟོན་པ་དང། ཚངས་པའི་གནས་བཞི་དང། མགུ་བར་འགྱུར་བའི་ ཆོས་དྲུག་དང། དགེ་བ་བཅུའི་ལས་ཀྱི་ལམ་དང། ལུས་དང་ངག་དང་སེམས་ཀྱི་རྒྱན་དང། སྦྱངས་པའི་ཡོན་ཏན་དང། ཡོ་བྱད་བསྙུངས་པ་དང། འདོད་པ་ཆུང་ཞིང་ཆོག་ཤེས་ལ་རབ་ཏུ་དབེན་པ་དང། ཕུང་པོ་གསུམ་གྱི་བསྔོ་བ་དང། ཞི་གནས་དང་ལྷག་མཐོང་དང་ དགེ་བའི་རྩ་བ་ཐམས་ཅད་ཀྱི་ཚོགས་བསགས་པའོ། །ཡང་སེམས་དེ་ལམ་ལོག་པ་དང་ལམ་ངན་པ་ཉི་ཤུ་རྩ་གཉིས་དང་བྲལ་ཏེ་དེ་དག་སྤངས་ནས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་སྟེ། ཉན་ཐོས་ཀྱི་སེམས་དང་བྲལ་བ་དང། དེ་བཞིན་དུ་རང་རྒྱལ་གྱི་སེམས་དང་ ང་རྒྱལ་དང། ལྷག་པའི་ང་རྒྱལ་དང། གཡོ་དང། འཇིག་རྟེན་རྒྱང་པཎ་གྱི་གསང་ཚིག་འཛིན་པ་དང། ལོག་པར་ཞུགས་པ་དང། སྐྱོ་བ་དང། སྐྲག་པ་དང། ཁེངས་པ་དང། རྩོད་པ་དང། དུག་གསུམ་དང། ལས་ཀྱི་སྒྲིབ་པ་དང། ཆོས་ཀྱི་སྒྲིབ་པ་དང། བདག་བསྟོད་གཞན་སྨོད་ དང། སློབ་དཔོན་འཆབ་པ་དང། བརྗེད་ངས་པ་དང། སྡིག་པའི་གྲོགས་པོ་དང། དགེ་བའི་བཤེས་གཉེན་ལ་འཁུ་བ་དང། སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་དྲུག་དང། རྟག་ཆད་དུ་ལྟ་བ་དང། ཐབས་མི་མཁས་པའི་བསྡུ་བ་དང། སྡིག་པ་ཐམས་ཅད་དང་ བྲལ་པའོ། །ཡང་དེ་རྒྱལ་མཚན་བཅུ་གཉིས་ཀྱི་འཕགས་ན་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་ཏེ། ཚུལ་ཁྲིམས་ཀྱི་རྒྱལ་མཚན་གྱིས་འཕགས་པ་དང། དེ་བཞིན་དུ་ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བ་དང། སྙིང་རྗེ་དང། ཐབས་དང། སྟོང་པ་ ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པ་དང། གང་ཟག་མེད་པ་དང། རྟེན་འབྲེལ་རྟོགས་པས་མཐའ་གཉིས་སུ་ལྟ་བ་དང་བྲལ་བ་དང། སེམས་ཡོངས་སུ་དག་པས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང། ཐམས་ཅད་མཁྱེན་པ་ལ་རློམ་སེམས་དང་རྟོག་པ་དང་ [204A]༄༅། །བྲལ་བའི་རྒྱལ་མཚན་གྱིས་འཕགས་པའོ། །བྱང་ཆུབ་ཀྱི་སེམས་དེའི་གནས་གཉིས་ཏེ། ཇི་སྐད་སྨྲས་པ་བཞིན་དུ་བྱེད་པ་དང། དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོ་བའོ། །དེའི་ཆུད་མི་ཟ་གཉིས་ཏེ། སེམས་ཅན་ལ་ཞེ་སྡང་མེད་པ་དང་ ལོག་པར་ཞུགས་པ་དག་ལ་ཆེར་བརྩེ་བའོ། །ཟུང་དུ་འབྲེལ་བ་གཉིས་ཀྱིས་ཉན་ཐོས་དང་རང་རྒྱལ་ཟིལ་གྱིས་གནོན་ཏེ་ཐབས་དང། ཤེས་རབ་བོ། །རྟོན་པ་གཉིས་ཏེ་བསྒྲུབ་པ་ལ་འགྱོད་པ་མེད་པ་དང། འགྱུར་བ་ལ་ཡིད་མི་ཆེས་པའོ། །ཡི་གེ་གཉིས་ཏེ། ཐེག་པ་གཉིས་མི་འདོད་པ་ དང། ཐེག་པ་ཆེན་པོའི་ཕན་ཡོན་མཐོང་བའོ། །རྒྱུན་ཆད་པ་གཉིས་ཏེ། གཡོ་སྒྱུ་དང། མི་དྲང་བ་ཆད་པའོ། །སྒྲིབ་པ་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའོ། །སྒྲིབ་པ་མེད་པ་གསུམ་སྟེ། དེ་གསུམ་གྱི་ལེགས་པར་སྤྱོད་པའོ། །ཡང་སྒྲིབ་པ་བཞི་སྟེ། ཆོས་སྤོང་བ་ དང། བླ་མ་ལ་མི་གུས་པ་དང། བྱང་ཆུབ་སེམས་དཔའ་ལ་སྡང་བ་དང། བདུད་ཀྱི་ལས་མི་རིགས་པའོ། །སྒྲིབ་པ་མེད་པ་བཞི་སྟེ། དེ་བཞི་ལས་ལྡོག་པའོ། །རིན་ཐང་མེད་པའི་ཆོས་ཐོབ་པ་ལྔ་སྟེ། རེ་བ་མེད་པའི་སྦྱིན་པ་དང། སྐྱེ་བ་ལ་མི་གནས་པའི་ཚུལ་ཁྲིམས་དང། སེམས་ཅན་ མི་གཏོང་བའི་སྙིང་རྗེ་དང། བྱམས་པ་དང་མི་བྱམས་པ་ལ་མི་ལྟ་བར་ལུས་དང་སྲོག་གཏོང་བ་དང། རྙེད་པ་དང་བཀུར་སྟི་མི་ཚོལ་བར་ཆོས་སྟོན་པའོ། །བརྟུལ་བ་ལྔ་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་དང། འཁོར་བས་མི་སྐྱོ་བ་དང། ཡེ་ཤེས་ལ་ང་རྒྱལ་མེད་པ་དང། དུས་མ་ཡིན་པའི་ རྙེད་པ་སྤོང་བ་དང། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་ཞུམ་པའོ། །ཉན་ཐོས་དང་རང་རྒྱལ་ལས་ཁྱད་པར་དུ་འཕགས་པ་ལྔ་སྟེ། དེ་གཉིས་ལས་རྣམ་པར་གྲོལ་བ་དང། ཡེ་ཤེས་ཁྱད་པར་དུ་འཕགས་པ་གཉིས་དང། ཆོས་ཐམས་ཅད་བདག་མེད་པ་ཤེས་པ་དང། སེམས་ཅན་ཐམས་ ཅད་ཀྱི་སེམས་དང་སྤྱོད་པ་ཤེས་པ་དང། བག་ཆགས་ཀྱི་མཚམས་སྦྱོར་བ་འཇོམས་པ་ཤེས་པའོ། །མཆོག་ཏུ་དགའ་བ་ལྔ་སྟེ། ངན་འགྲོ་ལས་འདས་པས་དགའ་བ་དང། ཐམས་ཅད་མཁྱེན་པ་དང་ཉེ་བར་གྱུར་པ་དང། སངས་རྒྱས་ཀྱི་ཡེ་ཤེས་མཐོང་བ་རྫོགས་པའི་ནན་ཏན་དང་ [204B] སེམས་ཅན་གྱི་དོན་བྱ་བ་མྱོང་བས་དགའ་བའོ། །སྟོབས་ལྔ་སྟེ། བརྒྱལ་བཅོམ་པས་ཡེ་ཤེས་ཀྱི་སྟོབས་དང། ཐོས་པ་དང་མ་བྲལ་བས་ཤེས་རབ་ཀྱི་སྟོབས་དང། ཁོང་ཁྲོ་བ་མེད་པས་བྱམས་པའི་སྟོབས་དང། མཚན་ རྫོགས་པས་བཟོད་པའི་སྟོབས་དང། འཁོར་དུ་བག་མི་ཚ་བས་མི་འཇིགས་པའི་སྟོབས་སོ། །རིགས་པ་མ་ཡིན་པར་མི་ལྟུང་བའི་རིགས་པ་ལྔ་སྟེ། ལས་དང་འབྲས་བུ་ལ་ཡིད་ཆེས་པའི་རིགས་པ་དང། རྟེན་འབྲེལ་དང་མི་འགལ་བ་དང། དུས་དང་དུས་མ་ཡིན་པ་ལ་རྟོགས་པ་དང་ ཡང་དག་པར་སྦྱོར་བ་དང། དགེ་བའི་ཆོས་ཐམས་ཅད་བསྒྲུབ་པའི་རིགས་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཤིང་ལྗོན་པ་དེའི་སྣང་བ་ལྔ་སྟེ། ཉོན་མོངས་པ་དང་བྲེལ་བ་དང། རང་གི་སེམས་ངེས་པར་སེམས་པ་དང། ཤེས་རབ་དང། མིག་ལྔ་དང། ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཀྱི་སྣང་བའོ། །ས་བོན་ལྔ་སྟེ། བསམ་པ་དང། ལྷག་པའི་བསམ་པ་དང། སེམས་ཅན་ལ་ལྟ་བ་དང། མོས་པ་དང། རྒྱ་ཆེན་པོ་ལ་མོས་པའོ། །རྩ་བ་ལྔ་སྟེ། བྱམས་པ་དང། སྙིང་རྗེ་དང། དགེ་བའི་རྩ་བས་མི་ངོམས་ཤིང་བསྔོ་བ་དང། ཉེས་པ་འཆགས་པ་དང་ དེ་དག་གཞན་མི་འདོད་པའོ། །སྡོང་པོ་ལྔ་སྟེ། ཐབས་ལ་མཁས་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སེམས་ཅན་སྨིན་པར་བྱེད་པ་དང། དམ་པའི་ཆོས་འཛིན་པ་དང། ཆགས་སྡང་མེད་པའི་བཏང་སྙོམས་སོ། །ཡལ་ག་ལྔ་སྟེ། སྦྱིན་པ་ནས་བསམ་གཏན་གྱི་བར་རོ། ། ལམ་ལྔ་སྟེ། ཚུལ་ཁྲིམས་དང། ཐོས་པ་དང། ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་དང། དགོན་པར་གནས་པ་དང། འཕགས་པའི་རིགས་ཀྱི་ཆོག་ཤེས་པའོ། །མེ་ཏོག་ལྔ་སྟེ། བསོད་ནམས་བསགས་པས་མཚན་ཕུན་སུམ་ཚོགས་པ་དང། སྦྱིན་པ་སྣ་ཚོགས་ཀྱིས་ དཔེ་བྱད་ཕུན་སུམ་ཚོགས་པ་དང། སེམས་ངེས་པར་སེམས་པས་བྱང་ཆུབ་ཀྱི་ཡན་ལག་ཕུན་སུམ་ཚོགས་པ་དང། ཆོས་རྣམ་པར་འགྲེལ་པ་སྤོབས་པ་ཕུན་སུམ་ཚོགས་པ་དང། གཟུངས་ཐོབ་པས་བརྗེད་པ་མེད་པ་ཕུན་སུམ་ཚོགས་པའོ། །འབྲས་བུ་ལྔ་སྟེ། སློབ་པའི་ [205A]༄༅། །འབྲས་བུ་དང། མི་སློབ་པའི་འབྲས་བུ་དང། རང་རྒྱལ་བའི་དང། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དང། ཐམས་ཅད་མཁྱེན་པའི་འབྲས་བུའོ། །བྱང་ཆུབ་ཀྱི་སེམས་ཤིན་ཏུ་བཟུང་བ་དེས་གང་མ་ཟིན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་ ངས་མ་མཐོང་ངོ། །ཤིང་གི་ས་བོན་བཟུང་བས་ཡལ་ག་ལ་སོགས་པ་བཟུང་བ་ལྟར། འདི་ཡོངས་སུ་བཟུང་བས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཟུང་བའོ་ཞེས་སོ། །ས་ལས་སེམས་དང་པོ་བསྐྱེད་པ་བརྟན་པའི་སེམས་ཅན་ལ་ལྷག་པའི་བསམ་པ་ བཟང་པོ་འཇུག་པ་ནི་གཉིས་ཏེ། ཕན་པར་བྱ་བའི་ལྷག་པའི་བསམ་པ་ནི་མི་དགེ་བའི་གནས་ནས་བཏོན་ནས་དགེ་བའི་གནས་སུ་འགོད་པར་འདོད་པའོ། །བདེ་བར་བྱ་བའི་ལྷག་པའི་བསམ་པ་ནི་སེམས་ཅན་ཕོངས་པ་དང་མགོན་མེད་པ་དག་ལ་ཉོན་མོངས་ཅན་སྤངས་ཏེ་ ཕན་པ་བསྒྲུབ་པར་འདོད་པའོ། །དེའི་སྦྱོར་བ་ནི་གཉིས་ཏེ་ལྷག་པའི་བསམ་པའི་སྦྱོར་བ་ནི་བསམ་པ་དེ་གཉིས་ཉིན་གཅིག་བཞིན་དུ་ཡང་དག་པར་སྤེལ་བའོ། །སྒྲུབ་པའི་སྦྱོར་བ་ནི་ཉིན་གཅིག་བཞིན་དུ་བདག་གིས་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པའི་སྦྱོར་བ་དང། ལྷག་པའི་ བསམ་པའི་སྦྱོར་བ་དེ་ཉིད་ལ་བརྟེན་ནས་ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་རྣམས་ལ་ཕན་བདེ་བསྒྲུབ་པའི་སྦྱོར་བའོ། །དེའི་དགེ་བའི་ཆོས་ཆེན་པོ་འདུ་བའི་སྒོ་ནི་གཉིས་ཏེ། རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པའི་ཕྱིར་བདག་གི་དོན་ལ་སྦྱོར་བ་དང། སེམས་ཅན་ ཐམས་ཅད་ཀྱི་སྡུག་བསྔལ་བསལ་བའི་ཕྱིར། གཞན་གྱི་དོན་ལ་སྦྱོར་བའོ། །དགེ་བའི་ཆོས་ཀྱི་ཚོགས་ཆེན་པོ་གཉིས་དང། དགེ་བའི་ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པ་གཉིས་ཀྱང་དེ་གཉིས་ཉིད་ལ་བལྟ་བར་བྱའོ། །དེའི་དགེ་བ་ཡོངས་སུ་འཛིན་པ་གཞན་ཐམས་ཅད་ལས་ ཁྱད་པར་དུ་འཕགས་པ་ནི་གཉིས་ཏེ། རྒྱུ་ཁྱད་པར་དུ་འཕགས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུའི་དགེ་བ་ཡོངས་སུ་འཛིན་པའོ། །འབྲས་བུ་ཁྱད་པར་དུ་འཕགས་པ་ནི་བླ་ན་མེད་པའི་བྱང་ཆུབ་དེ་ཉིད་ཡིན་ནོ་ཞེས་སོ། ༈ །དེ་ལྟར་སེམས་བསྐྱེད་པ་རྣམ་པར་ངེས་པར་བྱས་ནས་ [205B] བདེ་གཤེགས་སྲས་བཅས་སྐུ་གཟུགས་མཆོད་རྟེན་དང། །དམ་ཆོས་འཕགས་པའི་ཚོགས་མཆོག་བླ་མ་ལ། །ཆོ་ག་ཇི་བཞིན་མཎྜལ་བྱས་ནས་ནི། །བསོད་ནམས་ཅི་ནུས་ བསག་ཕྱིར་སྟ་གོན་བྱ། །བྱང་ཆུབ་སེམས་བསྐྱེད་སྡོམ་པ་མཆོག་ལྡན་ཞིང། །ཐེག་ཆེན་བསླབ་གཞི་ལེགས་སྦྱངས་བརྩེར་ལྡན་པ། །ཆོ་ག་བཟང་པོས་རྗེས་འཛིན་བླ་མ་ལ། །རབ་གུས་གསོལ་གདབ་ཅི་ནུས་ཚོགས་བསགས་བྱ་ཞེས་བྱ་བའོ། ༈ །དངོས་གཞིའི་ཆོ་ག་ནི། དེ་ ནས་འགྲོ་བ་མཐའ་དག་དྲང་དོན་དུ། །རྣམ་པ་ཀུན་གྱི་མཆོག་ལྡན་སངས་རྒྱས་ཉིད། །རབ་ཏུ་དོན་གཉེར་དམིགས་པ་ཀུན་བྲལ་བ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས། །རྒྱལ་བ་སྲས་བཅས་ཀུན་གྱི་རྗེས་སློབ་བས། །བྱང་ཆུབ་སྙིང་པོའི་མཐར་ཐུག་རབ་བརྟན་བཟུང། ཞེས་ བྱ་བའོ། ༈ །རྗེས་ཀྱི་ཆོ་ག་ནི། དེ་ལ་སོགས་པའི་དགེ་ཚོགས་གང་བསགས་ཀུན། །འགྲོ་བའི་དོན་ཕྱིར་ཀུན་མཁྱེན་རྒྱ་མཚོར་བསྔོ། །བརྟུལ་ཞུགས་མཆོག་འདི་ཡོངས་སུ་བསྐྱང་དོན་དུ། །བསླབ་གཞི་མདོར་བསྡུས་ལེགས་པར་བརྡ་སྤྲད་བྱ་ཞེས་བྱ་བའོ། །འདི་ལ་དམ་པའི་སྐྱེ་བོ་མཁས་ པ་དག་གིས་ལུང་སོ་སོ་ལ་བརྟེན་པ་བླ་མ་བརྒྱུད་པའི་མན་ངག་ཆོ་གའི་ཚུལ་ཐ་དད་པ་དུ་མ་སྣང་སྟེ། སློབ་དཔོན་རྗེ་མཙུན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་ནི་མགོན་པོ་བྱམས་པ་ནས་བླ་མ་གསེར་གླིང་པ་ལ་ཐུག་པའི་མན་ངན་བརྒྱུད་པ་ལས། དང་པོར་སྟོན་པ་འཀྱའི་རྒྱལ་པོའི་སྐུ་གཟུགས་ གཙོར་བྱས་པའི་རྟེན་རྣམས་ལ་མཎྜལ་དང་མཆོད་པ་ཅི་འབྱོར་པ་ལེགས་པར་བཤམས་ནས་བླ་མ་མཚན་ཉིད་དང་ལྡན་པས་བློ་ལེགས་པར་ཁྲིད་དེ། དང་པོར་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་དཀོན་མཆོག་དང་བླ་མ་ལ་ཕྱག་འཚལ་བ་དང་མེ་ཏོག་ལ་སོགས་པ་མཆོད་པ་ཅི་ འབྱོར་པ་སོ་སོར་དབུལ་བ་ལ་སོགས་པས་ཚོགས་བསགས་ཤིང། སྔར་མ་བླངས་ན་ཐེག་པ་ཆེན་པོའི་སྐྱབས་སུ་འགྲོ་བ་ཡང་དག་པར་བླང་བ་བསླབ་པ་བརྗོད་པ་དང་བཅས་པས་ཐོག་དྲངས་པ་ནི་སྦྱོར་བའོ། །དངོས་གཞི་ནི་བློ་སྦྱང་བ་སྔོན་དུ་བཏང་སྟེ། རྒྱུ་དང་རྣམ་པ་དང་དུས་དང་ཡུལ་དང་ [206A]༄༅། །བྱེད་པའི་ཁྱད་པར་ལྔ་དང་ལྡན་པའི་ཆོ་ག་ལན་གསུམ་བླ་མའི་རྗེས་སུ་བརྗོད་པས་སེམས་རིན་པོ་ཆེ་དེ་ཡང་དག་པར་བཟུང་བ་ཁས་ལེན་པའི་ཆོ་གས་ནོད་པའོ། །རྗེས་ནི་དེ་མི་ཉམས་ཤིང་འཕེལ་བར་བྱེད་པའི་བསླབ་པ་ལྟ་དང། འཕགས་པ་སྤྱན་རས་ གཟིགས་ཀྱིས་ཞུས་པའི་ཆོས་བདུན་པ་བརྗོད་པར་བྱ་བར་གསུངས་ཏེ་རྒྱས་པར་ནི་གཞན་དུ་ལྟའོ། །སློབ་དཔོན་བྱང་ཆུབ་སེམས་དཔའ་ཞི་བ་ལྷས་ནི་བདེན་པ་གཟིགས་པའི་སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་ལས། སྟོན་པ་དེའི་སྐུ་གཟུགས་ལ་སོགས་པའི་ མདུན་དུ་ཡན་ལག་བདུན་གྱིས་ཚོགས་ཅི་འབྱོར་བ་བསག་པ་སྔོན་དུ་བྱས་ནས་བླ་མར་འོས་པ་ལ་གསོལ་བ་བཏབ་སྟེ། ཐེག་པ་ཆེན་པོའི་སྐྱབས་སུ་འགྲོ་བ་ནོད་པ་ནི་སྦྱོར་བའོ། །དངོས་གཞི་ནི་ལུས་ལ་སོགས་པ་བལྟོས་པ་མེད་པར་བཏང་བས་བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བ་ ལ་སོགས་པས་སེམས་དེའི་མཚན་ཉིད་མངོན་གྱུར་དུ་བསྒོཾ་པ་སྔོན་དུ་བྱས་ནས་དམ་བཅའ་བ་ཚིག་ཏུ་བརྗོད་པ། རྗེ་བཙུན་འཇམ་དཔལ་སྔོན་རྒྱལ་པོ་ནམ་མཁར་གྱུར་པ་ན་སངས་རྒྱས་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་སེམས་བསྐྱེད་པ་དང་སྡོམ་པ་གཉི་ག་ཇི་ལྟར་མནོས་པའི་ཆོ་ ག་ལན་གསུམ་བརྗོད་པ་ལྟར། ནོད་པ་སྟེ་བསླབ་པ་ཀུན་ལས་བཏུས་པས་གསུང་པ་ལྷོག་སྤྱོད་འཇུག་ནས་ཀྱང་དེ་གཉི་ག་མདོར་བསྡུ་བ་གསུངས་པའོ། །འདི་དག་ཀྱང་སོ་སོར་ལེན་པར་འདོད་ན་ནི་གང་རུང་དེ་དག་གིས་བརྗོད་པར་བྱ་བ་སྟེ། སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་མདོར་ བསྡུས་པ་ལས་གཉིས་སུ་ཕྱེ་བ་ལྟར་རོ། །བསླབ་པ་ཀུན་ལས་བཏུས་པར་ཡང་སོ་སོའི་ཆོ་ག་བརྗོད་པ་དོན་གྱིས་གོ་བར་བྱའོ། །རྗེས་ནི་ལྟུང་བའི་མཚན་ཉིད་ལ་སོགས་པ་བསླབ་པའི་སྤྱི་ཙམ་བརྗོད་དེ་དེ་ལ་སློབ་པ་ཕན་ཡོན་བརྗོད་པས་སྤྲོ་བ་འཕེལ་བར་བྱའོ། །འདིར་སློབ་དཔོན་ཙནྡྲ་གོ་ མི་ཞེས་བྱ་བ་སྐྱེ་བས་ཐོབ་པའི་ཤེས་རབ་ཟབ་ལ་རྒྱ་ཆེ་བ་མངའ་བ་དེས་ནི་འདི་ལྟར་གསུངས་ཏེ། སྦྱོར་བའི་ཆོ་ག་རྣམ་པ་དྲུག་ལས། གསོལ་བ་གདབ་པ་ནི་དང་པོར་སྟོན་པའི་སྐུ་གཟུགས་ལ་སོགས་པ་ལ་ཆོ་ག་ཇི་ལྟ་བས་མཎྜ་ལ་བྱས་ནས། ཅི་འབྱོར་པའི་མཆོད་པ་བཤམས་ [206B] བླ་མ་མཚན་ཉིད་དང་ལྡན་པ་ལ་སངས་རྒྱས་སུ་འདུ་ཤེས་པས་གུས་པར་ཕྱག་བྱས་ལ་ཅི་འབྱོར་བའི་མེ་ཏོག་ཕུལ་ནས། དགོངས་སུ་གསོལ་ཞེས་གང་འོས་པའི་མིང་དང་བཅས་པས་ཐུགས་གཏད་པར་གསོལ་ཞིང། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྐང་གཉིས་ ཀྱི་མཆོག་རྣམས་དང། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའི་མཆོག་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཁྱེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་མཛད་དུ་གསོལ་ཞེས་ལན་གསུམ་གྱིས་སོ། །ཕྱག་བཙལ་ཞིང་མཆོད་པ་དབུལ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་དང་དམ་པའི་ཆོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བརྗོད་དེ། མཆོད་པའི་ཚོགས་ཅི་འབྱོར་ཅིང་ཅི་འོས་པ་ཡང་དབུལ་བའོ། །སྡིག་པ་བཤགས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ་ལུས་དང་ངག་དང་ཡིད་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཕ་མ་དང་སེམས་ཅན་གཞན་དག་ལ། སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་བགྱིད་དུ་ སྩལ་བ་དང། བགྱིད་པ་ལ་རྗེས་སུ་ཡི་རང་བ་ཅི་མཆིས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་ཤིང་བསྡུས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར། བླ་ན་མེད་པའི་སོ་སོར་བཤགས་པས་འཆགས་སོ་མི་འཆབ་བོ། །སླན་ཆད་ཀྱང་འདི་ལྟ་བུ་མི་བགྱིད་དོ་ ཞེས་ལན་གསུམ་བརྗོད་པའོ། །བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བླ་ན་མེད་པ་ཐུགས་སུ་ཆུད་པ་དེ་བཞིན་དུ་ [207A]༄༅། །བདག་མིང་འདི་ཞེས་བགྱི་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཐམས་ཅད་དང་འགྲོ་བ་མ་ལུས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་ཞེས་ལན་གསུམ་བརྗོད་དོ། །སྐྱབས་སུ་འགྲོ་བ་ ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བགྱི་བའི་སླད་དུ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ། ཡང་དག་པར་རྫོགས་པའི་ སངས་རྒྱས་རྐང་གཉིས་རྣམས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིགས་པ་ཐམས་ཅད་དང་བྲལ་བ། སྐྱེས་བུ་ཆེན་པོའི་ཁྱུ་མཆོག་སྐུ་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པའི་སྐུ་ཆོས་ཀྱི་སྐུ་མངའ་བ་ལ་ སྐྱབས་སུ་མཆིའོ། །ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པ། དེ་བཞིན་གཤེགས་པ་ལ་མངའ་བ། ཞི་བ་ཆོས་ཀྱི་སྐུ་སོ་སོ་རང་གིས་རིག་པ་ལ་སྐྱབས་སུ་མཆིའོ། །དགེ་འདུན་འདུལ་བ་ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཞིའི་འཕགས་པ་ ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་བརྗོད་པས་སོ། །བདག་འབུལ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དུས་ཇི་ལྟ་བ་དང་སྟོབས་ཇི་ལྟ་བ་བཞིན་དུ་བདག་ཉིད་འབུལ་ཞིང་མཆིས་ན། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དག་བདག་ལ་བཞེས་སུ་གསོལ་ཞེས་ལན་གསུམ་བརྗོད་པས་སོ། །དངོས་ གཞིའི་ཆོ་ག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ [207B] སེམས་ཅན་ཐམས་ཅད་དགྲོལ་བ་དང། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པའི་སླད་དུ། བླ་ན་མེད་པར་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ། སེམས་ཅན་ཐམས་ཅད་བསྒྲལ་བ་དང། སེམས་ཅན་ཐམས་ཅད་དགྲོལ་བ་དང། སེམས་ཅན་ཐམས་ཅད་དབུགས་ དབྱུང་བ་དང། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ ཆུབ་སེམས་དཔའ་དེ་དག་གིས་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པར་མཉམ་པ་ཉིད་ཀྱིས་སམ། རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱི་བྱང་ཆུབ་ཏུ་ཐུགས་ བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་གནས་ཀྱི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བདུད་དཔུང་དང་བཅས་པ་ཕམ་ པར་མཛད་དེ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་བདུད་དཔུང་དང་བཅས་པ་ཕམ་པར་བགྱིས་ཏེ་བདག་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོཌ་ པའི་སངས་རྒྱས་དེ་དག་གིས། ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་ [208A]༄༅། །པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཚོགས་ཡོངས་སུ་བསྡུས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཚོགས་ བསྡུ་བར་བགྱིའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག་ཅེས་ལན་གསུམ་བཟླས་པས་ཏེ། སྙིང་རྗེ་དང་ ཤེས་རབ་ཀྱི་རྣམ་པ་གཉིས་དང་ལྡན་པས་འགྲོ་བའི་དོན་ཁོ་ནར་བྱང་ཆུབ་འདོད་པའི་བྱང་ཆུབ་ཀྱི་སེམས་ཁས་བླང་བས་སོ། །རྗེས་ནི་བསོད་ནམས་ཡོངས་སུ་བསྔོ་བ་སྟེ། དེ་ལ་སོགས་པ་དུས་གསུམ་དང་འབྲེལ་བའི་དགེ་བ་ཆུང་ངུ་ཡན་ཆད་ཀྱང་ཕ་མ་ལ་སོགས་པ་ཐོག་མར་བྱས་ པའི་འགྲོ་བ་མ་ལུས་པའི་དོན་དུ་ཐམས་ཅད་མཁྱེན་པའི་རྒྱ་མཚོར་བསྔོ་བ། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་འདི་དང། གཞན་ཡང་བདག་གིས་བསོད་ནམས་ཅུང་ཟད་ཅི་བགྱིས་པ་དང་བགྱིད་པ་དང་བགྱིད་པར་འགྱུར་བ་དེ་དག་ཐམས་ཅད། ཕ་མ་ལ་སོགས་ པ་སེམས་ཅན་ཐམས་ཅད་དང་བདག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །བདག་གིས་བསོད་ནམས་ཀྱིས་ཕ་མ་ལ་སོགས་པ་སེམས་ཅན་མ་བརྒལ་བ་ཐམས་ཅད་ནི་བསྒྲལ་ལོ། །མ་གྲོལ་བ་ཐམས་ཅད་ནི་དགྲོལ་ལོ། །དབུགས་མ་ཕྱིན་ པ་ཐམས་ཅད་ནི་དབུགས་དབྱུང་ངོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་ཐམས་ཅད་ནི་ཡོངས་སུ་མྱ་ངན་ལས་ཟླའོ། །མངོན་པར་རྫོགས་པར་སངས་མ་རྒྱས་པ་རྣམས་ནི་མངོན་པར་རྫོགས་པར་སངས་རྒྱས་པར་བགྱིའོ། །སྐྱབས་མ་མཆིས་པ་དང་གནས་མ་མཆིས་པ་དང་དཔུང་གཉེན་ མ་མཆིས་པའི་འཇིག་རྟེན་རྣམས་ལ་སྐྱབས་དང་གནས་དང་དཔུང་གཉེན་དུ་གྱུར་ཅིག་བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །རྒ་ནད་འཆི་བའི་རླབས་ཆེན་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་བཏོན་པར་ [208B] ༑ད་སླན་ཆད་བདག་གིས་སྦྱིན་པ་སྩོལ་བ་དང། ཚུལ་ཁྲིམས་བསྲུང་བ་དང། བཟོད་པ་བསྒོམ་པ་དང། བརྩོན་འགྲུས་རྩོམ་པ་དང། བསམ་གཏན་ལ་མཉམ་པར་འཇོག་པ་དང། ཤེས་རབ་རྣམ་པར་དཔྱོད་པ་དང། ཐབས་ལ་མཁས་པ་ལ་སློབ་པ་ཅིའང་རུང་སྟེ། དེ་དག་ཐམས་ ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ནས། འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། ཐེག་པ་ཆེན་པོ་ ལ་ཡང་དག་པར་ཞུགས་པ། ས་ཆེན་པོ་ལ་གནས་པ་རྣམས་ཀྱི་རྗེས་སུ་མཐུན་པར་འཇུག་གོ་འཕགས་པ་དག་བདག་བྱང་ཆུབ་སེམས་དཔའ་ལགས་ཀྱིས། བྱང་ཆུབ་སེམས་དཔའ་ལགས་པར་བཟུང་དུ་གསོལ། ས་དང་ཆུ་དང་མེ་དང་རླུང། །རྩི་དང་ནགས་ཀྱི་ཤིང་བཞིན་དུ། །རྟག་ ཏུ་སེམས་ཅན་ཐམས་ཅད་ཀྱི། །འདོད་དགུར་དགག་མེད་སྤྱོད་པར་ཤོག་མཐོང་བ་དང་ནི་རེག་པ་དང། །ཐོས་པ་དང་ནི་དྲན་པས་ཀྱང། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་གསོ་བར་བགྱིད་གྱུར་ཅིག་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག་ངན་སོང་དག་ནི་ རྟག་ཏུ་སྟོང་པར་ཤོག་བྱང་ཆུབ་སེམས་དཔའ་གང་དག་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག་ཅེས་ལན་གསུམ་བརྗོད་པར་གསུངས་པའོ། །སེམས་ཀྱི་རྒྱལ་པོ་དེ་རྗེས་སུ་བསྒྲུབ་པའི་ཆེད་དུ་འདིར་ཡང་བསླབ་པ་བརྗོད་པ་ནི་དོན་གྱིས་ལྟའོ། །ཆོ་གའི་ཚུལ་ དེ་ཐམས་ཅད་ལ་ཡང་བླ་མར་འོས་པ་རྙེད་ན་ནི་ཚེགས་ལ་སོགས་པའི་དཀའ་བ་ལ་མི་ལྟ་བར་དེ་ལས་ནོད་པ་ལ་ནན་ཏན་བྱ་སྟེ། དེ་བསླུས་པར་དོགས་པའི་འཇིགས་པ་དང། ངོ་ཚ་ཤེས་པ་དང་ཁྲེད་ཡོད་བརྟན་པོ་སྐྱེ་བས་ངང་གིས་བསླབ་པ་ལ་གུས་པ་འབྱུང་བའི་ཕྱིར་རོ། །བླ་མར་ འོས་པ་མ་རྙེད་ན་ནི་གསོལ་བ་གདབ་པ་ལ་སོགས་པ་སྔར་བརྗོད་པའི་ཆོ་ག་དེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱ་བས་སྐུ་གཟུགས་ཀྱི་སྤྱན་སྔར་ནོད་པར་བྱའོ། །མཎྜལ་བྱེད་པ་ནས་བརྩམས་པའི་ཚོགས་ཐམས་ཅད་ལའང་རང་རང་གི་ཆོ་ག་དང་ཕན་ཡོན་ནི་ [209A]༄༅། །ཁང་བུ་བརྩེགས་པ་དང། སྤྱན་རས་གཟིགས་དང། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ལ་སོགས་པའི་མདོ་ལས། ཇི་སྐད་གསུངས་པ་ལྟ་བུ་ཡིད་ལ་བྱ་བས་སྤྲོ་བ་དང་གུས་པ་དང། ནན་ཏན་གྱིས་བསྒྲུབ་པར་བྱ་སྟེ། ཁང་བུ་བརྩེགས་པ་ལས། ཀུན་དགའ་ བོ་གང་ལ་ལ་སེམས་དང་བས་དེ་བཞིན་གཤེགས་པའི་ཆེད་དུ་གྲུ་བྮིའམ་ཟླ་གམ་མམ་ཟླུམ་པོའམ་སོགས་ཀར་མཎྜལ་བྱས་ན། དེ་རིམ་པ་ཇི་ལྟ་བར་བྱང་གི་སྒྲ་མི་སྙན་དང་ཤར་གྱི་ལུས་འཕགས་དང་ནུབ་ཀྱི་བ་ལང་སྤྱོད་དང་ལྷོའི་འཛམ་བུ་གླིང་གི་དབང་ཕྱུག་གི་བདག་པོར་ འགྱུར་ཞིང། རིམ་པ་ཇི་ལྟ་བར་སུམ་ཅུ་རྩ་གསུམ་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགར་སྐྱེ་བར་འགྱུར་བར་ང་སྨྲའོ། །ཞེས་གསུངས་པ་དང། ཡང་ཀུན་དགའ་བོ་གང་ལ་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ་ཞེས་ཕྱག་བྱེད་པའི་སེམས་ཅན་དེ་ རྣམས་ངས་ཡོངས་སུ་བཟུང་ཞིང་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ༈ །དེ་ལྟར་བསྐྱེད་ནས་དེ་གནས་པ་དང་འཕེལ་བ་རྗེས་སུ་བསྒྲུབ་པ་ལ་དགག་སྒྲུབ་ཀྱི་བྱ་བ་སྤྱིར་བསྟན་པའི་དབང་དུ་བྱས་ཏེ་བརྗེད་པའི་རྒྱུ་སྤང་ཞིང་སྐྱེ་བ་གཞན་དུའང་མི་བརྗེད་པའི་རྒྱུ་ ལ་བསླབ་པ་ནི། བླ་མ་མཆོད་འོས་བསླུ་དང་སེམས་ཅན་ལ། །གཡོ་དང་སྒྱུས་སྤྱོད་རྒྱལ་སྲས་སྡང་བས་སྨོད། །དགེ་བའི་རྩོམ་ལ་འགྱོད་པས་གདུང་བྱེད་བཞིས། །བྱང་ཆུབ་སེམས་ནི་མ་རུངས་བྱེད་པ་ཡིན། །སྲོག་ལ་བབ་ཀྱང་བརྫུན་ཚིག་མི་སྨྲ་ཞིང། །འགྲོ་ལ་ལྷག་བསམ་གྱིས་བརྩེ་ རྒྱལ་སྲས་ལའང། །སྟོན་པར་ལྟ་བས་བསྔགས་བརྗོད་སེམས་ཅན་རྣམས། །ཐེག་མཆོག་ལ་འགོད་ཚེ་འཕོས་གྱུར་ཀྱང་ལྡན། །འོད་སྲུང་གིས་ཞུས་པ་ལས། ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བླ་མ་དང་མཆོད་པར་འོས་པ་རྣམས་བསླུ་བར་བྱེད་པ་དང་ སེམས་ཅན་ལ་གཡོ་དང་སྒྱུས་སྤྱོད་པ་དང། སེམས་བསྐྱེད་པ་རྣམས་ལ་མི་སྙན་པ་དང་བརྗོད་པ་མ་ཡིན་པ་དང་ཚིགས་སུ་བཅད་པ་མ་ཡིན་པ་སྒྲོགས་པ་དང། གཞན་དག་འགྱོད་པ་མེད་པའི་གནས་ལ་འགྱོད་པ་བསྐྱེད་པའོ། །ཆོས་བཞི་དང་ལྡན་ན་གང་དུ་སྐྱེས་པར་བྱང་ཆུབ་ཀྱི་སེམས་ [209B] ཤེས་བཞིན་དུ་བརྫུན་གྱི་ཚིག་སྲོག་གི་ཕྱིར་ཡང་མི་སྨྲ་བ་དང། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པས་གནས་པ་དང། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པར་འདུ་ཤེས་པས་ཡང་དག་པའི་བསྔགས་པ་ ཕྱོགས་བཞིར་སྒྲོགས་པ་དང། སེམས་ཅན་དགེ་བ་ལ་འགོད་པ་དག་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ལ་འགོད་ཀྱི། ཉི་ཚེ་བའི་ཐེག་པ་ལ་མ་ཡིན་པའི་དོན་དུ་གསུངས་པའོ། ༈ །སེམས་ཅན་ཡལ་བར་མི་འདོར་བ་ལ་སོགས་པ་བཞི་ལ་བསླབ་པ་ནི། ཅི་ལ་བབ་ཀྱང་ མི་སྤང་ཞིང། །ཕན་ཡོན་རྗེས་བསམས་རྒྱུན་དུ་སྦྱང་བྱ་སྟེ། །ཅི་ནུས་བསོད་ནམས་ཡེ་ཤེས་ཚོགས་བསགས་པས། །སྟོབས་བསྐྱེད་མི་ཉམས་ཁྱད་པར་འགྲོ་བར་འབད། །གཞན་ཡང་སེམས་ཅན་འགའ་ཙམ་གྱིའང་བདེ་སྡུག་ལ་ལྟ་བ་མེད་པར་འདིའི་དོན་མི་བྱེད་ཀྱང་བླའོ་ཞེས་ ཡལ་བར་འདོར་བ་ལ་འཛེམ་པ་མེད་པར་ཐུན་ཚོད་ལས་འདའ་བས་ནི་གཏོང་བར་འགྱུར་བས། གནོད་པ་ཆེན་པོ་བྱེད་པ་ལ་སོགས་པས་ཅི་ལ་བབ་ཀྱང་དེ་ལྟར་དོར་བར་མི་བྱའོ། །སྔར་བཤད་པ་ལྟ་བུའི་ཕན་ཡོན་མང་དུ་བསམས་པས་སྤྲོ་བ་ལས་བསྒྲིམ་པ་དྲག་པོས་མི་ཉམས་ ཤིང་འཕེལ་བར་བསླབ་པར་བྱའོ། །རྒྱུན་ཏུ་ཅི་ནུས་སུ་བསྒོམ་ཞིང། ཉིན་མཚན་དུས་དྲུག་ཏུ་ཆོ་ག་རྒྱས་བསྡུས་ཅི་རིགས་པས་སྤེལ་བས་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་སྦྱང་བར་བྱའོ། །བསམ་པ་རིན་པོ་ཆེ་དེ་ཉིད་ཀྱིས་འཕངས་པ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བ་ལ་སོགས་ པ་ཚོགས་རྣམ་པ་གཉིས་པོ་ཅི་ནུས་སུ་བསགས་པས་ནི་གོང་ནས་གོང་དུ་སྟོབས་སྤེལ་བར་བྱ་བའོ། ༈ །དགག་པའི་བྱ་བ་ལ་ཉམས་པར་བྱེད་པའི་ཆོས་ཀྱི་དབྱེ་བའི་དབང་དུ་བྱས་ནས། ང་རྒྱལ་སོགས་བཞི་དམན་ཞུགས་བསྟེན་སོགས་བཞི། །གཡོ་སྒྱུ་སོགས་བཞི་བདུད་ལས་མི་ཤེས་ སོགས། །བཞི་དང་སྲིད་པའི་བདེ་བ་དོན་གཉེར་བས། །བྱང་ཆུབ་སེམས་མཆོག་གཏོང་བར་བྱེད་པ་ཡིན། །སྲེད་མེད་ཀྱི་བུས་ཞུས་པ་ལས། ཆོས་བཞིས་བྱང་ཆུབ་ཀྱི་སེམས་བསྐྱེད་གཏོང་བར་འགྱུར་ཏེ། ང་རྒྱལ་དང་ཆོས་ལ་མ་གུས་པ་དང་བླ་མ་ཁྱད་དུ་གསོད་པ་དང། ལོག་པའི་ཚིག་སྨྲ་ [210A]༄༅། །བའོ། །ཡང་བཞི་སྟེ། ཉན་ཐོས་དང་རང་རྒྱལ་བའི་རྣལ་འབྱོར་བ་བསྟེན་པ་དང། ཐེག་པ་དམན་པ་ལ་མོས་པ་དང། བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་བ་དང། ཆོས་ལ་དཔེ་མཁྱུད་བྱེད་པའོ། །ཡང་བཞི་སྟེ། སྒྱུ་དང། གཡོ་དང། བླ་མ་ལ་ལྕེ་གཉིས་བྱེད་པ་ དང། རྙེད་པ་དང་བཀུར་སྟི་ལ་ཞེན་པའོ། །ཡང་བཞི་སྟེ། བདུད་ཀྱི་ལས་མ་ཤེས་པ་དང། ལས་ཀྱི་སྒྲིབ་པས་བསྒྲིབས་པ་དང། ལྷག་པའི་བསམ་པ་སྟོབས་ཆུང་བ་དང། ཐབས་དང་ཤེས་རབ་དང་མི་ལྡན་པའོ། །ང་རྒྱལ་གྱིས་ནི་ཆོས་ལྔ་དང་ཡང་བྲལ་བར་བྱེད་དེ། སངས་རྒྱས་མཐོང་བ་ དང། ཆོས་ཐོས་པ་དང། བྱང་ཆུབ་སེམས་དཔའ་རྣམས་ལ་འབེལ་གཏམ་འགྲོ་བ་དང། དགེ་བའི་རྩ་བ་བསྔོ་བ་དང། བྱང་ཆུབ་ཀྱི་སེམས་བརྟན་པོར་བྱ་བ་དང་འབྲལ་པའོ། །སྲིད་པའི་བདེ་བ་དོན་དུ་གཉེར་བ་ནི་ཡང་དེ་ཉིད་ལས། དཔེར་ན་མི་ཞིག་ཤེས་རབ་འཆལ། །བྱིས་པའི་རང་བཞིན་ གྱུར་པས་ན། །རྒྱལ་པོ་བསྙེན་བཀུར་བྱས་ནས་ནི། །བྱ་དགའ་ཆུང་ངུ་གསོལ་བར་བྱེད། །དེ་བཞིན་ལ་ལས་སངས་རྒྱས་ལ། །བསམ་གྱིས་མི་ཁྱབ་མཆོད་བྱས་ནས། །ཚངས་དང་བརྒྱ་བྱིན་རྒྱལ་པོའི་སྲིད། །དམའ་སའི་གནས་ལ་འདོད་པར་བྱེད། །རྒྱལ་པོར་གྱུར་དང་བརྒྱ་བྱིན་དང། །དེ་ བཞིན་ཚངས་པར་གྱུར་པ་རྣམས། །ཐམས་ཅད་མི་རྟག་བསྟན་པ་ཡིན། །བརྟན་མ་ཡིན་ཏེ་འཇིག་ཚུལ་ཅན། །དེས་ན་འགྲོ་ཀུན་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །སངས་རྒྱས་འཇིག་རྟེན་མཁས་རྣམས་ཀྱིས། །དེ་འདྲའི་སེམས་ནི་བསྔགས་པ་ཡིན་ཞེས་སོ། ༈ ། གཞན་ཡང་མ་དད་ལ་སོགས་བཅུ་གཉིས་དང། །ཆོས་ལ་སེར་སྣ་བྱེད་སོགས་དྲུག་དང་ནི། །མུ་སྟེགས་བྱེད་ཆོས་ལ་མོས་སྦྱོར་སོགས་ལྔ། །འདོད་པ་ལྔ་ལ་ཆགས་སོགས་གཉིས་ཀྱིས་གཏོང། །འདས་ཆེན་ལས། བྱང་ཆུབ་སེམས་དཔའ་ཆོས་བཅུ་གཉིས་ཀྱིས་ཕྱིར་ལྡོག་པར་འགྱུར་ ཏེ། མ་དད་པ་དང། ནན་ཏན་མི་བྱེད་པ་དང། ཐེ་ཚོམ་ཟ་བ་དང། ལུས་དང་ལོངས་སྤྱོད་ལ་ཆགས་ཤིང་སེར་སྣ་བྱེད་པ་དང། མྱ་ངན་ལས་འདས་པ་ཆེན་པོས་སྐྲག་སྟེ་སེམས་ཅན་ཐམས་ཅད་ཇི་ལྟར་མྱ་ངན་ལས་བཟླ་བར་ནུས་སྙམ་པ་དང། བཟོད་སེམས་མེད་པ་དང། མ་དུལ་བྱ་ [210B] མྱ་ངན་གྱིས་གདུངས་པ་དང། མི་བདེ་བ་དང། བག་མེད་པ་དང། བདག་གི་ལུས་ལ་བརྙས་པ་དང། ཉོན་མོངས་པ་གཞིག་མི་ནུས་པར་ལྟ་བ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་འཇུག་པར་མི་མོས་པའོ། །ཆོས་དྲུག་གིས་ནི་བྱང་ཆུབ་ཀྱི་སེམས་འཇིག་པར་བྱེད་དེ། ཆོས་ ལ་སེར་སྣ་བྱེད་པ་དང། སེམས་ཅན་ལ་སྡིག་པའི་སེམས་བསྐྱེད་པ་དང། སྡིག་པའི་བཤེས་གཉེན་བསྟེན་པ་དང། ལེ་ལོ་བྱེད་པ་དང། ང་རྒྱལ་བྱེད་པ་དང། འཇིག་རྟེན་པའི་ལས་བྱེད་པའོ། །ཆོས་ལྔས་ནི་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་འགྱུར་ཏེ། མུ་སྟེགས་ཀྱི་ཆོས་ལས་རབ་ ཏུ་འབྱུང་བར་དགའ་བ་དང། བྱམས་པ་ཆེན་པོ་མི་སྒོམ་པ་དང། ཆོས་སྨྲ་བའི་སྐྱོན་འཚོལ་བར་དགའ་བ་དང། རྟག་ཏུ་འཁོར་བ་ཉིད་ལ་དགའ་བ་དང། གསུང་རབ་ཡན་ལག་བཅུ་གཉིས་པོ་འཛིན་པ་ལ་སོགས་པ་ལ་མི་མོས་པའོ། །ཡང་གཉིས་ཀྱིས་གཏོང་སྟེ། འདོད་པའི་ཡོན་ ཏན་ལྔ་ལ་ཆགས་པ་དང། དཀོན་མཆོག་གསུམ་ལ་མི་གུས་པའོ། །ས་ལས་ཀྱང་སྐྱེ་བའི་རྒྱུ་བཞི་ལས་ལྡོག་པ་རིགས་མེད་པ་དང། གྲོགས་ངན་པ་དང། སྙིང་རྗེ་ཆུང་བ་དང། སྡུག་བསྔལ་མི་བཟོད་པ་བཞི་ནི་སེམས་དེ་ལས་ལྡོག་པའི་རྒྱུར་གསུངས་སོ། ༈ །དེ་ལས་ལྡོག་པའི་རྒྱུ་ནི། འདི་ ལ་གྲངས་མེད་ཞུགས་ཀྱང་འཁོར་བ་ཡི། །ཉེས་མང་མཐོང་སོགས་རྐྱེན་གྱིས་བཟློག་པས་ན། །བསྒྲུབ་དཀའ་གཞིག་སླ་སྔར་མ་གཡུལ་འཇུག་པ། །གོ་མཚོན་བརྟན་ཡང་སྐྲག་ནས་ལྡོག་དང་འདྲ། འདས་ཆེན་ཉིད་ལས་སེམས་ཅན་གྲངས་མེད་པ་སེམས་བསྐྱེད་དུ་ཟིན་ཀྱང་རྐྱེན་ཅུང་ཟད་ཀྱིས་ བཟློག་སྟེ། ཆུ་འགུལ་ན་ཆུ་ཟླ་ལྟར་རམ། རི་མོའི་སྐུ་གཟུགས་ལྟར་བསྒྲུབ་དཀའ་ལ་གཞིག་སྨྲ་བས་སོ། །ཡང་མི་སྡར་མ་གོ་མཚོན་བསྟར་ཏེ་གཡུལ་དུ་ཕྱིན་ཀྱང་དགྲས་སྐྲག་ནས་ཕྱིར་ལྡོག་གོ་སེམས་ཅན་དག་ཀྱང་སེམས་བསྐྱེད་པའི་གོ་མཚོན་གྱིས་བརྒྱན་ནས་འཁོར་བའི་སྐྱོན་ མཐོང་སྟེ་སྐྲག་ནས་ལྡོག་པའོ་ཞེས་སོ། ༈ །དེའི་བར་ཆད་བྱེད་པའི་ཉེས་པ་ནི། རིན་ཆེན་རིན་ཐང་མེད་དང་སྨན་སྡོང་ལ། །གནོད་བྱས་ནོར་ཚོགས་མང་དང་ནད་པ་མང། །གསོད་པར་ཞུགས་ལྟར་སེམས་མཆོག་གཅིག་གི་ཡང། །གེགས་བྱས་ཡོན་ཏན་རིན་ཆེན་དྤ་ [211A]༄༅། །མེད་དང། །འགྲོ་བ་ཀུན་གྱི་ཉོན་མོངས་ནད་ཆེན་རྣམས། །ཞི་བ་ཆེན་པོས་གསོ་བའི་བར་ཆད་དོ། །དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ལས། །རིན་ཐང་མེད་པའི་རིན་པོ་ཆེ་ལ་བར་ཆད་བྱས་ན་ནོར་གྱི་ཕུང་པོ་ཆེན་པོ་ལ་བར་ཆད་བྱས་པ་ལྟར། བྱང་ཆུབ་ཏུ་ སེམས་བསྐྱེད་པ་གཅིག་གི་བར་ཆད་བྱས་ན་ཡོན་ཏན་རིན་པོ་ཆེའི་ཕུང་པོ་འབུམ་ཕྲག་མང་པོ་དཔག་ཏུ་མེད་པའི་བར་ཆད་དོ། །སྨན་གྱི་སྡོང་པོ་བསྐྲུན་པ་ལ་བར་ཆད་བྱས་ན་ནད་པ་མང་པོ་གསོད་པ་ཡིན་པ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་སྨན་ལ་བར་ཆད་བྱས་ན་སེམས་ཅན་གྲངས་ མེད་པ་འདོད་ཆགས་ལ་སོགས་པའི་ནད་ཆེན་པོས་གང་བ་རྣམས་མྱ་ངན་ལས་འདས་པ་ཆེན་པོའི་ནད་མེད་པར་འགྲོ་བའི་བར་ཆད་དོ་ཞེས་སོ། ༈ །སྐབས་ཀྱི་འབྲས་བུ་བསྡུ་བ་ནི། དེས་ན་ཞར་བ་མིག་གཅིག་བསྲུང་སོགས་ལྟར། །རྟག་ཏུ་བསྒྲིམས་པས་གཅིག་པོ་འདི་བསྲུང་སྟེ། །དེ་ལས་ ཐེག་པ་གཅིག་ཏུ་བློ་སྦྱང་བས། །རྟག་སོགས་བཞི་ལྡན་བྱང་ཆུབ་མཆོག་ཐོབ་བྱ། །འདས་ཆེན་ལས། བྱང་ཆུབ་སེམས་དཔས་དངོས་པོ་གཅིག་རྟག་ཏུ་བརྩོན་བས་བསྲུང་བར་བྱ་སྟེ་བྱང་ཆུབ་ཀྱི་སེམས་སོ། །འཇིག་རྟེན་པ་བུ་གཅིག་པོ་བསྲུང་བ་དང། ཞར་བ་མིག་གཅིག་པོ་བསྲུང་བ་དང། དབྱེ་ དགོན་པར་འགྲོ་བ་དེད་དཔོན་བསྲུང་བ་ལྟར་གཅེས་པར་འཛིན་པས་སོ། །དེས་བྱང་ཆུབ་ཆེན་པོ་ཐོབ་པས་རྟག་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་པའོ། །ཡང་དག་པ་གཅིག་ལ་དད་ཅིང་གཞོལ་ཏེ་ཐེག་པ་གཅིག་པར་སྦྱོང་ངོ། །གསུམ་ནི་གདུལ་བྱའི་རིམ་པ་ཙམ་ཡིན་ པས་མི་འགལ་ལོ་ཞེས་སོ། ༈ །བསྒྲུབ་པའི་བྱ་བ་ལས་གོ་ཆའི་ཁྱད་པར་ནི། གཞན་ཡང་འདི་ལྟར་སེམས་ནི་སྦྱང་བྱ་སྟེ། །སྔོན་གྱི་རྒྱལ་རྣམས་འགྲོ་ལ་བརྩེ་ཆེན་གྱིས། །ཐེག་མཆོག་ལམ་ལ་སྦྱངས་བས་སངས་རྒྱས་པས། །བདག་ཀྱང་ངེས་པར་བསྒྲུབ་ཅེས་གོ་ཆ་བགོ་དེ་ཉིད་ལས་ བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པའི་ཐབས་ནི་སངས་རྒྱས་རྣམས་ཀྱིས་སེམས་ཅན་སྐྱེ་བ་ལ་སོགས་པ་ལས་བཟློག་པར་མཛད་དེ་གཞན་ལ་རག་མ་ལས་པའི་ནན་ཏན་གྱིས་བྱང་ཆུབ་ཐོབ་པར་ཐོས་ནས་བྱང་ཆུབ་ཀྱི་ལམ་ཐོབ་ན་བདག་གིས་ཀྱང། ཤིན་ཏུ་ནན་ཏན་བྱས་ཏེ་ [211B] ༈ །སྨོན་ལམ་གྱི་ཁྱད་པར་ནི། དགེ་རྩ་བསགས་ཀུན་བྱང་ཆུབ་ཆེན་པོར་ནི། །ཡོངས་སུ་བསྔོ་ཞིང་དེ་ལས་མི་ལྡོག་པར། །གོང་དུ་ཁྱད་ཞུགས་འགྲོ་བའི་ཚོགས་པ་ཀུན། །ལེགས་འབྱོར་དངོས་དང་བརྒྱུད་པས་དེ་ཡི་ནི། །གེགས་སུ་གྱུར་བ་མཐའ་དག་ དང་བྲལ་བར། །སྨོན་ལམ་རྒྱ་ཆེན་རྟག་ཏུ་གདབ་པར་བྱ། །དེ་ཉིད་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་པས་དགེ་བའི་རྩ་བ་ཆེའང་རུང། ཆུང་ཡང་རུང་ཅི་བསགས་པ་ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོས་ནས་འདི་ལྟར་སྨོན་ལམ་གདབ་སྟེ། བདག་རྟག་ཏུ་སངས་རྒྱས་རྣམས་དང་དེའི་སློབ་ མ་རྣམས་ལ་བསྙེན་བཀུར་བྱེད་ཅིང་ཆོས་ཟབ་མོ་ཐོས་ལ་དབང་པོ་ལྔ་ལྡན་དེ་སྡུག་བསྔལ་གྱིས་གདུངས་ཀྱང་བྱང་ཆུབ་ཀྱི་སེམས་མི་སྟོར་བར་ཤོག་ཤིག་སངས་རྒྱས་དང་དེའི་སློབ་མ་རྣམས་ཀྱིས་བདག་ལ་རྟག་ཏུ་དགོངས་ཤིང་དགེ་བའི་རྩ་བ་སྔ་དང་ལྡན་ཏེ། སེམས་ཅན་རྣམས་ ཀྱིས་བདག་གི་ལུས་བཅད་པ་ལ་སོགས་པ་བྱས་ཀྱང་དེ་དག་ལ་བྱམས་པ་ཆེན་པོ་བསྐྱེད་དེ་དགའ་བས། འདིས་ནི་བདག་གི་བྱང་ཆུབ་བསྐྱེད་པ་དང་འཕེལ་བར་བྱས་སོ། །འདི་མེད་ན་བདག་ཅིའི་རྐྱེན་གྱིས་མངོན་པར་རྫོགས་པར་འཚང་རྒྱ་སྙམ་པས་སོ། །ཡང་འདི་ལྟར་སྨོན་ལམ་གདབ་ སྟེ༑ བདག་མཚན་མེད་པའམ་མཚན་གཉིས་པའམ་མོའི་ལུས་སུ་མ་གྱུར་ཅིག་གཞན་གྱི་དབང་བྱེད་པར་མ་གྱུར་ཅིག་རྗེ་པོ་ངན་པ་དང་ཕྲད་པར་མ་གྱུར་ཅིག་རྒྱལ་པོ་ངན་པས་དབང་བྱེད་པར་མ་གྱུར་ཅིག་ཡུལ་ངན་པར་སྐྱེ་བར་མ་གྱུར་ཅིག་ལུས་བྱད་བཟང་པོ་ཐོབ་ཅིང་ཆོ་རིགས་ བཙུན་པ་དང་ནོར་དང་རིན་པོ་ཆེ་མང་པོ་བདོག་ཀྱང་དྲེགས་པར་མ་གྱུར་ཅིག་རྟག་ཏུ་གསུང་རབ་སྡེ་སྣོད་བཅུ་གཉིས་ཐོས་ནས་འཛིན་ཅིང་ཀླེག་པ་ལ་སོགས་པ་བྱེད་པར་གྱུར་ཅིག་དེ་སེམས་ཅན་ལ་བཤད་པས་ཡིད་ཆེས་ཤིང་འཛིན་པ་དང་དད་ནས་ཐེ་ཙོམ་མེད་དེ་རྟག་ཏུ་བདག་ ལ་ངན་སེམས་མི་སྐྱེ་བར་གྱུར་ཅིག་ཉུང་དུ་ཐོས་ལ་མང་དུ་ཤེས་པར་གྱུར་ཅིག་མང་དུ་ཐོས་ལ་དོན་མི་ཤེས་པར་མ་གྱུར་ཅིག་སེམས་ཀྱི་སྟོན་པར་གྱུར་ལ་སྟོན་པའི་སེམས་སུ་མ་གྱུར་ཅིག་ལུས་དང་ངག་དང་ཡིད་ཀྱི་ལས་སྡིག་པ་དང་འདྲེས་པར་མ་གྱུར་ཅིག་སེམས་ཅན་ཐམས་ [212A]༄༅། །ཅད་ལ་བདེ་བ་སྦྱིན་པར་གྱུར་ཅིག་ལུས་ཀྱི་ཚུལ་ཁྲིམས་དང་སེམས་ཀྱི་ཤེས་རབ་རི་རབ་དང་འདྲ་བར་མི་གཡོ་བར་གྱུར་ཅིག་བླ་ན་མེད་པའི་དམ་པའི་ཆོས་འཛིན་པའི་ཕྱིར་ལུས་དང་སྲོག་དང་ཟང་ཟིང་ལ་འཇུངས་པར་མ་གྱུར་ཅིག་མ་བརྟགས་པའི་ རྫས་ཀྱིས་བསོད་ནམས་ཀྱི་ལས་བྱེད་པར་མ་གྱུར་ཅིག་ཡང་དག་པའི་འཚོ་བས་བདག་གསོ་ཞིང་གཡོ་སྒྱུའི་སེམས་མེད་པར་གྱུར་ཅིག་རྟག་ཏུ་དྲིན་དྲན་ཞིང་དྲིན་ཞིང་དྲིན་ཆུང་ངུ་ལའང་ལན་ལྡོན་པར་གྱུར་ཅིག་འཇིག་རྟེན་གྱི་རྩལ་གྱི་དངོས་པོ་ལ་མཁས་པར་གྱུར་ཅིག་སེམས་ཅན་ ཐམས་ཅད་ཀྱི་སྐད་ལ་མཁས་པར་གྱུར་ཅིག་གསུང་རབ་སྡེ་བཅུ་གཉིས་ཀློག་པ་ལ་སོགས་པ་ལ་ལེ་ལོ་དང་སྙོམས་ལས་མེད་པར་གྱུར་ཅིག་གལ་ཏེ་སེམས་ཅན་ལ་ལ་ཐོས་པར་མི་དགའ་ན་ཐབས་ཀྱིས་ཐོས་པར་དགའ་བ་བྱེད་པར་གྱུར་ཅིག་སྨྲ་བ་མཉེན་དེས་ཤིང་མི་དགའ་བའི་ ངག་བརྗོད་པར་མ་གྱུར་ཅིག་མི་བཟླུམ་པ་རྣམས་ཀྱི་སྡུམས་བྱེད་པར་གྱུར་ཅིག་མྱ་ངན་དང་འཇིགས་པ་དག་གི་མྱ་ངན་དང་འཇིགས་པ་སྤོང་བར་གྱུར་ཅིག་མུ་གེ་བྱུང་ན་ཆོག་ཤེས་འགྲངས་པར་གྱུར་ཅིག་ནད་དང་གོར་བྱུང་ན་སྨན་པའི་རྒྱལ་པོར་གྱུར་ཏེ། ནད་ཀྱི་རྐྱེན་སྨན་དང་ནོར་ལ་སོགས་ པ་ཅི་དགོས་པ་སྦྱིན་པས་ནད་རྣམས་སེལ་བར་གྱུར་ཅིག་མཚོན་གྱི་བསྐལ་པར་སྟོབས་ཆེན་པོས་གནོད་པ་དང་འཚེ་བ་ཐམས་ཅད་གཅོད་པར་གྱུར་ཅིག་སེམས་ཅན་གྱི་འཇིགས་པ་སྣ་ཚོགས་འཆི་པ་དང་འཆིང་བ་དང་བརྡེག་པ་དང་མེ་དང་ཆུ་དང་རྒྱལ་པོ་དང་རྐུན་པོ་དང་དབུལ་བ་ དང་ཁྲིམས་འཇིག་པ་དང་མི་སྙན་པ་དང་ངན་སོང་ལ་སོགས་པ་གཅོད་པར་གྱུར་ཅིག་ཕ་དང་མ་དང་མཁན་པོ་དང་བླ་མ་ལ་ཤིན་ཏུ་བཀུར་སྟིའི་གུས་པ་བྱེད་པར་གྱུར་ཅིག་ཁོ་ན་དང་སྡོ་བ་ལ་བྱམས་པ་ཆེན་པོ་བྱེད་པར་གྱུར་ཅིག་རྟག་ཏུ་རྗེས་སུ་དྲན་པ་དྲུག་དང། སྟོང་པའི་ཏིང་ངེ་ འཛིན་གྱི་རྣམ་གྲངས་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང། སྐྱེ་ཞིང་འགོག་པ་ལ་སོགས་པའི་ལྷག་མཐོང་དང། དབུགས་བགྲང་བ་དང། ལྷ་དང་ཆངས་བ་དང་འཕགས་པའི་གནས་པ་དང། རྡོ་རྗེ་ལྟ་བུ་དང་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་ [212B]དཀོན་མཆོག་གསུམ་མི་བཞུགས་པའི་སར་ཡང་རང་ཉིད་ཀྱིས་རབ་ཏུ་ཞི་བའི་སེམས་ཐོབ་ཅིང། ལུས་དང་སེམས་ཉོན་མོངས་པ་ཆེར་མྱོང་ཡང་བྱང་ཆུབ་ཀྱི་སེམས་སྟོར་བར་མ་གྱུར་ཅིག་ཉན་ཐོས་དང་རང་སངས་རྒྱས་ཀྱིས་སེམས་ཀྱིས་ཆོག་པར་མི་ འཛིན་པར་གྱུར་ཅིག་དཀོན་མཆོག་གསུམ་མི་བཞུགས་པའི་གནས་སུ་མུ་སྟེགས་ཀྱི་ཆོས་ལ་རབ་ཏུ་བྱུང་སྟེ་ངན་པར་ལྟ་བ་འཇིག་ཅིང། མུ་སྟེགས་ཀྱི་ཆས་མི་སྒོམ་པར་སེམས་དང་ཆོས་ལ་དབང་ཐོབ་པར་གྱུར་ཅིག་འདུས་བྱས་ཀྱི་སྐྱོན་གསལ་བར་མཐོང་བར་གྱུར་ཅིག་ སྲོག་ཕངས་པར་འཛིན་པ་ལུས་གཏོང་བ་ལ་འཇིགས་པ་ལྟར་ཉན་ཐོས་དང་རང་རྒྱལ་བའི་སེམས་དང་འབྲས་བུ་ལ་འཇིགས་པར་ལྟ་བར་གྱུར་ཅིག་ཇི་ལྟར་སེམས་ཅན་དག་སུམ་ཅུ་རྩ་གསུམ་པའི་ལྷའི་བདེ་བ་ལ་མོས་པ་ལྟར། འགྲོ་བའི་དོན་བྱེད་པར་ངན་སོང་གསུམ་ལ་ མོས་པར་གྱུར་ཅིག་སེམས་ཅན་གཅིག་གི་ཕྱིར་ཡང་བསྐལ་པ་ཚད་མེད་པར་དམྱལ་བའི་སྡུག་བསྔལ་མྱོང་ཡང་འགྱོད་པའི་སེམས་མི་སྐྱེ་བར་གྱུར་ཅིག་གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པར་བདག་གི་བདེ་བ་ལྟར་རྟག་ཏུ་དགའ་བར་གྱུར་ཅིག་དཀོན་མཆོག་གསུམ་དང་འཕྲད་པ་ན་ ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་མེ་ཏོག་ལ་སོགས་པ་དང། རིན་པོ་ཆེ་བདུན་གྱིས་མཆོད་པ་བྱེད་པར་གྱུར་ཅིག་སངས་རྒྱས་ཀྱི་བཅས་པའི་ཚུལ་ཁྲིམས་མནོས་ནས་བརྟན་པར་འཛིན་ཅིང་ནམ་ཡང་འཇིག་པའི་སེམས་མེད་པར་གྱུར་ ཅིག་བྱང་ཆུབ་སེམས་དཔའི་བྱ་དཀའ་བའི་སྤྱོད་པ་རྣམས་ཐོས་ན་རབ་ཏུ་དགའ་ཞིང་ཆོས་ལ་འགྱོད་སེམས་མི་སྐྱེ་བར་གྱུར་ཅིག་སྔོན་གྱི་གནས་རྗེས་སུ་དྲན་ཞིང་ནམ་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ལས་གསོག་པར་མ་གྱུར་ཅིག་འབྲས་བུ་ལ་རེ་བས་རྒྱུ་དང་ རྐྱེན་གསོག་པར་མ་གྱུར་ཅིག་ད་ལྟར་གྱི་བདེ་བ་ལ་ནམ་ཡང་ཆགས་པར་མ་གྱུར་ཅིག་ཅེས་སོ། ༈ །དེ་དག་གི་བྱེད་པའི་ཁྱད་པར་ནི། དེ་ལྟའི་ཡིད་མལ་གནས་རྣམས་ཀྱང་ནི། །མི་ལྡོག་འགྲོ་བའི་དེད་དཔོན་ཆེན་པོར་འགྱུར། །དེས་ནི་ཆོས་ཕྱིར་མར་མེར་ལུས་གཏོང་བའི། །ཚོར་བ་ [213A]༄༅། །མྱོང་ཚེ་འདི་ནི་དོན་མེད་པར། །དམྱལ་བའི་སྡུག་བསྔལ་མང་མྱོང་ཆར་མི་ཕོད། །ཅེས་བརྟགས་བཟོད་བྱས་སེམས་ཅན་བསྒྲལ་བའི་ཕྱིར། །དམྱལ་བའང་ལེན་ན་སྡུག་བསྔལ་གཞན་ཅི་སྨོས། །འདི་འདྲའི་གོ་ཆའི་ཁུར་ཆེན་ཁྱེར་བར་བསླབ། །དེ་ཉིད་ལས་ དེ་ལྟར་ཡི་དམ་འཆའ་བ་ནི་ནམས་ཀྱང་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་ཅིང་བྱང་ཆུབ་ཀྱི་སེམས་མི་སྟོར་བའོ། །སྦྱིན་བདག་ཆེན་པོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་མཐོང་བ། འཁོར་བ་ལས་སྒྲོལ་བ། བླ་ན་མེད་པའི་ཆོས་འཛིན་ཅིང་བསྲུང་བ། ཕ་རོལ་ ཏུ་ཕྱིན་པ་དྲུག་དང་ལྡན་པ་ཞེས་ཀྱང་བྱའོ། །བྱང་ཆུབ་སེམས་དཔའ་ཆོས་འདོད་པས་ལུས་ལ་རས་དཀྲིས་ཏེ་མར་བྱུགས་ནས་མར་མེར་གཏོང་བ་ན། སྡུག་བསྔལ་ཆེན་པོ་མྱོང་བའི་ཚེ་རང་གི་སེམས་ལ་འདི་ལྟར་སྨོད་དེ། འདི་ནི་དམྱལ་བའི་སྡུག་བསྔལ་གྱི་བརྒྱ་སྟོང་གི་ཆ་ཙམ་ དུའང་མི་ཕོད་ན། ཁྱོད་དོན་མེད་པར་དེ་ནི་བསྐལ་པ་ཚད་མེད་པར་ཡང་བཟོད་ལ། ཆུང་ངུ་འདི་ཙམ་ཡང་མི་བཟོད་ན་དམྱལ་བར་སེམས་ཅན་བསྒྲལ་བའི་ཕྱིར་ཅི་ལྟར་འགྲོ་བར་ནུས། དེ་ལྟར་བསམས་ན་ལུས་ཀྱིས་ཀྱང་སྡུག་བསྔལ་དེ་མི་ཚོར་ལ་སེམས་ཀྱང་མི་ལྡོག་གོ་དེའི་ཚེ་ ནི་བདག་ངེས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་རྟོགས་ཏེ། ལུས་གཏོང་བའི་སྡུག་བསྔལ་གཞན་ཅི་ལྟ་བུ་ཡང་བཟོད་དོ་ཞེས་གསུངས་ཏེ། སེམས་དེ་སྤྱད་པའི་ཆེད་དུ་ཞེས་དགོངས་པའོ། །བསྟན་པ་ལ་འཇུག་པའི་རིམ་པ་རྣམ་པར་བཤད་པ་ལས། བྱང་ཆུབ་ཀྱི་ སེམས་བསྒོམ་པ་ལ་འཇུག་པ་བཤད་པ་སྟེ། ལེའུ་དྲུག་པའོ།། ༈ །།དེ་ལྟར་བྱང་ཆུབ་ཀྱི་སེམས་སྨོན་པ་ལ་བསླབ་པ་བརྗོད་ནས་དེ་ཙམ་གྱིས་སྔར་བརྗོད་པའི་ཕན་ཡོན་ཐམས་ཅད་ཡོངས་སུ་རྫོགས་ཤིང་མཐར་ཐུག་པའི་སངས་རྒྱས་ཉིད་མི་འགྲུབ་པས་ ན༑ བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ། ཐབས་ཀྱིས་མཐར་ཕྱིན་པར་བྱེད་པར་གསུངས་པས། བྱང་ཆུབ་སེམས་དཔའི་བསླབ་པ་ལ་བསླབས་པ་ལས་བྱང་ཆུབ་ཀྱི་སེམས་སྔ་མའང་བརྟན་ [213B] འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པ། །ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་ སྡོམ་པ་སྤེལ་འདོད་པས། །དེ་ཕྱིར་འབད་པས་འདི་ནི་ངེས་པར་བླང་ཞེས་གསུངས་པའོ། ༈ །དང་པོར་སྦྱོར་བ་དང་དངོས་དང་རྗེས་དག་གིས་ཡང་དག་པར་བླང་བའི་ཆོ་ག་བསྟན་པར་འདོད་ནས། བསམ་པ་ཙམ་གྱིས་ཀུན་མཁྱེན་མི་འགྲུབ་པས། །ཚུལ་ཁྲིམས་ཕུང་པོ་གསུམ་གྱི་ བསླབ་པ་བླང། །བླ་མར་འོས་ལ་གསོལ་གདབ་བར་ཆད་དྲི། །བསླབ་གཞི་ལྕི་ཡང་ཉེས་དམིགས་ཕན་ཡོན་དག་བསྒོ་ཞིང་ཚོགས་བསགས་མྱུར་དུ་བསྐུལ་ནས་ནི། །བསམ་པ་སྦྱང་ཞིང་མདོར་བསྡུས་དྲི་བ་བརྗོད། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་རྒྱལ་སྲས་རྣམས། །བསླབ་ པའི་གཞི་དང་ཚུལ་ཁྲིམས་གང་དག་ལ། །བསླབས་ཤིང་སློབ་དང་སློབ་འགྱུར་མ་ལུས་བ། །བསྡུས་པའི་ཚུལ་ཁྲིམས་ཕུང་པོ་གསུམ་མནོས་བྱ། །བདེར་གཤེགས་སྲས་བཅས་ཇི་སྙེད་བཞུགས་པ་ལ། མཁྱེན་པར་གསོལ་གདབ་གཟིགས་ཤིང་དགོངས་པ་དང། །མཆོག་ཏུ་གསང་ དང་བསླབ་པ་མདོར་བསྡུས་བརྗོད། །བཀའ་དྲིན་གཟོ་བས་མཆོད་ཅིང་ཕྱག་ །འདི་དག་བྱང་ཆུབ་སེམས་དཔའི་ས་ལས་གསུངས་པ་བླ་མ་བརྒྱུད་པའི་མན་ངག་གི་གོ་རིམ་གྱས་བརྗོད་པར་བྱ་སྟེ། སྦྱོར་བའི་ཆོ་ག་རྣམ་པ་བཅུ་ལས་གསོལ་བ་གདབ་པ་ནི་བྱང་ཆུབ་སེམས་དཔའ་ ཁྱིམ་པའམ་རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་ཀྱི་ཕུང་པོ་གསུམ་ལ་སློབ་ བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་ཆོས་མཐུན་པ་སྡོམ་པ་དང་ལྡན་པ་མཁས་པ་དག་གི་ རྣམ་པར་རིག་བྱེད་ཀྱི་དོན་འཛིན་པ་དང་གོ་བར་ནུས་པ་ལ་ཕྱག་བྱས་ནས་སྙིང་ཐག་པ་ནས་ལེན་པར་འདོད་པས་གསོལ་བ་གདབ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ཁྱེད་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ [214A]༄༅། །བླང་བ་མནོད་པར་འཚལ་གྱི། དེ་ལས་ཁྱེད་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་གཅིག་གསན་ཅིང་སྩལ་བའི་རིགས་སོ་ཞེས་ལན་གསུམ་རྗེས་སུ་བཟླས་པས་སོ། །བར་ཆད་དྲི་བ་གཉིས་ལས་ཐུན་མོང་བ་དྲི་བ་ནི། རིགས་ཀྱི་ བུ་མིང་འདི་ཞེས་བྱ་བ་ཁྱོད། བྱང་ཆུབ་སེམས་དཔའི་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་གཞན་དང་འགྲན་པའི་ཕྱིར་མ་ཡིན་ནམ། གཞན་གྱིས་རང་དབང་མེད་པར་ལེན་དུ་བཅུག་པ་མ་ཡིན་ནམ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ་སྡེ་སྣོད་ཀྱི་མ་མོ་ཐོས་ སམ། ཤེས་སམ་དད་དམ་ཆུང་ཟད་བསྲུང་ནུས་སམ། སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བར་འདོད་དམ། མ་གྲོལ་བ་རྣམས་དགྲོལ་བར་འདོད་དམ། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་འདོད་དམ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་ མྱ་ངན་ལས་བཟླ་བར་འདོད་དམ། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ་ཞེས་སོ། །དེས་ཀྱང་ལན་ཅི་རིགས་པ་དང་ཅི་ནུས་པས་གདབ་པའོ། །བསླབ་པའི་གཞི་ལྕི་ཡང་བརྗོད་པ་ནི་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་བདག་ལ་བསྟོད་ཅིང་གཞན་ལ་ སྨོད་པ་ལ་སོགས་པ་ཕམ་པའི་གནས་ལྟ་བུ་བཞི་པོ་བྱས་ནས། རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པ་དང། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཆུང་དུ་ཙམ་ཡང་མི་བསྐྱེད་པ་དང། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང། དེ་ཉིད་ལ་ཡོན་ཏན་དུ་ལྟ་བར་གྱུར་པས་ནི་ཀུན་ནས་དཀྲས་པ་ ཆེན་པོར་བསྐྱེད་ལ། ངོ་ཚ་ཁྲེལ་ཡོད་ཆུང་ངུ་ཙམ་སྐྱེས་ན་འབྲིང་བསྐྱེད་ཅིང། ངོ་ཚ་ཁྲེལ་ཡོད་མྱུར་དུ་སྐྱེ་ན་ཆུང་ངུ་བསྐྱེད་པར་རོ། །བསླབ་པ་དེ་ཉམས་པའི་ཉེས་དམིགས་ནི་ཀུན་ནས་དཀྲིས་པ་ཆེན་པོས་ཉམས་ན་བློ་གྲོས་རྒྱ་མཚོ་དང། སའི་སྙིང་པོ་དང་ཆོས་ཡང་དག་པར་ སྡུད་པ་ལ་སོགས་པ་ལས་གསུངས་པ་ལྟར་ཤེས་པར་བྱའོ། །བསླབ་པའི་ཕན་ཡོན་ནི་དེ་ལས་མ་ཉམས་ན་བྱང་ཆུབ་ཆེན་པོ་མྱུར་དུ་འཐོབ་པ་དང། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་དང། ཚུལ་ཁྲིམས་མཉམས་པའམ་ལྷག་པའི་དགེ་བའི་བཤེས་གཉེན་གྱི་ཐད་དུ་ [214B] སྐྱེ་བ་ཐམས་ཅད་དུ་རང་བཞིན་གྱིས་ཚུལ་ཁྲིམས་དང་མི་འབྲལ་བ་དང། བདག་དང་གཞན་གྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་རྒྱས་པར་བྱེད་པ་དང། དགའ་བཞིན་དུ་འཆི་བའི་དུས་བྱེད་པ་དང། དེ་མ་ཐག་ཏུ་ངན་འགྲོ་གཅོད་པར་འགྱུར་བའོ། །ཚོགས་བསགས་པ་ ནི་དེ་ལྟ་བུའི་ཉེས་དམིགས་སྤངས་པས་མི་སྐྲག་པ་དང་ཕན་ཡོན་ལ་སྤྲོ་བས་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་ཡེ་ཤེས་དང་མཐུ་ཆེན་པོ་ཐོབ་པ་ཕྱོགས་བཅུ་ན་བཞུགས་པ་རྣམས་དང། བླ་མ་ལ་མཆོད་པ་བཤམས་ནས། དེ་ དག་གི་ཡོན་ཏན་རྣམས་མངོན་སུམ་དུ་བྱས་ཏེ་བསམ་པ་ཐག་པ་ནས་དད་པའི་སེམས་ཀྱིས་ཅི་ནུས་པ་དང། རྒྱུའི་སྟོབས་ཅི་ཡོད་པས་ཆུང་དུའང་བསྐྱེད་ལ། སངས་རྒྱས་ཀྱི་སྐུ་གཟུགས་བདུན་དུ་བཞུགས་བ་ལ་སོགས་པ་ལ་ཕྱག་དང་མཆོད་པ་སོ་སོར་འབུལ་བའོ། །བར་ཆད་ ཐུན་མོང་མ་ཡིན་པ་དྲི་བ་ནི་དེ་ལ་བྱང་ཆུབ་སེམས་དཔའ་མཁས་པ་འགྲེང་བའམ་འདུག་ཀྱང་རུང་སེམས་མ་གཡེངས་པས། རིགས་ཀྱི་བུའམ་ཆོས་ཀྱི་སྤུན་མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བྱང་ཆུབ་སེམས་དཔའི་ ཚུལ་ཁྲིམས་ཀྱི་སྡོམ་པ་ང་ལས་ཡང་དག་བར་ལེན་པར་འདོད་དམ་ཞེས་སོ། །དེས་ཀྱང་དེ་ལྟར་ལག་གསོ་ཞེས་ཁས་བླང་བའོ། །བླ་མ་ལ་མྱུར་དུ་བསྐུལ་བ་ནི་འདུད་པའི་ཚུལ་གྱིས་པུས་མོའི་ལྷ་ང་ས་ལ་བཙུགས་པའམ་ཙོག་ཙོག་པོར་འདུག་ཀྱང་རུང། རིགས་ཀྱི་བུའམ་ཚེ་དང་ལྡན་པའཾ་ བཙུན་པའམ་སློབ་དཔོན་དགོངས་སུ་གསོལ། ཁྱེད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་སྩལ་དུ་གསོལ། ཤིན་ཏུ་མྱུར་བར་སྩལ་དུ་གསོལ་ཞེས་ལན་གསུམ་རྗེས་སུ་བརྗོད་པས་སོ། །བསམ་པ་སྦྱང་བ་ནི་བྱམས་པ་དང་སྙིང་རྗེ་ཆེན་པོ་ མངོན་དུ་བྱས་ནས་དྲན་པ་རྩེ་གཅིག་ཏུ་བཞག་སྟེ་སེམས་དང་བ་ཁོ་ན་བསྐྱེད་ནས་ད་ནི་བདག་གི་རིང་པོ་མི་ཐོགས་པས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན་མེད་པ་ཟད་མི་ཤེས་ཤིང་དཔག་ཏུ་མེད་པ་དེ་འཐོབ་པར་འགྱུར་རོ། ། [215A]༄༅། །ཞེས་མཆོག་ཏུ་དགའ་བས་དོན་དེ་ཉིད་རྗེས་སུ་བསམ་ཞིང་ཅང་མི་སྨྲ་བར་གནས་པར་བྱའོ། །བསླབ་པ་མདོར་བསྡུས་བརྗོད་པ་ནི་རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ ཅད་ང་ལས་ལེན་པར་འདོད་དམ་ཞེས་དྲི་ཞིང། དེས་འཚལ་ལགས་ཞེས་ཁས་བླང་བའོ། །དངོས་གཞི་ནི་རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང་ཚུལ་ཁྲིམས་སུ་འགྱུར་པ་ གང་ཡིན་པ་རྣམས་དང། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་འགྱུར་བ་གང་ཡིན་པ་རྣམས་དང་ཚུལ་ཁྲིམས་སུ་འགྱུར་བ་གང་ཡིན་པ་རྣམས་དང། ད་ལྟར་ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་ གཞི་གང་ཡིན་པ་རྣམས་དང་ཚུལ་ཁྲིམས་གང་ཡིན་པ་བསླབ་པའི་གཞི་གང་དག་དང་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པར་གྱུར་པ་དང། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་ ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་ན་སློབ་པ། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམ་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ང་ལས་ནོད་དམ་ཞེས་ལན་གསུམ་བརྗོད་ཅིང། ནོད་པའི་བྱང་ཆུབ་སེམས་དཔའ་ ནོད་ལགས་སོ་ཞེས་ལན་གསུམ་ཁས་བླང་བར་བྱའོ། །རྗེས་ཀྱི་ཆོ་ག་ལས་མཁྱེན་བར་གསོལ་བ་ནི་ནོད་པ་དེ་མ་ལངས་པར་འདུག་ཏུ་ བཅུག་ལ་སློབ་དཔོན་གྱི་སྐུ་གཟུགས་དེའི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱོགས་རེ་རེའི་ཞབས་ལ་གཏུགས་པར་བསམ་ཞིང་ཕྱག་ལན་གསུམ་གསུམ་བཙལ་ལ་མེ་ཏོག་ལན་རེ་རེ་གཏོར་ནས་ཐལ་མོ་སྦྱར་ཏེ་འགྲེང་ [215B] བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལས། བྱང་ ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་ལས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ ལ་བདག་དབང་དུ་གྱུར་པར་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང། སེམས་ཅན་ཐམས་ཅད་ལ་ཐམས་ཅད་དུ་ལྐོག་དུ་མ་གྱུར་བའི་ བརྗོད་པས་སོ། །ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་ཆོ་གའི་ཕན་ཡོན་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་པའི་ལས་རྫོགས་མ་ཐ་ཏུ། ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་ཆེན་ པོར་ཆུད་པ་རྣམས་ལ། གང་གིས་དེ་དག་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་དེས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་སོ། །སྙམ་དུ་དགོངས་པར་འགྱུར་བའི་ལྟས་ས་གཡོ་བ་དང་མེ་ཏོག་ལྷགས་པ་ལ་སོགས་པ་འབྱུང་ངོ། །དེའི་རྗེས་ལ་དེ་དག་ཀྱང་རྒྱལ་སྲས་དེ་ལ་དགོངས་པར་ འགྱུར་ཏེ་ཡེ་ཤེས་གཟིགས་པ་འཇུག་གོ་དེས་འདི་ལྟར་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེགས་པར་མནོས་ སོ་ཞེས་ཐུགས་སུ་ཆུད་པར་འགྱུར་རོ། །ཐམས་ཅད་ཀྱང་དེ་ལ་བུ་དང་འདྲ་བ་དང་སྦུན་དང་འདྲ་བའི་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་དོ། །དེ་ལས་དེའི་དགེ་བའི་ཆོས་རྣམས་རྒྱ་ཆེར་འཕེལ་བར་འགྱུར་ཏེ་ཉམས་པར་མི་འགྱུར་བར་ཤེས་པར་བྱའོ། །མཁྱེན་ [216A]༄༅། །པར་གསོལ་བ་དེ་ཡང་དེ་དག་གི་ཐུགས་སུ་ཆུད་པར་རིག་པར་བྱའོ། །སྡོམ་པ་གྱ་ཚོམ་དུ་མི་སྒྲག་པ་ནི་རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ནོད་པ་འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྡང་ཞིང་མ་དད་པ་ལ་སོཌ་ པའི་སེམས་ཅན་རྣམས་ལ་མཆོག་ཏུ་གསང་བར་བྱའི། གྱ་ཚོམ་དུ་བསྒྲག་པར་མི་བྱ་ཞིང་བཤད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཐོས་ན་མ་མོས་ཤིང་མི་ཤེས་པའི་སྒྲིབ་པ་ཆེན་པོས་བསྒྲིབས་པས་སྐུར་པར་འགྱུར་བའི་ཕྱིར་ཏེ། དེ་ལ་སྐུར་པ་འདེབས་པ་དེ་ ནི་སྡོམ་པ་ལ་གནས་པ་དེའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཅི་ཙམ་པ་དེ་ཙམ་དུ་སྡིག་པའི་ཚིག་དང་སྡིག་པའི་ལྟ་བ་དེ་དག་ཇི་སྲིད་ཐམས་ཅད་དུ་མ་སྤངས་པ་དེ་སྲིད་དུ་བསོད་ནམས་མ་ཡིན་པའི་ཕུང་པོ་དཔག་ཏུ་མེད་པ་དེ་ཙམ་དེ་ཁོ་ན་དང་ལྡན་པར་འགྱུར་བས་སོ། ། བསླབ་པ་མདོར་བསྡུས་པ་བརྗོད་པས་རྗེས་སུ་བསྲུང་བ་ལ་སྦྱར་བ་ནི། གཞན་རྣམས་དང་ནི་བདག་ལའང་རུང། །སྡུག་བསྔལ་ཡིན་ཡང་གང་ཕན་དང། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ་ཞེས་སྤྱིར་བསྟན་པ་དང། ཉོན་མོངས་དྲག་ལས་བྱུང་བ་ཡི། །སྡོམ་པ་ཞིག་ བར་གང་འགྱུར་བ། །དེ་ཡི་ཉེས་པ་བཞི་པོ་ནི། །ཕམ་པ་འདྲ་བར་དགོངས་པ་ཡིན། །རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ བས་གཞན་ལ་འཚོག་པ་དང། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་ཕམ་པའི་ཉེས་པ་དང། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་ བཞིན། །ཞེས་ཉེས་པ་རྣམས་ཕྱིར་གསོ་བའི་ཐབས་དང། དཀོན་མཆོག་གསུམ་ལ་གསུམ་མི་མཆོད་ཞེས་བྱ་བ་ལ་སོགས་པ་ཉེས་བྱས་ཀྱི་རིགས་བཞི་བཅུ་རྩ་དྲུག་དང། དེ་དག་གི་ལྕི་ཡང་གི་ཁྱད་པར་ཡང་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པ་ [216B] ཉེས་པ་མེད་པའི་ཁྱད་པར་རྣམས་ཀྱང། འདོད་ཆགས་ཁོང་ཁྲོ་ང་རྒྱལ་སོགས། །ཉོན་མོངས་ལྟུང་བར་འདིར་བསྟན་ཏེ། །ལེ་ལོ་བརྗེད་ངས་ལ་སོགས་པ། །མཆེད་ལས་གཞན་དུ་ཉོན་མོངས་མིན། །སེམས་ནི་ཤིན་ཏུ་ཉོན་མོངས་དང། །སྡུག་བསྔལ་ཚོར་བས་ཉེན་ པ་དང། །གཉིད་དང་སྨྱོས་པ་དག་ལ་ཡང། །བྱུང་བ་ལ་ནི་ཉེས་པ་མེད། །སྙིང་རྗེའི་ཕྱིར་དང་བྱམས་ཕྱིར་དང། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་རྣམས་ལུང་འབོག་པ་སྟེ། འདི་རྣམས་ནི་རྒྱས་པར་སའི་ཚུལ་ཁྲིམས་ལེའུ་དང། དེ་ལས་བསྡུས་པ་སྡོམ་པ་ཉི་ཤུ་པ་ ལས་བལྟ་བར་བྱ་བས་འདིར་མ་སྤྲོས་ཏེ་གཞུང་ཧ་ཅང་ལྕི་བ་སྤང་བས་སོ། །བཀའ་དྲིན་གཟོ་བའི་མཆོད་པ་ནི་སྡོམ་པ་བླང་བའི་ལས་དེ་རྫོགས་ནས་སློབ་མའང་སྤྱི་བོ་ས་ལ་གཏུགས་ཤིང་ལྡང་དུ་བཅུག་ལ་གཉི་གས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ ཕྱག་དང་མཆོད་པ་རྒྱས་པར་བྱས་ནས་ཞབས་ལ་གཏུགས་ཏེ་ལྡང་བར་བྱ་བའོ། །དེ་ནས་ནི་དགེ་བའི་རྩ་བ་བསྔོ་བ་རྒྱ་ཆེར་བྱའོ། ༈ །དེ་ལྟར་སྡོམ་པ་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་བསླབ་པ་འཆད་པ་ན་བསྒྲུབ་པའི་བསླབ་པ་སྤྱིར་རྣམ་པ་བཞག་པར་འདོད་ནས་དགོས་པ་བསྟན་ པ་ནི། དེ་ལྟར་རྒྱལ་སྲས་བསླབ་མཆོག་ལེགས་བཟུང་ནས། །ཇི་སྐད་སྨྲས་བཞིན་བསྒྲུབ་པས་རྫོགས་བྱ་སྟེ། །ཚིག་ཏུ་བྲོས་པས་བདག་གཞན་ཀུན་བསླུའི་ཕྱིར། །བསྒྲུབ་ལ་བརྟེན་ཅིང་ལན་མང་རབ་བརྩོན་སྦྱང། །བྱང་ཆུབ་ཀྱི་སེམས་དང་སྡོམ་པ་རིན་པོ་ཆེ་དེ་ལེགས་པར་བཟུང་ནས། འགྲོ་བ་མཐའ་ དག་བསྒྲལ་བར་བསམ་པ་དང་སྦྱོར་བ་དག་གིས་ཇི་ལྟར་དམ་བཅས་པའི་དོན་དེ་དག་རྗེས་སུ་མཐུན་པའི་བསླབ་པ་བསྒྲུབ་པས་ཡོངས་སུ་རྫོགས་པར་བྱ་བ་ལ་སེམས་ཐམས་ཅད་ཀྱིས་བསམས་ཤིང་བསྒྲིམ་པ་ཆེན་པོས་བརྩོན་པར་བྱ་སྟེ། གཞན་དུ་ན་གལ་ཏེ་དེ་ལྟར་དམ་བཅས་ནས་ ལས་ཀྱིས་བསྒྲུབ་པ་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །དངོས་པོ་ཕལ་བཅུང་ཟད་ལའང། །ཡིད་ཀྱིས་སྦྱིན་པར་བསམས་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དྭགས་རྒྱུར་གསུངས་ན། །བླ་ན་མེད་པའི་བདེ་བ་ལ། །བྶཾ་ [217A]༄༅། །པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཅི་ག་འགྲོ་འགྱུར་རམ། །ཞེས་བསྟན་བཅོས་ལས་བསྡུས་པ་ལྟར། བློ་གྲོས་རྒྱ་མཚོས་ཞུས་པ་ལས། བྱང་ཆུབ་སེམས་དཔས་ཚིག་ཏུ་བྲོས་ཤིང་ཚིག་ལྷུར་བླང་བར་མི་བྱའོ།། ཅི་སྐད་སྨྲས་པ་བཞིན་བྱའོ། །ཅི་ལྟར་ཞེ་ན། སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བྱ་བའི་ཚིག་འདི་བརྗོད་པར་སླའི། དགེ་བའི་ཕྱོགས་བྱང་ཆུབ་ཀྱི་ཕྱོགས་རྣམས་ནི་བསྒྲུབ་པར་དཀའོ་སྙམ་པས་སོ། །ཡང་དཔེར་ན་རྒྱལ་པོའམ་བློན་པོ་ཆེན་པོས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་སང་ ཟན་སྦྱིན་ནོ་ཞེས་མགྲོན་དུ་གཉེར་ནས་ཡལ་བར་དོར་ཏེ་བཟའ་བཏུང་མ་སྦྱར་ན། དེས་སྐྱེ་བོའི་ཚོགས་དེ་བསླུས་པས། དེ་དག་བཟའ་བཏུང་མ་ཐོབ་པས་འཕྱ་ཞིང་འགྲོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་མ་བརྒལ་བ་བསྒྲལ་བ་ལ་སོགས་པར་ཁས་བླངས་ ནས་མང་དུ་ཐོས་པ་དང་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་བརྩོན་པར་མི་བྱེད་ན། དེ་ནི་ཇི་སྐད་སྨྲས་པ་བཞིན་བྱེད་པ་མ་ཡིན་པས་ལྷ་དང་བཅས་པའི་འཇིག་རྟེན་བསླུ་བའོ། །དེ་སྔོན་སངས་རྒྱས་མཐོང་བའི་ལྷ་དག་གིས་མཐོང་ན་འཕྱ་ཞིང་སྨོད་དེ། མཆོད་སྦྱིན་བྱ་བར་དམ་བཅས་ པ་ཉམས་འོག་ཏུ་ཆུད་པར་བྱེད་པ་ནི་དཀོན་ནོ། །དེ་བས་ན་ཚིག་གང་གིས་ལྷ་དང་བཅས་པའི་འཇིག་རྟེན་བསླུ་བའི་ཚིག་དེ་ལྟ་བུ་སྨྲ་བར་མི་བྱའོ་ཞེས་སོ། །དྲན་པ་ཉེར་གཞག་ལས་ཀྱང་ཅུང་ཟད་གཅིག་བསམས་ནས་མི་སྦྱིན་ན་ཡི་དྭགས་སུ་སྐྱེ་ལ། ཁས་བླངས་ནས་མི་སྦྱིན་པ་ནི་ དམྱལ་བར་སྐྱེ་བར་གསུངས་ན། འགྲོ་བ་མ་ལུས་པའི་བླ་ན་མེད་པའི་དོན་དམ་བཅས་ནས་བསྒྲུབ་པར་མི་བྱེད་པ་ལྟ་ཅི་སྨོས། ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བདེན་པ་ཡང་དག་པར་བརྗོད་པ་ནི་ཆོས་ཡང་དག་པར་བརྗོད་པའོ། །བདེན་པ་གང་ཞེ་ན་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ དེ་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་སེམས་ཅན་ལ་ལོག་པ་མི་བྱེད་པ་ནི་བདེན་པའོ། །སེམས་བསྐྱེད་ནས་དེ་ཕྱིར་འདོར་ཞིང་སེམས་ཅན་ལ་ལོག་པ་བྱེད་པ་ནི་བརྫུན་དུ་སྨྲ་བ་ཐ་ཆད་དོ་ཞེས་སོ། །སའི་སྙིང་པོའི་མདོ་ལས་ཀྱང། དགེ་བ་བཅུ་པོ་འདི་དག་གིས་སངས་རྒྱས་སུ་འགྱུར་གྱི་ [217B] ང་ནི་ཐེག་པ་ཆེན་པོ་བ་སྟེ་བླ་ན་མེད་པའི་བྱང་ཆུབ་འཆོལ་ལོ་ཞེས་ཚིག་ཙམ་སྨྲ་ན། དེ་ནི་ཤིན་ཏུ་ཚུལ་འཆོས་པ་བརྫུན་ཆེན་པོ་སྨྲ་བ་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་འཇིག་རྟེན་བསླུ་བ་ཆད་པར་སྨྲ་བ་ སྟེ་དེ་ནི་རྨོངས་བཞིན་དུ་འཆི་ཞིང་ལོག་པར་ལྟུང་བའོ་ཞེས་སོ། །ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས་ཀྱང། ཆོས་བསྒྲུབ་པ་ཞེས་བྱ་བ་ནི་ཀུན་ཏུ་བསྟེན། ངེས་པར་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས། ལམ་དུ་བྱས། གཞིར་བྱས། ཡང་དག་ པར་བླང། ལེགས་པར་བྱང་བར་བྱས། ཤིན་ཏུ་ཡོངས་སུ་སྦྱང། ཤིན་ཏུ་མཉམ་པར་བཞག་ཤིན་ཏུ་ཡང་དག་པར་བརྩམས་པའོ་ཞེས་གསུངས་ཏེ། བསླབ་པར་བྱ་བའམ་བསྒྲུབ་པར་བྱ་བ་དག་ལ་ཅི་ནུས་ཅི་འོས་སུ་ལུས་དང་ངག་དང་ཡིད་ཀྱིས་འབད་པ་དྲག་པོས་འཇུག་པར་བྱ་ པའི་དོན་ནོ། །དེ་དག་གིས་ནི་བསླབ་པའི་དགོས་པ་གཙོར་བསྟན་ཏོ། ༈ །ཤེས་པར་བྱེད་པ་གཙོར་སྟོན་པ་ནི། ལེགས་གསུངས་བདུད་རྩིས་ལམ་ཀུན་རབ་གསལ་བར། །སྟོན་མཛད་བློ་གྲོས་མིག་འཆོས་བསྟན་བཅོས་དོན། །མ་ལུས་བསྡུས་པ་བླ་མའི་དམིགས་བུ་ལ། །ལེགས་ བསྟེན་མཉན་སོགས་གུས་པས་རབ་འཇུག་བྱ། །ཡེ་ཤེས་རྒྱས་པ་ལས། བྱང་ཆུབ་སེམས་དཔའ་བསྟན་བཅོས་ཐམས་ཅད་ལ་མཁས་པ་ནི། ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩོམ་པ་ནི་བསྟན་བཅོས་ཐམས་ཅད་ལ་མཁས་པ་ ཡིན་པའི་ཕྱིར་རོ། །དེ་ནི་བསྟན་བཅོས་བྱེད་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྗེས་སུ་འགྲོ་སྟེ་ངོ་བོ་ཉིད་འདིས་བསྟན་བཅོས་དེ་སྟོན་པས་སོ། །ཞེས་སོ། །དེ་ལ་ཡང་དོན་གྱི་གནད་བསྡུས་པའི་ཚུལ་གྱིས་འཇུག་པར་བྱའི། ཚིག་གི་སྤྲོས་པ་ནི་མཐའ་ཡས་པས་ཐམས་ཅད་བསྒྲུབ་པར་མི་ནུས་ པས་ན། ཟླ་བ་སྒྲོན་མ་ལས། ངས་ནི་འཇིག་རྟེན་སྟོང་རྣམས་སུ། །མདོ་སྡེ་དུ་མ་རབ་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བརྗོད་པར་མི་ནུས་སོ། །གཅིག་གི་དོན་ཅིག་བསམས་ན་ནི། །ཐམས་ཅད་ཤིན་ཏུ་བསྒོམས་པར་འགྱུར། །ཇི་སྙེད་སངས་རྒྱས་ཐམས་ཅད་ [218A]༄༅། །ཀྱིས༑ ༑ཆོས་རྣམས་མང་པོ་བཤད་པ་ཡང། །ཆོས་རྣམས་ཀུན་ལ་བདག་མེད་པ། །མི་གང་དོན་ལ་མཁས་པ་ཡིས། །ཚིག་འདི་ལ་ཡང་བསླབས་པ་ནི། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ་ཞེས་སོ། །འདས་ཆེན་ལས་ཀྱང། ཆོས་བསྲུང་བ་ཞེས་བྱ་བ་ནི་ ཆོས་འཆད་པ་དང་ཀློག་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བ་དང་དོན་སེམས་པ་དང་རྒྱས་པར་བྱེད་པ་དང་སྟོན་པ་དང། གཞན་ཡི་གེར་འདྲི་བ་ལ་སོགས་པ་ལ་གོས་ལ་སོགས་པ་འཚོ་བ་སྦྱིན་པ་དང། ལུས་དང་སྲོག་ལ་མི་ལྟ་བར་ཆོས་བསྲུང་བའོ་ཞེས་སོ། །ས་ལས་ཀྱང་ བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ལས་ཀྱང་བསྒྲིམས་ཏེ་མཉན་པའམ། ཡང་ན་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་བསྡུས་པ་འདི་ལས་ཀྱང་མཉན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་ སྟོང་ཕྲག་དུ་མ་གསུངས་པ་དག་བསྒྲུབ་པའི་ཕྱིར་དེ་ཁོ་ན་བཞིན་དུ་བསླབ་པར་བྱའོ་ཞེས་སོ། །གཞན་ལས་ཀྱང། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། རྒྱས་པར་ཐེག་པ་ཆེ་ལས་འབྱུང། །དགེ་བའི་བཤེས་གཉེན་མི་བཏང་ཞིང། །མདོ་སྡེ་དག་ལ་རྟག་ལྟ་བས་ཞེས་སོ། ༈ །སློབ་པའི་རྣམ་པ་ ནི༑ དེས་ན་འཇིག་རྟེན་ཤེས་པ་བཅུས་གནས་ཏེ། །འཇིག་རྟེན་མི་གོས་བྱེད་ཆོས་བཅུ་བསྟེན་ཅིང། །བྱང་ཆུབ་སྙིང་པོའི་ལམ་ཆེན་བཞིར་གནས་པས། །ཚུལ་ཁྲིམས་ཐོས་དང་བསྒོམ་ཞིང་སྟོན་པ་མཆོད། །དཀོན་མཆོག་སྤྲིན་ལས། ཆོས་བཅུས་འཇིག་རྟེན་ཤེས་པ་སྟེ་ ཁེངས་པ་དག་ལ་དམའ་བ་རྣམས་ཡིན། དེ་བཞིན་དུ་ཕོ་ཐེག་ཅན་ལ་ང་རྒྱལ་མེད་པ་དང། སྒྱུ་ཅན་ལ་དྲང་པོ་དང། བརྫུན་དུ་སྨྲ་བ་ལ་བདེན་པ་སྨྲ་བ་དང། ཁ་མི་མཁས་པ་ལ་སྙན་པ་སྨྲ་བ་དང། ཚིག་རྩུབ་པ་ལ་འཇམ་པ་སྨྲ་བ་དང། ཁྲོ་བ་ལ་བཟོད་པ་མང་བ་དང། གཏུམ་ པ་ལ་བྱམས་པ་དང། སྡུག་བསྔལ་བ་ལ་སྙིང་རྗེ་བ་དང། སེར་སྣ་ཅན་དག་ལ་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་དག་ཡིན་ནོ་ཞེས་སོ། །འདས་ཆེན་ལས། ཆོས་བཅུ་དང་ལྡན་ན་འཇིག་རྟེན་དང་མི་རྩོད་ཅིང་འཇིག་རྟེན་པའི་ཆོས་ཀྱིས་མི་གོས་པ་ཡིན་ཏེ། དད་པ་དང། ཚུལ་ [218B] དགེ་བའི་བཤེས་གཉེན་བསྟེན་པ་དང། ནང་དུ་ཡིད་ལ་བྱེད་པ་དང། བརྩོན་འགྲུས་དང། ཤེས་རབ་དང། དྲན་པ་དང། ཡང་དག་པའི་ངག་དང། ཆོས་ལ་མོས་པ་དང། སེམས་ཅན་ལ་སྙིང་རྗེ་དང་ལྡན་པའོ་ཞེས་སོ། །སྒྱུ་མ་མཁན་བཟང་པོའི་མདོ་ལས་ལམ་གང་ ལ་ཞུགས་ན་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར་བའི་ལམ་ནི་བཞི་སྟེ། བྱང་ཆུབ་ཀྱི་སེམས་མི་འདོར་བ་དང། སེམས་ཅན་ཡོངས་སུ་མི་གཏོང་བ་དང། དགེ་བའི་རྩ་བ་ཐམས་ཅད་ཚོལ་བས་མི་ངོམས་པ་དང། དམ་པའི་ཆོས་བསྲུང་བའི་བརྩོན་འགྲུས་བརྟན་པ་རྩོམ་པའི་ ཞེས་སོ། །ཟླ་བ་སྒྲོན་མ་ལས། ཚུལ་ཁྲིམས་རྣམ་པར་དག་བྱས་ནས། །མང་དུ་ཐོས་པ་བསྒྲུབ་པར་བྱ། །ཏིང་འཛིན་ཡོངས་སུ་བཙལ་བྱ་ཞིང། །སྟོན་པའི་རིང་བསྲེལ་མཆོད་པར་བྱ། །བྱང་ཆུབ་མཆོག་གི་དོན་གྱི་ཕྱིར། །སྤོས་དང་ཕྲེང་བ་བདུག་པ་དང། །གོས་དང་ཕྱེ་མ་ལ་སོགས་པ། །དེ་དག་ཀུན་ གྱིས་མགོན་མཆོད་བྱ་ཞེས་སོ། ༈ །བསླབ་པའི་གཞིའི་ཁྱད་པར་ལས་ངོ་བོ་ཉིད་ནི། བདག་གཞན་འདི་དང་ཕྱི་མའི་བདེ་སྡུག་རྣམས། །ཆེ་ཆུང་མང་ཉུང་ཕན་བདེ་ལེགས་བརྟགས་ནས། །གཞན་ལ་ཕྱི་མའི་ཕན་པ་གཙོར་བྱས་ཏེ། །དོན་ཆེན་བརྩམས་པས་བསླབ་པ་མཆོག་ལ་བསླབ། ། བསླབ་པ་མཆོག་ནི་དཀོན་མཆོག་སྤྲིན་ལས། ཇི་ལྟར་བྱང་ཆུབ་སེམས་དཔའི་བསླབ་པས་བསྡམས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་སྤྱོད་དེ། སོ་སོར་ཐར་པའི་སྡོམ་པ་ཙམ་གྱིས་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་མི་ནུས་གྱི། དེ་བཞིན་གཤེགས་ པས་གང་འདི་མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བཅས་པ་གང་ཡིན་པ་དེ་དག་ལས་བདག་གིས་བསླབ་པར་བྱའོ་ཞེས་སོ། །ས་ལས་ཀྱང། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ ནི་སྡོམ་པ་ཡང་དག་པར་བླང་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་བ་སྟེ། བླ་ན་མེད་པ་དང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་དང་སེམས་ཀྱི་བསམ་པ་མཆོག་ཏུ་དགེ་བས་བསྐྱེད་པ་དང་སེམས་ཅན་ཐམས་ཅད་ལ་ཉེས་པར་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་གཉེན་ [219A]༄༅། །པོར་གྱུར་པའོ། །སོ་སོར་ཐར་པའི་སྡོམ་པ་ནི། བསོད་ནམས་ཡོངས་བཟུང་བ་ལ་བརྟེན་ནས་འདིའི་བརྒྱ་སྟོང་གི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་སོ། །འདིའི་སྤྱིའི་རང་བཞིན་ཡང་དེ་ཉིད་ལས། སྡོམ་པ་དེ་ ལ་གནས་པའི་བྱང་ཆུབ་སེམས་དཔའ་འདི་ལྟར་བདག་ཉིད་ཀྱིས་ཀྱང་བརྟག་ཅིང་བརྟག་ཅིང་འདི་ནི་བྱང་ཆུབ་སེམས་དཔའི་བྱ་བའི་ཆ་ཡིན་ནོ། །འདི་ནི་བྱ་བའི་ཆ་མ་ཡིན་ནོ་ཞེས་དེ་ཕྱིན་ཆད་དེ་ཁོ་ན་བཞིན་དུ་ལས་སུ་བསྒྲུབ་པར་བྱ་ཞིང་བསྲུང་བར་བྱའོ་ཞེས་སོ། །བརྟགས་པ་ཡང་ སློབ་དཔོན་བཙུན་པ་ཟླ་བས། གཞན་རྣམས་དང་ནི་བདག་ལའང་རུང། །སྡུག་བསྔལ་ཡིན་ཡང་གང་ཕན་དང། ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ་ཞེས་བྱ་བ་བཤད་པ་དང་བཅས་པས་རྒྱས་པར་གསུངས་ལ། བསླབ་པ་ཀུན་ལས་བཏུས་པ་ལས་ཀྱང། གང་ཚེ་ བདག་དང་གཞན་དག་ཀྱང། །འཇིགས་དང་སྡུག་བསྔལ་མི་འདོད་པ། །དེ་ཚེ་དེ་བསྲུང་གཞན་མིན་གང། །བདག་དང་བྱེ་བྲག་ཅི་ཞིག་ཡོད་སྙམ་པ་དེ་ལྟ་བུའི་བསམ་པ་སྐྱེས་ནས་དེ་བདག་དང་སེམས་ཅན་གྱི་ཁམས་རྣམས་ཀྱི་སྡུག་བསྔལ་མཐར་འབྱིན་འདོད་པ་དང། བདེ་བའི་ མཐར་ཡང་འགྲོ་འདོད་པས་ཞེས་ཆེད་དུ་བྱ་བ་དང། རང་བཞིན་ཡང་དེ་ལྟར་སྡོམ་པ་ཡང་དག་པར་བཟུང་བ་ལ་ལྟུང་བའི་མཚན་ཉིད་གང་གི་བརྗོད་པའི་དངོས་པོ་བདག་ཉིད་ཀྱིས་བརྟགས་ཏེ་སྤོང་བ་དང། ལྟུང་བའི་གཟུགས་བརྙན་དང་ལྟུང་པ་མ་ཡིན་པའི་གཟུགས་བརྙན་ ལ་རྨོངས་པར་མི་འགྱུར་བར་ལྟུང་བ་སྤྱིའི་མཚན་ཉིད་བརྗོད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ད་ལྟར་དང་མ་འོངས་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་བསལ་བ་དང་ད་ལྟར་དང་མ་འོངས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་བསྐྱེད་པའི་ ཕྱིར། གཡོ་མེད་པར་ལུས་དང་ངག་དང་ཡིད་བརྩོན་པས་ནན་ཏན་ན་མི་བྱེད་པ་དང་དེའི་རྐྱེན་ཚོགས་པ་མི་ཚོལ་བ་དང་དེའི་བར་དུ་གཅོད་པའི་གཉེན་པོ་ལ་མེ་འབད་པ་དང། སྡུག་བསྔལ་དང་ཡིད་མི་བདེ་བ་ཆུང་ངུའི་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་གཉེན་པོར་འགྱུར་བ་མི་ [219B] དོན་ཆེན་པོ་བསྒྲུབ་པའི་ཕྱིར་དོན་ཆུང་དུ་ཉམས་པར་མི་བྱེད་པར་སྐད་ཅིག་གཅིག་ཙམ་ཡང་ཡལ་བར་བོར་ན་ལྟུང་བ་དང་བཅས་པ་ཡིན་ནོ། །མདོར་ན་རང་གི་ནུས་པའི་ཡུལ་མ་ཡིན་པའི་བྱ་བ་རྣམས་ལ་ལྟུང་བ་མེད་དེ་དོན་མེད་པ་ཉིད་ཀྱིས་དེ་ལ་བསླབ་པ་བཅའ་བ་ མེད་པའི་ཕྱིར་རོ། །གཞན་ལ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁོ་ནའོ། །རང་གི་ནུས་པའི་ཡུལ་མ་ཡིན་པ་ལ་བརྩོན་པར་བྱེད་ན་ །ཡང་མདོར་ན་བྱང་ཆུབ་སེམས་དཔའི་ལྟུང་བ་གཉིས་ཏེ། ཅི་ ནུས་སུ་རིགས་མི་རིགས་མ་བརྟགས་པར་རྩོམ་པའམ་ལྡོག་པའམ་བཏང་སྙོམས་སུ་འཇོག་པ་ནི་ལྟུང་བ་དང་བཅས་པའོ། །བརྟགས་ཏེ་གར་འོས་པ་ལས་འདས་པར་བྱེད་ན་ཐ་ན་གདོལ་པ་བྲན་གྱིས་འཕྱ་ནའང་ལྟུང་བ་དང་བཅས་པའོ་ཞེས་གསུངས་ཏེ། འདིར་དོན་ཆེ་ཆུང་ ལས་ཆེན་པོ་གཙོར་བྱ་བར་གསུངས་པ་ནི་གང་ཟག་མང་ཉུང་དང་བཟང་ངན་དང་དུས་རིང་ཐུང་ལ་སོགས་པ་ལའང་ལྟ་བར་བྱ་བས་ན། མདོར་ན་རང་དང་གཞན་ནི་གཞན་གྱི་དོན་ཆེས་གཙོ་ཆེ་བའོ། །གཞན་ལའང་འདི་དང་ཕྱི་མ་གཉིས་ནི་ཕྱི་མ་གཙོ་བོའོ། །འཕྲལ་དུ་བདེ་ཞིང་ འདོད་པ་བས་ནི་ཡུན་དུ་ཕན་པ་གཙོ་བོ་ཡིན་པས་ན། ཆུང་ངུའི་ཕྱིར་ནི་ཆེ་མི་བཏང། །གཙོ་ཆེར་གཞན་གྱི་དོན་བསམ་མོ་ཞེས་གསུངས་པ་ལྟར། རང་གི་དོན་ཆེན་པོ་ལའང་ཡལ་བར་དོར་ཞིང་ཁྱད་དུ་བསད་ནས་སྡུག་བསྔལ་ཆེན་པོས་ཀྱང་གཞན་གྱི་དོན་ཆུང་དུ་ཙམ་ཡང་གཙིཌ་ པོ་ཆེར་བསྒྲུབ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞིར་ཤེས་པར་བྱ་སྟེ། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་དེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེད་བ་སྟོང་དུའང་སྐྱོ་པ་མེད་ཅེས་གསུངས་པ་ ལྟར་རོ། ༈ །རྣམ་པའི་དབྱེ་བ་ནི། དེ་ཡང་ཕ་རོལ་ཕྱིན་དང་བསྡུ་དངོས་དང། །བསླབ་པ་གསུམ་དང་ཚོགས་གཉིས་ཟུང་འབྲེལ་ལམ། །ཐེག་མཆོག་དུས་གསུམ་རྒྱལ་སྲས་ལམ་གྱི་སྡོམ། །ཚུལ་ཁྲིམས་ཕུང་པོ་གསུམ་དུ་བསྡུས་པའོ། །འདི་ལ་ཐེག་པ་ཆེན་པོའི་སྡེ་སྣོད་རྒྱ་ཆེན་པོ་ [220A]༄༅། །དག་ལས་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་པ་དང་སེམས་ཅན་སྨིན་པར་བྱེད་པ་དབྱེ་བས་ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོ་དག་དང། ལེགས་པར་སྤྱོད་པའི་ལས་དང། སེམས་ལས་སུ་རུང་བ་དང། དེ་ཁོ་ན་ཤེས་པ་ལས་སྒྲིབ་པ་ བ་ཐོབ་པར་བྱེད་པ་བསླབ་པ་གསུམ་དང། དེ་ཁོ་ན་ཤེས་པ་དང། དེ་ཁྱད་པར་དུ་འགྲོ་བའི་རྟོན་པ་ལས་རིག་པ་དང་རྐང་པའི་རང་བཞིན་ཚོགས་གཉིས་དང། སྲིད་པ་དང་ཞི་བའི་མཐའ་གཉིས་ལས་འདའ་བར་བྱེད་པས་རང་དང་གཞན་གྱི་དོན་གཉིས་བསྒྲུབ་པ་ཐབས་དང་ཤེས་རབ་ ཟུང་དུ་འབྲེལ་བའི་ལམ་དང། ཡོན་ཏན་ལ་དབང་བསྒྱུར་བ་དང་ཕྱིན་ཅི་ལོག་སེལ་བར་བྱེད་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་ལ་སོགས་པ་དང། དེ་དག་བསྐྱེད་ཅིང་འཕེལ་བར་བྱེད་པའི་ཡན་ལག་ཏུ་གྱུར་པ་དཀོན་མཆོག་མཆོད་པ་དང་དགེ་བའི་བཤེས་གཉེན་ བསྟེན་པ་ལ་སོགས་པ་ཐེག་པ་ཆེན་པོའི་ལམ་གྱི་ཚོགས་སུ་གཏོགས་པ་ཐམས་ཅད་ལ་སློབ་པོར་བྱེད་པའི་སྡོམ་དུ་གྱུར་པ། སྔར་བརྗོད་པ་ལྟར་དུས་གསུམ་གྱི་རྒྱལ་བའི་སྲས་པོ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་བསླབ་པ་རིན་པོ་ཆེ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་གྱིས་མི་ མཐུན་པའི་ཕྱོགས་སུ་གཏོགས་པ་མཐའ་དག་ཕྲ་བའི་ཕྲ་བ་ནས་སྤང་བ་དང། གཉེན་པོའི་ཕྱོགས་སུ་གཏོགས་པ་མཐའ་དག་ཕྲ་བའི་ཕྲ་བ་ནས་བསྒྲུབ་པ་དང། དེ་དག་གིས་ཀྱང་དངོས་དང་བརྒྱུད་ནས་སམ། བསམ་པ་དང་སྦྱོར་བས་གཞན་གྱི་དོན་ཕྲ་བའི་ཕྲ་བ་ལའང་ནན་ཏན་བྱེད་པས་ སློབ་པར་བསྡུས་པ་བསླབ་པའི་གཞིའི་གཙོ་བོའི་དོན་དུ་རྣམ་པར་བཞག་པའོ། ༈ །བསྒྲུབ་པའི་བསླབ་པ་དེ་རྒྱས་པར་དབྱེ་བ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང། རབ་ཏུ་བྱུང་བའི་ཕྱོགས་གཉིས་ཐུན་མོང་གི་བསླབ་པའི་དབང་དུ་བྱས་ནས། བསླབ་པའི་ཀུན་སློང་གི་ཁྱད་པར་ནི་ ཡི་དམ་དང་སྨོན་ལམ་དང་མོས་པ་དང་སྤྲོ་བའི་ཁྱད་པར་བཞིས་ཡིན་པས་ན། འདི་དག་མང་དུ་བསམ་ཞིང་བསྒོམ་པ་ལ་ནན་ཏན་བྱ་བ་སྟེ། འགྲོ་ཀུན་རྗེས་འཛིན་སྦྱོར་བ་རྒྱ་ཆེན་འདི། །ཡི་དམ་མཆོག་བརྟན་བཅུ་དང་སྨོན་ལམ་ནི། །རྒྱ་ཆེན་གསུམ་དང་ཐེག་མཆོག་མཐོང་བའམ། །ཤེས་ [220B] །དེའང་མི་དམ་གྱི་ཁྱད་པར་ནི་ལྷ་མོ་དཔལ་ཕྲེང་གི་སེང་གེའི་ང་རོ་ལས། ཡི་དམ་ཆེན་པོ་བཅུ་ལ་བསླབ་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་དུས་ལས་འདའ་བའི་སེམས་མི་བསྐྱེད་པར་ཡི་དམ་ཆེན་པོ་བཅའ་བ་དང། དེ་བཞིན་དུ་ བླ་མ་ལ་མ་གུས་པའི་སེམས་མི་བསྐྱེད་པ་དང། གང་དུ་ཡང་སེམས་ཅན་ལ་ཁྲོ་བ་དང་གནོད་སེམས་མི་བསྐྱེད་པ་དང། གཞན་གྱི་འབྱོར་བ་ལ་ཕྲག་དོག་གི་སེམས་མི་བསྐྱེད་པ་དང། ཐ་ན་ཁམ་ཕྱི་མ་ཙམ་ལའང་སེར་སྣའི་སེམས་མི་བསྐྱེད་པ་དང། རང་སྤྱད་པའི་ཕྱིར་ནོར་དང་ རྫས་མི་བཟུང་སྟེ་དབུལ་པོ་ལ་སོགས་པའི་དོན་དུ་བཟུང་བ་དང། བསྡུ་བ་བཞིས་སེམས་ཅན་རྗེས་སུ་འཛིན་པ་ཡང་རང་ལ་ཕན་པ་ལ་མི་ལྟོས་པར་ཟང་ཟིང་མེད་པའི་སེམས་ཀྱི་བསྡུ་བ་དང། སེམས་ཅན་མགོན་མེད་པའམ་ན་བའམ་བཅིངས་པ་ལ་སོགས་པ་མཐོང་ན་དེ་དག་ ལ་མ་བརྟགས་པར་གོམ་པ་གཅིག་ཀྱང་མི་འདོར་ཏེ། དེ་དག་ཐར་བར་བྱས་ནོར་གྱིས་བསྡུ་བས་བསྒྲུབས་ནས་གདོད་འགྲོ་བ་དང། ཕན་གདགས་པ་བྱ་སྟེ་འདི་གཉིས་ཀྱིས་ནི་འཇིག་རྟེན་དུ་དམ་པའི་ ཆོས་ཡུན་རིང་དུ་གནས་པ་ལས་ དམ་པའི་ཆོས་བཟུང་བ་ལས་བརྗེད་པའམ་ཉམས་པའི་སེམས་གཅིག་ཙམ་ཡང་མི་བསྐྱེད་དེ་དེ་ཉམས་ན་ཐེག་པ་ཆེན་པོ་ཉམས་པ་ལས་ཕ་རོལ་ཏུ་ཕྱིན་པ་ ལས་ཉམས་པས་ཐེག་པ་ཆེན་པོ་ལ་འདུན་པ་མེད་པར་འགྱུར་ལ། དེ་མེད་ན་དམ་པའི་ཆོས་འཛིན་པ་ལ་འདུན་པ་མེད་པར་རང་ཉམས་སུ་འགྱུར་བས་བྱིས་པའི་ས་ལ་གནས་པར་འགྱུར་ཏེ། དམ་པའི་ཆོས་འཛིན་པས་ནི་རང་དང་གཞན་གྱི་ཡོན་ཏན་དཔག་ཏུ་མེད་པ་འགྲུབ་པའི་ཕྱིར་རོ་ ཞེས་སོ༑ ༑སྨོན་ལམ་གྱི་ཁྱད་པར་ནི་དེ་ཉིད་ལས་སྨོན་ལམ་ཆེན་པོ་གསུམ་གདབ་སྟེ། ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་རྟོགས་པ་འཐོབ་པར་གྱུར་ཅིག་དེ་ཐོབ་ནས་ཀྱང་སྐྱོ་བ་དང་དུབ་པ་མེད་པར་གཞན་ལ་ཆོས་སྟོན་པར་གྱུར་ཅིག་བསྟན་པ་དེའང་ལུས་དང་སྲོག་པ་མི་ [221A]༄༅། །ཆོས་བསྲུང་ཞིང་ཡོངས་སུ་འཛིན་པར་གྱུར་ཅིག་ཅེས་བྱ་བའོ། །གཟུགས་ཐམས་ཅད་ནི་ནམ་མཁའི་ཁོངས་སུ་འདུས་པ་ལྟར་སྨོན་ལམ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཀྱང་འདི་གསུམ་དུ་འདུ་བས་ཡུལ་ཆེའོ། །ཡང་དེ་ཐམས་ཅད་དམ་པའི་ཆོས་ཡོངས་སུ་ བཟུང་བའི་སྨོན་ལམ་གཅིག་ཏུའང་འདུ་བས་དེ་ཡུལ་ཆེ་སྟེ། དེའི་ཕན་ཡོན་ནི་རྒྱས་པར་སངས་རྒྱས་ཉིད་ཀྱིས་བཤད་ཀྱང་མི་རྫོགས་སོ། །དེས་ནི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་སྡུད་པའོ། །དཔེར་ན་ འཇིག་རྟེན་ཆགས་པའི་དུས་ཀྱི་སྤྲིན་ཆེན་པོ་ནི་ཁ་དོག་མཐའ་ཡས་པ། རིན་པོ་ཆེ་མཐའ་ཡས་པའི་ཆུ་རྒྱུན་དང་ལྡན་པ་ལྟར། དམ་པའི་ཆོས་འཛིན་པའང་བསོད་ནམས་ཀྱི་འབྲས་བུའི་རྒྱུན་དང། ཡེ་ཤེས་ཀྱི་རིན་པོ་ཆེའི་རྒྱུན་དཔག་ཏུ་མེད་པ་དང་ལྡན་ནོ། །འཇིག་རྟེན་ཆགས་པའི་ ཆུའི་ཕུང་པོ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདིའི་སྐྱེ་གནས་ལས་ནི་གླིང་དང་གླིང་ཕྲན་ཁ་དོག་དང་དབྱིབས་སྣ་ཚོགས་ཅན་བྱེ་བ་ཕྲག་མང་པོ་འབྱུང་བ་ལྟར། དམ་པའི་ཆོས་འཛིན་པ་ཐེག་པ་ཆེན་པོའི་འབྱུང་ཁུངས་ལས་ཀྱང། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཐམས་ཅད་ དང། ཆོས་སྣང་བའི་སྒོ་སྣ་ཚོགས་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་མྱོང་བ་ཐམས་ཅད་འབྱུང་ངོ། །ས་ཆེན་པོ་ནི་ཁུར་ཆེན་པོ་བཞིའི་རྟེན་ཡིན་ཏེ། ཆུའི་ཕུང་པོ་དང། རི་མང་པོ་དང། རྩི་ཤིང་དང་ལོ་ཏོག་ལ་སོགས་པ་དང། སེམས་ཅན་ ཐམས་ཅད་ཀྱི་རྟེན་ནོ། །དམ་པའི་ཆོས་འཛིན་པ་ཡང་ལྷ་དང་མི་དང། ཉན་ཐོས་དང། རང་རྒྱལ་དང། ཐེག་པ་ཆེན་པོའི་ཕུན་སུམ་ཚོགས་པ་བཞི་ལ་སྦྱོར་བས་ཁུར་ཆོས་ཆེ་བ་ཁྱེར་བའོ། །ཡང་ས་ཆེན་པོ་འདི་རིན་པོ་ཆེ་རིན་ཐང་མེད་པ་དང། རིན་ཐང་ཆེ་བ་དང། ཆུང་བ་དང། ཆུང་བ་དང། དེ་བས་ཀྱང་ཆུང་ བ་བཞིའི་འབྱུང་ཁུངས་ཡིན་པ་ལྟར་འྡིའང་ཐེག་པ་བཞི་པོ་དེའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་འབྱུང་གནས་སོ། །གཏེར་ཆེན་པོ་རིན་པོ་ཆེ་མཐའ་ཡས་པའི་འབྱུང་གནས་ཀྱང་དམ་པའི་ཆོས་འཛིན་པའོ། །ཆོས་དང་ཆོས་འཛིན་པ་པོའང་གཞན་མ་ཡིན་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ [221B] ཆོས་འཛིན་པ་པོ་ཉིད་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡིན་ཏེ། ཆོས་འཛིན་པ་པོ་དག་གིས་ནི་སེམས་ཅན་སྦྱིན་པ་ལ་སོགས་པས་སྨིན་པར་བྱ་བ་དག་ཐ་ན་རང་གི་ལུས་དང་ཡན་ལག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སྨིན་པར་བྱེད་ པས་དེ་དག་དམ་པའི་ཆོས་ལ་གནས་པར་འགྱུར་བའི་ཕྱིར་རོ། །ཡང་ཆོས་འཛིན་པ་དེ་ཉིད་འཛིན་པ་པོའང་ཡིན་ཏེ། འཛིན་པ་པོས་ནི་ཆོས་བཟུང་བའི་དོན་དུ་ཡན་ལག་གསུམ་པོ་ལུས་དང་སྲོག་དང་ལོངས་སྤྱོད་གཏོང་བས་སོ། །ལུས་གཏོང་བས་ནི་སངས་རྒྱས་ཀྱི་སྐུ་རྟག་པ་ཡོན་ཏན་ བསམ་གྱིས་མི་ཁྱབ་པ་འཐོབ་བོ། །སྲོག་གཏོང་བས་ནི་ཆོས་རྟག་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་འཐོབ་བོ། །ལོངས་སྤྱོད་གཏོང་བས་ནི་སེམས་ཅན་ཐམས་ཅད་ཀྱིས་མཆོད་པ་རྟག་ཏུ་གནས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཐོབ་བོ། །མི་སྟོབས་པོ་ཆེས་གནད་དུ་མི་ དྲག་པར་བསྣུན་ཡང་ནད་ཆེན་པོ་བསྐྱེད་དོ། །དམ་པའི་ཆོས་འཛིན་པ་ཆུང་ངུས་ཀྱང་བདུད་ལ་གནོད་པ་ལྟ་བུ་གཞན་མེད་དོ། །བ་ལང་ཁྱུ་མཆོག་གི་ཆུ་ཞེང་གིས་བ་ལང་ཐམས་ཅད་ཟིལ་གྱིས་གནོན་པ་ལྟར། ཐེག་པ་ཆེན་པོའི་ཆོས་འཛིན་པ་ཆུང་ངུས་ཀྱང་ཉན་ཐོས་དང་རང་རྒྱལ་གྱི་དགེ་བའི་ ཆོས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རི་རབ་ཆེ་ཞིང་མཐོ་བས་རི་ནག་པོ་ཐམས་ཅད་ཟིལ་གྱིས་གནོན་ཏེ་ལྷག་གེར་འདུག་གོ་ཐེག་པ་ཆེན་པོ་བ་ལུས་དང་སྲོག་ལ་མི་ལྟ་བའི་དམ་པའི་ཆོས་འཛིན་པས་ཀྱང་ཐེག་པ་ཆེན་པོ་ལ་གསར་དུ་ཞུགས་པ་ལུས་དང་སྲོག་ལ་ལྟ་བ་དང་བཅས་པ་ ཐམས་ཅད་ཀྱང་ཟིལ་གྱིས་གནོན་ན་གཞན་ལྟ་ཅི་སྨོས། དམ་པའི་ཆོས་ཞེས་བྱ་བའང་ཐེག་པ་ཆེན་པོ་ཉིད་དེ། ཐེག་པ་གཞན་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཐམས་ཅད་ནི་དེས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དམ་པའི་ཆོས་གནས་པ་དང། ནུབ་པ་དང། སོ་སོར་ ཐར་པ་དང། འདུལ་བ་དང། རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་པ་སྟེ། གནས་དྲུག་པོ་འྡིའང་ཐེག་པ་ཆེན་པོ་ཉིད་ལས་བསྟན་ཅིང་བཏགས་པ་སྟེ། ཐེག་པ་ཆེན་པོ་ཉིད་གནས་པ་དང་ནུབ་པ་ལས་གཉིས་དང་ཐེག་པ་ཆེན་པོ་ཉིད་ཀྱི་བསླབ་པ་ལས་གཉིས་དང། སངས་རྒྱས་ཉིད་ཀྱི་ [222A]༄༅། །ཕྱིར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་བྱེད་པས་ཐེག་པ་ཆེན་པོའི་ཆོ་གའི་ཚུལ་ཁྲིམས་ལས་དེ་གཉིས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆེད་དུ་དེ་གཉིས་བྱས་པས་ནི་མི་འགྲུབ་པས་ཉན་ཐོས་དང་རང་རྒྱལ་ལ་ནི་རབ་བྱུང་དང་བསྙེན་རྫོགས་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་གཉིས་ནི། འཇིགས་པ་དང་བཅས་པ་སངས་རྒྱས་ལ་སྐྱབས་སུ་སོང་བས་འབྲས་བུའི་སྐྱབས་མ་ཡིན་པས་སོ། །དེ་གཉིས་ཀྱི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིས་ཐབས་ཡིན་ཏེ། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཉེས་པ་ཐམས་ཅད་ སྤངས་པ་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་པས་ན་དེ་གཉིས་ལ་དེ་དག་མེད་པའི་ཕྱིར་རོ། །བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་དབུགས་ཕྱིན་པ་བྮིའང་རྒྱུན་ཆད་པའི་འཆི་འཕོ་བ་ལ་སོགས་པ་ལ་དགོངས་པ་ཅན་ཏེ། བསམ་གྱིས་མི་ཁྱབ་པར་བསྒྱུར་བ་ལ་བལྟོས་ ནས་མེད་པའི་ཕྱིར་རོ། །དམ་པའི་ཆོས་འཛིན་པའི་སྨོན་ལམ་དེ་ནི། མ་དྲོས་པས་ཞུས་པ་ལས་ཀྱང། ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཞུགས་པ་བསྲུང་ཞིང་འཛིན་པ་ནི་ཆོས་འཛིན་པ་ཉིད་དེ། ཆོས་སྨྲ་བ་བཟུང་བས་ཆོས་བཟུང་བའོ། །ཆོས་འཛིན་པ་ནི་རྣམ་པ་བཅུ་སྟེ། ཁེངས་པ་མེད་པ་ དང། ལྷག་པའི་ང་རྒྱལ་མེད་པ་དང། གང་ ཆོས་དོན་དུ་གཉེར་བ་དང། ཆོས་འདོད་པ་དང། ཆོས་འཚོལ་བ་དང། ཆོས་ལ་སོ་སོར་རྟོག་པ་དང། ཆོས་ལ་ནན་ཏན་བྱེད་པ་དང། ཆོས་བསྒྲུབ་པར་གནས་པ་དང། ཆོས་ལ་མོས་ཤིང་རྣམ་པར་གྲོལ་བའོ། །ཡང་བཅུ་སྟེ་ ཆོས་སྨྲ་བ་གང་ན་ཡོད་པ་ཐོས་པའི་ས་ཕྱོགས་དེར་ཕྱག་འཚལ་བ་དང། མཐོང་ན་དགའ་བ་དང། འོངས་ན་མགུ་བར་བྱེད་པ་དང། སྟན་བདིང་ཞིང་ཟས་དང་གོས་འབུལ་བ་དང། ཀུན་ཏུ་བསྲུང་བ་དང། བསྟི་སྟོང་བྱེད་པ་དང། ཆོས་ཉན་པ་དང། གང་ཐོས་པ་དེ་གཞན་ལ་སྟོན་པ་དང། དེའི་ མི་སྙན་པ་འགོག་པ་དང། བསྔགས་པ་བརྗོད་པའོ། །ཡང་བཞི་སྟེ། གྲོ་ག་དང་སྣག་ཚ་དང་སྙུ་གུ་དང་གླེགས་བམ་སྦྱིན་པ་དང། ཆོས་སྨྲ་བ་ལ་ཟས་ལ་སོགས་པ་སྦྱིན་པ་དང། ལེགས་སོ་ཞེས་བྱ་བ་སྦྱིན་པ་དང། ཆོས་སྦྱིན་པའོ། །མོས་པའི་ཁྱད་པར་ཡང་སྔ་མ་དེ་ཉིད་ལས་ཆོས་གསུམ་ [222B] ཐེག་པ་ཆེན་པོའི་ལམ་དུའང་ཞུགས་པར་འགྱུར་ཏེ། རང་གི་རིག་པའི་ཆོས་ཟབ་མོ་དང་ལྡན་པ་དང། ཆོས་དང་མཐུན་པར་སྡུད་པའི་ཡེ་ཤེས་དང་ལྡན་པ་དང། ཆོས་ཟབ་མོ་རྣམས་ལ་ རང་ཉིད་མི་ཤེས་པར་རིག་ནས་སངས་རྒྱས་ཉིད་ཀྱིས་མཁྱེན་ཏོ་ཞེས་དད་པས་འགྲོ་བའོ། །གཞན་ནི་ཆོས་ཟབ་མོ་ལ་ནན་གྱིས་བཟུང་ནས་གོ་ལོག་གིས་ཞེན་ཅིང་སྨྲ་བར་ཟད་པས། ས་བོན་རུལ་བ་ལྟ་བུ་དམ་པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པ་མུ་སྟེགས་ཅན་ནོ་ཞེས་སོ། །སྤྲོ་བའི་ཁྱད་ པར་ནི། དེ་ཉིད་ལས་བརྩོན་འགྲུས་རྣམ་པ་བཞིས་དམ་པའི་ཆོས་འཛིན་པ་སྟེ། ཆོས་སྟོན་པའི་བརྩོན་འགྲུས་དང། ཆོས་ཚོལ་བ་དང། ཆོས་སྨྲ་བ་ལ་བཀུར་སྟི་བྱ་བ་དང། ཆོས་སྤོང་བ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པའི་བརྩོན་འགྲུས་སོ། །ཡང་བྱང་ཆུབ་སེམས་དཔའི་དགེ་བའི་ ཆོས་ཐམས་ཅད་སྡུད་པའི་བརྩོན་འགྲུས་ན་བཞི་སྟེ་ བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང། དགེ་བའི་རྩ་བ་ཐམས་ཅད་རྩོམ་པ་དང། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོ་དང། དེ་བྱེད་པའི་ ཆོས་ལ་བཟོད་པ་ལ་སོགས་པ་མང་བའོ་ཞེས་སོ། ༈ །ཡོངས་སུ་ཤེས་པའི་ཁྱད་པར་ནི། བདག་དང་གཞན་ལ་བསྐྱེད་བྱའི་ལམ་དང་ནི། །འབྲས་བུ་ཐེག་གསུམ་མ་ལུས་ཤེས་བྱས་ནས། །གཉིས་བོས་དམན་མོས་རྗེས་བཟུང་ཐེག་མཆོག་གིས། །བདག་གཞན་དོན་ཀུན་བསྒྲུབ་ཕྱིར་རབ་འབད་ བྱ༑ ༑རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་གང་ཡང་ཡོད་མིན་ཏེ། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། ཅེས་གསུངས་པའམ། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་ འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ་ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ས་གསུམ་གྱི་སྟོན་པ་བྱ་བས་འགྲོ་བ་མཐའ་དག་སྒོ་སྣ་ཚོགས་ནས་རྗེས་སུ་འཛིན་དགོས་པའི་ཕྱིར་ན་ [223A]༄༅། །ཤེས་བྱའི་གནས་མཐའ་དག་ལ་བསླབ་པར་བྱའོ། །གཙོ་ཆེར་ཡང་རང་དང་གཞན་ལ་བསྐྱེད་པའི་ལམ་དང་འབྲས་བུས་བསྡུས་པའི་ཐེག་པ་གསུམ་དང། དེ་སྟོན་པའི་སྡེ་སྣོད་མ་ལུས་པ་ལ་མཁས་པར་བྱས་ནས་གཉིས་པོ་ནི་ཤེས་ནས་འདའ་བར་བྱ་བ་ཡིན་པས་ དེ་དག་གིས་གདུལ་བྱ་གཞན་སྣོད་ཇི་ལྟ་བར་རྗེས་སུ་བཟུང་ཞིང་ཐེག་པ་ཆེན་པོས་ནི་རང་གི་འབྲས་བུ་མངོན་སུམ་དུ་བྱ་བས་རང་དང་གཞན་གྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ལ་སྡེ་སྣོད་གསུམ་ནི། མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས། ཉན་ཐོས་ཀྱི་སྡེ་སྣོད་ནི་ ཕ་རོལ་གྱི་སྒྲའི་རྗེས་སུ་འབྲངས་པས་འཐོབ་པའོ། །རང་སངས་རྒྱས་ཀྱི་སྡེ་སྣོད་ནི་རྟེན་འབྲེལ་རྟོགས་པས་རྒྱུ་ཟད་པར་རྟོགས་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་ །ཡང་བྱང་ཆུབ་སེམས་དཔའ་ཆོས་འཆད་པ་ན་ཐེག་ པ་གསུམ་གྱིས་ངེས་པར་འབྱུང་བ་འཆད་པས་ན་བྱང་ཆུབ་སེམས་དཔའ་ཉིད་སྡེ་སྣོད་གསུམ་པའོ། །བསླབ་པ་གསུམ་ལས་ཉན་ཐོས་ཀྱི་ནི་ཕྱོགས་གཅིག་པ་བདག་གི་རྒྱུད་ཙམ་སྣང་བའི་མཚན་ཉིད་དོ། །རང་རྒྱལ་གྱི་ནི་ནན་ཏན་པར་མ་དང་ལྡན་ཞིང་སྙིང་རྗེ་དང་བྲལ་བའོ། །བྱང་ ཆུབ་སེམས་དཔའ་ནི་གཉིས་པོའི་བསླབ་པའང་ཤེས་མདོ་ཀྱི། ཐེག་པ་གཉིས་པོ་མི་འདོད་ཅིང་དེས་ངེས་པར་མི་འབྱུང་སྟེ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་ཅིང་ཐེག་པ་ཆེན་པོས་ངེས་པར་འབྱུང་ངོ། །དེས་ནི་གསུམ་གའི་རྣམ་པར་གྲོལ་བ་སྟོན་པའོ་ཞེས་གསུངས་ཏེ། རང་ སངས་རྒྱས་ཀྱིས་ནི་ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་བརྟེན་པས་དོན་ལ་དགོངས་པར་བལྟའོ། །སའི་སྙིང་པོའི་མདོ་ལས་ཀྱང། གང་གིས་ཡང་དག་པའི་དྲན་པ་ལ་བདེ་བར་གནས་ཤིང་ཏིང་ངེ་འཛིན་བསྒོམ་པར་མོས་པས་རྟག་ཏུ་བརྩོན་པ་དང། གཡོ་སྒྱུ་སྤངས་ཤིང་ལས་དང་འབྲས་བུ་ལ་ ཡིད་ཆེས་པ་དང། འདོད་པའི་ཡོན་ཏན་ལྔ་ལ་མི་ཆགས་ཤིང་འཇིག་རྟེན་པའི་ཆོས་བརྒྱད་ཀྱིས་མི་གོས་པ་དང། མགོ་ལ་མེ་འབར་བ་ལྟར་དགེ་བ་ལ་ཤིན་ཏུ་བརྩོན་པ་དང། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་ཤིན་ཏུ་རྟོགས་པ་དང། འཕགས་པའི་རིགས་ལ་བདེ་བར་གནས་ [223B] །རང་སངས་རྒྱས་ཀྱི་ནི་ཡོན་ཏན་སྔ་མ་དེ་དག་དང་ལྡན་ཞིང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཡང་དང་ཡང་དུ་མི་རྟག་པར་རྟོག་པ་དང། སྐྱེ་འགག་ལ་ཡང་དང་ཡང་དུ་སོ་སོར་རྟོག་པ་དང། རྟེན་ཅིང་འབྲེལ་པར་འབྱུང་ བའི་ཆོས་རྣམས་འགོག་པའི་ཆོས་ཅན་དུ་ཤིན་ཏུ་རྟོག་པའོ། །ཐེག་པ་ཆེན་པོའི་ནི་ཕུལ་དུ་གྱུར་པའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང། ཕུལ་དུ་གྱུར་པའི་དགེ་བའི་རྩ་བ་ལ་སྤྱོད་པ་དང། ཕུལ་དུ་གྱུར་པའི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་བསྟེན་པ་དང། ཚེ་ཕྱི་མ་དག་གི་ སྡུག་བསྔལ་ལ་ཤིན་ཏུ་འཇིགས་པ་དང། མི་དགེ་བའི་ཆོས་ཐམས་ཅད་སྤོང་ཞིང་དགེ་བའི་ཆོས་ཐམས་ཅད་ལ་ནན་ཏན་བྱེད་པ་དང། བྱམས་པ་དང་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དང། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བར་རྩོལ་བ་དང་ སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བ་དང། བདག་བདེ་བ་ལ་མི་ལྟ་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྟོབས་པའོ་ཞེས་སོ། །བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང། ཉན་ཐོས་ཀྱི་ཐེག་པ་ནི་བསོད་ནམས་ལ་སོགས་པའི་འདུ་བྱེད་གསུམ་ལ་ སྨོད་པ་དང། ཁམས་གསུམ་ཐམས་ཅད་ལ་ཡིད་འབྱུང་ཞིང་འདོད་ཆགས་དང་བྲལ་བ་དང། འདུ་བྱེད་ཐམས་ཅད་མི་རྟག་པ་ལ་སོགས་པ་ཆོས་ཀྱི་སྡོམ་བཞིར་ སྐད་ཅིག་ཙམ་ཡང་སྐྱེ་བ་དོན་དུ་མི་གཉེར་བ་དང། རྟག་ཏུ་འཇིག་པར་ལྟ་བ་དང། རྟག་ཏུ་ཡིད་མི་ རྟོན་པ་དང། ཕུང་པོ་ལ་གསོད་པར་འདུ་ཤེས་པ་དང། ཁམས་ལ་སྦྲུལ་གདུག་པར་འདུ་ཤེས་པ་དང། སྐྱེ་མཆེད་ལ་གྲོང་སྟོང་པར་འདུ་ཤེས་པ་དང། སྐྱེ་གནས་ཐམས་ཅད་ལ་མི་སྨོན་པ་དང། མྱ་ངན་ལས་འདས་པ་ལ་གནས་དང་སྐྱབས་སུ་འདུ་ཤེས་པའོ། །རང་སངས་རྒྱས་ཀྱི་ཐེག་ པ་ནི་རྣམ་པ་དང་རྐྱེན་གང་གིས་རང་རྒྱལ་བར་ངེས་པར་འབྱུང་བར་བྱེད་པ་སྟེ། འདུན་པ་དང་བརྩོན་འགྲུས་དང་བག་ཡོད་པ་ཆེན་པོས། ཉན་ཐོས་ཀྱི་ལྟ་བ་མ་ཡིན་པ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཚོགས་གསོག་པ་དང། ཐོས་པ་ཉུང་ལ་ཆོས་ཀྱི་ནན་ཏན་ཆེ་བ་དང་ [224A]༄༅། །སངས་རྒྱས་ལ་རིམ་གྲོ་བྱ་བ་ལ་མི་ཞུམ་པ་དང། དབང་པོ་བར་མ་དང་ལྡན་པ་དང། རྟག་ཏུ་རབ་ཏུ་བྱུང་བ་ལ་གཞོལ་བ་དང། དོན་ཉུང་ཞིང་བྱ་བ་ཉུང་བ་དང། འདུ་འཛི་ལ་མི་དགའ་ཞིང་དབེན་པ་ལ་དགའ་བ་དང། དབེན་པར་གནས་མལ་འཆའ་བ་དང་ བསྙེན་པར་དཀའ་བ་དང་མཐུ་ཆེ་བ་དང། སྦྱིན་གནས་ཀྱི་ས་ལ་དགའ་བ་དང། རྟག་ཏུ་རྟེན་འབྲེལ་ལ་སོ་སོར་རྟོག་པ་དང། ངེས་པར་འབྱུང་བའི་དབྱིངས་གཅིག་ལ་རྟོག་པ་དང། རང་བྱུང་གི་ཡེ་ཤེས་ཀྱིས་རབ་ཏུ་བརྒལ་བ་དང། དམིགས་པ་ལ་འདུག་པ་ཐོབ་པ་དང། བསམ་ གཏན་དང་རྣམ་པར་ཐར་བ་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་རྒྱུན་མི་ཆད་པ་དང། གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་བསྐྱེད་པ་དང། དམིགས་པ་གང་ཡང་རུང་བ་ལ་རྐྱེན་གྱི་ཡེ་ཤེས་རྟོགས་པའོ། །ཐེག་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ་ལ་ སོགས་པ་དཔག་ཏུ་མེད་པའི་ཆོས་དང་ལྡན་པར་གསུངས་སོ། ༈ །རྗེས་སུ་བསྒྲུབ་པའི་ཁྱད་པར་ལས་སྤྱོད་པའི་གྮིའམ་མ་རྟེན་ཚུལ་ཁྲིམས་ནི། རྒྱལ་སྲས་རྣམས་ཀྱིས་ཚུལ་ཁྲིམས་ཐུན་མོང་བ། །སོ་སོར་ཐར་པ་ཅི་རིགས་ལེགས་བསྲུང་ཞིང། །ཐུན་མོང་མ་ཡིན་ཕམ་པའི་རིགས་རྣམས་ དང། །ཉེས་བྱས་ཆེ་ཕྲའི་སྡོམ་པ་རྣམ་དག་བྱ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཐུན་མོང་བ་སོ་སོར་ཐར་པ་རིགས་བདུན་ཅི་རིགས་པ་ལ་ནི་ངེས་པར་བརྟེན་པར་བྱ་བས་ན། དེ་དག་གི་རྩ་བ་དང་ཡན་ལག་ལ་སོགས་པ་ཉེས་པ་ཕྲ་བས་ཀྱང་མ་གོས་པར་དམ་པའི་ཆོས་འདུལ་བ་ ལས་གསུངས་པ་ལ་ཤིན་ཏུ་གུས་པས་བསླབ་པར་བྱའོ། །ཐུན་མོང་མ་ཡིན་པའི་ཕམ་པའི་རིགས་བཞི་དང་ལས་དང་པོ་བའི་རྩ་ལྟུང་བརྒྱད་ལ་སོགས་པ་དང་ཉེས་བྱས་ཀྱི་རིགས་ཆེ་ཕྲ་རྣམས་ལ་ནི་སྔར་བརྗོད་པ་ལྟར་སའི་རྗེས་སུ་འབྲངས་ཏེ་བསླབ་བོ། །ཐུན་མོང་བ་ནི། སའི་སྙིང་པོའི་ མདོ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐུན་མོང་བ་ནི་ཁྱིམ་པའི་དགེ་བསྙེན་ཕ་མ་དག་གམ་རབ་ཏུ་བྱུང་བའི་སོ་སོར་ཐར་པའི་སྡོམ་པ་ལས་བསྙེན་པར་རྫོགས་པ་ནི། ཉན་ཐོས་དང་ཐུན་མོང་བ་སྟེ་དམན་པའོ་ཞེས་སོ། །ས་ལས་ཀྱང། བྱང་ཆུབ་སེམས་དཔའི་སྡོམ་པའི་ [224B] དེའང་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་ རིགས་པར་རིགས་པར་བྱའོ་ཞེས་སོ། ༈ །བསླབ་པ་ཐམས་ཅད་ཀྱི་རྩ་བ་ནི་བག་ཡོད་པ་སྟེ། དེ་ལ་གནས་པའི་མཚན་ཉིད་ནི། གང་གིས་རྒྱལ་བ་མཉེས་ཤིང་བརྟན་རྣམས་ཀྱི། །སྤྱོད་པ་ཡོངས་དག་བསྒྲུབ་པ་རབ་རྫོགས་པའི། །རྩ་བ་བག་ཡོད་ལ་གནས་མཚན་ཉིད་ནི། །རྣམ་པ་བཅུ་ལ་ རབ་བསྒྲིམས་གནས་པར་བྱ། །ཕལ་ཆེན་ལས། དེ་ལྟར་བསོད་ནམས་ཚད་མེད་པའི་ཚོགས་དང་ལྡན་པ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བསྟན་པ་ལ་བརྩོན་པའི་རྣམ་པ་གང་གིས་སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་བ་དང། བྱང་ཆུབ་ སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་དང། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་ཆད་པ་དང། ཇི་ལྟར་དམ་བཅས་པ་ལྟར་སེམས་ཅན་སྒྲོལ་བ་ལ་སོགས་པར་འགྱུར་བའི་སྤྱོད་པ་ལ་འཇུག་པ་རྩོམ་པ་གང་ཞེ་ན། ཐོག་མར་བསྐྱེད་པའི་སེམས་དེ་མི་ཉམས་པར་བསྲུང་ཞིང་ རིམ་གྲོ་བྱ་བའི་ཕྱིར་བག་ཡོད་པར་བྱའོ། །དེ་ལ་གནས་པ་ནི་རྣམ་པ་བཅུ་སྟེ་ཚུལ་ཁྲིམས་ཤིན་ཏུ་བསྲུངས་པ་དང། བྱང་ཆུབ་ཀྱི་སེམས་མ་ཉམས་ཤིང་སྦྱངས་པ་དང། བསམ་པ་གཡོ་སྒྱུ་མེད་པ་དང། དགེ་བའི་རྩ་བའི་སྦྱོར་བ་ལས་མི་ལྡོག་པ་དང། རང་གི་སེམས་བསྐྱེད་པ་ཤིན་ཏུ་རྟོགས་ པ་དང། ཁྱིམ་པ་དང་མི་འདྲེ་བ་དང། སྡིག་པའི་ལས་འཇིག་རྟེན་པའི་འདུ་ཤེས་དང་བྲལ་བ་དང། བྱང་ཆུབ་སེམས་དཔའི་ལམ་ཉན་ཐོས་དང། རང་རྒྱལ་གྱི་ཐེག་པ་སྤངས་པ་འཐོབ་པ་དང། དགེ་བའི་རྩ་བ་རྩོམ་པའི་ནན་ཏན་རྒྱུན་མི་ཆད་པ་དང། རང་གི་སྟོབས་ཀྱིས་ཤུགས་ཤིན་ ཏུ་བརྟགས་པའོ། ༈ །དེ་ཡོངས་སུ་དག་པའི་མཚན་ཉིད་ནི། དེ་ནི་ཇི་སྐད་སྨྲས་བཞིན་བྱེད་པ་དང། །དྲན་དང་ཤེས་བཞིན་རབ་ལྡན་སོགས་བཅུས་སྦྱངས། །ཡང་དེ་ཉིད་ལས་ཆོས་བཅུ་དང་ལྡན་ན་བག་ཡོད་པ་ཡོངས་སུ་དག་པར་འགྱུར་ཏེ། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང། དྲན་པ་དང་ [225A]༄༅། །ཤེས་བཞིན་དང་ལྡན་པ་དང། ཁེངས་ཤིང་གཡེང་བ་མེད་པར་བསམ་གཏན་ལ་གནས་པ་དང། ཆོས་ཟབ་མོ་བཙལ་བ་ལ་ནན་ཏན་རྒྱུན་མི་འཆད་པ་དང། ལྷག་མཐོང་ལ་མཁས་ཤིང་ཐོས་པའི་ཚུལ་བཞིན་རྟོག་པ་དང། བསམ་གཏན་གྱིས་ སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་རྗེས་སུ་འགྲོ་བ་དང། ས་ལྟར་མཐོ་དམན་དང་བྲལ་བ་དང། སྦྱོར་བ་བཟང་ངན་དང་བར་མ་ལ་སེམས་མ་ཉམས་པ་དང། སེམས་ཅན་ཐ་ན་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་པ་ལ་ཡང་སྟོན་པར་འཛིན་པ་དང། བླ་མ་དང་ཆོས་སྨྲ་བ་ལ་ གུས་པར་བྱེད་པའོ། ༈ །དེས་སྟོན་པ་མཉེས་པར་བྱེད་པའི་མཚན་ཉིད་ནི། དེ་ནི་བརྩོན་འགྲུས་བརྩམ་པ་ཐམས་ཅད་ལ། །མི་ལྡོག་ལ་སོགས་རྣམ་བཅུས་སངས་རྒྱས་རྣམས། །རབ་ཏུ་མཉེས་བྱ་གཞན་ཡང་བག་ཡོད་ལ། གནས་པ་ཉིད་སོགས་བཅུས་ཀྱང་ལེགས་མཉེས་ འགྱུར། །ཡང་དེ་ཉིད་ལས་བག་ཡོད་པ་དེ་ལྟ་བུས་ནི་སངས་རྒྱས་མཉེས་པ་ཆོས་བཅུས་དེ་མཉེས་བར་བྱ་སྟེ། བརྩོན་འགྲུས་ཐམས་ཅད་ལ་མི་ལྡོག་པ་དང། ལུས་དང་སྲོག་ལ་མི་ལྟ་བ་དང། འཚོ་བའི་ཡོ་བྱད་དོན་དུ་མི་གཉེར་བ་དང། ཆོས་ཐམས་ཅད་ནམ་མཁའ་ལྟར་མཉམ་པ་ བསྒོམ་པ་དང། ཆོས་ཀྱི་དབྱིངས་ལ་གཞོལ་བའི་ལྷག་མཐོང་ལ་མཁས་པ་དང། མི་གནས་པའི་ཆོས་བསྒོམ་པའི་ཕྱག་རྒྱ་དང། རྒྱུན་མི་ཆད་པར་བསྒྲུབས་པའི་སྨོན་ལམ་དང། བཟོད་པ་ཤེས་པ་ཡོངས་སུ་སྦྱངས་པ་དང། དགེ་བའི་ཚོགས་བསགས་པ་དང། མ་བསགས་པ་ཤིན་ ཏུ་བརྟགས་པ་དང། འདུ་བྱ་བ་མེད་པའི་སྒོ་ཤིན་ཏུ་བྱང་བའོ། །གཞན་ཡང་ཆོས་བཅུ་ལ་གནས་ན་སངས་རྒྱས་མཉེས་པར་འགྱུར་ཏེ། བག་ཡོད་པ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་དང། སྙིང་རྗེ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱ་བ་དང། སྤྱོད་པ་རྫོགས་པར་བྱ་བ་དང་ སྨོན་ལམ་བསྒྲུབ་པར་བྱ་བ་དང། ཐབས་ལ་མཁས་པ་དང། བརྟན་པའི་སྟོབས་ཀྱི་ཤུགས་དང། ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་དང། ལེན་པ་མེད་པ་རྣམས་ལ་གནས་པའོ། ༈ །དེས་སྤྱོད་པ་ཡོངས་སུ་སྦྱོང་བར་བྱེད་པའི་མཚན་ཉིད་ནི། འདིས་ནི་ཡོ་བྱད་ཡོངས་འཛིན་མེད་ལ་ [225B] །རྣམ་བཅུས་སྤྱོད་པའི་དཀྱིལ་འཁོར་རྣམ་སྦྱངས་ཏེ། །འཇིག་རྟེན་གཞན་བཞུགས་རྒྱལ་བས་དགོངས་ལ་སོགས། །རྣམ་བཅུས་དེ་ནི་ཤིན་ཏུ་རྣམ་དག་འགྱུར། །ཡང་དེ་ཉིད་ལས། ཆོས་བཅུས་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་སྦྱངས་ཏེ། ཡོ་བྱད་བཟུང་བ་མེད་པ་དང། འགྲོ་བ་ ཐམས་ཅད་ཚིམ་པར་བྱེད་པ་དང། ཚུལ་ཁྲིམས་ཁ་ན་མ་ཐོ་བ་མེད་པ་དང། བཟོད་པ་དང་དེས་པ་མི་ཟད་པ་དང། བརྩོན་འགྲུས་མི་ལྡོག་པ་དང། དྲན་པའི་སྟོབས་མ་རྨོངས་པ་དང། གཅིག་ལས་ཐ་དད་པའི་ཆོས་རྟོགས་པ་དང། གནས་མེད་པར་དཀའ་བའི་སྤྱོད་པ་རི་རབ་ལྟར་བརྟན་ པ་དང། སེམས་ཅན་དང་མ་འདྲེས་པའི་མུ་སྟེགས་སུ་གྱུར་པ་དང། འགྲོ་བ་ཀུན་ཏུ་སངས་རྒྱས་ཐམས་ཅད་དང་རྒྱུད་ཀྱི་ཚུལ་གཅིག་པའོ། །དེ་ལྟར་སྦྱངས་པའི་སྤྱོད་པ་དེ་ཆོས་བཅུས་ཤིན་ཏུ་དག་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་ཀྱིས་དགོངས་པ་དང། འདས་ པའི་བྱང་ཆུབ་སེམས་དཔའི་གྲོགས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་དང། སངས་རྒྱས་ཀྱི་བྱིན་གྱིས་བརླབས་བཟུང་བ་ལ་མཁས་པ་དང། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང། མོས་པ་དང་བརྩོན་འགྲུས་དང་བག་ཡོད་པ་ལ་གནས་པ་དང། ཆོས་ཐ་དད་པ་ལ་ཐ་མི་དད་པར་རྟོགས་པ་ དང། སྙིང་རྗེའི་བྱིན་གྱིས་བརླབས་ཆེན་པོ་དང། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ལྟ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་དང། ཐབས་ལ་མཁས་པ་ལ་སྤྱོད་པའི་སྦྱོར་བ་དང། སྦྱོར་བ་ཐམས་ཅད་སངས་རྒྱས་ཀྱི་སྟོབས་ཀྱི་རྗེས་སུ་འབྲང་བས་སོ། ༈ །དེའི་སྨོན་ལམ་རྣམ་པར་དག་ཅིང་ རྫོགས་པར་བྱེད་པའི་མཚན་ཉིད་ནི། དེ་ཡི་སྨོན་ལམ་རྣམ་བཅུ་སྦྱང་བྱ་སྟེ། །སྐྱོ་མེད་སེམས་ཅན་སྨིན་པར་འདོད་སོགས་སོ། །སྐྱེ་བ་མེད་དང་རྒྱ་ཆེན་བསྒྲུབ་སོགས་པ། །རྣམ་བཅུས་དེ་ནི་ཡོངས་སུ་རྫོགས་པར་བྱེད། །ཡང་དེ་ཉིད་ལས་དེའི་སྨོན་ལམ་རྣམ་པར་དག་པ་བཅུ་སྦྱང་སྟེ། སྐྱོ་བ་མེད་པར་ སེམས་ཅན་སྨིན་པར་བྱ་བར་སྨོན་པ་དང། དགེ་བའི་རྩ་བ་སྣ་ཚོགས་བསགས་པས་ཞིང་དག་པ་དང། ལུས་དང་སྲོག་དང་བསྔོས་ཏེ་དམ་པའི་ཆོས་གཟུང་བ་དང། ཡེ་ཤེས་ཀྱི་སྒོ་ལ་རྣམ་པར་དཔྱད་པས་སངས་རྒྱས་ཀྱི་ཞིང་ལ་འཇུག་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ [226A]༄༅། །གཉིས་སུ་མེད་པས་ཚུལ་གཅིག་ཏུ་འགྲོ་བ་དང། སངས་རྒྱས་ཀྱི་སྒོ་ལ་འཇུག་པས་ཆོས་ཐམས་ཅད་རྫོགས་པ་དང། མོས་པ་སྦྱངས་པས་མཐོང་ན་དོན་ཡོད་པ་དང། ཕྱི་མའི་མཐར་བྱིན་གྱིས་བརླབས་པས་བསྐལ་པར་གནས་པ་དང། བྱང་ཆུབ་སེམས་དཔའ་ ཀུན་ཏུ་བཟང་པོའི་ཐེག་པའི་རྒྱན་ཐམས་ཅད་ནས་སྦྱོང་བའི་སྨོན་ལམ་མོ། །ཆོས་བཅུས་དེ་ཡོངས་སུ་རྫོགས་པར་བྱེད་དེ། མི་སྐྱོ་བ་དང། རྒྱ་ཆེན་པོ་བསྒྲུབ་པ་དང། བྱང་ཆུབ་སེམས་དཔའི་སྨོན་ལམ་ཁྱད་པར་དུ་འཕགས་པའི་རྗེས་སུ་འཇུག་པ་དང། འཇིག་རྟེན་གཞན་ གྱི་སངས་རྒྱས་ཀྱི་ཞིང་ཐོས་ནས་སྨོན་ལམ་དུ་བསྒྲུབ་པ་དང། བསམ་པ་ཕྱི་མའི་མུར་ཐུག་པ་དང། སེམས་ཅན་ཐམས་ཅད་སྨིན་པར་བྱ་བར་གཏུགས་པའི་སྨོན་ལམ་དང་ལྡན་པ་དང། བསྐལ་པ་ཐམས་ཅད་དུ་གནས་པས་མི་འཇིགས་པ་དང། སྡུག་བསྔལ་ཐམས་ཅད་ ཀྱིས་ཇི་མི་སྙམ་པ་དང། བདེ་བ་ཐམས་ཅད་ལ་ཡེ་མི་རྡམས་པ་དང། བསམ་པ་མཉམ་པ་མེད་པའི་རྣམ་པར་ཐར་པ་བསྲུང་བས་སོ། ༈ །སྤྱོད་པའི་ཏེ་བར་སྟོན་པའི་ཁྱད་པར་ལས་རྟག་ཏུ་བྱ་བའི་དགེ་བ་བཅུ་གཉིས་ནི། བརྟན་པས་རྟག་ཏུ་བྱ་བའི་དགེ་བ་ནི། །སངས་རྒྱས་མཆོད་ དང་རིམ་གྲོ་བྱ་སོགས་ཀྱིས། །ངོམས་མི་ཤེས་པར་བྱ་བ་བཅུ་གཉིས་ལས། །སྤྱོད་པ་མཆོག་གི་སྟོབས་ནི་རབ་རྒྱས་པ། །སྡོང་པོ་བཀོད་པ་ལས། བྱང་ཆུབ་སེམས་དཔས་དགེ་བ་བསྒྲུབ་པས་ངོམས་མི་ཤེས་པ་བཅུ་གཉིས་ཏེ། སངས་རྒྱས་མཆོད་པ་དང་རིམ་གྲོ་བྱ་བས་མི་ངོམས་པ་ དང། དེ་བཞིན་དུ་ཆོས་མཉན་པ་དང། ཆོས་འཛིན་པ་དང། ཆོས་བསྟན་པ་དང། སེམས་ཅན་སྨིན་པར་བྱ་བ་དང། དགེ་བའི་རྩ་བ་བསྒྲུབ་པ་དང། དགོན་པར་གནས་པ་དང། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྐད་ ཡེ་ཤེས་དང་ཞིང་སྨིན་པར་བྱ་བ་དང། ཆོས་ངེས་པར་སེམས་ ཤིང་ཚུལ་བཞིན་ལ་སྦྱོར་བ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བཙལ་བ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་བསྒྲུབ་པར་མི་ངོམས་པའོ། ༈ །ངེས་པར་བྱ་བའི་དགེ་བ་སུམ་ཅུ་རྩ་གཉིས་ནི། གཞན་ཡང་ངེས་པར་བྱ་བ་སུམ་ཅུ་གཉིས། །རབ་ཏུ་བསྒྲུབ་པས་བྱང་ [226B] །སྣོད་དུ་འགྱུར་ཕྱིར་རྒྱལ་ལ་གསོལ་གདབ་ཅིང། །བསམ་སྦྱོར་ལྷག་བསམ་ལ་སོགས་གོང་དུ་བསྒྲུབ། །ཡང་དེ་ཉིད་ལས་སུམ་ཅུ་རྩ་གཉིས་དང་ལྡན་ན་ཆོས་ཀྱི་དོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་སྣོད་སངས་རྒྱས་ཀྱི་བྱིན་རླབས་དང། ལྷག་པའི་ བསམ་པའི་སྣོད་བསམ་པ་དང། དེ་བཞིན་དུ་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའི་སྦྱོར་བ་དང། དགེ་བའི་རྩ་བ་ཁྱད་པར་དུ་འགྲོ་བའི་ལྷག་པའི་བསམ་པ་དང། མང་དུ་ཐོས་པའི་དྲན་པ་དང། ལམ་ལ་འཇུག་པའི་བློ་གྲོས་དང། དོན་རྟོགས་པའི་རྟོགས་པ་དང། ལོངས་སྤྱོད་ཆ་བའི་སྦྱིན་ པ་དང། བསམ་པ་རྫོགས་པའི་ཚུལ་ཁྲིམས་དང། མཚན་སུམ་ཅུ་རྩ་གཉིས་ཀྱི་བཟོད་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བརྩོན་འགྲུས་དང། སེམས་ལས་སུ་རུང་བའི་བསམ་གཏན་དང། དོགས་པ་ཐམས་ཅད་ལས་འདས་པའི་ཤེས་རབ་དང། སེམས་ཅན་ཐམས་ཅད་ལ་ སེམས་སྙོམས་པའི་བྱམས་པ་དང། དབུལ་ཞིང་ཉམ་ཐག་པ་བསྐྱབ་པའི་སྙིང་རྗེ་དང། ཆོས་ལ་དགའ་བའི་དགའ་བ་དང། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བའི་བཏང་སྙོམས་དང། དགེ་བའི་རྩ་བ་ཐམས་ཅད་འཛིན་དུ་འཇུག་པའི་དགེ་བའི་བཤེས་གཉེན་དང། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཐོས་པས་མི་ངོམས་པ་དང། མི་ལྟོས་པའི་རབ་ཏུ་འབྱུང་བ་དང། དོན་ཉུང་བ་དང། བྱ་བ་ཉུང་བའི་དགོན་པར་གནས་པ་དང། བསམ་གཏན་དང་མངོན་པར་ཤེས་པའི་དབེན་པ་ལ་དགའ་བ་དང། སེམས་ཅན་སྨིན་པར་བྱེད་པའི་བསྡུ་བ་བཞི་དང། ཆོས་སྣང་ བའི་དམ་པའི་ཆོས་འཛིན་པ་དང། ཐོས་པ་ཐམས་ཅད་འཛིན་པའི་གཟུངས་དང། སེམས་ཅན་གྱི་ཐེ་ཚོམ་གཅོད་པའི་སྤོབས་པ་དང། སངས་རྒྱས་མཐོང་བའི་སངས་རྒྱས་རྗེས་སུ་དྲན་པ་དང། ཤེས་རབ་འཕེལ་བའི་ཆོས་རྗེས་སུ་དྲན་པ་དང། དགེ་བའི་རྩ་བ་བསྲུང་བའི་ཞེ་སྡང་ མེད་པ་དང། ལྟ་བ་ཐམས་ཅད་སེལ་བའི་སྟོང་པ་ཉིད་ལ་མོས་པ་དང། མཐར་འཛིན་ཐམས་ཅད་སྤོང་བའི་རྟེན་འབྲེལ་ཤེས་པ་དང། མི་འཁྲུགས་ཤིང་ཕྱད་པར་ལུང་སྟོན་པའི་སྣོད་མི་སྐྱེ་བའི་ཆོས་ལ་བཟོད་པ་དང། སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ [227A]༄༅། །སྣོད་ཕྱིར་མི་ལྡོག་པའི་སའོ་ཞེས་སོ། ༈ །སྤྱོད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བའི་ངོ་བོ་ཉིད་ནི། ༈ །གསུངས་ཤིང་གསུང་ལ་གསུངས་འགྱུར་བགྲོད་གཅིག་ལམ། །ཕ་རོལ་ཕྱིན་ བཅུ་རྒྱ་ཆེན་སྒྲུབ་བྱེད་དང། །ཡ་བྱད་ཀུན་གྱིས་འགྲོ་ཀུན་ཚིམ་བྱེད་སོགས། །ཕལ་ཆེན་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་སངས་རྒྱས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཐམས་ཅད་ཀྱིས་གསུངས་པ་དང་གསུངས་བར་དང་གསུང་བར་འགྱུར་བའི་ཕ་རོལ་ཏུ་ཕྱིན་པ་ རྒྱ་ཆེ་བ་བསྒྲུབ་པའི་ཆོས་ནི་བཅུ་སྟེ། སེམས་ཅན་ཐམས་ཅད་ཚིམས་པར་བྱ་ཞིང་ཡོ་བྱད་ཐམས་ཅད་ཀྱིས་སྡུད་ལ་སྦྱོར་བ་མཉམ་པས་གཏོང་བ་དང། བླངས་པ་མི་གཏོང་བར་གནས་ཤིང་ང་རྒྱལ་མེད་པ་དང། ཉེས་པ་ཐམས་ཅད་ཁྱད་དུ་བསད་དེ་སེམས་ཅན་ཐམས་ཅད་ཀྱིས་མི་ འཁྲུགས་ལ་མཉམ་པ་ཉིད་ལ་གཞོལ་བ་ལས་མཐོ་དམན་མེད་ཅིང་ཟད་མི་ཤེས་པའི་ས་འཛིན་པ་དང། རྩོལ་བ་ཆེན་པོ་རྩོམ་པ་དང་ཞུམ་པ་མེད་པ་དང་སྦྱོར་བ་མི་ལྡོག་པ་དང་ཡིད་ལ་བྱེད་པ་མི་འགྱུར་བ་དང་མཐུ་མཐའ་ཡས་པ་དང་སྟོབས་ཐུབ་པ་མེད་པ་དང་དད་པའི་མཐུ་ཆེ་བ་ དང་བླང་དར་མེད་པའི་ཚོགས་རྒྱས་ཤིང་ཐམས་ཅད་མཁྱེན་པའི་སྒོམ་པ་ཉམས་པ་མེད་པ་ལ་འཇུག་པ་དང། འདོད་པའི་འདུ་འཛི་སྤོང་ཞིང་བསམ་གཏན་དང་ཏིང་འཛིན་རིམ་གྱིས་བསྒྲུབ་པ་དང་གནས་མེད་ཅིང་བླང་དོར་མེད་པ་དང་རྟོག་པ་དང་ཉོན་མོངས་ཐམས་ཅད་ སེལ་བ་དང་མངོན་ཤེས་ཆེན་པོས་རྣམ་པར་འཕྲུལ་བ་དང་ཏིང་ངེ་འཛིན་སྒོ་མཐའ་ཡས་པར་འཇུག་པ་དང། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་མི་འཁྲུགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཉེ་བ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉན་ པ་དང་བླང་བ་དང་བཟུང་བ་དང་བཅང་བ་དང་བླ་མ་ལ་བསྙེན་བཀུར་བས་མི་སྐྱོ་བ་དང། ཐོས་པས་མི་ངོམས་པ་དང། གང་ཐོས་པ་ཚུལ་བཞིན་དུ་རྟོག་པ་དང། དེ་སྒོམ་པ་དང་སྒྲོ་སྐུར་དང་བྲལ་བ་དང་ཆོས་ཐམས་ཅད་རྣམ་པར་འབྱེད་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ [227B] ཤེས་རབ་ཀྱི་སྒོ་ཐམས་ཅད་དང་ལྡན་པས་ཐམས་ཅད་མཁྱེན་པ་ལ་འཇུག་པ་དང། སེམས་ཅན་སྨིན་པར་བྱེད་པས་མི་སྐྱོ་ཞིང་བསམ་པ་བཞིན་བྱ་བ་སྟོན་ལ་བྱིས་པ་དང་འཕགས་པའི་སྤྱོད་པ་ཇི་ལྟར་འཚམ་པ་སྟོན་ཏེ་འགྲོ་བ་ཀུན་གྱི་རྗེས་སུ་འགྲོ་བ་སེམས་ ཅན་ཐམས་ཅད་སྒྲོལ་བའི་སྤྱོད་པ་དང། སེམས་ཅན་མཐར་ཐུག་པ་སྨིན་པར་བྱེད་ཅིང་ཞིང་མཐར་ཐུག་པར་སྦྱོང་ལ་སངས་རྒྱས་མཐར་ཐུག་པར་མཆོད་པ་དང་བསྐལ་པ་མཐར་ཐུག་པར་གནས་ཤིང་སངས་རྒྱས་ཀྱི་ཡེ་ཤེས་མཐར་ཐུག་པ་ཐོབ་པར་བྱ་བ་དང། བསམ་པའི་ སྟོབས་ཀུན་ནས་ཉོན་མོངས་པ་མེད་པ་དང། ལྷག་པའི་བསམ་པའི་སྟོབས་དབང་དུ་འགྱུར་བ་དང་སྙིང་རྗེའི་སྟོབས་སྐྱོ་བ་མེད་པ་དང། བྱམས་པའི་སྟོབས་སྙོམས་པའི་སྦྱོར་བ་ཅན་དང་གཟུགས་ཀྱི་སྟོབས་དོན་ཐམས་ཅད་ལ་སྒྲིབ་པ་མེད་པ་དང། སྤོབས་པའི་སྟོབས་འགྲོ་བ་ ཐམས་ཅད་ཚིམ་པར་བྱེད་པ་དང། ཕ་རོལ་ཏུ་ཕྱིན་པའི་སྟོབས་ཐེག་པ་ཐམས་ཅད་ཀྱི་རྒྱན་བྱེད་པ་དང་སྨོན་ལམ་གྱི་སྟོབས་བཅད་དུ་མེད་པ་བསྒྲུབ་པ་དང། འདོད་ཆགས་ཀྱི་སྤྱོད་པ་ཁོང་དུ་ཆུད་པ་དང་ཞེ་སྡང་གི་སྤྱོད་པ་རྗེས་སུ་རྟོག་པ་དང། གཏི་མུག་གི་སྤྱོད་པ་རབ་ཏུ་རྟོག་པ་དང། ཆ་ མཉམ་པའི་སྤྱོད་པ་རྗེས་སུ་ཤེས་པ་དང་སེམས་དང་བསམ་པ་ཀུན་ཤེས་པར་བྱེད་པ་དང་ཆོས་ཐམས་ཅད་ཇི་ལྟ་བར་རྟོག་པ་དང་སངས་རྒྱས་ཀྱི་སྟོབས་ཀྱི་རྗེས་སུ་འཇུག་པ་དང་ཆོས་ཀྱི་དབྱིངས་ཀྱི་སྒོ་ཐམས་ཅད་ཁོང་དུ་ཆུད་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་ པས་སོ། །དེ་ལྟར་སྔོན་ལས་དང་པོ་བའི་ཚེ་སེམས་ཅན་ཐམས་ཅད་སྒོ་སྣ་ཚོགས་ནས་བཟུང་བར་བྱའོ་ཞེས་སེང་གེའི་སྒྲ་བསྒྲགས་པ་ལྟར། ཡེ་ཤེས་ཐོབ་ནས་སེམས་ཅན་བསྒྲལ་བའི་ཕྱིར་ཞུགས་པའོ། །དེའང་རྟག་ཏུ་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པར་ཞུཌ་ པས་ཏེ། རིམ་པ་བཞིན་དུ་གཞན་གྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་འཇོག་པ་དང། ཆོས་ཀྱི་མཛོད་རྣམ་པར་འགྲེལ་པ་དང། བསྟན་པའི་ཚུལ་དང་འགལ་བར་མི་བྱེད་པའི་ཕྱིར་དང། ཡང་སྨོན་ལམ་ཆེན་པོ་བརྗོད་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པར་སྟོན་པ་ [228A]༄༅། །དང། སྙིང་རྗེ་ཆེན་པོ་ཐོབ་པར་བྱེད་པའི་ཆོས་ལ་བརྩོན་པའི་ཕྱིར་དང། སངས་རྒྱས་ཀྱི་ས་བོན་སེམས་ཅན་ལ་འདེབས་པ་དང། དམ་པའི་ཆོས་འཛིན་པ་དང། ཚོགས་ཆེན་པོ་སྡུད་པས་མི་སྐྱོ་བའི་ཕྱིར་དང། འདས་པ་དང་མ་འོངས་པ་དང་ད་ལྟར་ གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རྗེས་སུ་དྲན་པས་རྟག་ཏུ་སངས་རྒྱས་ཀྱི་གདམས་ངག་དང་རྗེས་སུ་བསྟན་པ་མི་གཏོང་བ་ལས་གསུམ་ཀའི་གདུང་མི་གཅོད་པ་ལ་ཞུགས་པའི་ཕྱིར་རྩོམ་པ་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་ལ་གནས་པས་ན་རྩོམ་པ་ཐམས་ཅད་དོན་ ཡོད་པ་ཞེས་སོ། ༈ །དེས་འགྲོ་བ་ལ་ཕན་པར་བྱེད་པའི་ངོ་བོ་ཉིད་ནི། དེ་ཡི་སེམས་ཅན་དགའ་བར་བདེ་བསྐྱེད་ཅིང། །མི་མཐུན་མེད་སོགས་རྣམ་བཅུས་ཕན་པར་སྦྱོར། །ཡང་ད་ཉིད་ལས་གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་དེའི་མཚན་ཉིད་བཅུ་སྟེ། དགའ་བར་བྱེད་པ་དང་ བདེ་བ་བསྐྱེད་པ་དང། མི་མཐུན་པ་མེད་པ་དང། མི་ཟད་པ་དང། རྨོངས་པ་མེད་པ་དང། ལྟ་བ་བཟང་པོ་དང། གནས་མེད་པ་དང། ཐུབ་པར་དཀའ་བ་དང། ཆོས་བཟང་པོ་དང། བདེན་པ་དང་ལྡན་པའི་སྤྱོད་པ་དག་ཕ་རོལ་ཏུ་ཕྱིན་པ་བཅུ་དང་རིམ་པ་བཞིན་ནོ། ༈ །དེ་དག་མི་ཟད་པར་ བྱེད་པའི་ངོ་བོ་ཉིད་ནི། དེ་དག་མི་ཟད་བྱེད་པའི་གཏེར་བཅུ་སྟེ། །དད་དང་ཚུལ་ཁྲིམས་ངོ་ཚ་ཁྲེལ་ཡོད་དང། །ཐོས་དང་གཏོང་དང་ཡེ་ཤེས་དེ་བཞིན་དུ། །དྲན་དང་རྟོགས་དང་བློ་གྲོས་གཏེར་ཆེན་ནོ། །ཡང་བྱང་ཆུབ་སེམས་དཔའི་གཏེར་བཅུ་སྟེ་དད་པ་ལ་སོགས་པའོ། །དད་པ་ནི་ ཆོས་ཐམས་ཅད་སྟོང་པ་ལ་སོགས་པར་ཡིད་ཆེས་པ་སྟེ། དེས་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དང། སངས་རྒྱས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ལ་སོགས་པས་མི་ཞུམ་པའོ། །ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སེམས་པས་ཐོག་ མར་ཕུན་སུམ་ཚོགས་པ་དང། དུས་གསུམ་མཉམ་པ་ཉིད་ཀྱི་གོ་ཆས་མུ་སྟེགས་ཅན་ཐམས་ཅད་དང་མི་མཚུངས་པས་བྱིན་གྱིས་མ་བརླབས་པ་དང། ཁམས་གསུམ་ལ་བདག་དང་བདག་གིར་མི་ལྟ་བས་མི་གནས་པ་དང། མཚམས་མེད་པ་བྱེད་པ་ལ་སོགས་པས་མི་ [228B] ལེགས་པར་བརྟགས་ཏེ་དམ་འཆའ་བས་འགལ་བ་མེད་པ་དང། གཞན་ལ་འཚེ་བའི་སྔགས་ལ་སོགས་པ་མི་བསྒྲུབ་ཀྱི། སེམས་ཅན་ཐམས་ཅད་སྐྱོབ་པས་གཞན་ལ་མི་གནོད་པ་དང། རྟག་ཆད་དུ་མི་ལྟ་ཞིང་རྟེན་ འབྲེལ་ལ་བརྟེན་པས་མ་འདྲེས་པ་དང། འབྱུང་བའི་ལམ་འཚོལ་གྱི། གཞན་གྱི་ངོར་མི་ལྟ་བས་ཉོན་མོངས་པ་མེད་པ་དང། བདག་བསྟོད་པ་དང་གཞན་སྨོད་པ་མེད་པས་སྐྱོན་མེད་པ་དང། མི་དགེ་བ་བཅུ་སྤངས་པས་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་སོ། །ངོ་ཚ་ཤེས་པ་ནི་ དུས་གསུམ་དུའང་ཕ་མ་ལ་སོགས་པ་སུ་དང་འགྲོགས་ཀྱང། ཉོན་མོངས་པས་ཕན་ཚུན་འཚེ་བ་དང་གནོད་པ་ལ་སོགས་པ་བྱེད་པ་ལ་འཛེམ་པ་སྟེ། སངས་རྒྱས་ལ་སོགས་པས་མཁྱེན་ནོ་སྙམ་པས་སོ། །ཁྲེལ་ཡོད་པ་ནི་མཐའ་མེད་པར་གཟུགས་ལ་སོགས་པ་འཚོལ་བས་ འཛེམ་པའོ། །ཐོས་པ་ནི་འདི་ཡོད་པས་འདི་འབྱུང་ཞེས་བྱ་བ་ལ་སོགས་པ་དང། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་འདུས་བྱས་དང་འདུས་མ་བྱས་ལ་སོགས་པ་ཤེས་པར་བྱེད་པ་ཐོས་པའི་མཛོད་བཟུང་བའོ། །གཏོང་བ་ནི་གང་བསགས་པ་རྣམས་ཤས་ཀྱི་རང་ཡང་ སྤྱོད་པར་བྱེད་ཅིང་གཞན་ལ་བགོ་གཤའ་བྱེད་པ་སྟེ། རང་སྤྱོད་པའང་སྲིན་བུ་རྣམས་གསོ་བ་ཙམ་དུ་ཟད་པས་ཕྱི་ནང་གི་དངོས་པོ་རྣམས་ཡོངས་སུ་གཏོང་བའོ། །ཡེ་ཤེས་ནི་གཟུགས་ལ་སོགས་པ་བདེན་པ་བཞིར་རྣམ་པར་གཞག་པས་ཤེས་པ་དང། ཉན་ཐོས་དང་རང་སངས་རྒྱས་ལ་ སོགས་པའི་གང་ཟག་ཤེས་པ་དང། དེ་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་དུ་ཤེས་ནས་སྟོན་པའོ། །དྲན་པ་ནི་སྔོན་གྱི་གནས་སྐྱེ་བ་དང་བསྐལ་པ་ལ་སོགས་པ་དང། གསུང་རབ་སྡེ་བཅུ་གཉིས་ལ་སོགས་པ་དང། གཞན་གྱི་དབང་པོ་དང་ཁམས་ལ་སོགས་པ་རྗེས་སུ་དྲན་པའོ། ། རྟོགས་པ་ནི་ཚེའི་རྒྱུད་དང་སངས་རྒྱས་ཀྱི་མཚན་དང་བསྐལ་པ་ལ་སོགས་པ་གཅིག་ནས་གཅིག་ཏུ་བརྗོད་དུ་མེད་པའི་བར་ཡོངས་སུ་འཛིན་པའོ། །བློ་གྲོས་ནི་དེ་དག་གི་ལྡོག་ཆོས་ཀྱི་དབྱེ་བ་མཐའ་ཡས་པ་ཤེས་ཤིང་འཛིན་ལ་སྟོན་པའོ། ༈ །ནུས་པའི་ཁྱད་པར་ལས་སྤྱོད་པ་ཉིད་ཡོངས་སུ་ [229A]༄༅། །རྫོགས་པར་བྱེད་ནུས་པ་ནི། སེམས་ཅན་མི་གཏོང་རྒྱལ་སྲས་ཐམས་ཅད་ལ། །སྟོན་པར་ལྟ་སོགས་བཅུ་ལ་བརྩོན་བྱ་བས། །སྤྱོད་མཆོག་དེ་དང་ས་དང་ས་རྣམས་སུ། །མྱུར་དུ་ཡོངས་སུ་རྫོགས་པར་བྱེད་པའོ། །ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་མྱུར་དུ་ རྫོགས་པར་བྱེད་པའི་ཆོས་ནི་བཅུ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པའི་འདུ་ཤེས་སུ་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་སྤང་བ་དང། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མི་ཟད་པའི་ཡེ་ཤེས་ཀྱིས་ འཇུག་པ་དང། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མོས་ཤིང་དད་པ་དང། ནམ་མཁའི་མཐས་ཀླས་པའི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་རྣམ་པར་བསྒོམས་པའི་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང། སངས་རྒྱས་ཀྱི་སྟོབས་ལ་འཇུག་པས་རྫོགས་པའི་བྱང་ཆུབ་ལ་རྣམ་པར་ དཔྱད་པ་དང། སོ་སོ་ཡང་དག་པར་རིག་པ་བཞི་ལ་བརྩོན་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བས་མི་སྐྱོ་བ་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་པ་ལ་ཆགས་པ་མེད་པའོ། ༈ །སྤྱོད་པ་རྣམ་པར་དག་པར་བྱེད་པའི་ནུས་པ་ནི། དེས་ནི་ཟབ་ཆོས་ལ་འཇུག་དགེ་བའི་བཤེས་ བསྟེན་སོགས་རྣམ་པར་དག་བྱེད་རྣམ་བཅུ་འཐོབ། །ཡང་དེ་དག་ལ་གནས་པས་རྣམ་པར་དག་པར་བྱེད་པའི་ཆོས་བཅུ་འཐོབ་སྟེ། ཆོས་ཟབ་མོ་ལ་འཇུག་པ་རྣམ་པར་དག་པ་དང། དེ་བཞིན་དུ་དགེ་བའི་བཤེས་གཉེན་དང་འགྲོགས་པ་དང། སངས་རྒྱས་ཀྱི་བསྟན་པ་བཟུང་བ་དང། ནམ་ མཁའི་དབྱིངས་བསྒོམ་པ་དང། ཆོས་ཀྱི་དབྱིངས་ལ་འཇུག་པ་དང། མཐའ་དང་དབུས་མེད་པའི་སེམས་ལ་རྣམ་པར་དཔྱད་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གྲོགས་བྱ་བའི་དགེ་བའི་རྩ་བ་དང། བསྐལ་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང། དུས་གསུམ་ ཐམས་ཅད་རབ་ཏུ་བརྟག་པ་དང། སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་ནན་ཏན་བྱ་བ་རྣམ་པར་དག་པའོ་ཞེས་སོ། ༈ །སྤྱོད་པ་ཆུད་མི་ཟ་བར་བྱེད་པའི་ནུས་པ་ལས་གོ་ཆའི་ཁྱད་པར་ནི། དུས་གསུམ་སངས་རྒྱས་མ་ལུས་མིར་གྱུར་པའི། །རྩོལ་བས་ཐོབ་ན་བདག་གིས་ཅིས་མི་འཐོབ། །དེ་ [229B] །གོ་བགོས་རྒྱལ་སྲས་བསླབ་ལ་ཅི་ནུས་འབད། །དཔལ་བྱིན་གྱིས་ཞུས་པ་ལས། སངས་རྒྱས་དཔག་དུ་མེད་ཅིང་གྲངས་མེད་པ་ད་ལྟར་བཞུགས་པ་དང་འདས་པ་དང་འབྱུང་བར་འགྱུར་བ་ཐམས་ཅད་ནི་མིར་གྱུར་པ་དག་གིས་འབད་དེ་བརྩལ་བས་ ཐོབ་ན་བདག་གིས་ཅིའི་ཕྱིར་མི་འཐོབ་ཅེས་བསམས་ལ། ལས་དང་པོ་བའི་བྱང་ཆུབ་སེམས་དཔས་ཅི་ལྟར་བྱ་བ་དང་ཇི་ལྟར་བསྒྲུབ་པ་ལ་བསླབ་པར་བྱ་སྟེ་ཞེས་སོ། །རྗེ་བཙུན་གྱིས་ཀྱང་གང་ཕྱིར་སེམས་ཅན་མིར་གྱུར་པས། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར་ ཞུམ་པ་དང་དུ་བླང་མི་བྱ་ཞེས་སོ། །གཞན་ལས་ཀྱང། བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ་ཅེས་སོ། ༈ །སྦྱོར་བའི་ཁྱད་པར་ལྔ་པོ་དཀོན་མཆོག་གསུམ་ལ་མཆོད་པ་དང། སྐྱབས་སུ་འགྲོ་བ་དང་ གསོལ་བ་གདབ་པ་དང། སྦྱིན་པ་བཏང་བ་དང། ཚུལ་ཁྲིམས་བསྲུང་བ་རྣམས་ནི། བསམ་པ་ཐག་པས་ཉིན་རེར་དུས་གསུམ་དུ། །དཀོན་མཆོག་གསུམ་མཆོད་སྐྱབས་འགྲོ་གསོལ་གདབ་བྱ། །དུས་དང་དུས་སུ་སྦྱིན་གནས་རྣམས་ལ་ནི། །ཅི་ནུས་གནོད་མེད་སྦྱིན་པ་གང་འོས་བཏང། །བསླབ་ གཞི་ལྔ་སོགས་ཐ་ན་གཅིག་ཙམ་ཡང། །ཅི་ནུས་བཟུང་སྟེ་རབ་བསྒྲིམས་མི་ལྷོད་བསྲུང་ཞེས་བྱ་བ་སྟེ། ཡང་དཔལ་བྱིན་ལས། དེས་ཉིན་རེ་བཞིན་དུ་དུས་གསུམ་དུ་སྙིང་ཐག་པ་རུས་པའི་གཏིང་ནས་སེམས་ཐམས་ཅད་ཀྱིས་བསམས་ཏེ་དཀོན་མཆོག་གསུམ་ལ་མཆོད་པ་དང་རིམ་གྲོ་བྱ་ བ་མི་བཏང་ངོ། །དུས་གསུམ་དུ་གསུམ་ལ་སྐྱབས་སུ་འགྲོ་བ་མི་བཏང་ངོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱིས་མི་སྟོངས་པར་གསོལ་བ་གདབ་བོ། །ཡང་དེ་བཞིན་དུ་དཀོན་མཆོག་གསུམ་བསྐལ་པ་དུ་མར་གནས་པར་གསོལ་བ་གདབ་བོ། །བསྐལ་བ་དུ་ མར་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པར་གསོལ་བ་གདབ་བོ། །སེམས་ཅན་ཐམས་ཅད་ཅི་ནུས་ཅི་ལྕོགས་སུ་ཐེག་པ་གསུམ་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གསོལ་བ་གདབ་བོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཐམས་ཅད་མྱུར་ཞིང་རིངས་པར་རྫོགས་པ་དང་ [230A]༄༅། །སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་གསུམ་ཐོབ་པར་འགྱུར་བ་དང། སེམས་ཅན་ངན་འགྲོར་སྐྱེས་པ་ཐམས་ཅད་བཏོན་པ་དང། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྤོང་བ་དང། འཇིགས་པ་ཐམས་ཅད་དང་སྡུག་བསྔལ་དང་ཡིད་མི་བདེ་བ་ དང་འཁྲུག་པ་ཐམས་ཅད་སྤོང་བར་གསོལ་བ་གདབ་པ་མི་བཏང་ངོ། །དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་རང་རྒྱལ་དང་ཉན་ཐོས་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩི་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་མི་བཏང་ངོ། །རྫོགས་ པའི་བྱང་ཆུབ་ཏུ་སྨོན་ལམ་གདབ་པ་དང། རང་ཉིད་སྡིག་པ་སྤྱོད་པ་ལ་སྨད་པ་དང། བཤུང་བ་དང་ངེས་པར་འབྱུང་བར་བྱའོ། །དགེ་བའི་རྩ་བ་ཐམས་ཅད་འདོད་པ་དང། དགེ་བའི་རྩ་བ་ཐམས་ཅད་དང་དུ་བྲང་བ་དང། ཚེ་རབས་ཚེ་རབ་སུ་དཀོན་མཆོག་གསུམ་ལ་བཀུར་སྟི་བྱ་བར་ གསོལ་བ་གདབ་བོ། །དེ་བཞིན་དུ་གཅིག་ཏུ་ངེས་པར་རྣམ་པར་དག་པའི་དགེ་བའི་སྤྱོད་པ་དང། བྱང་ཆུབ་ཆེན་པོའི་ཚོགས་རྫོགས་པར་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། བསྐལ་པ་དུ་མར་ཆོས་བསྟན་པར་གསོལ་བ་ གདབ་པ་ཡོང་སུ་མི་བཏང་བའོ། །གཞན་ཡང་ལས་དང་པོ་བའི་བྱང་ཆུབ་སེམས་དཔས་ཕ་མ་ནས་རྒན་རབས་ཀྱི་པར་ལ་མི་གནོད་པར་དུས་དུས་སུ་ཅི་མོས་ཅི་ནུས་སུ་སྦྱི་ན་པ་བཏང་ངོ། །བསླབ་པའི་གཞི་ལྔ་ལ་གནས་པ་དང་བརྟན་པོར་འདུག་པ་དང། མི་ལྷོད་པར་གནས་པར་ བསླབ་བོ། །མི་ནུས་ན་བྮིའམ་གསུམ་མམ་གཉིས་སམ་གཅིག་ཙམ་ལ་གནས་པར་བསླབ་བོ། ༈ །དགེ་བ་དང་མི་དགེ་བ་ལ་འཇུག་པའི་བསམ་པའི་ཁྱད་པར་ནི། ༈ །མི་འདོད་བཞིན་དུ་ཞེན་པ་དྲག་མིན་པས། །དགོས་པའི་ དབང་བསམས་ཐོག་མཐའ་བར་དུ་ཡང། །རྣམ་པར་སྨད་ཅིང་བསྡམ་སེམས་ལྡན་པར་སྤྱད། །ལེགས་པའི་ལས་དང་དགེ་བ་གང་སྤྱོད་ཀྱང། མངོན་ཞེན་དྲག་ཅིང་མི་ལྷོད་བར་མ་ཆད། །རོ་མྱང་རྗེས་སུ་ཡི་རང་མངོན་དགའ་ཞིང། །དོན་ཆེན་བསྒྲུབ་ཕྱིར་རྣམ་དག་བསྔོ་བས་སྤྱད་ [230B] བདེ་བ་ཁྱད་པར་མྱོང་བ་ལ་སོགས་པའི་ཚེ་བསམ་པ་འདི་ལྟ་བུ་ནན་ཏན་གྱིས་བསྒྲུབ་པ་སྟེ། མདོ་དེ་ཉིད་ལས་བསླབ་པ་ གཅིག་ཀྱང་བསྒྲུབ་མི་ནུས་ན་ཡང་སྡིག་པ་གང་ལ་སྤྱོད་པ་དེ་ལ་ཞེན་པ་མ་ཡིན་པ་དང། དྲག་པོ་མ་ཡིན་པ་དང། མི་དགའ་བཞིན་དུ་དང། ལྷད་པ་དང་ཡང་བའི་སེམས་དང། དོན་དང་དགོས་པའི་དབང་ཙམ་གྱིས་སྤྱོད་དེ། མི་དགེ་བ་བཅུ་ག་ལ་ཁྲོ་བའམ་ཁོན་འཛིན་གྱི་དབང་དང་ དགའ་བ་དང་མཆོག་ཏུ་དགའ་བའི་དབང་གིས་མི་སྤྱོད་དོ། །སྤྱོད་པ་འདོད་པ་དང། སྤྱོད་པ་དང་སྤྱད་ནས་ཀྱང་སྨད་དོ་བཤུང་ངོ་བཤགས་སོ་ངེས་པར་འབྱུང་བར་བྱའོ། །ལེགས་པའི་ལས་སམ་དགེ་བའི་རྩ་བ་ནི་གང་ལ་སྤྱོད་ཀྱང་དེ་ལ་སེམས་ཞེན་པ་དང་དྲག་པ་དང་ཚིམ་པ་དང་མགུ་ བ་དང་མི་ལྷོད་པ་དང་པ་དང་མི་སྤང་བ་དང་པར་མ་ཆད་པ་དང་དད་པ་དང་དགའ་བ་དང་མཆོག་ཏུ་དགའ་བའི་དབང་དུ་གྱུར་པའི་སེམས་ཀྱིས་ཀུན་ཏུ་སྤྱད་པར་བྱའོ། །སྤྱོད་འདོད་པ་ན་ཡང་སྙིང་ཐག་པ་རུས་པའི་གཏིང་ནས་སེམས་ཐམས་ཅད་ཀྱིས་བསམས་ཏེ། སེམས་ཅན་ཐམས་ཅད་ བསྒྲལ་བ་དང། དགྲོལ་བ་དང་དབུགས་དབྱུང་བ་དང་ཡོངས་སུ་མྱ་ངན་ལས་བཟླ་བ་དང། ཐམས་ཅད་མཁྱེན་པ་ཐོབ་པའི་ཆེད་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་ཆེན་པོར་བསྔོ་བའོ། །དགེ་བའི་རྩ་བ་ཀུན་ཏུ་སྤྱོད་པ་འདས་པ་དང། མ་འོངས་པ་དང་ ད་ལྟར་བ་ཐམས་ཅད་ལའང་སྙིང་ཐག་པ་ནས་བསྡོམས་ཏེ་བཟླུམས་ནས་རྗེས་སུ་ཡི་རང་བར་བྱའོ། །རྗེས་སུ་ཡི་རང་བ་མཆོག་དང་ཕུལ་ནས་མྱ་ངན་ལས་འདས་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ། །རྗེས་སུ་ཡི་རང་ནས་ཀྱང་དགེ་བ་ཀུན་ཏུ་སྤྱད་པ་དེས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དང་རང་རྒྱལ་དང་ཉན་ཐོས་ཐམས་ཅད་ལ་དབུལ་ལོ། །ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་ཞིང་སེམས་ཅན་ཐམས་ཅད་བསྒྲལ་བ་ལ་སོགས་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་བ་དང། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ [231A]༄༅། །བྱ་བའི་ཕྱིར་ཉིན་རེ་བཞིན་དུ་དུས་གསུམ་དུ་བྱང་ཆུབ་ཆེན་པོར་བསྔོའོ། །ཡང་དེས་ཀ་ཤིའི་གོས་སམ་ཙན་དན་དང་ཨ་ཀ་རུའི་བདུག་པ་ལ་སོགས་པ་ཡོ་བྱད་མཆོག་སྣ་ཚོགས་མྱོང་ངམ། འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པའམ། ལམ་དུ་འྒྲོའམ་ལས་ བྱེད་པ་ལ་སོགས་པ་ཐམས་ཅད་ཀྱི་ཚེའང། རྫོགས་པའི་བྱང་ཆུབ་ཏུ་འདུན་པ་དང་དད་པ་དང་དོན་དུ་གཉེར་བ་དང་སྨོན་པ་དེ་འབའ་ཞིག་རྟག་ཏུ་རྒྱུན་མི་ཆད་པར་རྗེས་སུ་དྲན་པར་བྱའོ། །ཡིད་ལ་བྱའོ། །བསྒོམ་པར་བྱའོ། །ལན་མང་དུ་བྱའོ། ༈ །དེའི་འབྲས་བུའི་ཁྱད་པར་ནི། དེས་ ནི་སྡིག་པ་སྲབ་ལྷེད་གསོབ་ཡང་བས། །ལན་ཚྭ་ཆུར་བཅུག་ལྟ་བུར་མྱུར་འཇིག་འགྱུར། །དགེ་ལེགས་ཆུང་ངུའང་དོན་ཆུང་ཉིད་མེད་དེ། །བསྒྲུབ་པ་ཡོངས་རྫོགས་བརྟན་སྲ་རྡོ་རྗེ་འདྲ། །གནས་སྐབས་ཀུན་ཏུ་བདག་གཞན་དབུགས་འབྱིན་པས། །འགྲོ་ཀུན་འདྲེན་པའི་དད་དཔོན་མྱུར་ དུ་འཐོབ། །ཡང་དེ་ཉིད་ལས་དེ་ལྟར་བྱས་པས་ནི་སྡིག་པ་སྤྱོད་ན་ཡང་སེམས་ལྷོད་པ་དང་ཡང་བ་དང་ཆུང་བ་དང། སྲབ་པ་དང་གསོབ་ཏུ་འགྱུར་རོ། །དགེ་བ་སྤྱོད་ན་ནི་སེམས་ཞེན་པ་དང་དྲག་པ་དང་མི་ལྷོད་པ་དང་མི་ཆུང་བར་འགྱུར་རོ། །དེས་ན་སྲིད་པའི་འགྲོ་བ་གང་དུ་དོན་མི་ཆུང་ བར་འགྱུར་རོ། །འཁུ་བ་དང་གསོད་པ་དང་འཆིང་བ་དང་འཚེ་བ་དང་སྤངས་པ་དང། འཇིག་རྟེན་གྱི་ཁམས་མུ་མེད་པར་གཏོགས་པའི་སེམས་ཅན་མུ་མེད་པ་རྣམས་ཀྱི་ཐོག་མ་མེད་པ་ནས་བསགས་པ། དུས་མཐའ་ཡས་པར་མྱོང་བར་འགྱུར་བའི་སྐྱེ་བ་དང་རྒབ་ལ་སོགས་པ་ སྡུག་བསྔལ་བརྒྱད་དང། འགྲོ་བ་དྲུག་སོ་སོའི་སྡུག་བསྔལ་དང། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་སྡུག་བསྔལ་གཅོད་བར་བྱ་བ་དང་དགག་པར་བྱ་བ་དང་ཞི་བར་བྱ་བའི་ཕྱིར་ཞུགས་པ་དང། བྱམས་པའི་སེམས་དང་བརྩེ་བའི་སེམས་སུ་གྱུར་པ་དང། གོ་ཆ་ཆེན་པོ་ བགོས་པ་དང། ཐེག་པ་ཆེན་པོ་ལ་ཞུགས་པ་དང། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པ་དང། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་གདུང་རྒྱུན་མི་ཆད་པར་བྱེད་པའི་ཕྱིར། སྡིག་པ་ཀུན་ཏུ་སྤྱོད་པ་རྣམས་འགྲིབ་པ་དང་ཆུང་བ་དང་བསྲབས་པར་འགྱུར། དགེ་བ་ [231B] །དེའི་བྱང་ཆུབ་སེམས་དཔའི་བསམ་པ་གསོགས་ཤིང་བསྒོམ་པ་ཡང་ཡོངས་སུ་རྫོགས་པ་དང་སྲ་བ་དང་བརྟན་པ་དང་རྡོ་རྗེ་ལྟ་བུར་འགྱུར་རོ། །དེ་ལྟར་ལས་དང་པོ་པ་གོ་རིམ་འདིས་མཐར་གྱིས་སྲིད་པ་འདི་དང་ཕྱི་མ་དང་ སྲིད་པ་གཞན་ལ་སྡིག་པ་འགྲིབ་པ་ལ་སོགས་པ་དང། དགེ་བ་འཕེལ་བ་ལ་སོགས་པ་དང། བྱང་ཆུབ་སེམས་དཔའི་བསམ་པ་གསོགས་ཤིང་བསྒོམ་སྟེ་ལེགས་པར་སྤྱད་པ་རྣམས་སྨིན་པས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སོ། །འབྲས་བུ་སངས་རྒྱས་ ཉིད་ཐོབ་པར་བྱེད་པའི་ནུས་པའི་ཁྱད་པར་ནི། ༈ །ཁྱད་པར་གྲངས་མེད་བཅུ་དང་རྒྱལ་རྣམས་ཀྱི། །ཆོས་ཆེན་ཆར་དང་ཡེ་ཤེས་ཆེན་པོ་ཡི། །རླུང་བཞིའི་སྟོབས་ལས་སངས་རྒྱས་མྱུར་འཐོབ་འགྱུར། །ཕལ་ཆེན་ལས། སངས་རྒྱས་འབྱུང་ བ་ནི། ཆོས་རྣམ་པ་ཐ་དད་པ་འགྲངས་མེད་པ་བཅུ་ལས་ཏེ། སྔོན་འགྲོ་བ་ཐམས་ཅད་བསྐྱབ་པའི་བྱང་ཆུབ་ཀྱི་སེམས་བསྒྲུབས་པ་དང། སྔོན་བསམ་པ་དང་ལྷག་པའི་བསམ་པ་སྦྱངས་པ་དང། བྱམས་པ་དང་སྙིང་རྗེ་ཚད་མེད་པས་སེམས་ཅན་བསྐྱབ་པ་དང། སྤྱོད་པ་དང་སྨོན་ལམ་ཚད་ མེད་པ་དང། བསོད་ནམས་དང་ཡེ་ཤེས་ཀྱིས་མི་ངོམས་པ་དང། སངས་རྒྱས་མཆོད་པ་དང་སེམས་ཅན་སྨིན་པར་བྱེད་པ་ཚད་མེད་པ་དང། ཐབས་དང་ཤེས་རབ་རྣམ་པར་དག་པ་དང། ཡོན་ཏན་རྣམ་པར་དག་པ་དང། ལམ་གྱི་ཡན་ལག་རྣམ་པར་འགོད་པའི་ཡེ་ཤེས་དང། དོན་ དང་ལྡན་པའི་ཆོས་ཚད་མེད་པ་ཁོང་དུ་ཆུད་པས་མཐར་ཕྱིན་པར་བྱ་བ་ཡང་དག་པར་བསྒྲུབས་པའོ། །དཔེར་ན་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྒྱུ་རྐྱེན་རེ་རེས་མི་འབྱུང་གིས་ཚད་མེད་པས་འགྲུབ་སྟེ། སྤྲིན་ཆེན་པོའི་ཆར་དུས་སུ་འབབ་པ་དང་རླུང་བྮིའང་རྒྱུན་མཆོད་བ་ ལས་སོ། །འདི་ལྟར་ཡོངས་སུ་འཛིན་པའི་རླུང་གིས་བཟུང་ཞིང། ཡོངས་སུ་སྐེམ་པའི་རླུང་གིས་ཆུའི་ཕུང་པོ་སྐམ་མོ། །ཡོངས་སུ་གཞོག་པའི་རླུང་གིས་ནི་གཞལ་མེད་ཐམས་ཅད་རྣམ་པར་འགོད་དོ། །རྣམ་པར་འགོད་པའི་རླུང་གིས་ནི་སེམས་ཅན་རྣམས་ཀྱི་ལས་དང། བྱང་ཆུབ་སེམས་ [232A]༄༅། །དཔའ་རྣམས་ཀྱི་དགེ་བའི་རྩ་བ་རྣམ་པར་འབྱེད་པས་སོ། །དེ་བཞིན་དུ་སངས་རྒྱས་ཀྱང་རྒྱུ་ཚད་མེད་པ་ལས་འགྲུབ་པ་སྟེ། སྔོན་སངས་རྒྱས་ཀྱི་དྲུང་དུ་ཆོས་ཀྱི་ཆར་ཆེན་པོ་བབ་པ་དང། ཡེ་ཤེས་ཀྱི་རླུང་ཆེན་པོ་བཞི་རྒྱུན་མི་ཆད་པས་ཀྱང་སྟེ། དྲན་པས་ འཛིན་ཅིང་ཆུད་མི་ཟ་བའི་ཡེ་ཤེས་ཀྱིས་ནི་ཆོས་ཀྱི་ཆར་ཆེན་པོ་འཛིན་ཏོ། །ཞི་གནས་དང་ལྷག་མཐོང་གིས་བསྒྲུབ་པས་ནི་ཉོན་མོངས་པ་སེམས་སོ། །བསྔོ་བ་ལ་མཁས་པས་ནི་དགེ་བའི་རྩ་བ་ཐམས་ཅད་བསྔོའོ། །སྤྲུལ་བའི་རྒྱན་རྣམ་པར་འབྱེད་ཅིང་འགོད་པའི་ཡེ་ཤེས་ཀྱིས་ནི་ སེམས་ཅན་སྔོན་སྨིན་པར་བྱས་པའི་དགེ་བའི་རྩ་བ་རྣམ་པར་དག་པ་དང། སངས་རྒྱས་ཀྱི་དགེ་བའི་རྩ་བའི་སྟོབས་བསྐྱེད་བས་སོ། །དེ་དག་ལ་སོགས་པ་རྒྱུ་རྐྱེན་ཚད་མེད་པ་ལས་བྱུང་སྟེ་དོན་དམ་པར་སྐྱེ་བའང་མེད་དོ་ཞེས་སོ། ༈ །ཕྱོགས་གཉིས་སོ་སོའི་བསླབ་པ་བཤད་པ་ལས་ཁྱིམ་ པའི་དབང་དུ་བྱས་ནས་ཁྱིམ་ན་གནས་པའི་བསླབ་པའི་གཞི་ལ་བསླབ་པ་ནི། རྒྱལ་སྲས་ཁྱིམ་པས་གསུམ་ལ་སྐྱབས་འགྲོ་ཞིང། །དགེ་རྩ་བསགས་རྣམས་ཀུན་མཁྱེན་རྒྱ་མཚོར་བསྔོ། །སྙིང་པོ་མེད་པའི་ལུས་སྲོག་ལོངས་སྤྱོད་ལས། །བསོད་ནམས་ཅི་ནུས་བསགས་པས་སྙིང་པོ་བླང།། བསླབ་གཞི་ལྔ་བཟུང་ཕྲ་བའང་རྗེས་བསྒྲུབ་པས། །མི་དགེ་བཅུ་པོ་ཅི་ནུས་སྤང་བྱ་ཞིང། །སངས་རྒྱས་ཉིད་ལས་ལྷ་གཞན་མི་བསྟེན་པས། །རྒྱུན་ཏུ་ཁྱིམ་གྱི་ཉེས་མང་སོ་སོར་བརྟག་དེར་གནས་སྦྱིན་བྱུང་དགེ་ཚོགས་གཙོ་ཆེར་བསྒྲུབ། །བྱིན་དང་བཞག་པའི་ལེགས་ཉེས་མང་བསམ་ ཞིང། །སློང་ལ་དགེ་བའི་བཤེས་སོགས་འདུ་ཤེས་པས། །ཕ་རོལ་ཕྱིན་པ་ཀུན་རྫོགས་བྱ་བར་བསླབ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །དེའི་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་བར་བྱའོ། །སྙིང་ པོ་མེད་པའི་ལུས་ལ་སྙིང་པོ་བླང་སྟེ་གཞན་གྱི་ཅི་བྱའོ་ཅོག་བྱ་བར་སྤྲོ་བ་དང། བླ་མ་ལ་གུས་པར་སྨྲ་བ་དང། ཕྱག་འཚལ་བ་དང་ལྡང་བ་དང་ཐལ་མོ་སྦྱོར་བ་དང་འདུད་པ་ལ་སོགས་པའི་ལས་བྱེད་པས་སོ། །སྙིང་པོ་མེད་པའི་སྲོག་ལ་སྙིང་པོ་བླང་སྟེ་གང་སྔར་ཐོབ་པའི་དགེ་བ་རྣམས་ཡོངས་ [232B] །ལོངས་སྤྱོད་སྙིང་པོ་མེད་པས་སྙིང་པོ་བླང་སྟེ། སེར་སྣའི་སེམས་ཚར་གཅོད་ཅིང་གཏོང་བའི་སེམས་ཆེན་པོ་སྤེལ་ལ་སྦྱིན་པ་ཡང་དག་པར་འགེད་པས་སོ། །དེས་བསླབ་པའི་གཞི་ལྔ་བཟུང་ཞིང་ཕྲ་བའང་རྗེས་སུ་བསྒྲུབ་ལ་ དེའང་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །གོང་དུ་ཡང་ཕྲ་མ་ལ་སོགས་པ་མི་དགེ་བ་བཅུ་ཅར་སྤང་ངོ། །སངས་རྒྱས་ལ་བསམ་པ་རྗེས་སུ་སོང་བས་ལྷར་བཟུང་ཞིང་ལྷ་གཞན་མི་འཛིན་པར་བྱའོ། །དེས་ཁྱིམ་ན་གནས་པའི་ཉེས་པ་ལ་མཁས་ཤིང་སོ་སོར་བརྟག་པར་བྱ་སྟེ། ཁྱིམ་ ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་འཇོམས་པ། འབྱུང་བ་སུན་འབྱིན་པ། དགེ་བའི་སྡོང་པོ་བསྒྱེལ་བར་བྱེད་པ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱི་གནས། མི་དགེ་བ་ལ་རྟོག་པའི་གནས། བྱིས་པ་མ་དུལ་བ་སྡིག་པ་སྤྱོད་པ་རྣམས་ཀྱི་གནས། སྐྱེ་བོ་ངན་པ་འདུས་པའི་ཕྱིར་ཁྱིམ་ཞེས་ བྱའོ། །སྡུག་བསྔལ་ཐམས་ཅད་ཀྱི་གནས། སྔར་གོམས་པའི་དགེ་བའང་ཉམས་པར་བྱེད་པ། དེར་གནས་ནས་བྱ་བར་མི་རིགས་པ་རྣམས་བྱེད་པ། ཕ་མ་དང་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་ལ་མི་གུས་པར་འགྱུར་བའོ། །གསོད་པ་དང་བཅིང་བ་དང་བརྡེག་པ་དང་བསྡིགས་པ་ དང། གཙེ་བ་དང། གཤེ་བ་ལ་སོགས་པའི་ཚིག་གི་ལམ་རྣམས་འདུ་བའོ། །དེར་གནས་ན་བུ་སྨད་དང་བྲན་ལ་སོགས་པ་འཛིན་པ་ལ་སྲེད་པའོ། །ཕན་ཚུན་དུ་འཐབ་པའོ། །ལས་ཀྱི་མཐའ་ཐུག་པ་མེད་པས་རྟག་ཏུ་བཀོལ་བའོ། །རོ་བྲོ་བ་ཆུང་བས་སྤུ་གྲིའི་སོའི་སྦྲང་རྩི་ལྟ་བུའོ། །དེར་ གནས་པས་ནི་སྦྱིན་པ་ལ་སོགས་པ་ལ་འབད་པར་བྱ་སྟེ། བྱིན་པ་དང་བཞག་པའི་ལེགས་ཉེས་མང་དུ་བསམས་ནས་སོ། །སློང་བ་ལའང་དགེ་བའི་བཤེས་གཉེན་དང་ཕྱི་མའི་ལོངས་སྤྱོད་ཀྱི་གཞི་དང་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའི་འདུ་ཤེས་གསུམ་ལ་སོགས་པ་བསྐྱེད་ པར་བྱ་བའོ། །དེ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་རྫོགས་པར་ཡང་བསམ་མོ། ༈ །རབ་ཏུ་བྱུང་བ་དམན་པ་ལའང་གུས་པར་བྱའི། བརྙས་པ་སྤང་བ་ནི། དགེ་སྦྱོང་དམན་ལའང་བརྙས་སྤངས་གུས་བྱ་སྟེ། །ཉོན་མོངས་གློ་བུར་སྦྱང་བའི་སྐབས་ཡོད་ཅིང། །ཐུབ་པ་རབ་ཞིའི་ངུར་ [233A]༄༅། །སྨྲིག་འཛིན་པས་ཀྱང། །དེ་ཡི་དྲོད་བཟུང་སྨའི་པས་ །མདོ་དེ་ཉིད་ལས་གལ་ཏེ་དགེ་སྦྱོང་ཚུལ་ལས་མཉམ་པ་དག་མཐོང་ན་ཡང་དྲང་སྲོང་གི་རྒྱལ་མཚན་ལས་གུས་པར་བྱ་ཞིང་སྙིང་རྗེ་བསྐྱེད་དེ་མི་གུས་པ་མི་བྱའོ། །འདི་ནི་ད་ལྟར་ཉོན་མོངས་ པས་རང་དབང་མེད་པར་ཟད་ཀྱིས། སྟོན་པའི་བསྟན་པ་ནི་ངེས་པར་ ཉོན་མོངས་པ་ནི་ཡེ་ཤེས་ཀྱིས་བསལ་བར་བྱ་བ་ཡིན་པས། གང་ ཟག་གིས་གང་ཟག་གི་ཚོད་བཟུང་ན་ཉམས་པར་འགྱུར་བར་གསུངས་པའི་ཕྱིར། སྟོན་པ་ཉིད་ཀྱིས་མཁྱེན་གྱི་བདག་གིས་ནི་མི་ཤེས་སོ་སྙམ་པས་དེ་ལ་ངན་སེམས་མི་སྐྱེད་དོ། །དས་ན་འདི་མ་བྱང་བ་མ་སྦས་པ་མ་དུལ་བ་ཡིན་ཡང། དྲང་སྲོང་གི་རྒྱལ་མཚན་འདི་ནི་ཐུབ་པ་རྙོག་པ་མེད་ པ་ཞི་བ་དུལ་བ་དེའི་ཚུལ་ཁྲིམས་ལ་སོགས་པས་བསྒོས་པའི་ངུར་སྨྲིག་ཡིན་ནོ་ཞེས་བསམ་མོ། ༈ །རྟག་ཏུ་རབ་ཏུ་འབྱུང་བའི་བསམ་པ་སྦྱང་བ་ནི། གཙུག་ལག་ཁང་འཇུག་གུས་པས་ཕྱག་བྱ་ཞིང། །འདི་ནི་དམ་ཆོས་མཆོག་རབ་བསྒྲུབ་གནས་ཏེ། །བདག་ཀྱང་ནམ་ཞིག་རྡུལ་གནས་ ཁྱིམ་སྤངས་ནས། །གསོ་སྦྱོང་ལ་སོགས་བསྒྲུབ་པས་འདིར་གནས་ཞེས། །རབ་ཏུ་འབྱུང་བར་འདོད་པའི་སེམས་སྦྱང་བྱ། །ཁྱིམ་དུ་ཡུན་རིང་གངྒའའི་བྱེ་སྙེད་ཀྱི། །མཆོད་སྦྱིན་བྱས་པས་རབ་དུ་ལ་ཞི་ལྡན་པའི། །རབ་འབྱུང་སེམས་ཀྱི་ཆར་མི་ཕོད་ལ་སོགས། །ཁྱིམ་དང་མངོན་ འབྱུང་ལེགས་ཉེས་རྣམ་མང་བསྒོམ། །མདོ་དེ་ཉིད་ལས། དེས་གཙུག་ལག་ཁང་དུ་འཇུག་པ་ན་གུས་ཤིང་དད་པས་སྒོ་དྲུང་ནས་ཡན་ལག་ལྔས་ཕྱག་བྱས་ལ་འཇུག་པར་བྱ་སྟེ། འདི་ནི་སྟོང་པ་ཉིད་ལ་སོགས་པ་དང་བྱམས་པ་ལ་སོགས་པ་དང་བསམ་གཏན་པའི་གནས་ ཏེ༑ བདག་ཀྱང་རྡུལ་གྱི་གནས་ཁྱིམ་ནས་འབྱུང་ཞིང་ནམ་ཞིག་འདི་ལྟ་བུར་གནས་ནས་དགེ་འདུན་གྱི་གསོ་སྦྱོང་ལ་སོགས་པའི་ལས་ལ་གནས་པར་འགྱུར་ཞིག་གུ་སྙམ་པས་རབ་ཏུ་འབྱུང་བའི་སེམས་ལ་དགའ་བར་བྱ་སྟེ། ཁྱིམ་ན་གནས་པ་དང་རབ་ཏུ་འབྱུང་བའི་ [233B] །ཁྱིམ་དུ་ཉི་མ་མང་པོར་གངྒཱའི་བྱེ་མ་སྙེད་ཀྱི་མཆོད་སྦྱིན་བྱ་སྟེ་བདོག་པ་ཐམས་ཅད་བཏང་བས་ནི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བའི་སེམས་སྐྱེད་པའི་ཆར་མི་ཕོད་དོ་ཞེས་བསམ་པར་བྱའོ། །སྦྱིན་པ་ནི་ཆོམ་རྐུན་ལ་སོགས་པའང་ གཏོང་བས་དེ་ཙམ་གྱིས་མི་ཆོག་པར་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་སྙིང་པོའང་བླང་བར་བྱའོ། །གཙུག་ལག་ཁང་དུ་ཞུགས་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་སོགས་པ་ལ་ཕྱག་བྱས་ཏེ་འདུ་ཤེས་འདི་གསུམ་བསྐྱེད་དོ། །བདག་ཀྱང་འདི་འདྲ་བའི་མཆོད་ འོས་སུ་འགྱུར་བར་བྱ། སེམས་ཅན་རྣམས་ལ་བརྩེ་བས་བདག་གི་ལུས་འབྱིན་ མྱུར་དུ་མངོན་པར་སངས་རྒྱས་ནས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ་མྱ་ངན་འདའ་བར་བྱ་བ་དེ་ལྟར་བསླབ་ཅེས་སོ། །གྲོང་དང་གཙུག་ལག་ཁང་ཕན་ཚུན་དུ་གསང་བསྙད་པར་མི་ བྱའོ་ཞེས་སོ། ༈ །རབ་ཏུ་བྱུང་བའི་བསླབ་པ་ལས་འཕགས་པའི་རིགས་ལ་བསླབ་པ་ནི། རབ་ཏུ་བྱུང་འདས་བྱང་ཆུབ་ཕྱོགས་ཀུན་གྱི། །རྟེན་གྱུར་འཕགས་པའི་རིགས་བཞི་ལ་གནས་བྱ། །མདོ་སྡེ་དེ་ཉིད་ལས་རབ་ཏུ་བྱུང་ནས་ནི། འཕགས་པའི་རིགས་བཞི་ལ་གནས་པར་བྱ་སྟེ། བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་ཐམས་ཅད་འདི་དག་ལ་གནས་པའི་ཕྱིར་རོ། ༈ །འགྲོ་བ་ འདྲེ་ཞིང་འགྲོགས་སྤང་དམ་མཆོས་མཉན་སོགས་ཕྱིར། །འགྲོགས་པ་རྣམ་བཞི་ཐུབ་པས་གནང་བ་བསྟེན། །ཡང་དེ་ཉིད་ལས་རབ་ཏུ་བྱུང་བས་འགྲོགས་པ་མེད་ཅིང་འདྲེ་བ་མེད་ པར་བྱ་སྟེ། ཆོས་མཉན་པའི་ཕྱིར་དང། སེམས་ཅན་སྨིན་པའི་ཕྱིར་དང། །སངས་རྒྱས་མཆོད་པའི་ཕྱིར་དང། ཐམས་ཅད་མཁྱེན་པའི་སེམས་འདྲེས་པ་མེད་པ་དང་འགྲོགས་པ་བཞི་ནི་སངས་རྒྱས་ཀྱིས་གནང་བའོ། །གཞན་ཡང་ཞལ་ཏ་ པའོ། །ལག་གི་བླའི་ལས་ནི་དངོས་པོ་གཏོང་ལེན་བྱེད་པའོ། །དཔོན་སྣ་བྱེད་པའི་ལས་ནི་ཡིད་མི་སྐྱོ་བ་ཡིན་པས་ན་དེ་ལ་སོགས་པ་ཅི་རིགས་པ་དང་དུ་བླང་ངོ་ཞེས་སོ། ༈ །བྱང་ཆུབ་སེམས་དཔའི་བྱ་བ་ཉི་ཤུ་ལ་བསླབ་པ་ནི། གཞན་ཡང་རྒྱལ་སྲས་རྣམས་ཀྱིས་བསྒྲུབ་པའི་ལས། །སེར་ [234A]༄༅། །སྣ་ཚར་གཅོད་གཏོང་བ་སྤེལ་ལ་སོགས། །རྣམ་པ་ཉི་ཤུ་རྫོགས་བྱ་གཞན་དུ་ན། །བྱང་ཆུབ་སྙིང་པོར་བགྲོད་པའི་གནས་མེད་དོ། །བྱམས་པ་སེང་གེའི་སྒྲ་ཆེན་པོ་ལས། རབ་ཏུ་བྱུང་ནས་བྱང་ཆུབ་སེམས་དཔའི་ལས་ཉི་ཤུ་བྱ་སྟེ། དེ་དག་མ་རྫོགས་ པར་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་མི་ནུས་སོ། །ཉི་ཤུ་གང་ཞེ་ན། སེར་སྣ་ཚར་གཅོད་པ་དང། གཏོང་བ་སྤེལ་བ་དང། འཆལ་བའི་ཚུལ་ཁྲིམས་སྤང་བ་དང། ཚུལ་ཁྲིམས་ཡོངས་སུ་རྫོགས་པར་བྱ་བ་དང། གནོད་སེམས་སྤང་བ་དང། བཟོད་པའི་སྟོབས་ལ་གནས་པར་ བྱ་བ་དང། ལེ་ལོ་རྣམ་པར་མནན་པ་དང། བརྩོན་འགྲུས་ཆེན་པོ་བརྩམ་པ་དང། བརྗོད་ངས་པ་སྤང་བ་དང། དྲན་པ་དང་ཤེས་བཞིན་གྱིས་བསམ་གཏན་བྱ་བ་དང། ཟབ་མོ་ལ་བཟོད་པ་བསྒོམ་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་བ་དང། རྣམ་པར་ རྟོག་པ་སྤང་བ་དང། མཚན་མ་མེད་པ་ལ་གནས་པ་དང། སྨོན་པ་དང་བྲལ་བར་བྱ་བ་དང། སྨོན་པ་མེད་པར་རྫོགས་པར་བྱ་བ་དང། སེམས་ཅན་ཡོངས་སུ་མི་བཏང་བ་དང། སྙིང་རྗེ་ཆེན་པོས་གནས་པ་དང། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་ལ་དགའ་བ་སྤང་བ་དང་ སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་ཤིང་ནེམ་ །ཞེས་སོ། ༈ །བསྒྲུབ་པའི་བསླབ་པ་སོ་སོར་རྣམ་པར་དབྱེ་བ་ལས། སྤྱོད་པ་རྣམས་ཀྱི་ཐུན་མོང་གི་ངོ་བོ་ཐབས་དང་ལྡན་པའི་ལས་ནི། གཞི་གསུམ་དག་པས་སྦྱིན་སོཌ་རབ་བསྒྲུབ་ཅིང། །ཆུད་མི་ ཟ་དང་ཕུལ་བྱུང་ཉིད་དུ་བྱེད། །ཕན་འདོགས་འཛིན་དང་འཇུག་བྱེད་མཐུན་པར་སྒྲུབ། །བསྡུ་དངོས་ལན་གསུམ་ཐབས་ཀྱིས་ཟིན་པའོ། །ཕྱེད་དང་པོ་ནི་མདོ་སྡེའི་རྒྱན་ལས་འབྱུང་བ་སྟེ། དགེ་བ་རྣམས་བསྒྲུབ་པའི་ཐབས་ནི་ཇི་ལྟར་ས་ཆེན་པོ་འདི་ཉེ་བར་སྤྱད་བྱ་ནགས་ ཚལ་ལ་སོགས་པ་དང། སྤྱོད་པ་པོ་སེམས་ཅན་རྣམས་དང། བརྟན་པ་རི་བོ་ལ་སོགས་པ་དང། མི་བརྟན་པ་ཆུ་བོ་ལ་སོགས་པ་བཞིའི་རྟེན་ཡིན་པ་ལྟར། རྒྱལ་སྲས་རྣམས་ཀྱི་ལུས་ལ་སོགས་པའི་ལས་གསུམ་རྣམ་པར་དག་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ [234B] །དགེ་བ་ཆུད་མི་ཟ་བའི་ཐབས་ནི་ལས་གསུམ་རྣམ་པར་དག་པ་དེས་དཀའ་སྤྱད་རྨད་དུ་བྱུང་བ་དུས་རིང་པོར་བསྒྲུབ་པར་བྱ་བས་ཀྱང་ཡིད་མི་འབྱུང་བས་ཐེག་པ་ཆེན་པོའི་སྐྱོ་བ་སྤོང་བ་དང། ཐེག་པ་དམན་པའི་ལམ་ལ་འབྲས་བུ་དམན་ པར་བསྒྱུར་བས་དུག་དང། དགེ་བའི་རྩ་བ་གཅོད་པས་མཚོན་དང། དགེ་བའི་ལོ་ཏོག་འཇོམས་པས་གནམ་ལྕགས་དང། སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་འཐོབ་པའི་གེགས་བྱེད་པས་དགྲར་ལྟ་བ་ལས་ཐེག་པ་དམན་པ་དེ་སྤོང་བའོ། །དགེ་བ་ཕུལ་དུ་བྱུང་བའི་ཐབས་ ནི་དཀར་པོའི་ཕྱོགས་ཀྱི་ལས་ཐམས་ཅད་ལ་བྱེད་པ་པོ་དང་ལས་དང་བྱ་བར་མི་རྟོག་པས་རྣམ་པར་དག་པར་འགྱུར་བའི་ཐབས་དམ་པས་ཁྱད་པར་དུ་འཕགས་པར་བསྒྲུབ་པའོ། །ཕྱེད་ཕྱི་མ་ནི་བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་སྟེ། བསྡུ་བའི་དངོས་པོ་བཞིས་ཟང་ཟིང་གིས་ ཕན་བཏགས་ནས་ཚིག་ཉན་པར་བྱེད་པ་དང། སྙན་པར་སྨྲ་བས་རྨོངས་པ་བསལ་ནས་རིགས་པས་སྟོན་ཅིང་འཛིན་དུ་འཇུག་པ་དང། བསྟན་ནས་ཀྱང་དོན་སྤྱོད་པས་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་འཛིན་ཅིང་འདུལ་བ་དང། འཇོག་པ་དང་འགོད་པ་དང། བཀོད་ ནས་དེ་དག་དང་མཐུན་པའི་ཚུལ་ཀུན་ཏུ་སྤྱད་པས་མཐུན་པར་བསྒྲུབ་པའོ། །ཐབས་དེ་བཞི་སོ་སོའམ་བསྡུས་པས་ཟིན་པ་ནི་གདུལ་བྱ་སྡུད་པ་དང་འདུལ་བ་དང་སྨིན་པར་བྱ་བ་ལ་ཐབས་ཀྱིས་ཟིན་པ་ཞེས་བྱའོ་ཞེས་སོ། །ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའི་དབང་དུ་བྱས་ནས་སངས་རྒྱས་ཀྱི་ཆོས་ རྫོགས་པར་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སོ་སོར་རྣམ་པར་གཞག་པ་དང་པོར་སྟོན་ཏོ། །འདི་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ་ལ། ༈ །སྦྱིན་པའི་ཡོངས་སུ་དག་པའི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི། །བཅུ་ཚན་བཞི་ཡིས་རྣམ་ཀུན་ཡོངས་དག་ འགྱུར། །མདོ་དེ་ལས་བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་རྣམ་པ་བཅུས་ཡོངས་སུ་དག་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཚོལ་ཞིང་སྦྱིན་པ་མེད་དོ། །དེ་བཞིན་དུ་སེམས་ཅན་ལ་གནོད་པའི་དང། འཇིགས་ཤིང་སྐྲག་པའི་དང། ཡོངས་སུ་མ་བཏང་བ་ལ་ [235A]༄༅། །མགྲོན་དུ་གཉེར་བ་དང། གདོང་དུ་བལྟ་བས་དང། མཛའ་བོ་དང། སྡང་བ་དང། ཞིང་ཚོལ་བ་དང། སེམས་ཅན་ལ་སྦྱིན་གནས་མ་ཡིན་ཞེས་བརྙས་པའི་སྦྱིན་པ་མེད་པས་སོ། །ཡང་བཅུས་ཏེ་ལས་ཀྱི་རྣམ་སྨིན་ལ་འདོད་པ་དང། བསམ་པ་ལོག་པ་དང་ ཡོངས་སུ་སྐྱོ་བ་དང། ཉེ་བར་བསྟན་ནས་དང། རྗེས་སུ་མི་དགའ་བ་དང། འགྱོད་པ་དང། ཚུལ་ཁྲིམས་ཅན་ལ་བཀུར་བ་དང། ཚུལ་ཁྲིམས་འཆལ་བ་ལ་བརྙས་པ་དང། རྣམ་སྨིན་ལ་རེ་བའི་སྦྱིན་པ་མེད་པས་སོ། །ཡང་བཅུས་ཏེ་སྨད་པ་དང། གཞན་དུ་ཕྱོགས་པ་དང། ཉོན་ མོངས་པ་དང། ཁྲོ་བ་དང། ཕྲག་དོག་དང། གནོད་སེམས་སྟོན་པ་དང། རི་མོར་མི་བྱེད་པ་དང། ལག་ནས་མ་ཡིན་པ་དང། ཇི་ཙམ་སྤགས་པ་ལས་བྲི་བ་དང། སྐྱེ་བ་འདོད་པའི་སྦྱིན་པ་མེད་པས་སོ། །ཡང་བཅུས་ཏེ། མི་བརྟན་པ་དང། ཚོད་འཛིན་པ་དང། ཡོངས་སུ་ཆད་པ་དང་ གཞན་གྱི་དྲིང་འཇོག་པ་དང། ཉུང་ཞིང་ཆུང་བ་དང། གཟུགས་དང་ལོངས་སྤྱོད་ལ་དགའ་བ་དང། བརྒྱ་བྱིན་ལ་སོགས་པ་འདོད་པ་དང། ཉན་ཐོས་དང་རང་རྒྱལ་དུ་བསྔོ་བ་དང། མཁས་པས་སྨད་པ་དང། ཐམས་ཅད་མཁྱེན་པར་མ་བསྔོས་པའི་སྦྱིན་པ་མེད་པས་སོ། ༈ །ཕན་ཡོན་ གྱི་དབྱེ་བ་ནི། སྲིད་པ་གཅོད་ཅིང་འགོག་པར་བསྔོས་པ་ཡི། །སྦྱིན་པའི་ཕན་ཡོན་རྣམ་པ་སུམ་ཅུ་ཡིན། །ཡང་མདོ་དེ་ཉིད་ལས་འདུས་བྱས་ལ་ངེས་པར་འབྱུང་ཞིང་འདུས་མ་བྱས་ཐོབ་པར་བྱ་བའི་ཕྱིར་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། བཟའ་བ་བྱིན་པས་ཚེ་དང་སྤོབས་པ་དང་བདེ་བ་ དང་སྟོབས་དང་ཁ་དོག་ཕུན་སུམ་ཚོགས་པ་འཐོབ་པ་དང། བཏུང་བ་བྱིན་པས་ཉོན་མོངས་པ་དང། སྲེད་པ་བསལ་བ་ཕུན་སུམ་ཚོགས་པ་དང། བཞོན་པས་བདེ་བ་ཐམས་ཅད་ཀྱི་དངོས་པོ་དང། བགོ་བས་ཁྲེལ་ཡོད་པ་དང། ངོ་ཚ་ཤེས་པ་དང་མདོག་གསེར་ལྟར་ཡོངས་སུ་དག་ པ་དང། སྤོས་དང་ཕྲེང་བས་ཚུལ་ཁྲིམས་དང་ཐོས་པ་དང། ཏིང་ངེ་འཛིན་གྱི་དྲི་དང་བྱུག་པ་དང། དྲི་ཞིམ་པའི་ཕྱེ་མ་དང་བྱུག་པས་ལུས་ཀྱི་ནན་ཏན་གྱི་དྲི་ཞིམ་པོ་དང། རོ་ཡིས་རོ་བྲོ་བའི་མཆོག་མཁྱེན་པ་དང། གནས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་གནས་དང། རྟེན་དང་ [235B] ནད་པ་ལ་སྨན་བྱིན་པས་རྒ་བ་མེད་པ་དང་ན་བ་མེད་པ་དང་འཆི་བ་མེད་པའི་བདེ་བ་ཡོངས་སུ་རྫོགས་པ་དང། ཡོ་བྱད་སྣ་ཚོགས་བྱིན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཡོ་བྱད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་འཐོབ་པའོ། །གཞན་ཡང་བཅུ་ སྟེ། མར་མེ་བྱིན་པས་སངས་རྒྱས་ཀྱི་སྤྱན་ལྔ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་འཐོབ་པ་དང། སིལ་སྙན་བྱིན་པས་ལྷའི་རྣ་བ་དང། གསེར་ལ་སོགས་པ་རིན་པོ་ཆེས་མཚན་སུམ་ཅུ་རྩ་གཉིས་དང། རིན་པོ་ཆེ་ཐ་དང་པ་སྣ་ཚོགས་དང་མེ་ཏོག་སྣ་ཚོགས་ཀྱིས་དཔེ་བྱད་བཟང་ པོ་བརྒྱད་ཅུ་དང། རྟ་དང་གླང་པོ་དང་ཤིང་རྟས་རྒྱས་པ་དང་ཡངས་པ་དང་ཆེ་བ་དང། སྐྱེད་མོས་ཚལ་དང་དཀའ་ཐུབ་ཀྱི་ནགས་ཚལ་གྱིས་བསམ་གཏན་དང་རྣམ་པར་ཐར་པ་ལ་སོགས་པ་དང། ནོར་དང་མཛོད་དང་འབྲུ་དང་བང་བས་ཆོས་རིན་པོ་ཆེའི་མཛོད་ཡོངས་སུ་རྫོགས་པ་དང་ བྲན་ཕོ་མོས་དང་ལས་བྱེད་པ་དང་རང་དབང་དང་རང་ཉམས་དང་རང་བྱུང་གི་ཡེ་ཤེས་ཡོངས་སུ་རྫོགས་པ་དང། བུ་ཕོ་དང་བུ་མོས་མཛའ་བ་དང་སྡུག་པ་དང་འདོད་པ་བླ་ན་མེད་པའི་བྱང་ཆུབ་དང། གླིང་བཞིའི་རྒྱལ་པོའི་ལོངས་སྤྱོད་ཐམས་ཅད་བྱིན་པས་བྱང་ཆུབ་སེམས་དཔའི་རྣམ་ པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་འཐོབ་པའོ། །ཡང་བཅུ་སྟེ། འདོད་པའི་ཡོན་ཏན་ལྔ་བྱིན་པས་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་ཡོངས་སུ་དག་པ་དང། དགའ་རྩེད་ཐམས་ཅད་ཀྱིས་ཆོས་ཀྱི་དགའ་རྩེད་དང། རྐང་པས་ ཆོས་ཀྱི་རྐང་པ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང། ལག་པས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ལག་པ་སྦྱིན་པ་དང། རྣ་བ་དང་སྣས་དབང་པོ་ཚང་ཞིང་རྫོགས་པ་དང། ཡན་ལག་དང་ཉིང་ལག་གིས་ཁ་ན་མ་ཐོ་བ་མེད་ཅིང་མཛེས་པའི་ཡན་ལག་སངས་རྒྱས་ཀྱི་སྐུ་དང། མིག་གིས་ སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་མིག་སྒྲིབ་པ་མེད་པ་དང། ཤ་ཁྲག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་སྲོག་སྙིང་པོ་མེད་པ་ལས་སྙིང་པོ་ལེན་པས་ཉི་བར་འཚོ་བ་ལ་མཁས་པ་དང། རྐང་གིས་རྡོ་རྗེ་ལྟར་མི་ཤིགས་པའི་ལུས་དང། ཡན་ལགས་གི་དམ་པ་མགོ་བྱིན་པས་ [236A]༄༅། །འཇིག་རྟེན་ཐམས་ཅད་ལས་མཆོག་ཏུ་གྱུར་པ་བླ་ན་མེད་ཅིང་ལྟག་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་འཐོབ་པའོ། ༈ །འབྲས་བུ་མདོར་བསྡུས་པ་ནི། འདི་ཡི་འབྲས་བཟང་ལྷ་མིའི་དབང་ཕྱུག་ དང། །ས་རྣམས་ཀུན་བགྲོད་རྣམ་ཀུན་མཁྱེན་ཉིད་འཐོབ། །ཡང་ཁྱིམ་བདག་གི་ཞིང་གི་རྨོ་བརྐོ་རྫོགས་པར་བྱས་པས་གཤོལ་གྱིས་འཚོ་བ་ལས་རིན་པོ་ཆེ་ལ་སོགས་པ་དངོས་པོ་སྣ་ཚོགས་འགྲུབ་སྟེ་འབྲུ་དང་མཚུངས་པའི་ནོར་མེད་པས་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ཟང་ཟིང་ ལ་གནས་ནས་ཀྱང་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བའི་དུས་ཡོད་དོ། །བས་རྩྭ་བསྐམ་གཤེར་དང་ཆུ་གྲང་དྲོ་འཐུངས་པ་ལས་འོ་མ་དང་ཞོ་དང་མར་དང་མར་གྱི་སྙིང་པོ་འགྲུབ་བོ། །དེ་བཞིན་དུ་བྱང་ཆུབ་འདོད་པས། འཇིག་རྟེན་གྱི་ཟང་ཟིང་བྱིན་པ་ན་མི་འདོད་ ཀྱང་འཁོར་ལོས་བསྒྱུར་བ་དང་དབང་པོ་དང་ཚངས་པ་འགྲུབ་ལ་དེ་ནས་ནི་ས་བཅུའོ། །དེ་ནས་སྟོབས་དང་མི་འཇིགས་པ་དང། ལས་སྟོང་གིས་འགྲུབ་པ་མ་འདྲེས་པའི་ཆོས་བཅོ་བརྒྱད་དང། ལས་སྟོང་གིས་འགྲུབ་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་པ་དང། ལས་བརྒྱས་ འགྲུབ་པའི་མཚན་རེ་རེ་དང། ལས་ཉིས་བརྒྱས་འགྲུབ་པ་དབུའི་གཙུག་ཏོར་དང། རྣམ་པ་དང་ཡོན་ཏན་བརྒྱས་རྫོགས་པའི་ཆོས་ཀྱི་དུང་ཆེན་པོའང་འགྲུབ་པའོ། །སྔོན་ཐ་ག་པ་ཞིག་གིས་སངས་རྒྱས་ཆོས་མོས་ལ་དགོངས་རེ་རས་ཁ་ཚར་རེ་ཕུལ་ཞིང། འདིས་བདག་བསྡུ་བ་ ཐམས་ཅད་དང་ལྡན་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་ཏེ་རིམ་གྱིས་ཁ་ཚར་སྟོང་ལྔ་བརྒྱ་ཕུལ་བས་བསྐལ་པ་བྱེ་བ་ཕྲག་བཅོ་ལྔར་ངན་སོང་དུ་མ་ལྟུང་ངོ། །དགེ་བའི་རྩ་བ་དེ་ཉིད་ཀྱིས་འཁོར་ལོས་བསྒྱུར་བ་དང་བརྒྱ་བྱིན་བྱེ་བ་ཕྲག་སྟོང་སྟོང་མྱོང་ངོ། །ལས་དང་པོ་པའི་ལས་ དེ་ཉིད་ཀྱིས་སངས་རྒྱས་བྱེ་བ་ཕྲག་སྟོང་མེ་ཏོག་ལ་སོགས་པ་ཐམས་ཅད་ཀྱིས་མཉེས་པར་བྱས་ཏེ། དེ་ཙམ་གྱིས་བསྐལ་པ་གྲངས་མེད་པ་ན་རྒྱལ་བ་རབ་ཏུ་བསྡུས་པ་ཞེས་བྱ་བར་གྱུར་ཏོ། །དེ་བས་ན་སེམས་ནི་རྒྱ་ཆེའི་སྦྱིན་པ་ཙམ་ནི་མ་ཡིན་པར་བལྟའོ། ༈ །ཚུལ་ཁྲིམས་ [236B] ཁྲིམས་ཀྱི་རྩ་བ་དགེ་བའི་ལས་ལམ་བཅུས། །བསྡུས་པའི་བསམ་པས་དམ་ཆོས་ཡོངས་འཛིན་བྱེད། །དེ་ཉིད་རྣམ་པར་དག་བྱེད་བཅུ་ཚན་ལྔ། །རང་གཞན་དོན་ཀུན་ཡོངས་ རྫོགས་འབྲས་བུར་གསུངས་ཞེས་བྱ་བ་སྟེ། ཡང་ཚུལ་ཁྲིམས་ནི་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་བཅུ་ཁ་ན་རྩ་བའོ། ༈ །ལུས་ཀྱིས་དག་ཅིང་ངག་གིས་དག་པ་དང། །ཡིད་ཀྱིས་དག་ཅིང་རྟག་ཏུ་སྤྱོད་པ་དག་དག་པའི་བརྟུལ་ཞུགས་ལ་ནི་རྟག་གནས་བ། །དེ་ནི་ བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན། །ཤིན་ཏུ་བཟང་པོའི་ལས་ལམ་བཅུ་པོ་འདི། །གང་དག་བསྲུང་བ་བྱང་ཆུབ་སེམས་དཔའ་མཁས། །ལུས་དང་ངག་དང་ཡིད་ཀྱིས་གང་མ་བྱས། །དེ་ནི་མཁས་པ་ཚུལ་ཁྲིམས་ཅན་ཞེས་བྱ། །དེར་ནི་བསམ་པའི་ཆོས་བཅུ་འདུས་པ་སྟེ།། དད་པ་དང། བརྩོན་འགྲུས་དང། རབ་ཏུ་མཐུན་པ་དང། རྣམ་སྨིན་རྒྱ་ཆེན་པོ་ལ་དད་པ་དང། འཕགས་པ་ལ་ལྡང་བ་བྱེད་པ་དང། བླ་མ་ལ་རིམ་གྲོ་བྱེད་པ་དང། སློབ་དཔོན་ལ་བསྙེན་བཀུར་བྱེད་པ་དང། ཆོས་འཚོལ་བ་ལ་འཇུག་པར་བྱེད་པ་དང། བྱང་ཆུབ་འཚོལ་ཞིང་ལུས་དང་ སྲོག་ལ་མི་བལྟ་བའི་བསམ་པའོ། །བཅུ་པོ་དེ་ལ་གནས་པས་ནི་དམ་པའི་ཆོས་འཚོལ་ཞིང་བླ་མ་ལ་བཀུར་སྟི་བྱེད་དེ། ཐ་ན་ཆུ་སྣོད་གང་ཅམ་ཡང་འབུལ་ལོ། །རྣམ་པ་བཅུས་ནི་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལ་མི་འཚེ་བ་དང། གཞན་ གྱི་རྫས་མ་བྱིན་པར་མི་ལེན་པ་དང། གཞན་གྱི་ཆུང་མ་སྤངས་པ་དང། སེམས་ཅན་ཐམས་ཅད་མི་བསླུ་བ་དང། གཞན་གྱི་འཁོར་མཐུན་པ་མི་འབྱེད་པ་དང། ཚིག་དྲག་པོ་བཟོད་པས་ངག་མི་རྩུབ་པ་དང། ཚིག་བསྡམས་པས་ཀྱལ་པ་སྤངས་པ་དང། གཞན་གྱི་ལོངས་སྤྱོད་ ལ་ང་ཡིར་མི་འཛིན་པ་དང། ཚིག་ངན་བཟོད་པས་གནོད་སེམས་སྤངས་པ་དང། ལྷ་གཞན་མི་འདོད་པས་ལོག་ལྟ་སྤངས་པའོ། །ཡང་བཅུ་སྟེ། མི་ཤེས་པ་མི་འདོད་པས་མ་ཉམས་པའི་ཚུལ་ཁྲིམས་དང། ངན་པར་སྐྱེ་བ་སྤངས་པས་སྐྱོན་མེད་པ་དང། ཉོན་མོངས་པ་ཐམས་ [237A]༄༅། །ཅད་དང་མ་འདྲེས་པས་འདྲེས་པས་འདྲེ་མ་མ་ཡིན་པ་དང། གཅིག་ཏུ་དཀར་པོའི་ཆོས་སྤེལ་བས་སྲ་སྲེ་མེད་པ་དང། ཇི་ལྟར་འདོད་པ་བཞིན་འགྲོ་བས་རང་དབང་ཡོད་པ་དང། མཁས་པས་མ་སྨད་པས་དེས་བསྔགས་པ་དང། ཉེས་པ་ཐམས་ཅད་མི་བསྒྲུབ་ པས་མ་སྨད་པ་དང། དབང་པོ་བསྲུངས་པས་ཤིན་ཏུ་སྦས་པ་དང། དྲན་པ་དང་ཤེས་བཞིན་གྱི་ཕྱིར་ཤིན་ཏུ་བསྲུངས་པའི་ཚུལ་ཁྲིམས་སོ། །ཡང་བཅུས་ཏེ་རུང་བའི་ཚོད་ཤེས་པས་འདོད་པ་ཉུང་བའི་ཚུལ་ཁྲིམས་དང། འདོད་པ་སྤོང་བས་ཆོག་ཤེས་པ་དང། ལུས་སེམས་ དབེན་པས་ནན་ཏན་དང། འདུ་འཛི་ལ་སྨོད་པས་དགོན་པར་གནས་པ་དང། བདག་གི་ཁར་ལས་པས་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་བ་དང། ཕ་རོལ་གྱི་ངོར་མི་ལྟ་བས་འཕགས་པའི་རིགས་ལ་དགའ་བ་དང། ལྷ་དང་མི་ལ་མི་བསླུ་བས་ཇི་ལྟར་སྨྲས་པ་ ལྟར་བྱེད་པ་དང། རང་གི་སེམས་ངེས་པར་རྟོགས་པས་བདག་གི་འཁྲུལ་པ་ལ་རྟོག་པ་དང། གཞན་གྱི་སེམས་བསྲུང་བས་གཞན་གྱི་འཁྲུལ་པ་མི་ལྟ་བ་དང། བསྡུ་བའི་དངོས་པོ་མི་གཏོང་བས་སེམས་ཅན་སྨིན་པར་བྱེད་པའི་ཚུལ་ཁྲིམས་སོ། །ཡང་བཅུ་སྟེ། ཐ་བའི་ སེམས་མེད་པས་སངས་རྒྱས་ལ་དད་པའི་ཚུལ་ཁྲིམས་དང། དམ་པའི་ཆོས་བསྲུང་བས་ཆོས་ལ་དད་པ་དང། འཕགས་པ་འདུས་པ་ལ་དད་པས་དགེ་འདུན་ལ་གུས་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་དང་མ་བྲལ་བས་འདུས་པ་དང་ བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་བསགས་པས་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང། མི་དགེ་བ་ཐམས་ཅད་སྤོང་བས་སྡིག་པའི་གྲོགས་པོ་སྤངས་པ་དང། སེམས་ཅན་ཐམས་ཅད་སྨིན་པར་བྱེད་པས་བྱམས་པ་དང། ཉམ་ཐག་པའི་སེམས་ཅན་སྨིན་པར་བྱེད་ པས་སྙིང་རྗེ་དང། ཆོས་ལ་དགའ་ཞིང་མོས་པས་དགའ་བ་དང། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཀྱི་ཚུལ་ཁྲིམས་སོ། །ཡང་བཅུ་སྟེ། སེམས་ཅན་སྨིན་པར་བྱེད་པས་སྦྱིན་པའི་ཚུལ་ཁྲིམས་དང། སེམས་བསྲུང་པས་བཟོད་པ་དང། མི་ལྡོག་པས་བརྩོན་ [237B] ཏིང་ངེ་འཛིན་གྱི་ཚོགས་རྫོགས་པར་བྱེད་པས་བསམ་གཏན་དང། ཐོས་པ་དང་ཚུལ་ཁྲིམས་ཀྱིས་མི་ངོམས་པས་ཤེས་རབ་དང། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཚོལ་བས་ཐོས་པ་ཚོལ་བ་དང། མི་རྟག་པའི་འདུ་ཤེས་སོ་སོར་རྟོག་པས་ལུས་ལ་མི་ལྟ་བ་དང། སེམས་ ལ་སྒྱུ་མར་རྟོག་པས་སྲོག་ལ་ཡིད་མི་རྟོན་པ་དང། ཐོག་མ་ནས་དགེ་བས་བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་དང། ཚུལ་ཁྲིམས་ཐམས་ཅད་ཡོངས་སུ་བསྔོ་བས་དེ་བཞིན་གཤེགས་པ་དང་ཕྲད་པའི་ཚུལ་ཁྲིམས་སོ། །དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པས་ནི་ལྷ་དང་མིའི་ དཔལ་མི་མྱོང་བ་ནི་གང་ཡང་མེད་དོ། །འཇིག་རྟེན་གྱི་བཟོ་དང་ལས་ཀྱི་གནས་མི་ཤེས་པ་གང་ཡང་མི་དོ། །སེམས་ཅན་ཐམས་ཅད་ལ་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་ཐོབ་པར་མི་བྱེད་པ་གང་ཡང་མེད་པ་ལ་སོགས་པའོ། ༈ །བཟོད་པ་ལ་དེའི་འབྲས་བུ་བསམ་པས་བསྒོམ་པ་ནི་ ལུས་དང་ངག་གིས་གནོད་ཆེན་བྱེད་པ་ལའང། །རིགས་པའི་ལམ་ལ་གནས་པའི་གོ་ཆ་ནི། །ཆེན་པོ་རྣམ་མང་བགོ་བས་དཀའ་ཐུབ་མཆོག་བཟོད་སྟོབས་ཆེན་པོས་སེངེགཱི་སྒྲ་བསྒྲག་བྱ། །བྱང་ཆུབ་སེམས་དཔས་ནི་བཟོད་པ་དང་ལྡན་པ་དང་དང་དུ་ལེན་པའི་དང་ཚུལ་ཅན་དུ་བྱ་སྟེ་ ཚ་བ་དང་གང་བ་དང་བཀྲེས་པ་དང་སྒོམ་པ་དང་རླུང་དང་ཉི་མ་དང་སྦང་བུ་ལ་སོགས་པའི་རེག་པ་དང། ངན་དུ་བརྗོད་པ་དང་ངན་དུ་སྨྲ་བའི་ཚིག་གི་ལམ་ལའང་བཟོད། ལས་ཀྱི་ཚོར་བ་སྡུག་བསྔལ་དག་པོ་ཤིན་ཏུ་རྩ་བ་ཆེ་བ་སྲོག་འཕྲོག་པ་འཆི་བ་ལ་ཐག་མ་ལའང་བཟོད་དོ། །གཤེ་ བ་དང་མི་སྙན་པ་ཐེར་བ་ལྟར་རྙེད་སླ་བ་གང་ཡང་མེད་མོད་ཀྱི། དེ་ལ་བརྟང་སྙོམས་བྱ་ཞིང་སྙིང་རྗེ་བསྐྱེད་དེ། དེ་སྨྲ་བས་ནི་ཕྱིར་ཡང་དེ་ལྟ་བུ་ཁོ་ན་རྙེད་པར་འགྱུར། གང་དུ་སྐྱེས་པར་གཟུགས་ངན་པ་དང་མི་སྡུག་པར་འགྱུར་བས་ནི། དེ་དག་མི་འདོད་པས་ནི་གཤེ་བ་སྤང་ངོ། །དེ་ནི་མི་རིགས་ པ་བྱིས་པའི་ལས་དང་དམན་པའི་ལས་སོ། །དེས་ནི་ངན་སོང་གསུམ་དུ་ལྟུང་ཞིང་དམྱལ་བའི་གཡོག་བྱེད། གནོད་སྦྱིན་དབུལ་པར་སྐྱེས། ཡི་དྭགས་དང་མི་དབུལ་པོར་བྱེད་པས་ན་མཁས་པ་ནི་དེ་དག་མི་འདོད་དོ། །གཤེ་བ་ལ་ཕྱིར་གཤེན་བདག་ཅག་རིགས་པ་དང་དེ་དག་མི་ [238A]༄༅། །རིགས་པའི་ཁྱད་པར་ཡང་ཅི་ཡོད། ཡང་འདི་ལྟར་བསམ་ཞིང་བཟོད་པར་བྱ་སྟེ། གླིང་བཞི་རིན་པོ་ཆེ་བདུན་དང་འགྲོན་བུས་བཀང་བ་བྱིན་པ་བས་ནི་དེ་དག་ལ་བཟོད་པའི་དགེ་བ་ཆེས་མང་ངོ། །ཡང་ཕ་རོལ་གཤེའམ་མི་སྙན་པ་ཟེར་ན་བདག་དཀོན་མཆོག་ གསུམ་ཡིད་ལ་བྱེད་དམ་ཞེས་རང་གི་མཐུ་བརྟགས་ཏེ་ཡིད་ལ་བྱེད་ན་ལེགས། མི་བྱེད་ན་རྣམ་གྲངས་དུ་མར་དེ་དག་ཡིད་ལ་བྱ་ཞིང་བཟོད་པར་བྱའོ། །བཟོད་པ་མི་བྱེད་ན་བདག་དེ་དག་དང་ཁྱད་པར་ཅི་ཡོད་ཀྱིས། བདག་གིས་ནི་དེ་དག་ལ་གནོད་སེམས་སྐྱེ་བ་ན་དཀོན་མཆོག་ གསུམ་ཡིད་ལ་བྱ་ཞིང་བཟོད་པའི་གོ་ཆ་བགོ་བས་ཁྱད་པར་དུ་འཕགས་པར་བྱའོ། །ཞེས་བདག་ལ་བསྐུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་སངས་རྒྱས་ཐོབ་ནས་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པར་དམ་བཅས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བདག་ལ་དེ་ལྟར་མཁྱེན་ ཏོ༑ ༑དེས་ན་བདག་གིས་དཀོན་མཆོག་གསུམ་ཡིད་ལ་བྱས་ལ་བཟོད་པས་སེངྒེའི་སྒྲ་བསྒྲགས་པར་བྱའི་ཝའི་སྒྲ་བསྒྲག་པར་མི་བྱ་སྟེ། སེངྒེའི་སྒྲ་ནི་བཟོད་པ་སྟོན་པའོ། །ཝའི་སྒྲ་ནི་གཤེ་བའམ་མི་སྙན་པ་སྨྲ་བའོ། །ཡང་སེམས་ཅན་དག་ནི་མི་མཛའ་འང་ནོར་བྱིན་ན་མཛའ་ལ། གནོད་ པ་བྱས་ན་ཕན་ཚུན་གསོད་པར་བྱེད་དོ། །བདག་ནི་གཞན་གྱི་དོན་ལ་ཚམ་ཚོམ་མེད་དེ་གནོད་པ་བྱེད་པའི་ཡང་དོན་བྱའོ་སྙམ་མོ། །བསྐལ་པ་བྱེ་བ་མང་པོ་བརྒྱར། །བདག་ལ་གནོད་པར་གྱུར་ཀྱང་ནི། །སེམས་ཅན་སྡུག་བསྔལ་རྣམས་མཐོང་ན། །ཡལ་བར་བོར་ཞིང་མི་འདུག་གོ་བྱིས་ པའི་སྤྱོད་པ་གཞན་ཡིན་ཏེ། །གང་གིས་མྱ་ངན་འདའ་བའང་གཞན། །བདག་ནི་ཁྱད་པར་ཚོལ་བས་ན། །བྱིས་པ་དག་གིས་ལྟར་མི་སློབ། ༈ །ཁོང་ཁྲོའི་ཉེས་པ་བསམ་པས་བསྒོམ་པ་ནི། །ཁོང་ཁྲོས་དགེ་བ་ཀུན་འཇོམས་བདུད་ཀྱི་ཁར། །ངེས་པར་སྟོབ་པས་སྡིག་ལས་ཀུན་སློང་ ཕྱིར། །བརྟན་རྣམས་སེམས་ཅན་རྨུ་རྒོད་དང་པོ་ནི། །བརྩེ་བས་རྗེས་འཛིན་དེས་ལ་དེ་ལྟ་མིན། །ཡོངས་སུ་བརྟག་པ་བཟུང་ན་བདག་གོམ་པ་བདུན་འདོར་བའི་ཡུན་ལ་མགོ་གངྒཱའི་བྱེ་མ་སྙེད་གཅོད་ཀྱང་ཁོང་ཁྲོ་བར་མི་བྱ་སྟེ། ཁོང་ཁྲོ་ཞེས་བྱ་བ་ནི་བསྐལ་པ་བརྒྱ་སྟོང་དུ་བསྒྲུབ་ [238B] ཡང་ཕྱིར་བསྐལ་པ་དེ་སྙེད་དུ་དགེ་བ་བསྒྲུབ་དགོས་པས་སོ། །དེ་ལྟར་ན་བྱང་ཆུབ་ནི་འབྱུང་དཀའ་ལ་ཆོས་ནི་བསྒྲུབ་དཀའ་བས་བཟོད་པའི་གོ་ཆ་བྱ་དགོས་སོ། །ཐེག་པ་ཆེན་པོར་ཞུགས་པ་སེམས་སྡང་བར་གྱུར་པ་ལ་ནི་བདུད་ཀྱིས་གླགས་རྙེད་ ནས་བྱང་ཆུབ་ཀྱི་བར་དུ་གཅོད་ཅིང་བྱང་ཆུབ་ལ་གཡེལ་བས། སེམས་གཡེངས་པ་ལ་བདུད་ཀྱི་ལས་འདོད་པ་ཚོལ་བ་ཐམས་ཅད་འབྱུང་ངོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཉོན་མོངས་པ་ཆུང་བ་དག་གི་དོན་དུ་དཀའ་བ་ སྤྱད་མི་དགོས་ཀྱི། རྨུ་རྒོང་གདུལ་དཀའ་བ་ཚུལ་ཁྲིམས་འཆལ་བ་སྡིག་ཅན་ཉོན་མོངས་པ་མང་བ་དག་གི་དོན་དུ་དཀའ་བ་སྤྱད་པས་བྱང་ཆུབ་བསྒྲུབས་ནས་ཐོག་མར་མ་རུངས་ཕ་དེ་དག་གི་དོན་བྱ་བར་འདོད་པའོ། ༈ །བཟོད་པ་བསྒོམ་པའི་མཚན་ཉིད་བཤད་པ་ནི། བཟོད་པ་ཞེས་ བྱ་གནོད་སེམས་སོགས་སྤངས་ཤིང། །བདག་གཞན་ལུས་ངག་ཡིད་བསྲུང་བདེ་འགྲོ་དང། །ཐར་པའི་བདེ་བ་ཀུན་བསྒྲུབ་སྟོད་སྨད་སོགས། །མཁའ་སོགས་ལྟར་བལྟས་གཡོ་མེད་སྲན་ཐུབ་པའོ། །དེ་ལ་བཟོད་པ་ཞེས་བྱ་བ་ནི་གནོད་སེམས་མེད་པ། མི་ཁྲོ་བ། མི་འཚེ་བ། རྩོད་པ་མེད་པ། གནོད་ པ་མི་བྱེད་པ། བདག་བསྲུང་བ། གཞན་བསྲུང་བ། ལུས་དང་ངག་དང་སེམས་བསྲུང་བ། ཚུལ་བཞིན་དུ་སོ་སོར་རྟོག་པ། ཞི་བ། འདོད་ཆགས་དང་བྲལ་བ། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ། ལུས་དང་ངག་དང་སེམས་ཡོངས་སུ་དག་པའོ། །ཡང་ལྷ་དང་མིའི་ཕུན་སུམ་ཚོགས་པ་ མྱོང་བར་བྱེད་པ། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པར་བྱེད་པ་དང། ཚངས་པའི་དབྱངས་ཐོབ་པར་བྱེད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་དགེ་བའི་རྩ་བ་ཐམས་ཅད་ཆུད་མི་གཟོན་པ། ཕས་ཀྱི་གནོད་པ་བྱེད་པ་དང་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ་ མདོར་ན་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་དང་བྱམས་པ་ཆེན་པོ་ལ་སོགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ནི་བཟོད་པའོ། །ཡང་སྒྲ་བྲག་ཆ་ལྟར་ཤེས་པས་གཤེའང་སླར་མི་གཤེ། ལུས་གཟུགས་བརྙན་ [239A]༄༅། །ལྟར་ཤེས་པས་བརྡེགས་ཀྱང་སླར་མི་རྡེག་སེམས་སྒྱུ་མ་ལྟར་ཤེས་པས་ཁྲོས་ཀྱང་སླར་མི་ཁྲོ། རང་གི་ཡོན་ཏན་རྫོགས་པས་དེ་མ་བསྔགས་པ་ལ་མི་ཁྲོའོ། །བསྔགས་པ་ལ་མི་ཆགས། དུལ་ཞིང་ཞི་བས་རྙེད་པ་དང། མ་རྙེད་པ་ལ་དགའ་བ་དང་ཞུམ་པ་མེད་ རབ་ཏུ་བརྟགས་པའི་བློ་རྒྱ་ཆེ་བས། གྲགས་པ་དང་མ་གྲགས་པ་ལ་ངོ་མཚར་དང་འཁྲུག་པ་མེད། མི་གཡོ་བར་གནས་པས་བསྟོད་པ་དང་སྨད་པས་ཁེངས་པ་དང་འདུད་པ་མེད། སེམས་ཅན་ལ་ལྟ་བས་སྡུག་བསྔལ་གྱིས་མི་སྐྱོ། འདུས་བྱས་ཀྱི་བདེ་བ་མི་རྟག་པས་བདེ་བ་ལ་ དགའ་བ་མེད། སྲིད་པའི་སྐྱེ་བ་ཐམས་ཅད་ལ་མི་གནས་པས་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས། བྱང་ཆུབ་ཀྱི་ཚོགས་རྫོགས་པར་བྱས་པས་ཡན་ལག་བཅད་ཀྱང་བཟོད། སངས་རྒྱས་ཀྱི་སྐུ་འདོད་པས་ལུས་བཏུབས་ཀྱང་བཟོད། ལེགས་པར་བྱས་པའི་ལས་སྟོབས་བསྐྱེད་པས་ངན་ དུ་བྱས་པ་ཐམས་ཅད་ཀྱང་བཟོད་པའོ། །ཡང་བཟོད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་རྟོགས་པས་གཉིས་སུ་འཛིན་པ་ཐམས་ཅད་ལས་གྲོལ་བའི་ཕྱིར་ཅི་ལའང་བཟོད་པའོ། ༈ །བརྩོན་འགྲུས་ཀྱི་རང་བཞིན་གྱི་ཁྱད་པར་ནི། རྒྱལ་སྲས་རྣམས་ཀྱི་བརྩོན་འགྲུས་མི་ཟློགས་པ། །ལུས་དང་སྲོག་ལ་ གནོད་ཆེན་གྱིས་བསྡིགས་ཀྱང། །ཞུམ་མེད་གནོད་སེམས་གཅིག་ཀྱང་མི་བསྐྱེད་པར། །ཕྱིར་ཞིང་བརྩོན་འགྲུས་བརྟན་པོས་ངམ་ཆོས་འཛིན། །དེ་ནི་སྙིང་སྟོབས་ལྷག་པས་སྦྱིན་སོགས་ཀྱི། །དཀའ་སྤྱོད་མཆོག་ལ་རབ་ཏུ་དཔའ་ཆེན་ཏེ། །ཚངས་དབང་ལྷུན་པོ་དང་མཚུངས་བརྩ་ཆེན་ བདག་ཉོན་མོངས་ཀུན་སྤོང་འགྲོ་བའི་གསོས་གྱུར་པའོ། །ཡང་བྱང་ཆུབ་སེམས་དཔའི་མི་ཟློག་པའི་བརྩོན་འགྲུས་ནི་ལུས་དང་སྲོག་ལ་མི་ལྟ་བར་ཐེག་པ་ཆེན་པོའི་ཆོས་ཚོལ་བསྟེ། ཆོས་འཛིན་པ་ལ་མདའ་མདུང་བརྒྱས་ཕུག་སྟེ། བསད་པས་བསྡིགས་ཀྱང་མི་སྐྲག་པས་ཆོས་མི་ སྤོང་བར་ཕྱིར་ཞིང་བརྩོན་འགྲུས་དྲག་པོ་དང་བརྟན་པོ་རྩོམ་པའོ། །ཡང་གལ་ཏེ་སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་པ་ཡོངས་སུ་བརྟག་པ་བཟུང་སྟེ་སྐད་ཅིག་ལ་མིར་གྱུར་ཅིང་ཐམས་ཅད་ཀྱིས་མཚོན་རྣོན་པོ་ཐོགས་ནས་སུ་ཆོས་འཛིན་པ་བཟུང་བ་ལ་བསད་དོ་ཞེས་ཟེར་ཡང་མི་སྐྲག་སྟེ་ [239B] །དེ་ནི་མི་ཟློགས་ཤིང་མཐའ་ཡས་པའི་བརྩོན་འགྲུས་ཐོབ་པས་བརྩོན་འགྲུས་ལ་དཔའ་བ་སེམས་དཔའ་བ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཐམས་ཅད་ལ་དཔའ་བས་སྤྱོད་པའི་ཁྱད་པར་གྱིས་དཔའ་བའོ། །དེ་དག་ལ་ཐ་ན་ གནོད་སེམས་གཅིག་ཙམ་ཡང་མི་སྐྱེད་པ་དེ་ནི་ཚངས་པ་དང་མཚུངས་པ། དབང་པོ་དང་མཚུངས་པ། ལྷུན་པ་དང་མཚུངས་པ་སྟེ། མི་བསྒྲུལ་བའི་སྙིང་རྗེ་ཅན། བྱམས་པ་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་གསོ་བ་ལ་ཞུགས་པ། སེམས་དང་ཆུ་དང་མེ་དང་རླུང་ དང་ནམ་མཁའ་དང་མཚུངས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཐ་བ་སེལ་བ་ལ་ཞུགས་པའོ། ༈ །བྱེད་པའི་ཁྱད་པར་ནི། ཞིང་མང་རིན་ཆེན་བདུན་བཀང་རྒྱལ་བ་ལ། །མཆོད་པས་ཐེག་མཆོག་ལམ་ལ་བསླབ་པར་ནི། །བསམ་པ་ཙམ་གྱིས་ཆར་ཡང་མི་ཕོད་དེ། །སྒྲིབ་མེད་ ཡོངས་དག་རྣམ་བཞིས་ཁྱད་ཞུགས་ཕྱིར། །ཡང་གང་གིས་གངྒཱའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བདུན་གྱིས་བཀང་སྟེ་སངས་རྒྱས་ལ་ཕུལ་བ་བས། གང་གིས་ཆོས་འདི་ལྟ་བུ་ཐོས་ནས་ངས་འདི་ལ་བསླབ་པར་བྱའོ་ཞེས་སེམས་ལ་བཞག་ན་མ་བསླབ་སུ་ཟིན་ཀྱང་དེ་ བསོད་ནམས་ཆེས་མང་སྟེ་བླ་ན་མེད་པའི་བྱང་ཆུབ་ནི་འདིའི་ཁ་ན་ལས་པས་སོ། །གང་འདི་ལྟ་བུའི་ཆོས་འདི་ཐོས་ནས་འབད་པས་འཛིན་པ་དེས་སྒྲིབ་པ་མེད་ཅིང་ཡོངས་སུ་དག་པ་བཞི་ཐོབ་སྟེ། ཚུལ་ཁྲིམས་དང། དལ་བ་འབྱོར་པ་ཐོབ་པ་དང། སངས་རྒྱས་དང་འགྲོགས་པ་དང། སངས་ རྒྱས་བྱམས་པ་མཐོང་ནས་དེ་མ་ཐག་ཏུ་རྣམ་པར་དག་ཅིང་སྒྲིབ་པ་མེད་པའོ། ༈ །བར་ཆད་སྤང་བའི་ཐབས་ནི། འདི་ལ་བདུད་རྣམས་ཆེར་འབད་གེགས་བྱེད་པས། །ནད་དང་རྩོད་སོགས་གནོད་ཆེན་མང་འབྱུང་ཞིང། །འདོད་པས་ཟིན་གནོན་ཉེས་སྤྱོད་ཀུན་གསོག་པས། །དམ་ཆོས་ བདུད་རྩི་སྤོང་ཞིང་འཇིག་པར་བྱེ། །མཁས་པས་འདི་འདྲ་ཤེས་བྱས་རབ་བསྒྲིམས་ཏེ། །གཡུལ་ཆེན་བཟློག་ལྟར་དཔའ་བས་དམ་ཆོས་བསྲུང། །ཡང་འདི་འཛིན་པ་ལ་བར་ཆད་མང་དུ་འབྱུང་སྟེ། མཁས་པས་དེ་དག་ཤེས་པར་བྱ་ཞིང་དབང་དུ་མི་འགྱུར་བར་བའོ། །བདུད་སྡིག་ [240A]༄༅། །ཅན་གྱིས་ཚིག་འཇིག་པར་བྱེད། མིག་ནད་འབྱུང། ཡན་ལག་དང་ཉིང་ལག་ན་བར་འགྱུར། །གནས་ལ་མི་དགའ་ཞིང་འགྲོ་བའི་སེམས་སྐྱེ། ཕན་ཚུན་ཁྲོ་ཞིང་གནོད་སེམས་སྐྱེ། འཐབ་པ་དང་རྩོད་པ་དང་འགྱེད་པར་ཞུགས་པས་ཆོས་དོན་དུ་མི་གཉེར། བདུད་ ཀྱིས་ཟིན་པས་ཆོས་སྤོང་བར་བྱེད། ཆོས་འཛིན་པ་གསར་བུ་དག་ལ་མཁན་པོ་དང་སློབ་དཔོན་གྱིས་འདི་ཆོས་མ་ཡིན་ཞེས་བཟློག་པས་དེ་དག་གིས་ཀྱང་སྤོང་བར་བྱེད་དོ། །དགེ་སློང་འདོད་པས་ཟིལ་གྱིས་ནོན་པ་དག་ལྷུང་བཟེད་དང་ཆོས་གོས་ཚོལ་བ་དང་བཟའ་བཏུང་ལ་ཆགས་ པ་དང་འཇིག་རྟེན་རྒྱང་པན་ཚོལ་བ་སྟེ་ལས་གསུམ་ལ་བརྩོན་པར་བྱེད་དོ། །ཡང་དགེ་སློང་བདུད་ཀྱིས་བྱིན་གྱིས་བརླབས་པ་དག་སྒྲིབ་པས་ཀུན་ཏུ་བསྒྲིབས་པས། ལས་ལ་དགའ་བ་དང་སྨྲ་བ་ལ་དགའ་བ་དང་གཉིད་ལ་དགའ་བ་དང་འདུ་འཛི་ལ་དགའ་བས་ཆོས་སྤོང་སྟེ། སངས་རྒྱས་ ཀྱི་བསྟན་པའི་བར་ཆད་དང་བསྟན་པ་འཇིག་པར་བྱེད་པ་ནི་དགེ་སློང་སྡིག་པ་ཅན་ལྟ་བུ་གཞན་གང་ཡང་མེད་དོ། དེ་ལྟ་བུ་མཐོང་ནས་ཐེག་པ་ཆེན་པོ་ལ་ཞུགས་པ་དག་གིས་སངས་རྒྱས་ཀྱིས་བསྐལ་པ་གྲངས་མེད་པ་ནས་དཀའ་བ་སྤྱད་པས་བཟུང་བ་པའི་ཆོས་ཀྱི་ནོར་མི་བཏང་ ངོ་ཞེས་ཆོས་ཡོངས་སུ་གཟུང་བར་བྱའོ། །གཡུལ་ཆེན་པོའི་ནང་ན་གང་ཞིག་སྐྱེ་བོ་མང་པོ་བསྲུང་ཞིང་དམག་གི་མདུན་ན་འདུག་པ་དེ་ལྟ་བུ་ཉུང་སྟེ། གང་དཔའ་བ་འོས་སུ་གྱུར་པ་འགའ་ཞིག་ཉིད་དེར་འཐེན་པ་ལྟར། དམ་པའི་ཆོས་འཇིག་པའི་དུས་སུའང་ལྷག་པའི་བསམ་ པས་མྱ་ངན་ལས་འདས་པ་དོན་དུ་གཉེར་པ། བརྩོན་འགྲུས་བརྟན་པ་གོ་ཆ་སྲ་བ་བགོས་པ་དཔའ་བོ་དག་བདུད་ཀྱི་དམག་ལས་རྒྱལ་ཞིང་ཆོས་རིན་པོ་ཆེ་འདི་ལྟ་བུ་ལས་སྙིང་པོ་ལེན་པར་བྱེད་དེ། འདི་ནི་སངས་རྒྱས་ཀྱིས་བཤད་པ་ཡང་དག་པའོ་ཞེས་སྒྲོགས་ཤིང་དུས་ གསུམ་གྱི་རྒྱལ་བ་རྣམས་ཀྱིས་ལེགས་པར་བཤད་པ་ལ་རྗེས་སུ་ཡི་རང་བར་བྱེད་པ་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པས་སྐྱེས་བུ་མཆོག་དཔའ་བོ་ཉིད་དོ། ༈ །འབྲས་བུའི་ཁྱད་པར་ནི། དེ་ནི་འདྲེན་པ་མཉེས་བྱེད་དགེ་བཤེས་བསྟེན། །དལ་འབྱོར་ [240B] །བརྟུལ་ཞུགས་མཆོག་ལྡན་རྒྱལ་སྲས་རྗེས་བསླབས་པས། །མངོན་འཕགས་ལྔ་ཡིས་མྱུར་བར་ཀུན་མཁྱེན་འཐོབ། །བརྩོན་འགྲུས་མ་ཉམས་ན་ཆོས་ལྔས་མངོན་པར་འཕགས་པར་འགྱུར་ཏེ། སངས་རྒྱས་འབྱུང་བ་མཉེས་པར་ བྱེད་པས་མངོན་པར་འཕགས་པ་དང། དགེ་བའི་བཤེས་གཉེན་བསྟེན་པར་བྱེད་པ་དང། དལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་པ་དང། དགེ་བ་ཇི་ལྟར་བསྒྲུབས་པ་རྣམས་ཆུད་མི་འཛའ་བ་དང། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྗེས་སུ་བསླངས་པས་མངོན་པར་ འཕགས་པ་སྟེ། འདི་དག་གིས་མྱུར་བར་མངོན་པར་རྫོགས་པར་འཚང་རྒྱའོ། ༈ །བརྩོན་འགྲུས་ལ་ལོག་པར་ཞུགས་པའི་གནོད་པ་ནི། ཁྱིམ་པ་དང་ནི་རབ་བྱུང་སྡིག་སྤྱོད་པ། །ཉེས་པ་ལྔ་ལྔས་དེ་རྣམས་སྤོང་བྱེད་དེ། །ཁྱི་ལྟོགས་རུས་བསྐམ་རོ་མེད་མཆོག་འཛིན་ལྟར། །ཁྱིམ་ལ་ཚོགས་ པའི་དགེ་སྦྱོང་གཡང་སར་ལྟུང། །ཁྱིམ་པ་ཆོས་ལྔ་དང་ལྡན་ན་སྔ་མ་དེ་རྣམས་མི་འཐོབ་པར་དེ་ལས་ལྡོག་པས་གནོད་པར་འགྱུར་ཏེ། རྒྱལ་པོས་བཀྲབས་པར་གྱུར་ནས་སྐྱེ་བོ་མང་པོ་སྐྲག་པར་བྱེད་ལ། གཞན་གྱི་དོན་བྱ་བར་གསོལ་བ་བཏབ་པ་ན་ཁས་བླངས་ནས་མི་སྒྲུབ་པ་ དང། འཁོར་བཞི་པོ་ཚུལ་ཁྲིམས་ལས་ཉམས་པར་བྱེད་པས་གྲོང་ཁྱེར་ལ་འཚེ་བ་དང། ཕ་མ་དང་བུ་ཚ་ལ་སོགས་པའི་ཆོས་ཀྱི་བར་ཆད་བྱེད་པ་དང། ཆོས་འདི་ལྟ་བུ་འདོད་པ་ཉུང་བ་དང་ཡོ་བྱད་བསྙུངས་པ་དང་མཐུན་པ་ཐོས་ན་མི་དད་ཅིང་གཞན་ཡང་བཟློག་པས་སྨད་པའི་འགྲོ་ བ་མི་ཁོམ་པ་བརྒྱད་ལ་ཕྱོགས་པ་དང། བློན་པོ་ལ་སོགས་པ་སྟོབས་དང་ལྡན་པ་དག་དང་བསྡོངས་ཏེ་སྐྱེ་བོ་མང་པོ་ལ་ཚིག་རྩུབ་པོས་སྤྱོ་བ་ལ་སོགས་པས་ངན་སོང་འཇིགས་སུ་རུང་བ་ལ་ཕྱོགས་པར་འགྱུར་པའོ། །རབ་ཏུ་བྱུང་བ་ཆོས་ལྔ་དང་ལྡན་པའང་དེ་བཞིན་དུ་འགྱུར་ཏེ་ འཆལ་པའི་ཚུལ་ཁྲིམས་ལ་སྤྱོད་པ་དང། དམ་པའི་ཆོས་སྤོང་བ་དང། རྙེད་པ་དང་བཀུར་སྟི་ལ་ཆགས་པ་དང། བདག་ཏུ་ལྟ་བ་ཐིབས་པོ་དང་ལྡན་པ་དང། གཞན་གྱི་ཁྱིམ་ལ་སེར་སྣ་སྐྱེད་པའོ། །དཔེར་ན་ཁྱི་བཀྲེས་པ་རུས་པ་བསྐམ་པོ་མུར་བ་རང་གི་ཁ་ཆུ་དང་ཁྲག་གིས་གོས་ [241A]༄༅། །པ་འཆའ་བ་ན། རྒྱལ་རིགས་སཱ་ལ་ཆེན་པོ་ལ་སོགས་པ་མཐོང་ནས་ངའི་ཟས་ཞིམ་པོ་འདི་འཕྲོག་གོ་སྙམ་པས་མིག་ཆུགས་སུ་བལྟ་ཞིང་བྲང་བསྙེར་ཏེ་ཤས་ཆེར་ཟུགས་པ་ལྟར། དགེ་སློང་ཁྱིམ་གྱི་སེར་སྣ་ལ་བརྩོན་པ་བཤང་བ་དང་གཅི་བའི་ དཀྱིལ་འཁོར་ལ་ཆགས་པ་དག་ཀྱང་དལ་འབྱོར་ཆུད་གཟོན་པས་ཁྱི་ལྟ་བུའོ། །བྱང་ཆུབ་སེམས་དཔའ་འགྲོ་བ་ཀུན་ལ་ཕན་པའི་དོན་དུ་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བ་ནི་རང་གི་ཤའང་ཡོངས་སུ་གཏོང་ན་གཞན་གྱི་ཁྱིམ་ལ་ཞེན་ཅིང་སེར་སྣ་དང་ཕྲག་དོག་ཅི་སྟེ་བྱེད་ གང་ལ་ལ་དག་བླ་ན་མེད་པའི་བྱང་ཆུབ་འདོད་ལ་ཁྱིམ་ལ་སེར་སྣ་དང་ཕྲག་དོག་བྱེད་ན་དེའི་འཇིགས་པ་གསུམ་དུ་ཤེས་པར་བྱ་སྟེ། གཞན་གྱི་ཁྱིམ་དུ་ཟས་ཀྱི་ཕྱིར་སྨྲ་ཞིང་ཀུན་ཏུ་སྨྲ་བ། འཕགས་པའི་དགེ་སློང་གཞན་མཐོང་བ་ན་ཕྲག་དོག་དང་སེར་སྣ་བསྐྱེད་ལ། ཁྲོ་བས་མི་སྨྲ་ བ་དང། མི་མཐུན་པར་བྱེད་པ་དེས། དམྱལ་བ་པའི་ལམ་བཟུང་བ་དང། དམུས་ལོང་གི་ས་བོན་བཏབ་པ་དང། མཐའ་འཁོབ་ཏུ་སྐྱེ་པའི་གནས་འཛིན་པའི་འཇིག་པའོ། །གང་དག་ལྷག་པའི་བསམ་པས་མྱ་ངན་ལས་འདས་པ་འདོད་པ་ནི་ཤིན་ཏུ་ཉུང་ངོ། །ཕལ་ཆེར་དངོས་པོ་ གསུམ་ལ་གནས་ཏ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ཚོལ་བ་དང། མཛའ་བོ་དང་སློང་མོ་ གནས་ཡོངས་སུ་འཛིན་པའི་ཕྱིར་ཕྱུག་པ་ཚོལ་བའོ། །དེ་གསུམ་ལ་གནས་པས་ལམ་བསྒྲུབ་པ་ལ་སྤྲོ་བ་ཆུང་ཞིང་སྐྱེ་བོ་ཀུན་དང་འདྲེ་བར་གནས་ པའི་ཕྱིར་སྲེད་པ་འཕེལ་བ་ལས་སྡིག་པ་སྣ་ཚོགས་སྤྱད་ནས་ངན་སོང་གསུམ་ལས་མི་ཐར་བའོ། ༈ །གནོད་པ་དེ་སྤང་བའི་ཐབས་ནི། རྒྱལ་སྲས་བརྩོན་མཆོག་ལྡན་པས་དེ་ལྟ་བུར། །ནད་ཆེན་གསུམ་གྱིས་གདུངས་ལ་རབ་བརྩེ་བས། །སངས་རྒྱས་བྱང་ཆུབ་སེམས་མཆོག་ རྣམས་ཀྱི་སྨན། །མི་སྡུག་ལ་སོགས་ཆོས་ཀྱིས་རབ་གསོ་བྱ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མ་ཉམས་པས་ནི་དེ་ལྟ་བུ་སྤངས་ཏེ། སེམས་ཅན་ཐམས་ཅད་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ནད་ཆེན་པོ་གསུམ་གྱིས་རྟག་ཏུ་གདུངས་པའི་ནད་པར་འདུ་ [241B] དེ་དག་ཞི་བར་བྱེད་པའི་སྨན་དང་རྩིས་བསྐུ་བའི་སྦྱོར་བ་བསྒྲུབ་པར་བྱའོ། །དེའང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུས་དང་ལྡན་པ་རྣམས་ཀྱི་སྨན་གསུམ་སྟེ། མི་སྡུག་པ་དང་བྱམས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་ པའི་ཆོས་ཀྱི་སྨན་ཆེན་པོའོ། །ཞེས་སོ། ༈ །བསམ་གཏན་གྱི་དབང་དུ་བྱས་ནས། བརྟན་པའི་བསམ་གཏན་མཆོག་གི་ལས་རྣམ་གཉིས། །རྫུ་འཕྲུལ་ལ་སོགས་མངོན་ཤེས་དྲུག་དང་ན། །དེ་དག་ནམ་མཁའ་ལྟར་མཐོང་ཡེ་ཤེས་ཏེ། །ཐབས་དང་ཤེས་རབ་དག་གིས་རབ་རྫོགས་བྱེད། ། བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ལས་ནི་རྣམ་པ་གཉིས་ཏེ། མངོན་པར་ཤེས་པ་དང་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའོ། །མངོན་པར་ཤེས་པ་ནི་རྫུ་འཕྲུལ་ལ་སོགས་པ་རྣམ་པ་དྲུག་ཤེས་པའོ། ཡེ་ཤེས་ནི་དེ་དག་ནམ་མཁའ་ལྟར་ཤེས་པའོ། །བསམ་གཏན་དེའང་ ཐབས་དང་ཤེས་རབ་གཉིས་ཀྱིས་རབ་ཏུ་བསྒྲུབ་པའོ། ༈ །ཤེས་རབ་ཀྱི་རྣམ་པ་དང་འཇུག་པའི་ཁྱད་པར་ནི། ཐོས་རྣམ་བརྒྱད་ཅུ་ལ་སོགས་ཤེས་རབ་སྟེ། །ཐོས་ནས་ཚུལ་བཞིན་སེམས་དཔའི་ནན་ཏན་གྱིས། །ཇི་ལྟར་བསྟན་པའི་དོན་ལ་རབ་གནས་ཏེ། །མངོན་ཞེན་ཐམས་ཅད་གཅོད་ པར་བྱེད་པའོ། །ཤེས་རབ་ཀྱི་རྣམ་པ་ནི་ཐོས་པའི་རྣམ་པ་བརྒྱད་ཅུ་ལ་སོགས་པའོ། །འཇུག་པ་ནི་དེ་དག་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པ་སྟེ། ཐོས་ནས་ཤེས་ཤིང་ནན་ཏན་བྱེད་པའོ། །དེའང་ཇི་ལྟར་བསྟན་པ་བཞིན་དུ་གནས་པ་དང་ཆོས་ཐམས་ཅད་ལེན་པར་མི་བྱེད་པའོ། ༈ །བྱེད་ པའི་ཁྱད་པར་ནི། དེས་ནི་དགེ་དང་མི་དགེ་རྣམས་ཤེས་པས། །སྲོག་གི་ཕྱིར་ཡང་སྡིག་པ་མི་བྱེད་དེ། །དགེ་བ་ཕྲ་ལའང་རབ་བསྒྲིམས་སྦྱོར་བྱེད་པས། །དོན་ལ་མཁས་ཕྱིར་ལམ་མཆོག་བདེར་སྒྲུབ་བྱེད། དེ་སྣང་བ་ཐོབ་པས་དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་ཏེ་ སྲོག་གི་ཕྱིར་ཡང་མི་དགེ་བ་མི་བྱེད་དེ་དགེ་བ་ཐོབ་པ་ཞི་བའོ། །ཇི་ལྟར་མུན་པས་ཁྱབ་བསྒྲིབས་པའི། །ཁྱིམ་དུ་ཞུགས་པར་གྱུར་ན་ནི། །ཡོད་པར་གྱུར་པའི་གཟུགས་རྣམས་ཀྱང། །མིག་གིས་མཐོང་བར་མི་འགྱུར་རོ། །དེ་བཞིན་དུ་ནི་འདི་ལ་ཡང། །ལ་ལའི་མིག་དག་སྐྱེས་གྱུར་ཀྱང། ། [242A]༄༅། །དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པར་ནི་ཤེས་མི་འགྱུར། །ཐོས་ནས་ཆོས་རྣམས་རྣམ་པར་ཤེས། །ཐོས་ནས་སྡིག་པ་བསྟེན་མི་བྱེད། །ཐོས་ནས་གནོད་པ་སྤོང་བར་བྱེད། །ཐོས་ནས་མྱ་ངན་འདས་པ་འཐོབ། །ཐོས་པར་འདོད་པས་ཐོས་པ་འཕེལ། །ཐོས་ འཕེལ་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་སྦྱོང། །དོན་ཐོབ་པས་ནི་བདེ་འཐོབ་འགྱུར། མཁས་པ་དེ་དག་ཚིག་རྣམས་འབྱེད་ལ་མཁས། །བསླབས་པས་དོན་རྣམས་ཁོང་དུ་ཆུད་པར་བྱེད། །དེ་དག་དཀར་པོའི་ཕྱོགས་ནི་རྟག་པར་སྦྱོང། །ནག་པོའི་ཕྱོགས་ ནི་རྟག་ཏུ་སྤོང་བར་བྱེད། ༈ །རྒྱུའི་ཁྱད་པར་ནི། སྦྱིན་རྣམ་བཞི་དང་ཀུན་ཏུ་བསྲུང་བ་བཞི། །ཉེར་སྟོན་རྣམ་བཞིས་ཤེས་རབ་རྒྱ་ཆེན་བསྒྲུབ། །ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ནི་སྦྱིན་པ་རྣམ་པ་བཞི་སྟེ། ཆོས་སྨྲ་བ་ལ་གྲོ་ག་དང་སྣག་ཚ་དང་སྙུ་གུ་དང་གླེགས་པ་མ་བྱིན་པ་དང། ཆོས་ ཀྱི་གཏམ་སྣ་ཚོགས་སྦྱིན་པ་དང། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་སྦྱིན་པ་དང། ཆོས་ཀུན་ཏུ་བསྡུ་བའི་ཕྱིར་གཡོ་མེད་པར་ཀུན་ལེགས་སོ་ཞེས་བྱ་བ་སྦྱིན་པའོ། །ཀུན་ཏུ་བསྲུང་བ་བཞིས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་ཏེ། ཆོས་སྨྲ་བ་རྣམས་ཀྱི་ལུས་བསྲུང་བ་ དང། དགེ་བ་བསྲུང་བ་དང། ཡུལ་ལྗོངས་ལ་སོགས་པར་འཇུག་པ་ལ་བསྲུང་བ་དང། ཕན་པའི་དངོས་པོ་བསྲུང་བའོ། །ཉེ་བར་སྟོན་པ་བྮིའང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ཆོས་སྨྲ་བའི་ཆོས་ཉེ་བར་སྟོན་པ་དང། ཡེ་ཤེས་དང་ཟང་ཟིང་དང། བྱང་ཆུབ་ཉེ་བར་སྟོན་པའོ། ༈ །མཚན་ ཉིད་ཀྱི་ཁྱད་པར་ནི། སྟོབས་ལྔ་ཚུལ་ཁྲིམས་བཞི་དང་བཟོད་པ་བཞི། །བརྩོན་འགྲུས་རྣམ་བཞི་བསམ་གཏན་རྣམ་པ་བཞི། །ཤེས་རབ་སྣང་བའི་ཆོས་བཞི་ཡེ་ཤེས་ཚོགས། །ཡོངས་གྲུབ་ཤེས་རབ་མཚན་ཉིད་ཡིན་པར་གསུངས། །འདི་རྣམས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་སྟེ། སྟོབས་ ལྔ་ནི་མོས་པའི་ཕྱིར་དད་པའི་སྟོབས་དང། ཐོས་པ་ཚོལ་བས་བརྩོན་འགྲུས་ཀྱི་སྟོབས་དང། བྱང་ཆུབ་ཀྱི་སེམས་མི་བརྗེད་པས་དྲན་པའི་སྟོབས་དང། མཉམ་པ་ཉིད་ཀྱི་ཆོས་ལ་ངེས་པར་རྟོགས་པས་ཏིང་ངེ་འཛིན་གྱི་སྟོབས་དང། ཐོས་པའི་སྟོབས་ཀྱི་ཕྱིར་ཤེས་རབ་ཀྱི་སྟོབས་སོ། ། [242B] ཆོས་ཚོལ་བ་དང། ཆོས་ལ་ངེས་པར་རྟོག་པ་དང། བྱང་ཆུབ་ཏུ་བསྔོ་བའི་ཚུལ་ཁྲིམས་སོ། །བཟོད་པ་བཞི་ནི་ཆོས་འཚོལ་བ་ལ་བརྩོན་པས་ངན་དུ་སྨྲ་བའི་ཚིག་བཟོད་པ་དང། རླུང་དང་ཚ་གྲང་ལ་སོགས་པ་བཟོད་པ་དང་ མཁན་པོ་དང་སློབ་དཔོན་གྱི་རྗེས་སུ་འཇུག་པ་དང། རྣམ་པར་ཐར་པའི་སྒོ་གསུམ་ལ་བཟོད་པའོ། །བརྩོན་འགྲུས་བཞི་ནི་ཐོས་པའི་བརྩོན་འགྲུས་དང། གཟུངས་དང། བརྟན་པ་དང། ནན་ཏན་གྱི་བརྩོན་འགྲུས་སོ། །བསམ་གཏན་གྱི་ཡན་ལག་བཞི་ནི་དབེན་པར་གནས་པ་དང། གཅིག་ པུར་དགའ་བ་དང། ཡེ་ཤེས་དང་མངོན་པར་ཤེས་པ་ཚོལ་བ་དང། སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པའོ། །ཤེས་རབ་སྣང་བའི་ཆོས་བཞི་ནི་ཆད་པ་ལ་མི་གནས་པ་དང། རྟག་པ་ལ་མི་འཇུག་པ་དང། རྟེན་འབྲེལ་དང་མི་འགལ་བ་དང། བདག་མེད་པ་ལ་མོས་པའོ། ༈ །མཚུངས་ པར་ལྡན་པའི་ཁྱད་པར་ནི། ཐབས་རྣམ་བཞི་དང་ལམ་ནི་རྣམ་བཞི་པོ། །ཤེས་རབ་དང་ནི་མཚུངས་པར་ལྡན་པའི་ཆོས། །ཆོས་བཞི་དང་ལྡན་ན་ཐབས་ཀྱི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། འཇིག་རྟན་པའི་རྗེས་སུ་འཇུག་པ་དང། མདོ་སྡེ་དང། ཆོས་དང། ཡེ་ཤེས་ཀྱི་རྗེས་སུ་འཇུག་པའོ། །ཆོས་བཞི་ ནི་ལམ་ཀྱི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པའི་ལམ་དང། བྱང་ཆུབ་ཀྱི་ཕྱོགས་དང། ཡན་ལག་བརྒྱད་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འགྲོ་བའི་ལམ་མོ། ༈ །ཤེས་རབ་ཡོངས་སུ་རྫོགས་པའི་ཐབས་ཀྱི་ཁྱད་པར་ནི། ཐོས་ལ་སོགས་པས་མི་ངོམས་རྣམ་བཞི་ཡིས། །ཡེ་ ཤེས་ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར། །མི་ངོམས་པ་རྣམ་པ་བཞིས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཏེ། ཐོས་པས་མི་ངོམས་པ་དང། བསྟན་པ་དང། དཔྱོད་པ་དང། ཡེ་ཤེས་ཀྱིས་མི་ངོམས་པའོ། །ཞེས་གསུངས་པའོ། ༈ །ལག་བཟངས་ཀྱིས་ཞུས་པ་ལས། འབྱུང་བ་ ལ་སྦྱིན་པའི་རང་བཞིན་གྱི་ཁྱད་པར་ནི། ཆོས་ཀྱིས་བསྒྲུབ་པའི་ལོངས་སྤྱོད་བདོག་སོགས་རྣམས། །གཞན་ལ་གནོད་དང་གྲགས་སོགས་དོན་གཉེར་དང། །བརྙས་དང་སྦྱིན་གནས་གདམ་སོགས་སྤངས་ནས་ནི། །ཅི་ནུས་སྤྲོ་དང་རླབས་ཆེན་སེམས་ཀྱིས་བཏང། མདོ་དེ་ལས་བྱང་ཆུབ་ [243A]༄༅། །སེམས་དཔའ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་རྟག་པར་རྒྱུན་ཏུ་ཡོངས་སུ་རྫོགས་པར་བྱའོ། །སྦྱིན་པ་ཅི་ལྟར་རྫོགས་པར་བྱེད་ཅེ་ན། ཆོས་ཀྱི་ལོངས་སྤྱོད་ཚོལ་བར་བྱེད་ཀྱི་ཆོས་མ་ཡིན་པས་མ་ཡིན་ནོ། །བཙལ་ ནས་ཀྱང་སེམས་ཅན་གཞན་ལ་གནོད་ཅིང་ཉམ་ང་བར་མི་བྱེད་པར་སྦྱིན། གྲགས་པ་དང་འཇིགས་པ་དང་ལན་དང་མཐོ་རིས་ཀྱི་ཕྱིར་མ་ཡིན། ཚུལ་འཆོས་པའམ་བརྙས་པས་སྦྱིན་པ་མ་ཡིན་གྱི། སྦྱིན་གནས་མི་གདམ་པར་ཐམས་ཅད་ལ་བཀུར་སྟི་དང་བཅས་པར་སྦྱིན་ དགའ་བ་དང་འདུན་པ་དང་དད་པ་དྲག་པོས་མང་ཉུང་ལ་སོགས་པ་ཅི་འབྱོར་པ་སྦྱིན། མང་བ་དང་བཟང་བ་དག་རླབས་པོ་ཆེའི་སེམས་ཀྱིས་སྦྱིན་པ་ལྟར་ཀ་ཀ་ནི་ཙམ་ཡང་དེ་ལྟ་བུའི་སེམས་ཀྱིས་སྦྱིན་པའོ། ༈ །ཆེད་དུ་བྱ་བའི་ཁྱད་པར་གཉིས་ལས་དངོས་པོ་དང་འབྲེལ་པ་ནི། དེ་ ཡང་ཟས་སྐོམ་གོས་སོགས་གང་འདོད་པ། །སྦྱིན་དང་ཡེ་ཤེས་སྟོབས་ཀྱིས་ཉེར་བརྟན་དང། །ཉོན་མོངས་གདུང་བསལ་ངོ་ཚ་ཁྲེལ་ཡོད་གོས། །ཐོབ་སོགས་རྗེས་མཐུན་འབྲས་བུའི་ཆེད་དུའོ། །དེ་ཟས་འདོད་པ་ལ་ཟས་སྦྱིན་ཏེ་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཀྱི་སྟོབས་ཀྱིས་ཉེ་བར་བརྟན་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་སྐོམ་ནི་ཉོན་མོངས་པའི་གདུང་བ་ཐམས་ཅད་བསལ་བའི་དང། གོས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་གོས་ཐོབ་པ་དང། བཞོན་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་བླ་ན་མེད་པ་དང། སྤོས་ནི་ ཚུལ་ཁྲིམས་ཀྱི་དྲི་བསུང་དང། མེ་ཏོག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དང། ཕྱེ་མ་ནི་ཉེས་པར་སྤྱོད་པའི་དྲི་ང་བ་གཞོམ་པ་དང། བྱུག་པ་ནི་ཚུལ་ཁྲིམས་དང་སྤྱོད་པའི་བྱུག་པ་དང། གདུགས་ནི་ཉོན་མོངས་པའི་གདུང་བ་ཞི་བ་དང། ལྷམ་ནི་མངོན་པར་ཤེས་པའི་བདེ་བ་དང། མལ་ ཆ་ནི་ལྷའི་གནས་ལ་སོགས་པ་གནས་པ་གསུམ་གྱིས་བདེ་བ་དང། སྟན་ནི་བྱང་ཆུབ་ཀྱི་སྙིང་པོར་སྒྲིབ་པ་ཐམས་ཅད་ཀྱིས་མི་ཕྱེད་པ་དཔའ་བོའི་སྟན་དང། གནས་ནི་མགོན་སྐྱབས་ཀྱི་ལུས་དང། རྫ་སྤྱད་ནི་ཆོས་ཀྱི་རྫིང་དང། དཀོན་མཆོག་གསུམ་ལ་དཀའ་ཐུབ་ཀྱི་ནགས་ [243B] མཆོད་རྟེན་ལ་རྒྱན་ནི་མཚན་དང་དཔེ་བྱད་དང། མུན་ཁྲོད་ཀྱི་མཆོད་རྟེན་ནམ་ལམ་དུ་མར་མེ་ནི་སངས་རྒྱས་ཀྱི་ལྷའི་སྤྱན་དང། དཀོན་མཆོག་གསུམ་ལ་རོལ་མོའི་སྒྲ་དབྱངས་ནི་སངས་རྒྱས་ཀྱི་ལྷའི་སྙན་དང། ལྷུང་བཟེད་ དང་ཆོས་གོས་ནི་ཆ་བྱད་དང། ཚུལ་ཁྲིམས་དང་སྤྱོད་པ་མཛེས་པ་དང། ཆུ་ཚགས་ནི་དབུགས་དབྱུང་བ་སྦྱིན་པ་དང། ཤོག་ཤོག་དང་སྣག་ཚ་ལ་སོགས་པ་ནི་ཤེས་རབ་ཀྱི་ཚོགས་བསྐང་བ་དང། སྨན་ནི་ཉོན་མོངས་པའི་ནད་གཞོམ་པ་དང། ས་ནི་བྱང་ཆུབ་གསུམ་དང་བདུད་རྩི་ དབྱིངས་ཀྱི་ས་དང། མཆོད་རྟེན་དང་སྐུ་གཟུགས་མཐོན་པོ་བྱེད་པ་ནི་རང་བྱུང་གི་ཆོས་མཐོན་པོ་ཐོབ་པར་བྱ་བའི་ཕྱིར་རོ། ༈ །སྦྱོར་བ་དང་འབྲེལ་བ་ནི། མྱུར་ཞིང་ཉོན་མོངས་མེད་པའི་སྦྱོར་སོགས་ནི། །མངོན་ཤེས་མྱུར་བ་ཐོབ་སོགས་དོན་དུའོ། །ཡང་མྱུར་ཞིང། ཉོན་མ་མོངས་པར་སྦྱིན་པ་ནི་ སེམས་ཅན་ཐམས་ཅད་ཀྱིས་མངོན་པར་ཤེས་པ་མྱུར་བ་ཐོབ་པར་བྱ་བའི་ཕྱིར་རོ། །རུང་བ་ནི་བར་ཆད་མེད་པར་བྱང་ཆུབ་ཐོབ་པ་དང། མཆད་པ་ནི་སྤོབས་པ་མི་ཆོད་པ་དང། མཉམ་པ་ནི་སྙིང་རྗེ་མཚུངས་པ་མེད་པ་དང། གཞན་ལ་མི་གནོད་པར་སྦྱིན་པ་ནི་སེམས་ཅན་ཐམས་ཅད་ ཀྱིས་བདུད་དང་མུ་སྟེགས་ལ་སོགས་པས་གནོད་པར་མི་ནུས་པའི་ཆོས་མངོན་པར་བྱང་ཆུབ་པར་བྱ་བའི་ཕྱིར་རོ། ༈ །མངོན་པར་དགའ་བའི་ཁྱད་པར་ནི། དངོས་སུ་འབྱོར་བ་མེད་ཀྱང་ཡིད་ཀྱིས་ནི། །འཇིག་རྟེན་ཀུན་ཏུ་འགྲོ་རྣམས་བདག་ཉིད་ཀྱིས། །བདེ་བར་སྦྱར་བ་རྒྱ་ཆེན་ཐམས་ཅད་ཀྱིས་ རབ་ཏུ་ཚིམ་བྱ་མངོན་པར་དགའ་ཞིང་སྤྲོ། །འདི་ལྟ་བུ་སྦྱིན་དུ་མེད་ན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་སྦྱིན་པ་མཐའ་ཡས་པ་འདི་དག་སྦྱིན་པར་ཡིད་ཀྱིས་སྨོན་པར་བྱེད་དེ། འདི་དག་སྦྱིན་པར་ནུས་ཀྱང་རུང། མི་ནུས་ཀྱང་རུང། འཇིག་རྟེན་ཐམས་ཅད་ སེམས་ཅན་ཐམས་ཅད་བདག་གི་བདེ་བར་སྦྱར་བ་དང་ལྡན་ཞིང། འབད་མི་དགོས་པར་བརྣག་པ་ཐམས་ཅད་ཀྱི་ཐམས་ཅད་རྫོགས་ནས་བདེ་བ་ལ་རེག་པར་འགྱུར་བར་བདག་གི་དེ་བཟང་པོར་གྱུར་ཅིག་དགེ་བར་གྱུར་ཅིག་ཅེས་སོ། །ཡང་ཞིང་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ [244A]༄༅། །རིན་པོ་ཆེའི་རྒྱ་མཚོ་དང་དབྱིག་དང་གོས་ལ་སོགས་པའི་རིགས་དང་གནས་ལེགས་པར་བྱས་པ་མཐའ་ཡས་པའང་སྦྱིན་པར་སྨོན་ཏོ། ༈ །རྗེས་སུ་ཡི་རང་བའི་ཁྱད་པར་ནི། འགྲོ་བ་ཀུན་གྱི་སྦྱིན་པ་མ་ལུས་ལ། །དུས་གསུམ་དག་ཏུའང་དགའ་བས་རྗེས་ ཡི་རང། །སེམས་ཅན་ཐམས་ཅད་ཀྱི་གཏོང་བ་དང་རྣམ་པར་གཏོང་བ་ཟང་ཟིང་དང་ཆོས་དང་མི་འཇིགས་པ་སྦྱིན་པ་ཐམས་ཅད་ལ་ཐ་ན་དུས་གསུམ་དུའང་དགའ་ཞིང་རྗེས་སུ་ཡི་རང་ངོ། ༈ །འཇུག་པའི་ཁྱད་པར་ནི་ཐ་ན་བཙལ་གྲོགས་ཙམ་མམ་ཆུ་ཙམ་མམ། སྔོ་རྔད་ཙམ་མམ་ ཟན་སྐལ་ཙམ་ནས་བསླབ། །སློང་བ་དག་ལ་ནོར་སྦྱིན་དུ་མེད་ན་ཡང་ཟན་སྐལ་ཙམ་མམ་གྲོགས་བྱ་བའམ་བཙལ་བའི་ཐབས་ཙམ་ཡང་བསྟན་ཏོ། །ཆོས་ཀྱི་གཏམ་གྱིས་ཀྱང་དེའི་འདོད་པ་བསལ་ལོ། ༈ །བསྔོ་བ་ལ་སོགས་པའི་ཁྱད་པར་ནི། སྦྱིན་པ་ཀུན་གྱི་ཐོག་མཐའ་བར་དུ་ཡང། ། འགྲོ་ཀུན་བསྐྱབ་ཕྱིར་ཀུན་མཁྱེན་རྒྱ་མཚོར་བསྔོ། །གལ་ཏེ་འདི་ལྟར་འཇུག་པར་མ་ནུས་ནའང། །དུས་དང་དུས་སུ་ཅུང་ཟད་ཅི་ནུས་སུ། །ཀུན་འཛིན་དོར་ཞིང་གཏོང་བའི་བློ་སྦྱང་སྟེ། །སྐྱེ་བ་གཞན་དུའང་བདེ་བླག་འཇུག་པར་བསླབ། །བྱང་ཆུབ་སེམས་བསྐྱེད་སྨོན་ལམ་མང་འདེབས་པ། །འཇིག་ རྟེན་ཀུན་ཏུ་ཆོས་སྦྱིན་ཆར་གྱིས་ནི། །འགྲོ་བ་ཚིམ་བྱར་འདོད་ཕྱིར་སྦྱིན་རྣམས་ལས། །མཆོག་ཏུ་གྱུར་པར་འདྲེན་པ་རྣམས་ཀྱིས་བསྔགས། །སྦྱིན་པ་དེའང་དང་པོ་དང་ཐ་མར་ཡང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་དགྲོལ་བ་དང་དབུགས་དབྱུང་བ་དང་མྱ་ངན་ལས་བཟླ་བ་ དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །གཏོང་བ་དེ་ལྟ་བུ་ལ་སློབ་པའི་ནུས་པ་མེད་ན་ཡང་དུས་དུས་སུའམ་ཅུང་ཟད་དུའང་ཆགས་པ་དང་སེར་སྣ་དོར་བ་ དང། གཏོང་བ་དང་སྦྱིན་པ་བསྒྲུབ་པར་རྩོལ་ལོ་འབད་དོ། །སྲིད་པ་གཞན་དུའང་ཞུམ་པ་དང་སྒྱིད་ལུག་པ་མེད་པར་འགྱུར་བར་བསླབ་བོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་རྗེས་སུ་དྲན་པ་དང་བསྒོམ་པ་དང་བྱང་ཆུབ་ཏུ་སྨོན་པ་དང་སྨོན་ལམ་འདེབས་པ་ཉིད་ནི་སྦྱིན་པ་ཆེན་པོ་གྲངས་ [244B] འཇིག་རྟེན་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ཆར་སྦྱིན་པར་འདོད་པ་ནི་སྦྱིན་པའི་མཆོག་ཡིན་པའི་ཕྱིར་རོ། །དེ་ལྟར་བདེ་བ་དང་ཡིད་བདེ་བ་དང་ཚེགས་ཆུང་ངུ་དང་སྡུག་བསྔལ་ཆུང་ངུས་མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། བསྔོ་བ་ལ་སོགས་པ་འདི་དག་ནི་འོག་མ་ལྔ་ལ་ཡང་ཅི་རིགས་སུ་སྦྱར་རོ། ༈ །དགག་པའི་ཁྱད་པར་ནི། རྒྱལ་བའི་སྲས་ཀྱིས་བསམ་པ་མ་སྨིན་པར། །ཡན་ལག་གཅོད་དང་ཕ་མ་འཁོར་སོགས་ལ། །གནོད་པའི་དངོས་པོ་བཏང་བར་མི་བྱ་སྟེ། །ཀུན་ལ་བརྩེ་བར་མཚུངས་པར་འཇུག་ ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་སློང་བ་ལ་ལུས་བཅད་ནས་མི་སྦྱིན་ཏེ། དེ་དག་ཉིད་ཀྱིས་སེམས་ཅན་དམྱལ་བའི་རྒྱུ་སྡིག་པ་ཆེན་པོ་སྤོང་བས་སོ། །གཞན་ལ་ཕན་ན་ནི་མི་གཏོང་བའང་མ་ཡིན་ནོ། །ཡང་བདོག་པ་ཐམས་ཅད་བསླངས་པ་ན་རང་གི་ཕའམ་བུ་ལ་སོགས་པ་ལ་གནོད་པ་ བྱས་ནས་མི་སྦྱིན་ཏེ། སེམས་ཅན་ཐམས་ཅད་ལ་མཚུངས་པར་བརྩེ་བས་དེ་དག་ལ་མི་གནོད་ཅིང་མི་སྤོང་བར་སྦྱིན་ནོ། །དེས་གཞན་གྱི་དོན་དུ་ཐམས་ཅད་མི་གཏོང་བར་ཡང་མི་འགྱུར་རོ། །སེམས་ཅན་ལ་གནོད་པའི་སྦྱིན་པ་སྨད་པ་ཉིད་ཀྱིས་ཡན་ལག་བཅད་ནས་སྦྱིན་པ་ག་ལ་ རིགས་ཞེས་གསུངས་ཏེ། དགོངས་པ་ནི་བསྟན་བཅོས་ལས། སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་བཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དུ་ཡང། །དོན་ཆེན་བསྒྲུབ་པའི་རྒྱུར་བཏང་ངོ་ཞེས་གསུངས་པའོ། ༈ །དེའི་ཞར་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་འབྱུང་བ་སྦྱིན་པའི་ དངོས་པོ་དང་བསམ་པའི་ཁྱད་པར་ནི། གཞན་ཡང་ཚེ་དང་ཁ་དོག་སྟོབས་དང་བདེ། །སྤོབས་པ་ལྔ་བསྒྲུབ་ཆེད་དུ་ཟས་སྦྱིན་ཞིང། །ཉོན་མོངས་སྲེད་བསལ་སྐོམ་དང་བདེ་བ་དང། །རྫུ་འཕྲུལ་དོན་དུ་བཞོན་པ་སྦྱིན་ལ་སོགས། །རྗེས་མཐུན་འབྲས་བུ་དོན་གཉེར་དེ་དག་ལ། །སྨོན་པའི་བསམ་ པས་ཅི་ནུས་སྦྱིན་པར་བསླབ། །མདོ་སྡེ་དེ་ལས་དེས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་སྟེ། སྦྱིན་པ་ལ་ཇི་ལྟར་བསླབ་ཅེ་ན། ཟས་སྦྱིན་པ་ནི་ཚེ་དང་ཁ་དོག་དང་སྟོབས་དང་བདེ་བ་དང་སྤོབས་པ་ལྔ་འགྲུབ་པས་ཟས་སྦྱིན་པར་བྱའོ་ཞེས་བསམས་ནས་སོ། །སྐོམ་བྱིན་པས་ནི་ཉོན་མོངས་ [245A]༄༅། །པའི་སྐོམ་པ་སེལ་བས་དེ་སྦྱིན་པར་བྱ་སྟེ། སངས་རྒྱས་ཀྱིས་བསྔགས་པའི་སྨོན་ལམ་བདག་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྲེད་པའི་རྒྱ་མཚོ་སྐེམས་པར་གྱུར་ཅིག་རྣམ་པར་གྲོལ་བའི་རོའི་སྐོམ་གྱིས་ཚིམ་པར་གྱུར་ཅིག་ཅེས་འདེབས་སོ། ། བཞོན་པ་བྱིན་པས་ནི་བདེ་བ་དང་རྫུ་འཕྲུལ་གྱིས་གཞི་སྡུད་པར་རོ། །གོས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ཁ་དོག་ཡོངས་སུ་དག་པར་རོ། །རྒྱན་ནི་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པར་རོ། །མར་མེ་ནི་ལྷའི་མིག་རྣམ་པར་དག་པར་རོ། །རོལ་མོའི་སྒྲ་ནི་ལྷའི་རྣ་བ་ཡོངས་སུ་ རྫོགས་པར་རོ། །སྤོས་དང་ཕྱེ་མ་དང་བྱུག་པ་ནི་ཚུལ་ཁྲིམས་དང་ཐོས་པ་དང་ཏིང་ངེ་འཛིན་གྱི་སྤོས་དང་བྱུག་པ་ཐོབ་པར་རོ། །མེ་ཏོག་ནི་གཟུངས་དང་སྤོབས་པ་དང། བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེས་བརྒྱན་པར་རོ། །སྦྱང་རྩི་དང་བུ་རམ་ལ་སོགས་པ་རོ་བྱ་བ་ནི་མཚན་ རོ་བྲོ་བའི་མཆོག་མཁྱེན་པར་རོ། །གནས་ནི་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་རྟེན་བྱེད་པར་རོ། །མལ་དང་སྔས་ནི་སྒྲིབ་པ་སྤོང་བར་བྱེད་པ་འཕགས་པ་དང་ལྷ་དང་ཚངས་པའི་གནས་པ་དེ་བཞིན་གཤེགས་པའི་གཟིམས་མལ་དང་ཕངས་པ་ཐོབ་པར་རོ། །སྟན་ ནི་སྟོང་གསུམ་གྱི་གཞི་ལ་རྡོ་རྗེའི་གདན་ཐོབ་པར་རོ། །ཡོ་བྱད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཡོ་བྱད་རྫོགས་པར་རོ། །སྨན་ནི་རྒ་ཤི་མེད་པར་བདུད་རྩིའི་བདེ་བ་རྫོགས་པར་རོ། །བྲན་པོ་མོ་ལ་སོགས་པ་ནི་རང་དགའ་དང་རང་དབང་དང་རང་བྱུང་གི་ཡེ་ཤེས་ཡོངས་སུ་རྫོགས་པར་རོ། ། གསེར་དང་དངུལ་ལ་སོགས་པའི་རིན་པོ་ཆེ་རྣམས་ནི་སངས་རྒྱས་ཀྱི་ཞིང་བྱེ་བ་མཐའ་ཡས་པར་འོད་ཟེར་ཁ་དོག་སྣ་ཚོགས་པ་འགྱེད་པར་རོ། །རྟ་དང་གླང་པོ་དང་ཤིང་རྟ་ནི་ཐེག་པ་ཆེན་པོ་ཐེག་པ་མཆོག་གཙོ་བོས་སྡུད་པར་རོ། །སྐྱེད་མོས་ཚལ་དང་དཀའ་ཐུབ་ཀྱི་ནགས་ཚལ་ དང་གཙུག་ལག་ཁང་རྣམས་ནི་བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པར་རོ། །བུ་དང་ཆུང་མ་ནི་རྫོགས་པའི་བྱང་ཆུབ་ཡིད་དུ་འོང་བ་མངོན་པར་འཚང་རྒྱ་བར་རོ། །ནོར་དང་འབྲུ་དང་བང་མཛོད་ནི་དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་རྫོགས་པར་རོ། །གླིང་བཞི་དང་རྒྱལ་སྲིད་ [245B] །གཙུག་གི་ནོར་བུ་དང་ཅོད་པཎ་ནི་སྤྱི་གཙུག་བལྟར་མི་མཐོང་བར་རོ། །རྐང་པ་ནི་ཆོས་ཀྱི་རྐང་པས་བྱང་ཆུབ་ཏུ་འགྲོ་བར་རོ། །ལག་མཐིལ་ནི་ཆོས་ཀྱི་ལག་པ་སྦྱིན་པར་རོ། །རྣ་བ་དང་སྣ་ནི་དབང་པོ་ཚང་ཞིང་རྫོགས་པར་རོ། །མིག་ནི་ ཆོས་ཀྱི་མིག་སྒྲིབ་པ་མེད་པ་ཡོངས་སུ་དག་པར་རོ། །མགོ་ནི་ཁམས་གསུམ་ཐམས་ཅད་ལས་འཕགས་པ་ཐམས་ཅད་མཁྱེན་པ་ཐོབ་པར་རོ། །ལྤགས་ཤུན་ནི་ལྤགས་པ་འཇམ་ལ་སྲབ་པ་གསེར་གྱི་མདོག་ཏུའོ། །ཤ་དང་ཁྲག་ནི་སྙིང་པོ་མེད་པ་ལ་སྙིང་པོ་བླང་བར་རོ། །གཞན་ཡང་ ཁ་དོག་བཟང་པོ་བྱིན་པས་མདོག་དང་ལྡན་པར་འགྱུར་བས་དེ་སྦྱིན་གོར་མ་ཆག་སྙམ་པས་སྦྱིན་ནོ། །དེ་བཞིན་དུ་དྲིས་གྲགས་པ་འཕེལ་བ་དང། རོ་བྲོ་བས་ཡོ་བྱད་གྱ་ནོམ་པ་རྣམས་དང། རེག་གིས་རྐང་ལག་འཇམ་ཞིང་གཞོན་ཤ་ཅན་དང། དུས་སུ་བྱིན་པས་ནོར་དུས་སུ་འགྲུབ་པ་ དང། ཡིད་དུ་འོང་བས་ལོངས་སྤྱོད་ཡིད་དུ་འོང་བ་དང། མི་གནོད་པས་ལོངས་སྤྱོད་བརྟན་པ་དང། དཀའ་བའང་བྱིན་པས་འཁོར་སྙིང་ཉེ་བ་དང། ཟས་ཀྱི་སྟོབས་དང། སྐོམ་གྱིས་སྐོམ་པ་མེད་པ་དང། གོས་ཀྱིས་མདོག་བཟང་བ་དང། མར་མེས་མིག་དང། རོལ་མོས་རྣ་བ་གསང་བ་དང། བཞོན་ པས་བདེ་བ་དང། སྨན་གྱིས་ནད་ཉུང་བ་དང། མེ་ཏོག་གིས་མཆོད་པ་ཐོབ་པ་དང། ཕྲེང་བས་རིམ་གྲོ་དང། བསྟོད་པས་ཚངས་པའི་དབྱངས་དང། སྟན་གྱིས་བླ་མའི་གནས་དང། རྟ་ལ་སོགས་པས་རྫུ་འཕྲུལ་དང། བྱུག་པས་རྨ་མེད་པ་དང། ཕྱག་དར་གྱིས་སྒྲིབ་པའི་རྡུལ་དང་བྲལ་བ་དང་ དྲིལ་བུས་ཚེ་རབས་དྲན་པ་དང། གནས་ཀྱིས་ཐམས་ཅད་དང། ཆོས་བྱིན་པས་བདུད་རྩི་བྱིན་པར་འགྱུར་བས་དེ་སྦྱིན་གོར་མ་ཆག་སྙམ་པས་སོ། ༈ །སྦྱོར་བ་དང་བསྔོ་བའི་ཁྱད་པར་ནི། འདུན་པས་ངོར་བལྟ་སྡང་བད་འཇིགས་བཞིན་དུ། །སྦྱིན་སོགས་སྤངས་ཏེ་ཞིང་ལ་གུས་པ་ དང། །བཀུར་སྟིས་ཟིན་སོགས་ལྷུག་པར་བཏང་བྱ་སྟེ། །རང་དོན་ཐག་བསྲིངས་འགྲོ་ཀུན་བསྒྲལ་ཕྱིར་བསྔོ། །དེའང་ཆགས་པས་མི་སྦྱིན། སྡང་བ་དང་རྨོངས་པ་དང་ཚིག་པ་ཟ་བ་དང། བརྙས་བཞིན་དུ་དང། བརྡེག་ཅིང་དང། ཚར་བཅད་པ་དང། ཁྱད་དུ་གསོད་པ་དང། སྨད་པ་དང་ང་རྒྱལ་ [246A]༄༅། །དང་འགྱིད་བ་དང་ལག་མ་དར་བ་དང་མ་གུས་པ་དང་ལྷག་མ་དང་རུལ་མྱགས་པ་སྦྱིན་པར་མི་བྱེད་ཀྱི། གུས་པར་བྱས་ཏེ་སྦྱིན། དེ་བཞིན་དུ་བླ་མ་དང་རིམ་གྲོ་དང་མཆོད་པ་དང་མང་དུ་དང་བཟང་པོ་དང་དགའ་བས་དང་མགུ་བས་དང་ལག་ནས་དང་ གུས་པ་དང་ཞེ་ས་དང་གཙང་བར་དང་རྒྱ་ཆེ་བར་དང། བསམ་པ་དད་ཅིང་དགེ་བས་དང། སེར་སྣ་དང་བརྐམ་པ་དང་ཞུམ་པ་དང། འཇིགས་པ་མེད་པར་དང། ཞིང་མི་འདམ་པར་དང་རྒྱ་ཆེ་ཞིང་ཡངས་པས་སྦྱིན་ནོ། །དེའང་སྲིད་པའི་བདེ་བར་མི་བསྔོའི། རྫོགས་པའི་བྱང་ཆུབ་ཏུ་ བསྔོའོ། །སེམས་ཅན་མ་བརྒལ་བ་བསྒྲལ་བ་ལ་སོགས་པ་དང། འཇིག་རྟེན་ལོང་བ་འདྲེན་པ་མེད་པ་རྣམས་ཀྱི་འདྲེན་པར་བསྔོའོ་ཞེས་སོ། ༈ །ལག་བཟངས་ཀྱིས་ཞུས་པ་ཉིད་ལས་ཚུལ་ཁྲིམས་ཀྱི་རང་བཞིན་གྱི་ཁྱད་པར་ནི། བསླབ་གཞི་བཟུང་ནས་སྲོག་གཅོད་ལ་སོགས་ལ། ། རང་གཞན་སྦྱོར་དང་རྗེས་སུ་ཡི་རང་བའང། །སྤོང་ལ་ཡུན་རིང་བརྟན་པོར་མི་ལྷོད་བསྒྲུབ། །ཞིང་རྨེད་སོགས་དང་ཕྲ་མ་སོགས་ཀྱང་ངོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་སྲོག་གི་ཕྱིར་ཡང་བརྡེག་པའམ་གསོད་པ་ནས་ཆང་འཐུང་བའི་བར་ལྔ་མི་བྱེད་ཅིང་བྱེད་དུ་མི་འཇུག་ལ་ རྗེས་སུ་ཡི་རང་བར་ཡང་མི་བྱེད་དེ། ལྔ་པོ་འདི་ལ་རིང་དུ་དང་བརྟན་པོར་དང་མི་ལྷོད་པར་བསྒྲུབ་ཅིང་གནས་སོ། །དེ་བཞིན་དུ་ཞིང་རྨེད་པ་དང་འཆིང་བ་དང་གོ་རར་འཇུག་པ་དང་བརྡེག་པ་དང་གཅོད་པའང་སྤང་ངོ། །ཕྲ་མ་ལ་སོགས་པ་གསུམ་པོའང་སྤོང་ངོ། །སེམས་ཅན་ཐམས་ ཅད་འྑུའམ་བརྡེག་གམ་གསོད་པར་བྱེད་ཀྱང། ཕ་མའམ་བུ་གཅིག་པ་ལྟར་ལྟ་བས་སླར་འཁུ་བ་ལ་སོགས་པ་མི་བྱེད་དོ། །བུ་གཅིག་པ་ཕངས་པ་ཡུན་རིང་དུ་འཁྱམས་པ་སླར་བྱུང་ན་རབ་ཏུ་དགའ་བ་ལྟར་སེམས་ཅན་ཐམས་ཅད་ཀྱང་ངོ། ༈ །ཆེད་དུ་བྱ་བའི་ཁྱད་པར་ལས་ ཚུལ་ཁྲིམས་དངོས་ཀྱི་ནི། ཚུལ་ཁྲིམས་ལྔ་པོ་འགྲོ་ཀུན་མི་སློབ་པའི། །ཚུལ་ཁྲིམས་ཕུང་པོ་ལྔ་ལ་འགོད་ཕྱིར་ཏེ། །བརྡེག་སོགས་སྤོང་ །མི་བརྫི་ལ་སོགས་རྗེས་མཐུན་འབྲས་དོན་དུའོ། །དེ་ལ་ཚུལ་ཁྲིམས་ལྔ་པོ་ནི་སེམས་ཅན་ཐམས་ཅད་མི་ [246B] །དེ་བཞིན་དུ་ཞིང་རྨེད་པ་སྤོང་བའི་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིའོ། །འཆིང་བའི་ནི་ཉོན་མོངས་པའི་ །གོ་རར་འཇུག་པའི་ནི་འགྲོ་བ་ལྔ་དགག་པར་རོ། །བརྡེག་པའི་ནི་བདུད་དང་སྒྲིབ་པས་མི་བརྫི་བར་རོ། །གཅོད་ པའི་ནི་ལུས་དང་ངག་དང་ཡིད་ཀྱི་ལས་བསྲུངས་པར་རོ། །ཕྲ་མའི་ནི་ཉན་ཐོས་ཀྱི་འཁོར་མ་ཕྱེད་པར་རོ། །ཚིག་ཀྱལ་པའི་ནི་ཚིག་བཟུང་བར་འོས་པར་རོ། །ཚིག་རྩུབ་ཀྱི་ནི་ཚངས་པའི་དབྱངས་ཡན་ལག་ལྔ་དང་ལྡན་པར་རོ། །སྲོག་སྐྱོབ་པའི་ནི་སྐྱེ་བ་དང་རྒ་བ་དང་ན་བ་ལ་སོགས་ པ་ཞི་བར་རོ། །ཡོ་བྱད་འཇིག་པ་སྐྱོབ་པའི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ནོར་ཐོབ་པར་རོ། །བུད་མེད་འཕྲོག་པ་སྐྱོབ་པའི་ནི་འཁྲུལ་པ་མེད་པའི་ཆོས་ཉིད་ཐོབ་པར་རོ། །གོ་ར་ལས་འདོན་པའི་ནི་སེམས་ལ་རང་དབང་ཐོབ་པར་རོ། །འཆིང་བ་འགྲོལ་བའི་ནི་དཔའ་བོའི་སྟན་བྱང་ཆུབ་ཀྱི་སྙིང་པོར་ བདུད་དང་ཉོན་མོངས་པ་གཞིག་པར་རོ། །ཁྱིམ་ནས་འབྱུང་བའི་ནི་སེམས་རྣམ་པར་གྲོལ་བར་རོ། །ཡང་བརྡེག་པ་ལ་སོགས་པ་བཟློག་པས་མི་འཇིགས་པ་བཞི་དང། གཅོད་པ་བཟློག་པས་བསྲུང་བ་བཞི་དང། མི་བསླུ་བ་སྨྲ་བས་བྱང་ཆུབ་ཀྱི་སྙིང་པོར་བདུད་དང་སྒྲིབ་པས་མི་བསླུ་བ་ དང། དབྱེ་བ་བསྡུམས་པས་འཁོར་མི་ཕྱེད་པ་དང། སྙན་ཅིང་འཇམ་པ་སྨྲ་བས་གཞན་གྱི་ཡིད་དུ་འོང་བའི་ངག་དང། མཐུན་པ་སྨྲ་བས་ཚར་མི་གཅོད་ཅིང་བཟུང་བར་འོས་ལ་དོན་ཡོད་པའི་ཆོས་སྟོན་པ་དང། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་ཚུལ་ཁྲིམས་ཀྱིས་འཕགས་པའི་དགེ་ འདུན་གྱི་འཁོར་ཐོབ་པར་བྱ་བའི་ཕྱིར་རོ། ༈ །ཚུལ་ཁྲིམས་ཀྱི་ཡན་ལག་ངེས་པར་བྱ་བའི་ནི། ཕྱོགས་བཅུའི་དུས་གསུམ་སངས་རྒྱས་ལ་སོགས་ལ། །ཉིན་རེར་ཕྱག་དང་མཆོད་སོགས་ངེས་བྱ་བའི། །ཡན་ལག་རྣམས་དང་རབ་ལྡན་ཚུལ་ཁྲིམས་ནི། །སངས་རྒྱས་ཉིད་ཀྱི་ཕུན་ཚོགས་ཀུན་ བསྒྲུབ་ཕྱིར། །ཡང་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་དུས་གསུམ་དུ་ཡན་ལག་ལྔས་ཕྱག་བྱེད་པའི་ཚུལ་ཁྲིམས་ནི་དཔའ་བོའི་བརྟན་བྱང་ཆུབ་ཀྱི་སྙིང་པོར་མི་ཕྱེད་ཅིང་བརྟན་པའི་དད་པ་ལ་སོགས་པ་མཆོག་གི་ཆོས་ལྔ་ཐོབ་པར་རོ། །དུས་ [247A]༄༅། །གསུམ་དུ་མཆོད་རྟེན་ལ་རིམ་གྲོ་བྱེད་པའི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐང་བ་དང། དུས་གསུམ་དུ་ཆོས་ཀྱི་ཡོན་ཏན་བརྗོད་པའི་ནི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བ་དང། དུས་གསུམ་དུ་དགེ་འདུན་གྱི་ཡོན་ཏན་བརྗོད་པས་དགེ་འདུན་གྱི་ འཁོར་དང། དུས་གསུམ་དུ་སྐྱབས་སུ་འགྲོ་བས་སེམས་ཅན་ཐམས་ཅད་ལ་སྐྱབས་སྦྱིན་པ་དང། དུས་གསུམ་དུ་འཇིག་རྟེན་ཐམས་ཅད་དཀོན་མཆོག་གསུམ་གྱིས་མི་སྟོངས་པར་གསོལ་བ་འདེབས་པས་གཅིག་ཏུ་ངེས་པར་བདེ་བའི་བྱང་ཆུབ་དང། སངས་རྒྱས་ཐམས་ཅད་ ལ་ཆོས་སྟོན་པར་གསོལ་བ་འདེབས་པས་ས་བཅུ་པ་ཆོས་ཀྱི་སྤྲིན་དང། དུས་གསུམ་དུ་སྡིག་པ་བཤགས་པས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་གཞོམས་པ་དང། དུས་གསུམ་དུ་དགེ་བའི་རྩ་བ་ཐམས་ཅད་འཛིན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྐང་བ་དང་ དུས་གསུམ་དུ་སངས་རྒྱས་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བས་བྱང་ཆུབ་ཀྱི་ཚོགས་མཐའ་ཡས་པ་རྫོགས་པ་དང། དུས་གསུམ་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པས་བྱང་ཆུབ་ཆེན་པོ་ལ་ངེས་པར་འཇུག་པ་དང། དུས་གསུམ་དུ་དགེ་བའི་རྩ་བ་རྫོགས་ པའི་བྱང་ཆུབ་ཏུ་བསྔོ་བའི་ཚུལ་ཁྲིམས་ནི་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་ཐོབ་པར་བྱ་བའི་ཕྱིར་རོ། ༈ །གཙོ་བོར་བྱ་བའི་ཡན་ལག་གི་ཆེད་དུ་བྱ་བ་ནི། ཕ་མ་བསྙེན་བཀུར་འཇིགས་སྐྲག་རྣམས་སྐྱོབ་ཅིང། །བློ་ཆེན་རྣམས་ཀྱིས་རྣམ་འཕྲུལ་བསྔགས་བརྗོད་སོགས། །གཙོ་བོར་ བྱ་རྣམས་ཟིལ་གྱིས་མི་ནོན་པའི། །ཆོས་ཉིད་ཐོབ་སོགས་ཆེད་དུ་རབ་བསྒྲིམས་བསྒྲུབ། །ཡང་ཕ་མ་དང་བླ་མ་ལ་སོགས་པ་ལ་བསྙེན་བཀུར་བྱེད་པའི་ཚུལ་ཁྲིམས་ནི་ཟིལ་གྱིས་མི་ནོན་པའི་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་འཇིགས་པ་ལ་སོགས་པ་མགོན་མེད་པ་དབུགས་ འབྱིན་པས་དྲིས་པ་ཐམས་ཅད་ལ་ལན་འདེབས་པར་མཁས་པ་དང། རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་འཇིགས་པ་ལ་སོགས་པ་སྐྱོབ་པས་གནས་པ་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཡོངས་སུ་བསྐང་བ་དང། སངས་རྒྱས་ལ་སོགས་པའི་ཆོ་འཕྲུལ་བསྔགས་པས་སངས་ [247B] ཕ་རོལ་གྱི་སེམས་སྲུང་ཞིང་དགའ་བར་བྱེད་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་སངས་རྒྱས་ཀྱིས་གཞན་གྱི་སེམས་མཁྱེན་པ་དང། ཚེ་འདི་དང་གཞན་གྱི་དོན་དང་ཐེག་པ་གསུམ་གྱི་དོན་ལ་བག་མེད་པ་དང། བརྗེད་པ་རྣམས་ཀྱི་དྲན་པ་ བསྐྱེད་པས་བརྗེད་པ་མེད་པའི་ཆོས་ཉིད་དང། ཆོས་ཉན་པ་དང་འཛིན་པ་དང་གོམས་པར་བྱེད་པ་དང་སྟོན་པར་བྱེད་པའི་ཚུལ་ཁྲིམས་ནི་སོ་སོ་ཡང་དག་པར་རིག་པ་དང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་ཐོབ་པར་བྱ་བའི་ཕྱིར་རོ། ༈ །བསྔོ་བ་ལ་སོགས་པའི་ཁྱད་པར་ནི། སེམས་ཅན་ བསྒྲལ་ཕྱིར་བསྔོ་སོགས་སྔར་བཞིན་ཏེ། །ཅུང་ཟད་ནས་བསླབ་ཀུན་མཁྱེན་སེམས་བསྐྱེད་མཆོག་བསྔོ་བ་ལ་སོགས་པ་ནི་སྦྱིན་པ་བཞིན་དུ་ཅི་རིགས་སུ་སྦྱར་ཏེ། མ་ཞིག་པ་དང་མ་རལ་བ་ལ་སོགས་པ་བསྲུང་བར་མ་ནུས་ན་ཡང་ཅུང་ཟད་ཅུང་ཟད་ནས་མི་དགེ་བ་སྤང་བ་དང་དགེ་བ་བསྒྲུབ་ པ་ལ་འབད་པར་བྱའོ། །བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་སེམས་ཅན་ལ་ཟག་པ་མེད་པ་དང་མི་སློབ་པའི་ཚུལ་ཁྲིམས་བསྐྱེད་པར་འདོད་པས་མཆོག་ཉིད་དུ་བལྟའོ། ༈ །བཟོད་པ་ལ་རང་བཞིན་གྱིས་ཁྱད་པར་ནི། གཞན་གྱི་ལུས་ངག་ཡིད་ཀྱིས་གསོད་སོགས་ཀྱི། །གནོད་ཆེན་བྱེད་ལའང་ སྲན་ཐུབ་བཟོད་པར་བྱ། །བྱང་ཆུབ་སེམས་དཔའི་བཟོད་པ་ནི་གཞན་དག་གིས་རང་གསོད་དམ། བདོག་པ་དང་ཆུང་མ་འཕྲོག་གམ། བརྫུན་ལ་སོགས་པ་བཞི་པོ་སྨྲའམ། གཤེའམ་འཛིན་ཏམ་གཅོད་དམ་བརྡེག་པར་བྱེད་ཀྱང་སླར་གསོད་པ་ལ་སོགས་པའི་གནོད་པ་དེ་དག་མི་བྱེད་ ཅིང་ཤར་མི་གཉེར་བའོ། ༈ །དེ་ལ་བཟོད་པར་རིགས་པའི་འཐད་པས་དེ་བསྒྲུབ་པ་ལས། རང་གི་ལས་ཀྱི་ཉེས་པར་བརྟགས་པས་ནི། བདག་གིས་སྔོན་ཆད་གཞན་གྱི་སྲོག་བཅད་སོགས། །བྱས་པའི་ལས་སྨིན་གཞན་ལ་ཅི་ཕྱིར་ཁྲོ། །འདི་ལྟར་རང་གིས་སྔོན་གཞན་གསོད་པ་ལ་ སོགས་པའི་སྡིག་པའི་ལས་འདི་དག་བྱས་པའི་འབྲས་བུ་མྱོང་བ་ལ་གཞན་ལ་ཅིའི་ཕྱིར་ཁྲོ། ༈ འདི་ལ་སླར་ཡང་གསོད་སོགས་སྡིག་སྤྱད་ན། །དེ་ལས་རྣམ་སྨིན་བརྣག་དཀའ་སྟོང་འགྱུར་འཐོབ། །ཡང་དེ་དག་གི་ལན་གསོད་པ་ལ་སོགས་པ་ [248A]༄༅། །སོ་སོར་བྱས་ན་སྡིག་པའི་ལས་དེའི་འབྲས་བུ་སྟོང་འགྱུར་རམ་དེ་ལས་ལྷག་པར་མི་འདོད་པ་དང་མི་སྡུག་པ་དང་ཡིད་དུ་མི་འོང་བ་འབྱུང་བར་འགྱུར་རོ་སྙམ་པས་སོ། ༈ །གནོད་པའི་རྒྱུ་ལུས་བཟུང་བའི་ཉེས་པར་བརྟག་པས་ནི། སྡུག་བསྔལ་གཞིར་གྱུར་ལུས་ ངན་འདི་བཟུང་བས། །བརྡེག་སོགས་ཐོབ་ཕྱིར་གཞན་ལ་ཅི་སྟེ་ཁྲོ། །ཡང་རང་ལ་སྲོག་ཡོད་པས་དེ་གཅོད་པ་དང། ནོར་ལ་སོགས་པ་ཡོད་པས་དེ་འཕྲོག་པ་དང། རྣ་བ་ཡོད་པས་བརྫུན་ལ་སོགས་པ་ཐོས་པ་དང། ལུས་ཡོད་པས་བརྡེག་པ་ལ་སོགས་པ་ཐོབ་པས་ན་རང་གི་ སྡུག་བསྔལ་གྱི་གཞི་ཡོངས་སུ་བཟུང་ནས་གཞན་ལ་ཅི་ལྟར་ཁྲོ། ས་ལ་སོགས་པའི་མཚན་ཉིད་དང་ངོ་བོ་ཉིད་དང་ཆོས་ཉིད་སྲ་བ་ལ་སོགས་པ་ཡིན་པ་ལྟར། སྲོག་ཐམས་ཅད་ནི་ཟད་པར་འགྱུར་བ་དང། དབང་པོ་ཐམས་ཅད་ནི་ཟད་པར་འགྱུར་བ། དབང་པོ་ཐམས་ཅད་ནི་སྡུག་ བསྔལ་བ། ལུས་ཐམས་ཅད་ཀྱང་སྡུག་བསྔལ་གྱི་མཚན་ཉིད་དང་ངོ་བོ་ཉིད་དང་ཆོས་ཉིད་ཅན་ཡིན་ན་དེ་བཟུང་ནས་གཞན་ལ་ཅི་ལྟར་ཁྲོ་ཞིང་ཤར་གཉེར། ༈ གཞན་ཡང་ལུས་དང་གནོད་བྱེད་སོགས་ཀུན་ལ། །བདག་ མེད་ཕྱིར་ན་གང་ལ་ཆགས་ཤིང་ཁྲོ། །ཡང་རང་དང་གཞན་གྱི་མིག་ལ་སོགས་པ་ཐམས་ཅད་ནི་བདག་དང་བདག་གི་མེད་པ་ཡིན་ན་དེ་ལ་ཇི་ལྟར་དགའ་བ་དང་ཆགས་པའམ་ཁོང་ཁྲོ་བའམ་ཤར་གཉེར་བར་བྱེད། ༈ ནི༑ ད་ལྟའི་སྡུག་བསྔལ་ཆུང་ངུ་བཟོད་བྱས་པས། །ངན་འགྲོའི་གནོད་ཆེན་ལྡོག་ཕྱིར་ཅིས་མི་བཟོད། །ཡང་མིའི་སྡུག་བསྔལ་ནི་ཆུང་ཞིང་ཉུང་གི་ངན་སོང་གསུམ་གྱི་ནི་ཆེས་མང་ཞིང་བཟོད་པར་དཀའ་ན། ཅི་ལྟར་ཆུང་ངུ་འདི་ཙམ་གྱི་ཕྱིར་གཞན་ལ་ཁྲོ་བའམ་གནོད་པར་བྱ། ༈ གྱི་དོན་འགྲུབ་པ་ནི། བདག་བདེ་འདོད་ཀྱང་ཁྲོ་བར་མི་རིགས་ན། །འགྲོ་ཀུན་ཕན་བདེ་འདོད་པས་སྨོས་ཅི་དགོས། །ཡང་རང་གཅིག་པུའི་དོན་དང་ཕན་པ་འདོད་པས་ཀྱང་གཞན་ལ་གནོད་པ་དང་ཁྲོ་བར་མི་རིགས་ན། འཇིག་རྟེན་ཐམས་ཅད་ཀྱི་དོན་བྱ་འདོད་པ་ཡི་དམ་ཆེན་པོ་ཅན་ [248B] ༈ །རང་གི་དོན་འགྲུབ་པ་ནི། སངས་རྒྱས་ཉིད་འདོད་མནར་མེད་གནོད་སོགས་ལའང། །ཁྲོ་བར་མི་རིགས་གཞན་ལྟ་ཅི་སྨོས་ཏེ། །དེ་ཕྱིར་སྦྱོས་བརྒྱད་མིག་ འབྱིན་མགོ་གཅོད་ཀྱང། །བརྩེ་བས་དོན་ཆེན་བསྒྲུབ་ཕྱིར་དང་དུ་བླང། །ཡང་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་འདོད་པས་ནི་མནར་མེད་པའི་སྡུག་བསྔལ་གྱིས་རེག་ཀྱང་གཞན་ལ་ཁྲོ་བ་དང་གནོད་པ་མི་བྱ་ན། མིའི་སྡུག་བསྔལ་གྱིས་ལྟ་ཅི་སྨོས། དེ་སྤྱོས་སམ་བརྒྱད་དམ་དྲུད་ཏམ་ བཤལ་ཏམ་ཡན་ལག་བཅད་ཀྱང་བྱམས་པ་དང་སྙིང་རྗེ་དང། སེམས་ཅན་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་ཕྱིར་དང་དུ་ལེན་ཏོ། །མིག་ཕྱུང་ངམ་མགོ་བཅད་ཀྱང་བྱམས་པ་དང་སྙིང་རྗེས་ཤེས་བཞིན་གྱི་མིག་དང་ཐམས་ཅད་མཁྱེན་པའི་མགོ་ཐོབ་པར་ བྱ་བའི་ཕྱིར་དང་དུ་ལེན་ཏོ། །ཞེས་སོ། ༈ །བརྩོན་འགྲུས་ཀྱི་འབྲས་བུ་བསམ་པའི་དབང་དུ་བྱས་ཏེ། ཕྱོགས་བཅུའི་སེམས་ཅན་ཚོགས་ཆེན་བརྗོད་འདས་ལ། །ཕན་ཕྱིར་གོ་བགོས་དམིགས་པ་མཐའ་ཡས་ལས། །བག་མེད་གཉིད་ལོག་གཡེངས་ཀྱང་སྐད་ཅིག་རེར། །དགེ་ཚོགས་མཐའ་ཡས་ འཕེལ་ཕྱིར་རྫོགས་སངས་རྒྱས། །རྙེད་མི་དཀའ་བས་སྲོག་གི་དོན་དུ་ཡང། །བརྩོན་འགྲུས་བརྟན་པོ་ཅི་སྟེ་ཉམས་པར་བྱེད། །བརྩོན་འགྲུས་ནི་ཕྱོགས་བཅུ་རེ་རེར་ཡང་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་དེ། རེ་རེ་ན་ཡང་སེམས་ཅན་མཐའ་ཡས་སོ། །བདག་ནི་དེ་ལྟར་སེམས་ ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེ་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་གོ་ཆ་བགོས་པས་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་དམིགས་པ་མཐའ་ཡས་ཤིང་མཐའ་ཡས་པའི་དགེ་བའི་རྩ་བ་མཐའ་ཡས་པ་བག་མེད་དམ་སེམས་གཞན་དུ་ གྱུར་ཏམ་གཉིད་ལོག་ཀྱང། སྐད་ཅིག་སྐད་ཅིག་ལ་འཕེལ་ཞིང་རྒྱས་པ་དང་ཡོངས་སུ་རྫོགས་པར་འགྱུར་ཏེ། སྐད་ཅིག་རེ་རེར་དགེ་བའི་རྩ་བ་དང་བྱང་ཆུབ་ཀྱི་ཚོགས་ཀྱི་ཕུང་པོ་མཐའ་ཡས་ཤིང་མཐའ་ཡས་པ་སྐྱེ་བས་བྱང་ཆུབ་རྙེད་མི་དཀའ་ན། དེ་ལྟ་བུ་རྟོགས་ནས་བདག་གིས་ [249A]༄༅། །བྱང་ཆུབ་ཐོབ་པར་འགྱུར་བའི་བརྩོན་འགྲུས་སྲོག་གི་ཕྱིར་ཡང་ཇི་སྟེ་ཉམས་པར་བྱ། ༈ དེ་དག་ཀུན་གྱི་སྡུག་བསྔལ་མ་ལུས་པ། །ཕྱི་མའི་བསྐལ་པ་མཐའ་ཡས་བསལ་འདོད་ཅིང་རེ་རེའང་སངས་རྒྱས་ཡོན་ཏན་དཔག་མེད་པ། །ཐོབ་ པར་འདོད་ཅིང་སྨོན་པས་དེ་བཞིན་དུ། །དེ་ལྟར་རྒྱུ་རྐྱེན་དམིགས་པ་རྣམ་བཞི་ལས། །ཐོབ་པའི་བསོད་ནམས་ཕུང་པོ་མཐའ་ཡས་བཞི། །འཕེལ་བའི་མཐའ་མི་མངོན་པ་རྗེས་བསམས་ནས། །སྲོག་གི་དོན་དུའང་བརྩོན་འགྲུས་ཉམས་མི་བྱ། །ཡང་སེམས་ཅན་མཐའ་ ཡས་པ་དེའི་རྒ་བའི་སྡུག་བསྔལ་གཅིག་པུ་བསལ་བར་འདོད་ན་ཡང། སྐད་ཅིག་རེ་རེར་དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་འཕེལ་ན། དེ་དག་གི་སྐྱེ་བ་ལ་སོགས་དང། ངན་སོང་གསུམ་པོ་དང། ཚ་བ་དང་གྲང་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་བསལ་ བར་འདོད་པ་ལྟ་ཅི་སྨོས། ཡང་དེ་རྣམས་ཀྱི་སྡུག་བསྔལ་སེམས་ཀྱི་སྐད་ཅིག་རེ་རེ་དང་འབྲེལ་བ་བསལ་བར་འདོད་པའང་སྐད་ཅིག་རེ་རེར་དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་འཕེལ་ན། ཕྱི་མའི་མཐའི་བསྐལ་པ་མཐའ་ཡས་པའི་ལྟ་ཅི་སྨོས། ཡང་གང་ཞིག་ཉན་ཐོས་དང་ རང་སངས་རྒྱས་ཀྱི་བདེ་བའམ་ཡོན་ཏན་འདོད་པའང་སྐད་ཅིག་རེ་རེར་དགེ་བའི་རྩ་བ་མཐའ་ཡས་པ་འཕེལ་ན། གང་སངས་རྒྱས་ཀྱི་ཡོན་ཏན་སྟོབས་ལ་སོགས་པ་འདོད་པ་དང་སྨོན་པ་ལྟ་ཅི་སྨོས་ཏེ། བག་མེད་པར་གྱུར་ཏམ་གཉིད་ལོག་ཀྱང་རྒྱུ་བཞི་དང་རྐྱེན་བཞི་དང་དམིགས་པ་བཞི་པོ་ དེ་དག་ནི་དེའི་དགེ་བའི་རྩ་བའི་ཕུང་པོ་བཞི་དང་བྱང་ཆུབ་ཀྱི་ཚོགས་ཀྱི་ཕུང་པོ་བཞི་སྐད་ཅིག་རེ་རེར་འཕེལ་བས་སངས་རྒྱས་རྙེད་མི་དཀའ་ན་སྲོག་གི་ཕྱིར་ཡང་བརྩོན་འགྲུས་ཅི་སྟེ་ཉམས་པར་བྱ་སྙམ་མོ། །རྒྱ་མཚོ་ཆེན་པོ་བཞི་ནི་ཤར་ལ་སོགས་པའི་མཐའ་མངོན་ལ། དགེ་བའི་རྩ་བའི་ རྒྱ་མཚོ་ཆེན་པོ་བཞི་པོ་དེའི་མཐའ་མི་མངོན་པས་ཀྱང་ངོ། །འདི་ལ་བསྟན་བཅོས་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམས་ན་ཡང། ཞེས་བྱ་བ་ལ་སོགས་པ་གསུངས་པའོ། ༈ །ཞུམ་པ་སྤང་བ་ནི། སྟག་དང་སེང་གེའམ་ཐ་ན་སྦྲང་བུས་ཀྱང། །བརྩོན་འགྲུས་ [249B] །མིར་གྱུར་དཔག་མེད་སངས་རྒྱས་ཉིད་གྱུར་ན། །བདག་གིས་འདི་ལ་ཅི་ཕྱིར་བརྩོན་པ་དོར། །ཡང་སྟག་དང་སེང་གེ་ནས་སྦྲང་བུ་ཡན་ཆད་ཀྱིས་བྱང་ཆུབ་ཐོབ་ན་བདག་མིར་གྱུར་བཞིན་དུ་ཇི་ལྟར་བརྩོན་འགྲུས་ཉམས་པར་བྱ། ཡང་མི་བྲྒྱའམ་ སྟོང་གིས་སམ། གངྒཱའི་བྱེ་མ་སྙེད་ཀྱང་སངས་རྒྱས་ ༈ སྡོམ་བརྩོན་སངས་རྒྱས་སྟོན་པར་ཁས་ལེན་པས། །སངས་རྒྱས་ཉིད་ནས་ཐ་ན་སྨྱོན་པས་ཀྱང། །ཐེག་མཆོག་ལམ་བསྟན་ སྲོག་བསྡོས་བྱས་ནས་ནི། །ལེགས་པར་བསླབ་ཅིང་གཞན་ལའང་བསྟན་པས་བསྒྲུབ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྩོམ་པས་སངས་རྒྱས་ལ་སྟོན་པར་ཁས་ལེན་ན། སངས་རྒྱས་ཉིད་ནས་ཐ་ན་སྨྱོན་པས་ཆོས་བཤད་ཀྱང་རུང། ཕ་རོལ་ཏུ་ཕྱིན་པ་དྲུག་དང་གཞན་ཡང་སངས་ རྒྱས་ཐོབ་པར་བྱེད་པའི་ཆོས་དེ་དག་མྒོའམ་གོས་ལ་མེ་འབར་བར་ལྟར་རྒྱུན་ཏུ་མཉན་པ་དང་བསམ་པར་བྱའོ། །མཁས་པ་ལེ་ལོ་མེད་པ་ནི་རུས་ཤིང་ལྟར་ཡིད་ལ་བྱེད་པས་མདུང་ཐུང་གིས་བཟློག་ཀྱང་ཆོས་དེ་དག་ལ་སློབ་ཅིང་གཞན་ལའང་སྟོན་ཏོ། ༈ །གཞན་དོན་གྱི་སྦྱོར་བ་ ནི༑ ཆེན་པོ་བཞི་པོ་འགྲོ་ཀུན་ཉེར་སྤྱོད་ལྟར། །རྒྱལ་སྲས་རྣམས་ཀྱང་འགྲོ་བའི་དོན་དུ་ནི། །དཀོན་མཆོག་གསུམ་དང་བླ་མ་སོགས་བཀུར་ཕྱིར། །ལུས་ངག་ཡིད་ཀྱིས་སྙིང་པོ་བླང་བར་འབད། །དེ་མདུང་ཐུང་གིས་བཟློག་ཀྱང་སེམས་ཅན་གྱི་དོན་ཆོས་དང་ལྡན་པ་དག་བཅོལ་ཡང་རུང་ མ་བཅོལ་ཡང་རུང། རང་གི་ལུས་ཀྱིས་བསྒྲུབ་ཅིང་ལུས་ཡོ་བྱད་དུ་གྱུར་པར་བྱེད་དོ། །འབྱུང་བ་བཞི་པོ་འདི་སེམས་ཅན་ཐམས་ཅད་ཀྱིས་ཉེ་བར་སྤྱད་པར་བྱ་བ་ཡིན་པ་ལྟར། བྱང་ཆུབ་སེམས་དཔའི་ལུས་ཀྱང་སྟེ། དཀོན་མཆོག་གསུམ་དང་བླ་མ་དང་རྒན་པ་དང་ནད་པ་དང་མགོན་མེད་ པ་དག་ལ་སྲི་ཞུ་དང་ཡོངས་སུ་སྤྱད་པས་བྱེ་བྲག་ཏུ་འགྱུར་རོ། །མྒོའམ་མགོས་ལ་མེ་འབར་བ་ལྟར་གཞན་དགའ་བ་སྨྲ་བ་དང་མཐུན་འཇུག་དང་བགོ་བཤའ་དང་གྲོགས་དང་དོན་མཐུན་པས་མངོན་དུ་དད་པར་བྱད་ཅིང་བསྡུས་ཏེ་ཐེག་པ་གསུམ་གང་འོས་པ་ལ་འཛུད་དོ། ༈ །རང་དོན་གྱི་ [250A]༄༅། །སྦྱོར་བ་ནི། བརྩོན་ལྡན་མཁས་རྣམས་དགེ་ཚོགས་སྤེལ་དོན་དུ། །གནོད་དང་སྡུག་བསྔལ་མཐའ་དག་ཁྱད་བསད་འཇུག་མཁས་པ་ལེ་ལོ་མེད་པ་ནི་མདུང་ཐུང་གིས་བཟློག་ཀྱང་མྒོའམ་གོས་ལ་མེ་འབར་བ་ལྟར་ཆོས་ཀྱི་ཆེད་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ ལ་སོགས་པའི་དགེ་བའི་རྩ་བའི་ཆེད་དུ་ཚ་བ་དང་བཀྲེས་པ་དང་འཀྲེས་པ་དང་སྐོམ་པ་དང་ངལ་བ་ལ་སོགས་པ་དང། གྷན་གྱི་ཚིག་ངན་ལ་སོགས་པ་དང། ལུས་དང་སྲོག་ཀྱང་ཁྱད་དུ་གསོད་དོ། །འགྲོ་བ་དྲུག་གི་སྡུག་བསྔལ་ཡང་ཁྱད་དུ་གསོད་དོ། ༈ །བསམ་གཏན་གྱི་བྱེད་པའི་ཁྱད་ པར་ལས་དབང་པོའི་སྒོ་སྡོམ་པ་ནི། གཟུགས་སོགས་ཡུལ་ལ་མཚན་མར་མི་འཛིན་པས། །མིག་སོགས་མ་བསྡམས་ཟག་པ་རྒྱས་ལས་བསྲུང། །བསམ་གཏན་ནི་མིག་གི་གཟུགས་རྣམས་མཐོང་བ་ན་མཚན་མ་དང་མངོན་རྟགས་སུ་མི་འཛིན་ཏེ། མིག་གི་དབང་པོ་མ་བསྡམས་ པས་འདོད་ཆགས་དང་ཞེ་སྡང་དང་སྡིག་པའི་ཆོས་རྣམས་ལ་སེམས་ཟག་པར་འགྱུར་བ་བསྡམས་པའི་ཕྱིར་ནན་ཏན་བྱེད་པས་མིག་གི་དབང་པོ་སྡོམ་པར་བྱེད་དོ། །རྣ་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། ༈ །སྤྱོད་ལམ་གྱིས་མི་འཁྲུགས་པ་ནི། སྤྱོད་ལམ་ཀུན་ཏུ་ མི་གཡེང་གཞི་གསུམ་གྱིས། །འཁྲུལ་པ་སྣ་ཚོགས་ཀུན་ཏུ་བསྲུངས་པར་འགྱུར། །འྒྲོའམ་འཆག་གམ་ཉལ་ལམ་འདུག་པ་ན་ཡང་ཞི་གནས་མི་འདོར་རོ། །ལུས་དང་ངག་དང་ཡིད་ཀྱི་འཁྲུལ་པ་མིག་གཡེང་བ་ལ་སོགས་པ་དང། མུ་ཅོར་སྨྲ་བ་ལ་སོགས་པ་དང། འདོད་པའི་རྣམ་ པར་རྟོག་པ་ལ་སོགས་པ་མེད་དོ། །དབེན་ཡང་རུང་མི་དབེན་ཡང་རུང་སྟེ་སྤྱོད་ལམ་མི་ཉམས་སོ། ༈ །འཕགས་པའི་རིགས་མི་འདོར་བ་ནི། འཕགས་པའི་རིགས་བཞིས་ཆོག་ཤེས་སྤྱོད་ཡུལ་དང། ཆོ་ག་དགེ་ཞིང་འདུ་འཛི་རྣམ་པར་སྤོང། །བཟའ་བ་དང་བཅའ་བ་དང་བཏུང་བ་དང་མལ་ཆ་ ལ་སོགས་པའི་ངན་ངོན་ཙམ་གྱིས་ཆོག་ཤེས་ཤིང་གསོ་སླ་ལ་དགང་སླའོ། །ཆོ་ག་དང་སྤྱོད་ཡུལ་དགེ་བ་དང་འདུ་འཛི་ཐམས་ཅད་སྤོང་ངོ། ༈ །མཐོ་དམན་གྱི་རྣམ་པར་མི་འགྱུར་བ་ནི། རྙེད་དང་མ་རྙེད་སྡུག་དང་མི་སྡུག་སོགས། །མཐོ་དམན་ཅིས་ཀྱང་མི་གཡོ་ །འཇིག་ [250B] །མཛའ་བ་དང་མི་མཛའ་བ་ལ་སོགས་པ་དང། དབེན་པ་དང་ལང་ལོང་ལ་ཡང་མཉམ་ཞིང་འགྱུར་བ་མེད་དེ་མ་ཁེངས་མ་དུད་པའོ། །སྡུག་པ་དང་མི་སྡུག་པ་ལ་སོགས་པ་ལའང་དེ་བཞིན་ནོ། ༈ །འདོད་པ་ལ་ཉེས་དམིགས་ཉིད་དུ་བལྟ་ བ་ནི། འདོད་པ་རྣམས་ནི་མི་བདེན་རོ་མྱང་བས། །ཁྱི་རྒན་རུས་བསྐམ་འཆའ་སོགས་ལྟ་བུར་མཐོང། །འདོད་པ་རྣམས་ལ་འཁྲུལ་བས་བརྟགས་ནས་རོ་མྱང་བར་བྱེད་པས་ཀེང་རུས་ལྟར་ལྟའོ། །དགྲ་མང་བས་ན་ཤ་སྣ་དགུ་དང། བླངས་ན་སྡུག་བསྔལ་ལ་བཏང་ན་བདེ་བས་རྩའི་མེ་དང་ གནོད་པ་བྱེད་པ་མང་བས་ཤིང་ཏོག་དང། རང་དབང་མེད་པས་སློང་མོ་བ་དང། ནོར་བ་ལ་སྐད་ཅིག་ཙམ་དགའ་བས་རྨི་ལམ་གྱི་ལོངས་སྤྱོད་དང། སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པས་གཡན་པ་འཕྲུག་པ་དང། ཉེས་པར་སྤྱོད་པ་དང། ངན་འགྲོར་འཁྲིད་པར་བྱེད་པས་མཆིལ་པ་ དང། ངོམས་མི་ཤེས་ཤིང་སྐོམ་པ་འཕེལ་བར་བྱེད་པས་ཚྭ་ཆུ་ལྟར་ཡིད་ལ་བྱེད་དོ། ༈ །ངོ་བོ་ཉིད་ནི་བསམ་གཏན་ཚད་མེད་སྙོམས་འཇུག་དབུགས་རྗེས་དྲན། །འདུ་ཤེས་ལྔ་དང་ཟིལ་གནོན་ཟད་པར་སོགས། །དེ་འདོད་པ་ལས་དབེན་པ་ལ་སོགས་པའི་མཚན་ཉིད་ཅན་བསམ་གཏན་ བཞི་དང་ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། དབུགས་འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པ་དང། མི་སྡུག་པ་དང་འཆི་བ་དང་ཉེས་དམིགས་དང་ཟས་ལ་མི་མཐུན་པ་དང་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ལྔ་དང། ཟིལ་ ༈ །ཆེད་དུ་བྱ་བའི་ཁྱད་པར་ནི། འགྲོ་བ་དྲང་ཞིང་སྒྲིབ་ཚོགས་ཀུན་གཞིག་དང། །ཡོན་ཏན་དཔག་མེད་མཐར་ཕྱིན་དོན་དུ་བསྒྲུབ། །དེ་དག་ལ་སྙོམས་པར་འཇུག་པ་ན་ཡང་དགེ་བའི་རྩ་བ་ ཐམས་ཅད་ལ་དམིགས་ནས་ཏེ། སྙིང་རྗེ་ཆེན་པོ་བསྐྱེད་པ་དང། དམ་པའི་ཆོས་ཡོངས་སུ་བཟུང་བ་དང། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་ཆད་པ་དང། སངས་རྒྱས་ཀྱི་སྐུ་དང་རྒྱན་དང། གསུང་ཚངས་པའི་དབྱངས་དང། སྔོན་གྱི་སྨོན་ལམ་དང། སེམས་ཅན་ཡོངས་སུ་སྨིན་ [251A]༄༅། །པ་དང། ཞིང་ཡོངས་སུ་སྦྱང་བ་དང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་གཞོམ་པར་དམིགས་པ་ལ་སེམས་འདོགས་སོ། །རྣམ་པར་ཤེས་པའི་གནས་བཞི་དང་བྲལ་བ་དང། ས་ ལ་སོགས་པའི་ཁམས་དྲུག་ལ་མི་གནས་པ་དང། འཇིག་རྟེན་འདི་དང་ཕ་རོལ་ལ་མི་གནས་པ་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་བླ་ན་མེད་པ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་བསམ་གཏན་བྱེད་པའོ། ༈ །ཤེས་རབ་ལ་དེའི་རྒྱུར་དགེ་བའི་བཤེས་གཉེན་བསྟེན་པའི་ཁྱད་པར་ ནི། ཐོས་སོགས་བསྒྲུབ་ཕྱིར་དོན་ལ་མཁས་པ་ཡི། །དཔྱོད་ལྡན་དམ་པའི་ལས་ཅན་ལེགས་བསྟེན་བྱ། །བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མདུང་ཐུང་གིས་བཟློག་ཀྱང་གང་ཐོས་པ་མང་བ་ཐོས་པ་བསགས་པ་ཐོས་པ་འཛིན་པ་དོན་ཤེས་པ་ཆོས་ཤེས་པ་ སྤྱོད་པ་དང་ལྡན་པ། ཇི་ལྟར་ཐོས་པའི་དོན་སེམས་པ་དག་ལ་བསྙེན་པར་བྱེད་སྟེན་པར་བྱེད་བསྙེན་བཀུར་བྱེད་པས་སོ། ༈ །དཀའ་བ་བཟོད་པའི་ཁྱད་པར་ནི། བླ་མ་བསྙེན་བཀུར་ཐོས་བཙལ་དོན་སེམས་ལ། །གནོད་དང་སྡུག་བསྔལ་སྣ་ཚོགས་ཁུར་བཟོད་བྱ། །ཐོས་པའི་ཆེད་དང་བཤད་ པའི་ཆེད་དང་དོན་སེམས་པའི་ཆེད་དང་དགེ་བའི་བཤེས་གཉེན་བསྙེན་བཀུར་གྱི་ཆེད་ལ། ཚ་བ་དང་གྲང་བ་ལ་སོགས་པ་དང། ངན་དུ་སྨྲ་བ་ལ་སོགས་པ་དང་ལུས་ཀྱི་ཚོར་བ་དྲག་པོ་སྲོག་ཆད་པ་དག་ཀྱང་ཁྱད་དུ་གསོད་དོ། ༈ །དོན་དུ་གཉེར་ཞིང་གུས་པའི་ཁྱད་པར་ནི། ཆོས་ལ་རིན་ཆེན་ ཆོས་སྨྲ་རིན་ཆེན་གཏེར། །མཉེན་ལ་རྙེད་དཀའ་འཛིན་ལ་སྲོག་དོན་ཡོད། །སོ་སོར་རྟོག་ལ་ཚེ་རབས་བརྒྱ་སྟོང་དུ། །མི་རྙེད་འདུ་ཤེས་ལ་སོགས་ལྷུར་བྱ་བསྐྱེད། །དེ་དམ་པའི་ཆོས་ལ་རིན་པོ་ཆེར་འདུ་ཤེས་པ་དང། ཆོས་སྨྲ་བ་ལ་རིན་པོ་ཆེའི་གཏེར་དུ་འདུ་ཤེས་པ་དང་ ཆོས་ཉན་པ་ལ་དཀོན་པར་འདུ་ཤེས་པ་དང། ཆོས་འཛིན་པ་ལ་སྲོག་ལ་སོགས་པ་དོན་ཡོད་པར་འདུ་ཤེས་པ་དང། ཆོས་ལ་སོ་སོར་རྟོག་པ་ལ་ཚེ་རབས་བརྒྱར་མི་རྙེད་པར་འདུ་ཤེས་ཉེ་བར་གནས་ཏེ་ཆོས་ཉན་ཅིང་སེམས་པའོ། །ཡུལ་གྱི་དབྱེ་བས་རང་བཞིན་བཤད་པ་ [251B] ༈ །དེ་ལ་ཁམས་ལ་མཁས་པའི་དབང་དུ་བྱས་ན། ཁམས་ནི་གཉིས་དང་གསུམ་སོགས་སོ་སོ་དང། །ཐམས་ཅད་མི་རྟག་སྡུག་བསྔལ་བདག་ མེད་ཤེས། །ཁམས་ནི་གཉིས་ཏེ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་སོ། །དང་པོ་ནི་སྐྱེ་བ་ལ་སོགས་པའོ། །གཉིས་པ་ནི་སྐྱེ་བ་མེད་པ་ལ་སོགས་པའོ། །ཡང་ཁམས་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཁམས་སོ། །དང་པོ་ནི་མ་ཆགས་པ་ལ་སོགས་པ་དང་དེ་དང་ ལྡན་པ་ལ་སོགས་པའོ། །གཉིས་པ་ནི་འདོད་ཆགས་ལ་སོགས་པ་དང་དེ་དང་ལྡན་པ་ལ་སོགས་པའོ། །གསུམ་པ་ནི་དེ་གཉིས་ལས་མ་གཏོགས་པའི་ཆོས་རྣམས་སོ། །ཡང་ཁམས་གསུམ་སྟེ་འདོད་པའི་ཁམས་ནི་སེམས་ཅན་དམྱལ་བ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དག་ལ་ འདུན་པ་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཡིད་ཀྱི་སྨོན་པ་དང་མངོན་པར་འདུ་བྱེད་པའོ། །གཟུགས་ཀྱི་ཁམས་ནི་ཚངས་རིས་ནས་འོག་མིན་གྱི་བར་ལ་འདུན་པ་ལ་སོགས་པའོ། །གཟུགས་མེད་པའི་ཁམས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་ལ་འདུན་ པ་ལ་སོགས་པའོ། །ཡང་ཁམས་བཞི་སྟེ་འདོད་པ་ལ་སོགས་པའི་ཁམས་གསུམ་དང་འདུས་མ་བྱས་ཀྱི་ཁམས་སོ། །ཡང་ཁམས་དྲུག་སྟེ། འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བ་དང་མངོན་པར་འབྱུང་བ་དང་གནོད་སེམས་མེད་པ་དང་རྣཾ་པར་འཚེ་བ་མེད་པའི་ཁམས་སོ། །ཡང་ཁམས་ དྲུག་སྟེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་སོ། །དེ་ཐམས་ཅད་ནི་མི་རྟག་པ་དང་མི་བརྟན་པ་དང་འགྱུར་བའི་ཆོས་ཅན་ཡིན་ལ། གང་མི་རྟག་པ་དེ་སྡུག་བསྔལ་བ་དང། གང་མི་རྟག་ཅིང་སྡུག་བསྔལ་བ་དེ་ནི་བདག་མེད་པར་ཤེས་པའོ། ༈ །ཕུང་པོ་ལ་མཁས་ པ་ནི། གཟུགས་སོགས་དབུ་བ་བརྡོས་དང་ཆུ་བུར་དང། །སྨིག་རྒྱུ་ཆུ་ཤིང་སྒྱུ་མ་ལྟར་དམན་རྟོགས། །ཕུང་པོ་རྣམས་ལ་གཟུགས་ནི་ལྦུ་བ་ལྟ་བུ་སྟེ་ངན་པ་འཇིག་པ་རིང་དུ་མི་གནས་པའོ། །དེ་བཞིན་དུ་ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་དང། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ་དང། འདུ་བྱེད་ནི་ཆུ་ཤིང་ལྟ་ [252A]༄༅། །བུ་དང། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་སྟེ་ངན་པ་དང་འཇིག་པ་དང་རིང་དུ་མི་གནས་པར་ཤེས་པའོ། ༈ །སྐྱེ་མཆེད་ཤེས་པ་ནི་ནང་དང་ཕྱིའི་ཡུལ་ཅན་གཉིས་ཏེ། མིག་སོགས་ན་རྒ་འཆི་ཞིང་སྡུག་བསྔལ་འབར། །གཟུགས་སོགས་ཉམས་ཆུང་བརྫུན་པ་ མགོན་མེད་པའོ། །ནང་གི་སྐྱེ་མཆེད་དྲུག་པོ་མིག་ལ་སོགས་པ་ནི་ན་བ་དང་རྒ་བ་དང་འཆི་བའི་ཆོས་ཅན་དང། བདག་དང་བདག་གིས་སྟོངས་པ་དང། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་ཀུན་ཏུ་འབར་བ། སྐྱེ་བ་དང་རྒ་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་ པ་དང། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པའི་སྡུག་བསྔལ་གྱིས་ཀུན་ཏུ་འབར་བར་ཤེས་སོ། །ཕྱིའི་སྐྱེ་མཆེད་གཟུགས་ལ་སོགས་པ་ནི་སྐྱབས་མེད་པ་མགོན་མེད་པ་སྟོབས་མེད་པ་ཉམ་ཆུང་བ་སྟེ། དེ་ལ་རྟག་པ་དང་བརྟན་པ་དང་ཐེར་ཟུག་དང་དེ་བཞིན་ཉིད་དང་མ་ ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་ནི་གང་ཡང་མེད་ཀྱི། སྒྱུ་མར་བྱས་པ་སེམས་རྨོངས་པར་བྱེད་པ་དེ་ནི་ཡོད་པར་ཤེས་སོ། ༈ །བདེན་པ་བཞི་ཤེས་པ་ནི། ཕུང་པོ་མི་རྟག་ལ་སོགས་སྡུག་བསྔལ་ཏེ། །ཉོན་མོངས་ལས་ཚོགས་ཀུན་འབྱུང་དེ་དག་ཉིད། །ཟད་ཅིང་སྤངས་ པ་འགོག་པའོ་སྡུག་བསྔལ་སོགས། །ཤེས་དང་སྲིད་ཞིའི་སྐྱོན་ཡོན་རྟོག་སོགས་ལམ། །སྡུག་བསྔལ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་ཉིད་དེ་མི་རྟག་པ་དང་སྡུག་བསྔལ་བ་དང་ནད་དང་འབྲས་དང་ཟུག་རྔུ་དང་སྡིག་པ་དང་རབ་ཏུ་འཇིག་པའི་ཆོས་ཉིད་དོ། །འདོད་ཆགས་ དང་ཞེ་སྡང་ལ་སོགས་པ་དང་བདག་ཏུ་ལྟ་བ་སྣ་ཚོགས་དང། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ་ནི་ཀུན་འབྱུང་ངོ། །འགོག་པ་ནི་འདོད་ཆགས་ལ་སོགས་པ་ཟད་ཅིང་སྤངས་པའོ། །སྡུག་བསྔལ་ལ་སྡུག་བསྔལ་ཉིད་ལ་སོགས་པར་ཡིད་ལ་ བྱེད་པ་དང། འདུ་བྱེད་རྣམས་ལ་ཉེས་དམིགས་དང། མྱ་ངན་ལས་འདས་པ་ལ་ཕན་ཡོན་དུ་ལྟ་བ་དང། ཇི་ལྟར་མཐོང་བ་རྒྱུར་བྱས་པ་ལ་སོ་སོར་རྟོག་པ་ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་གྱི་ཡན་ལག་བརྒྱད་དོ། ༈ །རྟན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་ཤེས་པ་དང་དེའི་ [252B] ཉོན་མོངས་ལས་དང་སྐྱེ་བའི་ལུ་གུ་རྒྱུད། །མ་རིག་ལ་སོགས་ལུགས་འབྱུང་སྡུག་བསྔལ་གྱི། །ཕུང་པོ་ཁོ་ནར་ཤེས་ལས་རློམ་མེད་ཅིང། །རྣམ་ཐར་གསུམ་རིག་ལྡོག་པའང་ཡོངས་ཤེས་འགྱུར། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ལུགས་སུ་འཇུག་པ་མ་རིག་པའི་རྐྱེན་གྱིས་ འདུ་བྱེད་ལ་སོགས་པ་སྟེ། མ་རིག་པ་ནི་བདེན་པ་དང་རྟེན་འབྲེལ་མི་ཤེས་པའོ། །འདུ་བྱེད་ནི་ལུས་དང་ངག་དང་ཡིད་ཀྱི་ལས་བསོད་ནམས་ལ་སོགས་པ་གསུམ་དང། འདོད་པའི་ཁམས་སུ་ཉེ་བར་འགྲོ་བ་ལ་སོགས་པ་གསུམ་མོ། །རྣམ་པར་ཤེས་པ་ནི་དེ་ལས་བྱུང་བ་སེམས་དང་ཡིད་ དོ། །མིང་དང་གཟུགས་ནི་དེ་ལས་བྱུང་བ་ཚོར་བ་ལ་སོགས་པ་བཞི་དང། དེ་དང་ལྷན་ཅིག་ཏུ་བྱུང་བ་མེར་མེར་པོའམ་བརྫུས་ཏེ་བྱུང་བའི་གཟུགས་དང་རྣམ་པར་རིག་བྱེད་དོ། །སྐྱེ་མཆེད་དྲུག་ནི་དེ་ལས་བྱུང་བ་མིག་དང་གཟུགས་ལ་སོགས་པའོ། །རེག་པ་ནི་དབང་པོ་དང་ཡུལ་ལ་བརྟེན་ ཏེ་རྣམ་པར་ཤེས་པ་འབྱུང་བ་གསུམ་འདུས་པའོ། །ཚོར་བ་ནི་དེ་ལས་བྱུང་བ་བདེ་བ་ལ་སོགས་པ་གསུམ་མོ། །སྲེད་པ་ནི་དེ་ལས་འདོད་ཆགས་དང་ཆགས་པ་དང་དགའ་བའོ། །ལེན་པ་ནི་དེ་ལས་ཀུན་ཏུ་ཆགས་པ་དང། ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་ བདག་ཏུ་སྨྲ་བའོ། །སྲིད་པ་ནི་དེ་ལས་བྱུང་བ་གཟུགས་ལ་སོགས་པ་ལྔའོ། །སྐྱེ་བ་ནི་དེ་འབྱུང་བ་དང་མངོན་པར་འགྲུབ་པའོ། །རྒ་བ་ནི་དེ་འགྱུར་བ་དང་འཇིག་པ་དང་ཉེ་བར་འཁྲིད་པའོ། །འཆི་བ་ནི་དེ་འབྲལ་བ་དང་འཕོ་བའོ། །དེ་ལྟར་རྟོག་པ་ན་ས་ལ་སོགས་པ་ལ་གཅིག་པ་དང་ཐ་དད་པ་དང། མཐོང་ བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པ་དང། མྱ་ངན་ལས་འདས་པ་ལའང་རློམ་སེམས་མེད་དོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་མཐོང་ན་རྣམ་པར་ཐར་པའི་སྒོ་གསུམ་ཁོང་དུ་ཆུད་ཅིང། རྣམ་པ་བཅུ་གཉིས་པོ་དེ་ལུགས་ལས་ལྡོག་པ་ཡང་ཁོང་དུ་ཆུད་མོད་ཀྱི་མངོན་སུམ་ དུ་ནི་མི་བྱེད་དོ། ༈ །དུས་གསུམ་ཤེས་པ་ལས། དངོས་པོ་ཤེས་པ་ནི། དངོས་གང་འགགས་དང་མ་སྐྱེས་ད་ལྟ་བར། །གྱུར་རྣམས་ཀུན་རིག་དུས་གསུམ་ཤེས་པ་ཡིན། །འདས་པ་ནི་འདུ་བྱེད་གང་འགགས་པ་རྣམས་སོ། །མ་འོངས་པ་ནི་མ་སྐྱེས་པ་རྣམས་སོ། །ད་ལྟར་བྱུང་བ་ནི་ད་ལྟ་བ་རྣམས་སོ། ༈ །དེ་ [253A]༄༅། །དག་ཏུ་དགེ་བ་དང་མི་དགེ་བ་ཤེས་པའི་བྱེད་པ་ནི། དེའི་སྡིག་དྲན་ལ་རྣམ་སྨོད་ཕྲ་ལའང་འཇིགས། །སྐྱེ་བ་འགོག་པས་གཞི་གསུམ་ལེགས་སྡོམ་བྱེད། །དགེ་བ་དྲན་དང་འབྱུང་འགྱུར་འདུན་པས་བསྔོ། །བསྔོ་བར་སྨོན་ཅིང་མངོན་འགྱུར་བསྔོ་བས་འཛིན། ། འདས་པའི་སྡིག་པ་དྲན་ན་ནི་སྨོད་ཅིང་གཤུང་སྟེ་རྣམ་པར་སྤོང་ངོ། །མ་འོངས་པའི་སྡིག་པ་ནི་ཕྲ་བ་ལ་ཡང་རྣམ་པར་སྨིན་པ་ཆེ་བར་རིག་པས་འཇིགས་པར་གནས་སོ། །ད་ལྟར་གྱི་སྡིག་པ་ནི་སྐྱེ་བའི་སྐབས་མི་བྱེད་དེ་ལུས་དང་ངག་དང་ཡིད་གསུམ་དང་དབང་པོ་དྲུག་སྡོམ་པས་ བསྡམས་པས་སོ། །འདས་པའི་དགེ་བ་ནི་དྲན་ནས་འདུན་པ་དྲག་པོས་བསྔོའོ། །མ་འོངས་པའི་ཡང་འདུན་པ་དྲག་པོས་བསྔོ་བར་སྨོན་ཏོ། །ད་ལྟར་གྱིའང་སྔོ་བ་མི་ཉམས་པར་འཛིན་ཏོ། ༈ །བདག་མེད་པར་ཤེས་པ་ནི། འགགས་དང་མ་སྐྱེས་མེད་ཅིང་ད་ལྟར་ཡང། །སྐད་ཅིག་འཇིག་ པས་བདག་དང་བདག་གིས་སྟོངས། །འདས་པའི་ཕུང་པོ་ལ་སོགས་པ་ནི་མེད་པས་ད་ལྟར་བདག་དང་བདག་གིར་མེད་དོ། །མ་འོངས་པའང་དེ་བཞིན་ནོ། །ད་ལྟར་གྱི་ནི་མི་གནས་པ་སྟེ་འཇིག་རྟེན་ནི་སྐད་ཅིག་ལས་ལྷག་པར་མི་གནས་པའི་ཕྱིར་རོ། །དེའི་སྐྱེ་བ་དང་འགག་པ་དང་གནས་ པའི་དུས་ཀྱང་གཞན་ཡིན་པས་སྡོད་པ་མེད་པས་ན་བདག་དང་བདག་གི་མེད་དོ། །དེས་ན་སྲིད་པ་ཐམས་ཅད་ལ་བདག་མེད་པ་དང་འདོད་ཆགས་དང་བྲལ་བ་དང་སྤངས་པ་དང་འགོག་པའི་འདུ་ཤེས་ཅན་དུ་གནས་ཏེ་འགོག་པ་མངོན་སུམ་དུའང་མི་བྱེད་དོ། ༈ །ཐེག་པ་ལ་མཁས་པ་ ལས་ལྷ་ལ་སོགས་པའི་ཐེག་པ་གསུམ་ཤེས་པ་ནི། ལྷ་དང་ཚངས་དང་འཕགས་པའི་ཐེག་པ་ནི། །བསམ་གཏན་ཚད་མེད་ཡན་ལག་བརྒྱད་ལམ་མོ། །དེ་ལྟར་དུས་གསུམ་ཤེས་པ་དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང། མང་དུ་བྱེད་ཅིང་རྟོག་པ་ན་ཐེག་པ་གསུམ་ཤེས་ཏེ། ལྷ་དང་ཚངས་ པ་དང་འཕགས་པའི་ཐེག་པའོ། །དང་པོ་ནི་བསམ་གཏན་བཞིའོ། །གཉིས་པ་ནི་ཚད་མེད་པ་བཞིའོ། །གསུམ་པ་ནི་ལམ་ཡན་ལག་བརྒྱད་པའོ། །དུས་དུས་སུ་དེ་གསུམ་ཅི་རིགས་པར་བསྒོམ་ཞིང་གཞན་དག་ཀྱང་འགོད་པར་བྱེད་ལ། འཕགས་པའི་རྣམ་པར་གྲོལ་བ་མངོན་དུའང་མི་ [253B] ༈ །ཉན་ཐོས་ལ་སོགས་པའི་ཐེག་པ་གསུམ་ཤེས་པ་ནི། དབང་སོགས་དམན་འབྲིང་མཆོག་གི་རང་དོན་དང། །གཞན་དོན་ལྷུར་འབད་ཉན་ཐོས་ཐེག་སོགས་ཡིན། །ཡང་ཐེག་པ་གསུམ་ཤེས་ཏེ་ཉན་ཐོས་ཀྱི་ཐེག་པ་ནི་དབང་པོ་ལ་སོགས་པ་དམན་པ་སྐད་ཅིག་ཙམ་ཡང་སྲིད་ པ་ལ་མི་ཆགས་པར་དོར་ཞིང། སྐད་ཅིག་ཙམ་ཉིད་ལ་ཡང་མྱ་ངན་ལས་འདས་པའི་ཕན་ཡོན་མཐོང་བས་མགོ་ལ་མེ་འབར་བ་ལྟར་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདུན་པ་དང་རྩོལ་བ་བསྐྱེད་པའོ། །རང་རྒྱལ་གྱི་ཐེག་པ་ནི་དབང་པོ་ལ་སོགས་པ་འབྲིང་པོ་དབེན་པར་དགའ་བ་ རང་དོན་འདོད་པས་བསམ་གཏན་ལ་སོགས་པ་ལ་བརྩོན་པ། རྟེན་འབྲེལ་རྣམ་པར་འབྱེད་པ་ལ་མཁས་པ། རང་བྱང་ཆུབ་ཏུ་སྨོན་པར་བྱེད་པའོ། །ཐེག་པ་ཆེན་པོ་ནི་དབང་པོ་ལ་སོགས་པ་མཆོག་ཏུ་གྱུར་པ། སེམས་ཅན་ཐམས་ཅད་བསྒྲལ་བ་ལ་སོགས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ ཅད་ཡོངས་སུ་བསྐང་བ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་བསྐང་བར་འདོད་པ། འཇིག་རྟེན་གྱི་དོན་དུ་འཁོར་བའི་སྡུག་བསྔལ་ལ་མི་ལྟ་བ། འཁོར་བའི་བདེ་བ་ལའང་སྨོད་པས་ཚུལ་ཁྲིམས་དང་སྤྱོད་པ་ཁྱད་པར་དུ་འཕགས་པ། ཐེག་པ་ཆེན་པོའི་སྡེ་སྣོད་ལ་མང་དུ་སྦྱོར་བ། ཤེས་བྱ་ཐམས་ ཅད་ལ་སློབ་པ། ཏིང་ངེ་འཛིན་ཐམས་ཅད་བསྐྱེད་པ། རང་གི་དོན་ལ་མི་ལྟ་བ་ཅི་ནུས་སུ་གཞན་གྱི་དོན་ལྷུར་ལེན་པ། རྟག་ཏུ་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པའོ། ༈ །དགེ་བ་བསྒྲུབ་པའི་ཐབས་ཤེས་པ་ལས། ཡོངས་སུ་བསྒྲུབ་པའི་ཁྱད་པར་ནི། སྐྱབས་མཆོག་རིན་ཆེན་ གསུམ་ལ་ཕྱག་འཚལ་ཞིང། །མཆོད་དང་སྐྱབས་འགྲོ་ལ་སོགས་དགེ་ཚོགས་དང། །སྤྱོད་ལམ་ཀུན་ཏུའང་འགྲོ་དོན་ཀུན་བསྒྲུབ་ཕྱིར། །དཔག་ཡས་དགེ་ལེགས་ཚོགས་ཆེན་ཐོབ་ཕྱིར་འཇུག་དགེ་བའི་ཐབས་ཤེས་པ་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་དུས་ གསུམ་གྱི་སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་ལ་ལན་ཅིག་ཕྱག་འཚལ་ན་ཡང་མཐའ་ཡས་ཤིང་དཔག་ཏུ་མེད་པར་ཕྱག་འཚལ་བར་སེམས་བསྐྱེད་དོ། །སྐྱབས་སུ་འགྲོ་བ་ལ་སོགས་པ་དང། སྤྱོད་ལམ་ཐམས་ཅད་དང་ཟ་བ་དང་འཐུང་བ་ལ་སོགས་པ་དང་ལས་ཐམས་ཅད་ [254A]༄༅། །བྱེད་པ་ན་ཡང་མཐའ་ཡས་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་གདབ་པར་སེམས་བསྐྱེད་དོ། །དགེ་བའི་རྩ་བ་གང་སྤྱོད་ཀྱང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་མེད་པ་དང་ངན་འགྲོ་གཅོད་པ་དང། སྡུག་བསྔལ་དང་ཉོན་མོངས་པ་ཞི་བ་དང། མྱ་ངན་ལས་ འདས་པ་འཐོབ་པར་བསྔོའོ། །ཐེག་པ་གསུམ་པོའི་གང་ཟག་ད་ལྟར་དང་མ་འོངས་པ་ཐམས་ཅད་ཀྱི་ཐེག་པ་གསུམ་ཡོངས་སུ་རྫོགས་པའི་ཕྱིར་བསྔོའོ། །ཕྱོགས་བཅུ་དུས་གསུམ་དུ་སངས་རྒྱས་ཐམས་ཅད་བསྐལ་པར་བཞུགས་པ་དང་ཆོས་སྟོན་པ་དང་དགེ་འདུན་མཐུན་པར་ འགྱུར་བར་བསྔོའོ། ༈ །ཡོངས་སུ་ཤེས་པ་དང་རྗེས་སུ་བསྒྲུབ་པའི་ཁྱད་པར་ནི། བདག་གཞན་མཐོ་རིས་བྱང་གྲོལ་ལམ་ཤེས་ཤིང། །ཡན་ལག་བདུན་སོགས་ཉིན་རེར་དུས་གསུམ་བསྒྲུབ། །གང་མཐོ་རིས་དང་ཐར་པའི་ལམ་ལ་འགོད་པའམ། བསྡུ་བ་བཞིས་རྗེས་སུ་འཇུག་པའམ། ཇི་ ལྟ་ཇི་ལྟར་གཞན་དག་དགེ་བའི་རྩ་བ་གསོག་པར་འགྱུར་བའང་ཤེས་སོ། །ཡན་ལག་བདུན་ལ་སོགས་པ་ལ་ཉིན་རེ་བཞིན་དུས་གསུམ་དུ་འཇུག་པར་བྱེད་དོ། ༈ །བསྔོ་བ་ལ་སོགས་པའི་ཁྱད་པར་ནི་བསྔོ་བ་དང། འཇུག་པ་དང། མཆོག་ཉིད་དང། སྐབས་ཀྱི་འབྲས་བུ་བསྡུ་བ་བཞི་སྟེ། བསྔོ་ དང་འཇུག་དང་མཆོག་ཉིད་སྔར་བཞིན་བལྟ། །དེ་ལྟར་སྤྱོད་མཆོག་རྫོགས་པས་མྱུར་འཚང་རྒྱ། །ཤེས་རབ་དང་ཡེ་ཤེས་དེ་མངོན་སུམ་དུ་བྱ་བར་འདོད་པ་ན་ཡང་བསྔོ། མངོན་སུམ་དུ་བྱེད་པ་དང་བྱས་པ་ན་ཡང་བསྔོའོ། །རྫོགས་པར་སློབ་མི་ནུས་ན་ཡང་དུས་དུས་སུའང་ཅུང་ཟད་ཅུང་ ཟད་དུ་མི་མཐུན་པའི་ཕྱོགས་སྤང་བ་དང་དེ་ཉིད་བསྒྲུབ་པ་ཅི་ནུས་ཀྱིས་བསླབ་པ་ལ་འབད་པར་བྱའོ། །སྐྱེ་བ་གཞན་དུའང་མི་ཞུམ་པ་དང་སྒྱིད་མི་ལུག་པར་རོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་རྗེས་སུ་དྲན་པ་དང་བསྒོམ་པ་དང་སྨོན་ལམ་འདེབས་པ་ཉིད་ཤེས་རབ་དང་ཡེ་ཤེས་དང་དགེ་ བ་གྲངས་མེད་དཔག་ཏུ་མེད་པ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་མེད་པ་དང། མི་སློབ་པའི་ཤེས་རབ་བསྐྱེད་པར་འདོད་པ་ནི་ཤེས་རབ་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བདེ་བླག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་དེ་ [254B] ༈ །ཆོས་ཡང་དག་པར་སྡུད་པ་ལས་འབྱུང་བ་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་དང་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་སྤྱི་དོན་གྱི་རྣམ་པར་དབྱེ་བ་ནི། གཞན་ཡང་ཕ་རོལ་ཕྱིན་བཅུ་སྒྲུབ་ བྱེད་ཆོས། །དད་པའི་དབང་པོ་ལ་སོགས་བཅུ་ཚན་བཅུ། །སྤྱོད་པའི་ཁྱད་པར་ཡོངས་རྫོགས་བྱེད་ལ་སོགས། །ཉི་ཤུ་རྩ་བརྒྱད་ཕ་རོལ་ཕྱིན་པའི་དོན། །མདོ་སྡེ་དེ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་བཅུ་སྟེ། དད་པའི་དབང་པོ་དང། བསམ་པ་དང། ལྷག་པའི་ བསམ་པ་དང། ཕ་རོལ་ཏུ་ཕྱིན་པ་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སེམས་ཅན་གྱི་རྟེན་དང། བསྡུ་བའི་དངོས་པོ་དང། སངས་རྒྱས་ཀྱི་ཆོས་འདོད་པ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པ་སྔོན་དུ་འགྲོ་བའོ། །ཚུལ་ཁྲིམས་ཀྱི་སྔོན་དུ་འགྲོ་བའི་ཆོས་ཀྱང་ བཅུ་སྟེ། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་གསུམ་དང། རྣམ་པར་མི་འཚེ་བ་དང། ངན་སོང་ཐམས་ཅད་སྤོང་བ་དང། མི་ཁོམ་པ་བརྒྱད་སྤོང་བ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བ་དང། སངས་རྒྱས་ཀྱི་ཡོན་ཏན་ལ་འགོད་པ་དང། བསམ་པ་ཡོངས་སུ་ རྫོགས་པ་དང། སྨོན་ལམ་ཡོངས་སུ་རྫོགས་པའོ། །བཟོད་པའི་ཡང་བཅུ་སྟེ། རྗེས་སུ་ཆགས་པ་སྤོང་བ་དང། ཁོང་ཁྲོ་བ་སྤོང་བ་དང། ལུས་ལ་མི་ལྟ་བ་དང། སྲོག་ལ་ཡིད་མི་རྟོན་པ་དང། མོས་པ་དང། སེམས་ཅན་སྨིན་པར་བྱ་བ་དང། ཆོས་ཟབ་མོ་ལ་བཟོད་པ་དང། རྒྱ་ཆན་པོ་ལ་ མོས་པ་དང། མི་ཤེས་པ་བསལ་བའོ། །བརྩོན་འགྲུས་ཀྱི་ཡང་བཅུ་སྟེ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་སྙམ་པ་དང། དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་རྗེས་སུ་ཡི་རང་བ་དང། ཞུམ་པ་མེད་པ་དང། ཕྱིར་མི་ལྡོག་པའི་ས་བསྡུ་བ་ཐོབ་པར་བྱ་བ་དང། ཡང་དག་ པའི་རྩོལ་བ་དང། དྲན་པ་ཉེ་བར་བཞག་པ་དང། ཉོན་མོངས་པའི་དགྲ་འདུལ་བ་དང། ཆོས་ཐམས་ཅད་ཀྱིས་དབེན་པ་དང། སེམས་ཅན་སྨིན་པར་བྱ་བ་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པའོ། །བསམ་གཏན་གྱི་ཡང་བཅུ་སྟེ། དགེ་བའི་ཆོས་ལ་གནས་པ་དང། ཏིང་ [255A]༄༅། །ངེ་འཛིན་དང། སྙོམས་པར་འཇུག་པ་དང། རྫོགས་པའི་བྱང་ཆུབ་དང། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། དེའི་སྟོབས་དང། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང། ཏིང་ངེ་འཛིན་གྱི་ཕུང་པོ་རྫོགས་པར་བྱེད་པ་ དང། དམ་པའི་ཆོས་བསྲུང་བའོ། །ཤེས་རབ་ཀྱི་ཡང་བཅུ་སྟེ། ཕུང་པོ་ལ་མཁས་པ་དང། ཁམས་ལ་མཁས་པ་དང། སྐྱེ་མཆེད་ལ་མཁས་པ་དང། རྟེན་འབྲེལ་ལ་མཁས་པ་དང། བདེན་པ་ལ་མཁས་པ་དང། ལྟ་བ་ཐམས་ཅད་བསལ་བ་དང། ཤེས་རབ་ཀྱི་དབང་པོ་དང། མི་ སྐྱེ་བའི་ཆོས་ལ་བཟོད་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་བ་དང། སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བའོ། །ཐབས་ཀྱི་ཡང་བཅུ་སྟེ། སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་དང། སེམས་ཅན་གྱི་རྟེན་དང། བྱམས་པ་དང། སྙིང་རྗེ་དང། སེམས་ ཅན་གྱི་བྱ་བ་ལ་མི་སྐྱོ་བ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འཇུག་པ་དང། ཁྱད་པར་གྱི་ཡེ་ཤེས་མཐོང་བ་ཁོང་དུ་ཆུད་པ་དང། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བྱང་བར་བྱ་བ་དང། དངོས་པོ་ཅི་ལྟ་བར་རྟོག་པ་དང། སེམས་ཅན་གྱི་སྟོབས་ཉེ་བར་བསྒྲུབ་པ་དང། ཕྱིར་མི་ལྡོག་པའི་ས་ཐོབ་ པར་བྱེད་པའོ། །སྨོན་ལམ་གྱི་ཡང་བཅུ་སྟེ། སེམས་ཅན་གྱི་སེམས་ཀྱི་ཐིབས་པོ་རྒྱུ་བ་ཤེས་པ་དང། དེ་བཞིན་དུ་སེམས་ཅན་གྱི་ཉོན་མོངས་པ་དང། དབང་པོ་དང། བསམ་པ་དང་མོས་པ་དང། བསམ་པ་དང་ལྷག་པའི་བསམ་པ་དང། མོས་པ་དང་འཇིག་རྟེན་གྱི་ཁམས་ཐ་དད་པ་དང་ ཁམས་གསུམ་དང། བསམ་པ་བག་ལ་ཉལ་བ་དང། འཆི་འཕོ་དང་སྐྱེ་བ་དང། ཕུང་པོ་གསུམ་རྣམ་པར་གཞག་པའི་ཐིབས་པོ་ཤེས་པ་དང། དབང་པོ་མི་སྐྱོ་བའི་སེམས་ཅན་སྨིན་པར་བྱ་བ་ཤེས་པའོ། །སྟོབས་ཀྱི་ཡང་བཅུ་སྟེ། ཆོས་ཐམས་ཅད་བཟོད་མ་ནས་འབྱུང་བ་མེད་པ་ དང། དེ་བཞིན་དུ་མཚན་ཉིད་མེད་པ་དང། སྐྱེ་བ་མེད་པ་དང། ཡོད་པ་མ་ཡིན་པ་དང། ཆགས་པ་མེད་པ་དང། འཇུག་པ་མེད་པ་དང། ལྡོག་པ་མེད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་དང། ཐོག་མ་དང་ཐ་མ་མཉམ་པ་ཉིད་དང། ཆོས་ཐམས་ཅད་གཟོད་མ་ནས་དེ་བཞིན་ཉིད་ལ་ [255B] །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་ཀྱང་བཅུ་སྟེ། ཆོས་ཐམས་ཅད་རྣམ་པར་དབྱེ་བ་ལ་ཤིན་ཏུ་བརྟགས་པ་དང། དཀར་པོའི་ཆོས་ཤིན་ཏུ་རྫོགས་པ་དང། བྱང་ཆུབ་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་དང་ ཡེ་ཤེས་ཀྱི་ཚོགས་ཆེན་པོ་བཟུང་བ་དང། སྙིང་རྗེ་ཆེན་པོ་ཡངས་པ་ཁོང་དུ་ཆུད་པ་དང། འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བའི་རིམ་པ་ཤེས་པ་དང། སེམས་ཅན་གྱི་ཁམས་དང་ཉོན་མོངས་པའི་སྤྱོད་པ་ལ་འཇུག་པ་དང། སངས་རྒྱས་ཀྱི་སྤྱོད་ཡུལ་ལ་འཇུག་ཅིང་རྗེས་སུ་འགྲོ་བ་ཤེས་ པ་དང། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་ལ་ལྷག་པར་དམིགས་ཤིང་ཀུན་ཤེས་པར་བྱ་བ་དང། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཐོབ་པ་སྔོན་དུ་འགྲོ་བའོ། །ཕ་རོལ་ཏུ་ཕྱིན་པའི་དོན་ནི་སྤྱོད་ པའི་ཁྱད་པར་རྫོགས་པར་བྱེད་པའི་དོན་དང། ཡེ་ཤེས་ཟབ་ཅིང་རྒྱ་ཆེ་བ་ཡོངས་སུ་རྫོགས་པར་བྱེད་པ་དང། འདུས་བྱས་དང་འདུས་མ་བྱས་ལ་ཆགས་པ་མེད་པ་དང། འཁོར་བའི་ཉེས་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང། སྐྱེ་བོ་རྨོངས་པ་ཁོང་དུ་ཆུད་པར་བྱེད་པ་དང། ཆོས་ཀྱི་མཛོད་ མི་ཟད་པ་སྟོན་པ་དང། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་རྫོགས་པར་བྱེད་པ་དང། སེམས་ཅན་གྱི་ཁམས་ཤེས་པར་བྱེད་པ་དང། སྦྱིན་པའི་མཉམ་པ་ཉིད་རྗེས་སུ་རྟོགས་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་གྱི་མཉམ་པ་ཉིད་རྫོགས་པར་ བྱེད་པ་བཞི་དང། ཤེས་རབ་ལ་མཁས་པ་རྫོགས་པར་བྱེད་པ་དང། ཆོས་ཐམས་ཅད་ཤེས་པར་བྱེད་པ་དང། མི་སྐྱེ་བ་ལ་བཟོད་པ་རྫོགས་པར་བྱེད་པ་དང། ཕྱིར་མི་ལྡོག་པའི་ས་རྫོགས་པར་བྱེད་པ་དང། སངས་རྒྱས་ཀྱི་ཞིང་སྦྱོང་བར་བྱེད་པ་དང། སེམས་ཅན་སྨིན་པར་བྱེད་པ་དང་ བྱང་ཆུབ་ཀྱི་སྙིང་པོ་ལ་སངས་རྒྱས་ཀྱི་ཡེ་ཤེས་རྫོགས་པར་བྱེད་པ་དང། བདུད་ཐམས་ཅད་འདུལ་བར་བྱེད་པ་དང། སྲིད་ཞི་གཉིས་མེད་པ་སྟོན་ཅིང་སྒྲོལ་བར་བྱེད་པ་དང། ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བ་དང། ཕས་ཀྱི་རྒོལ་བ་ཚར་གཅོད་པ་དང། སྟོབས་དང་མི་ [256A]༄༅། །འཇིགས་པ་དང་མ་འདྲེས་པའི་ཆོས་རྫོགས་པར་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱེད་པ་དང། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་དང། ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་དོན་ནི་ཕ་རོལ་ ཏུ་ཕྱིན་པའི་དོན་ནོ་ཞེས་གསུངས་པའོ། ༈ །བདེན་པ་པོའི་ལེའུ་ལས་འབྱུང་བ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སོ་སོ་ལ་འཇུག་པའི་ཚུལ་གྱི་དབང་དུ་བྱས་ནས་སྦྱིན་པའི་ནི། བྱང་ཆུབ་སེམས་ཀྱི་ལམ་སྟོན་ལོངས་སྤྱོད་མཆོག་འགྲུབ་སོགས་ཡོན་ཏན་བཅུ་གཉིས་དོན་གཉེར་ བས། །རྒྱལ་སྲས་སྦྱིན་པའི་ཕ་རོལ་ཕྱིན་སྦྱོར་ཏེ། །འགྲོ་ཀུན་དྲངས་ཕྱིར་ཀུན་མཁྱེན་རྒྱ་མཚོར་བསྔོ། །མདོ་སྡེ་ལས། བྱང་ཆུབ་སེམས་དཔས་ཡོན་ཏན་བཅུ་གཉིས་མཐོང་བ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ལམ་སྟོན་པར་མཐོང་བས་ དེ་ལ་སྦྱར་བ་དང། དེ་བཞིན་དུ་ལོངས་སྤྱོད་ཆེན་པོ་འགྲུབ་པའི་ལམ་ཡིན་པ་དང། འདོད་པའི་རིགས་སུ་སྐྱེ་བ་དང། སེར་སྣ་ཚར་བཅད་པ་དང། གཏོང་བའི་རྒྱུན་འཕེལ་བ་དང། ཡི་དྭགས་ཀྱི་གྲོང་ཁྱེར་གྱི་སྒོ་འགོག་པ་དང། སྐྱེ་བོ་མང་པོ་དང་ཚེ་ཐུན་མོང་གི་ལོངས་སྤྱོད་ལ་སྙིང་ པོ་ལེན་པ་དང། ཡོ་བྱད་ཡོངས་སུ་རྫོགས་པ་དང། བདོག་པ་ཐམས་ཅད་གཏོང་བ་ལ་གོམས་པར་བྱས་པར་འགྱུར་བ་དང། བདག་ལ་དངོས་པོ་ཐམས་ཅད་ཡོངས་སུ་འཛིན་པའི་སེམས་མེད་པ་དང། བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང། སངས་རྒྱས་ཀྱིས་རྗེས་སུ་ བསྟན་པ་ལ་མཐུན་པར་ཞུགས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་སྟེ། དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །འདི་ནི་འོག་མ་དག་ལ་ཡང་སྦྱར་རོ། ༈ །ཚུལ་ཁྲིམས་དང་བཟོད་པ་ནི་དེ་བཞིན་ བྱིན་རླབས་ཕུན་ཚོགས་ཡོངས་བཟུང་སོགས། །ཡོན་ཏན་བཅུ་གཉིས་ལས་ནི་ཚུལ་ཁྲིམས་ཏེ། །འདུ་བྱེད་སྐད་ཅིག་ངེས་སོགས་བཅུ་གཉིས་ཀྱིས། །རྣམ་པས་རྣམ་དག་བཟོད་པ་བསྒོམ་པར་བྱ། །ཡང་ཡོན་ཏན་བཅུ་གཉིས་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ [256B] བདག་གིས་བྱིན་བརླབས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང། བྱང་ཆུབ་སེམས་དཔའི་ལམ་དུ་ཞུགས་པ་དང། ཉོན་མོངས་པའི་འཆིང་བ་ལྷོད་པ་དང། ངན་འགྲོ་ཐམས་ཅད་ལས་འདའ་བ་དང། ངན་འགྲོའི་ལམ་ཐམས་ཅད་སྦྱངས་པ་དང། གཞི་གསུམ་གྱི་ལས་ ཁ་ན་མ་ཐོ་བ་མེད་པ་དང། མཁས་པའི་སྐྱེ་བོ་རྣམས་ཀྱིས་མ་སྨད་པ་དང། བག་ཡོད་པའི་ཆོས་ལ་བརྟེན་པ་དང། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང། ལུས་ལ་སོགས་པའི་ལས་སྡོམ་པ་ཐོབ་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབས་པ་དང། བདག་གིས་ སངས་རྒྱས་ཀྱི་ཚུལ་ཁྲིམས་བླ་ན་མེད་པ་སྦྱངས་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །རྣམ་པ་བཅུ་གཉིས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། འདུ་བྱེད་ཐམས་ཅད་སྐད་ཅིག་མའོ་ཞེས་བདག་མི་དམིགས་པར་བྱ་བའི་ ཕྱིར་དང། བདག་དང་གཞན་བསྲུང་བ་དང། འཁྲུག་པ་གཏན་མེད་པར་བྱ་བ་དང། བག་ལ་ཉལ་དང་ཀུན་ནས་དཀྲིས་པ་བསལ་བ་དང། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤང་བ་དང། མཚན་དང་དཔེ་བྱད་བསྒྲུབ་པ་དང། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་དང། གཞན་གྱི་གནོད་པ་ཐམས་ ཅད་ལས་འདའ་བ་དང། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་འཐོབ་པ་དང། བདུད་ཀྱི་ཡུལ་ཐམས་ཅད་ལས་འདའ་བར་བྱ་བའི་ཕྱིར་དང། སངས་རྒྱས་ཀྱི་སྐུ་ཚད་མེད་པ་མཐོང་བ་བསྒོམ་པར་བྱའོ། ༈ །བརྩོན་འགྲུས་ལ་སོགས་པ་དྲུག་གི་ནི། བརྟུལ་བ་བཅུ་གཉིས་ཀྱིས་ནི་བརྩོན་འགྲུས་ ཏེ། རྣམ་པ་བཅུ་གཉིས་དང་ལྡན་བསམ་གཏན་ནོ། །རྣམ་གཞན་བཅུ་གཉིས་ཤེས་རབ་ཕ་རོལ་ཕྱིན། །ཐབས་རྣམ་བཅུ་གཉིས་ཡུལ་ལ་ལྟ་བས་བསྒོམ། །སངས་རྒྱས་རྣམས་ཀྱིས་ཐབས་མཁས་བཅུ་གཉིས་ཏེ། །ཞིང་གི་ཡོན་ཏན་སྙིང་པོའང་བཅུ་གཉིས་སོ། །བརྟུལ་པ་བཅུ་ གཉིས་ཀྱི་བརྩོན་འགྲུས་བརྩམ་པར་བྱ་སྟེ། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་བྱ་བའི་བརྟུལ་བ་དང། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་རིམ་གྲོ་བྱ་བ་དང། སངས་རྒྱས་ཐམས་ཅད་མཉེས་པར་བྱ་བ་དང་ [257A] སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལ་འགོད་པར་བྱ་བ་དང། སེམས་ཅན་ཐམས་ཅད་མི་ཤེས་པ་བསལ་བ་དང། སེམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་བསྒྲུབ་པ་དང་ སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱོང་བ་དང། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སེམས་ཅན་གྱི་དོན་དུ་སྤྱོད་པས་མི་སྐྱོ་བ་དང། །སྐད་ཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་དང། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱང་ཆུབ་མངོན་པར་འཚང་རྒྱ་ཞིང་ ཆོས་ཀྱི་འཁོར་ལོ་བསྐོར་བའི་བརྟུལ་བས་བརྩོན་འགྲུས་བརྩམ་པའོ། །རྣམ་པ་བཅུ་གཉིས་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། ཤིན་ཏུ་མི་འཁྲུགས་པའི་ཕྱིར་ཉོན་མོངས་པ་ཞི་བར་བྱ་བའི་རྣམ་པ་དང། དེ་བཞིན་དུ་ཡུལ་ལ་མི་རྒྱུ་བས་སེམས་གནས་ པ་དང། ཁམས་གསུམ་ལས་འདའ་བས་མི་གནས་པ་དང། འཇིག་རྟེན་པའི་སྙོམས་པར་འཇུག་པ་ཟིལ་གྱིས་རོལ་ དེ་ལ་མཆགས་པས་ཁྱད་པར་དང། བསམ་གཏན་བཟློག་པས་འདོད་རྒྱལ་བ་དང། དངོས་པོའི་འདུ་ཤེས་དང་བྲལ་བས་ངོ་ བོ་ཉིད་དང། ཚད་ཡོད་པའི་ཏིང་ངེ་འཛིན་ལ་སྨོད་པས་ཚད་མེད་པ་དང། ཤིན་ཏུ་ཞི་བས་ཞི་གནས་དང། ཅང་ཤེས་པས་སེམས་དུལ་བ་དང། དབང་པོ་ངེས་པར་བསྡམས་པས་ངེས་པར་སེམས་པ་དང། བྱང་ཆུབ་ཀྱི་བསམ་པ་མ་བོར་བའི་ཕྱིར་ཐབས་ལ་མཁས་པའི་རྣམ་པས་བསྒོམ་ པར་བྱ་སྟེ། ང་རྒྱལ་དང་ལྟ་བ་དང་སྲེད་པ་ཤས་ཆེ་བའི་བསམ་གཏན་པ་ནི་མ་ཡིན་པས་སྙོམས་པར་འཇུག་པ་ཐམས་ཅད་ཟིལ་གྱིས་གནོན་པའོ། །རྣམ་པ་བཅུ་གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་སྟེ། གཏི་མུག་གི་མུན་ནག་མེད་པའི་ཕྱིར་སྣང་བའི་རྣམ་པ་ དང། དེ་བཞིན་དུ་ཉོན་མོངས་པའི་ཐིབས་པོ་སྣང་བར་བྱེད་པས་སྒྲོན་མ་དང། མི་ཤེས་པ་དང་བྲལ་བས་ཡེ་ཤེས་ཀྱི་འོད་ཟེར་འདོད་པ་དང། མ་རིག་པ་དྲུངས་ནས་འབྱིན་པས་གཤེལ་དང། སྲིད་པའི་རྒྱ་མོ་འཇིག་པར་བྱེད་པས་ལྕགས་ཀྱུ་དང། ཉོན་མོངས་པའི་འདམ་རྫབ་སྐེམ་པས་ [257B] སྐྱེ་བའི་ཤིང་བསྲེག་པས་མེ་དང། ཕོངས་པ་སེལ་བར་བྱེད་པས་ནོར་བུ་དང། རྫས་མེད་པས་སྟོང་པ་ཉིད་དང། མཚན་ཉིད་མེད་པས་མཚན་མ་མེད་པ་དང། ཁམས་གསུམ་ལས་ཡང་དག་པར་འདའ་བའི་ཕྱིར་སྨོན་པ་མེད་པའི་རྣམ་པའོ། །ཡང་བྱང་ཆུབ་སེམས་ དཔའི་ཐབས་ལ་མཁས་པ་ནི་ཡུལ་བཅུ་གཉིས་ལ་ལྟ་བར་བྱ་སྟེ། ཞི་བའི་ཡུལ་ལའང་གནས་ལ། ཐབས་ཀྱིས་སྲིད་པའི་ཡུལ་ལའང་གནས་པར་སྣང་བ་དང། དེ་བཞིན་དུ་དབེན་པ་དང་འདུ་འཛི་དང། བསམ་གཏན་དང་བཙུན་མོའི་འཁོར་དང། མངོན་པར་འདུ་མི་བྱེད་པ་དང། འདུ་ བྱེད་ཐམས་ཅད་དང། སྐྱེ་བ་མེད་པ་དང་སྐྱེ་ཤི་དང། བདུད་བཞིའི་ཡུལ་ལས་འདས་པ་དང། བདུད་འདུལ་བར་སྟོན་པ་དང། འཕགས་པའི་སྐྱེ་བོ་དང། འཕགས་པ་མ་ཡིན་པ་དང་འཇིག་ འཇིག་རྟེན་པ་དང། ཡེ་ཤེས་ཀྱི་ཡུལ་རྙེད་པ་དང། མི་ཤེས་པའི་ མཐུ་དང། ཡང་དག་པའི་མཐའི་ཡུལ་མངོན་དུ་གྱུར་པ་དང་ཉན་ཐོས་དང་རང་རྒྱལ་གྱི་ཡུལ་དུའང་མི་ལྟུང་བ་དང། མཚན་ཉིད་མེད་པའི་ཆོས་ཁོང་དུ་ཆུད་པ་དང་མཚན་དཔེས་ལེགས་པར་བརྒྱན་པའི་ལུས་ཀྱིས་སེམས་ཅན་སྨིན་པར་བྱེད་པ་དང། སངས་རྒྱས་ཀྱི་ཡུལ་ལ་ཡང་དག་ པར་ཞུགས་པའང་ཡིན་ལ། བདུད་ཀྱི་ཡུལ་ཐམས་ཅད་ལ་གནས་པར་ཡང་སྣང་བའོ། །སངས་རྒྱས་ཀྱི་ཐབས་ལ་མཁས་པའང་རྣམ་པ་བཅུ་གཉིས་ཏེ། ཡོན་ཏན་གྱི་སྙིང་པོ་བཅུ་གཉིས་ཀྱིས་མངོན་པར་འཕགས་པའི་སངས་རྒྱས་ཀྱི་ཞིང་དུ་མངོན་པར་སངས་རྒྱས་ཀྱང་བསྐལ་ པའི་སྙིགས་མ་སྟོན་པ་དང། དེ་བཞིན་དུ་དུས་དང། སེམས་ཅན་དང་ཚེ་དང། ཉོན་མོངས་པའི་སྙིགས་མ་དང། ཐེག་པ་ཐ་དད་པ་དང། ཀུན་ནས་ཉོན་མོངས་པ་ཅན་གྱི་སངས་རྒྱས་ཀྱི་ཞིང་དང། སེམས་ཅན་དམུ་རྒོད་དང། ཆོས་བསྟན་པ་ལ་བྱེ་བྲག་དང། མུ་སྟེགས་ཅན་གྱི་འཁྲུག་པ་ ཡོད་པ་དང། བདུད་དང་བདུད་ཀྱི་ལས་ཀྱང་སྟོན་ལ། ཉེས་པ་དེ་དག་ཐམས་ཅད་ཀྱང་ཡོད་པ་མ་ཡིན་པའོ། །ཡོན་ཏན་གྱི་སྙིང་པོ་བཅུ་གཉིས་ནི་གང་དུ་སངས་རྒྱས་མངོན་པར་སངས་རྒྱས་པའི་ཞིང་དེ་ཡོན་ཏན་གྱི་སྙིང་པོས་བསྒྲུབས་པའི་ཕྱིར་བསྐལ་པའི་སྙིང་པོ་དང་ལྡན་པ་དང་ [258A]༄༅། །ཆོས་སྤྱོད་པའི་དུས་ལས་མི་འདའ་བས་དུས་ཀྱི་སྙིང་པོ་དང། ཆོས་ཤེས་པ་དང་ལྡན་པས་སེམས་ཅན་གྱི་སྙིང་པོ་དང། ཆོས་ལ་དབང་བས་ཚེའི་སྙིང་པོ་དང། ལེགས་ཤིང་དག་པས་ཉོན་མོངས་པ་ཅན་མ་ཡིན་པའི་ཞིང་གི་སྙིང་པོ་དང། སེམས་ཅན་ དམུ་རྒོད་མེད་པས་སེམས་ཅན་ཅང་ཤེས་ཀྱི་སྙིང་པོ་དང། ཐེག་པ་གཅིག་གིས་ངེས་པར་འབྱུང་བས་ཐིག་པའི་སྙིང་པོ་དང། རྫས་ལྷག་པ་ཡོད་པས་སའི་སྙིང་པོ་དང། མུ་སྟེགས་ཀྱི་བསྟན་པ་མི་སྤྱོད་པས་བསྟན་པའི་སྙིང་པོ་དང། གཡོ་མེད་པས་ཡོན་ཏན་གྱི་སྙིང་པོ་དང། སེམས་ཅན་ རང་བཞིན་གྱིས་དཀར་བས་བསམ་པ་དང་ལྷག་པའི་སྙིང་པོ་དང། སྦྱིན་གནས་དང་མི་འབྲལ་བས་འཕགས་པའི་སྙིང་པོ་དང། ཞིང་དེ་ནི་སྔོན་གྱི་སངས་རྒྱས་བཞུད་ཅིང་རྗེས་སུ་ཞུགས་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་དང་ལྡན་པའོ་ཞེས་སོ། །བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་ནི། །ངོ་བོ་ ཉིད་དང་ཐམས་ཅད་དང། །དཀའ་བ་དང་ནི་སྒོ་ཀུན་དང། །སྐྱེས་བུ་དམ་པར་ལྡན་པ་དང། །དེ་བཞིན་རྣམ་པ་ཐམས་ཅད་དང། །ཕོངས་ཤིང་འདོད་དང་ལྡན་པ་དང། །འདི་དང་གཞན་དུ་བདེ་འགྱུར་དང། །དེ་བཞིན་རྣམ་དག་དེ་མདོར་ན། །བྱང་ཆུབ་སེམས་དཔའི་སྦྱིན་པ་ཡིན། །ཕ་རོལ་ཕྱིན་ པ་གཞན་ལྔ་དང། །བསྡུ་བ་བཞི་ཡང་དེ་བཞིན་ནོ། །ཞེས་དོན་རྣམ་པ་དགུ་དགུར་གསུངས་པ་ལས། འདིར་ནི་དྲུག་པོའི་ངོ་བོ་ཉིད་དྲུག་དང་སོ་སོའི་རྣམ་པར་དབྱེ་བ་བཅོ་བརྒྱད་ཀྱིས་ཕྱོགས་ཙམ་རྣམ་པར་བཞག་སྟེ། གཞན་ནི་དེ་ཉིད་ལས་རྒྱས་པར་བལྟ་བར་བྱའོ། །འདིར་གཞུང་ཧ་ཅང་ ལྕི་བ་སྤངས་པས་མ་བྲིས་སོ། ༈ །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི། ཡོངས་བཟུང་ཀུན་ལ་མ་ཆགས་སེམས་པ་ཡིས། །ཀུན་བསླངས་ལས་ཀྱིས་དངས་ཀུ་ན་ལེགས་གཏོང་བ། །ཉེས་རྣམས་སྤོང་ཞིང་འབྲས་བུ་རིག་པ་ཡིས། །གང་འདོད་དེ་ལ་སོ་སོར་སྦྱིན་པའོ། ། དེ་ལ་སྦྱིན་པའི་ངོ་བོ་ཉིད་ནི་ཡོ་བྱད་ཐམས་ཅད་དང་རང་གི་ལུས་ལ་མི་ལྟ་བའི་རྒྱལ་སྲས་ཀྱི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་དང། དེས་ཀུན་ནས་བསླང་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་ངག་གི་ལས་དང་སྦྱིན་བྱ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་གཏོང་ [258B] སྡོམ་པ་ལ་གནས་པ་དང། འོང་བ་མཐོང་ཞིང་འབྲས་བུ་ལ་ལྟ་བ་དང། སུ་གང་འདོད་པ་དེ་ལ་དངོས་པོ་དེ་སོ་སོར་སྦྱིན་པར་བྱེད་པའོ། ༈ །རབ་ཏུ་དབྱེ་བ་ནི། དེ་ཡང་ཕྱི་ནང་དངོས་པོ་མ་ལུས་དང། བདེན་དང་རིགས་སྟོན་བསླབ་སོགས་འཛིན་འཇུག་དང། །རྒྱལ་པོ་ཆོམ་རྐུན་ཆུ་ སོགས་འཇིགས་སྐྱོབ་པས། །རྣམ་པ་ཀུན་ཏུ་བདེ་བསྐྱེད་རྣམ་གསུམ་མོ། །ཡང་འདི་དང་གཞན་དུ་བདེ་བར་འགྱུར་བའི་སྐབས་ནས། ཟང་ཟིང་གི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པ་དང། མི་འཇིགས་པའི་སྦྱིན་པ་ནི་མདོར་བསྡུ་ན་སྦྱིན་པའི་དབྱེ་བའོ། །དང་པོ་ནི་སེམས་ཀྱི་ཀུན་ཏུ་འཛིན་པ་ བཏང་བས་སེར་སྣའི་དྲི་མ་བསལ་བ་དང། ལོངས་སྤྱོད་ཀུན་ཏུ་འཛིན་པ་བཏང་བས་གསོག་འཇོག་གི་དྲི་མ་བསལ་ནས། བཟང་པོ་དང། གཙང་བ་དང། རུང་བ་དག་སྦྱིན་པའོ། །ཆོས་ཀྱི་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང། རིགས་པར་སྟོན་པ་དང། བསླབ་པའི་གཞི་ཡང་དག་ པར་འཛིན་དུ་འཇུག་པའོ། །མི་འཇིགས་པའི་ནི་སྟག་དང་སེང་གེ་དང་ཆུ་སྲིན་འཛིན་ཁྲི་དང་རྒྱལ་པོ་དང་ཆོམ་རྐུན་དང་ཆུ་ལ་སོགས་པའི་འཇིགས་པ་ལས་སྐྱོབ་པའོ། ༈ །ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ནི། གཞན་ལས་ལེགས་མནོས་བསམ་པ་རྣམ་དག་དང། །ཉམས་ན་ཕྱིར་གསོ་གུས་ པས་རབ་བསྒྲིམ་པས། །ཁྲེལ་དང་ངོ་ཚ་ཤེས་དང་འགྱོད་མེད་ཕྱིར། །ཚུལ་ཁྲིམས་ལེགས་བསྲུང་ཉམས་ནའང་རབ་གསོ་བའོ། །ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ནི་མདོར་བསྡུ་ན་ཡོན་ཏན་བཞི་དང་ལྡན་པ་ཏེ། ཕ་རོལ་ལས་ལེགས་པར་བླངས་པ་དང། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང་ ཉམས་ན་ཕྱིར་གསོ་བ་དང། མི་ཉམས་པའི་དོན་དུ་གུས་པས་ཉེ་བར་གནས་པའོ། །དང་པོས་ནི་བསླབ་པ་ལ་ཉམས་པར་བྱེད་ན་གཞན་ལ་བརྟེན་ཏེ་ཁྲེལ་ཡོད་སྐྱེའོ། །གཉིས་པས་ནི་རང་ལ་བརྟེན་ཏེ་ངོ་ཚ་ཤེས་པ་སྐྱེའོ། །གསུམ་པ་དང་བཞི་པ་གཉིས་ཀྱིས་ནི་འགྱོད་པ་མེད་པར་འགྱུར་ཏེ་ དེ་ལྟར་ན་སྔ་མ་གཉིས་ལས་ཚུལ་ཁྲིམས་ལེགས་པར་བསྲུངས་ལ་བསྲུང་ན་འགྱོད་པ་མེད་པར་འགྱུར་བས་ན་ཆོས་སྔ་མ་གཉིས་ནི་ཕྱི་མ་གཉིས་འདྲེན་པར་བྱེད་པའོ། །ཡང་དང་པོ་གཉིས་དང་ཐ་མས་ནི་ཚུལ་ཁྲིམས་ཉམས་པར་མི་འགྱུར་ལ། གསུམ་པས་ནི་ཞིག་པ་ལས་ཕྱིར་ [259A]༄༅། །འཆོས་ཤིང་སློང་བར་རིག་པར་བྱའོ། ༈ །རབ་ཏུ་དབྱེ་བ་ནི། དེ་ཡང་ཕྱོགས་གཉིས་ལ་བརྟེན་རིས་བདུན་དང། །བྱང་ཆུབ་དོན་དུ་གཞི་གསུམ་དགེ་སོགས་དང། །བྱ་བ་དོན་ལྡན་རྣམས་ཀྱི་གྲོགས་བྱེད་སོགས། །སྡོམ་དང་དགེ་སྡུད་སེམས་ཅན་དོན་བྱེད་གསུམ། ། མདོར་བསྡུ་ན་ཁྱིམ་པའི་ཕྱོགས་དང་རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའི་ཚུལ་ཁྲིམས་རྣམ་པ་གསུམ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་རིས་བདུན་པོ་དགེ་སློང་དང་དགེ་སློང་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང། དགེ་བསྙེན་ དང་དགེ་བསྙེན་མའི་ཚུལ་ཁྲིམས་ཏེ། དེའང་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་སྡོམ་པ་ཡང་དག་པར་བླངས་ནས་བྱང་ཆུབ་ཆེན་པོའི་ཕྱིར་ལུས་དང་ངག་དང་ཡིད་ཀྱི་དགེ་བ་བསགས་པ་གང་ཅིའང་རུང་བ་དེ་ཐམས་ ཅད་དོ། །སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་ནི་མདོར་བསྡུ་ན་སེམས་ཅན་གྱི་བྱ་བ་དོན་དང་ལྡན་པ་སྣ་ཚོགས་ལ་གྲོགས་བྱེད་པ་དང། ནད་ལ་སོགས་པའི་སྡུག་བསྔལ་བྱུང་ངོ་ཅོག་ལ་ནད་གཡོག་ལ་སོགས་པའི་གྲོགས་བྱེད་པ་ནས། རྫུ་འཕྲུལ་གྱིས་བསྡིགས་པ་ ༈ །བཟོད་པའི་ངོ་བོ་ཉིད་ནི། སོ་སོར་རྟོག་དང་རང་བཞིན་ཉིད་སྟོབས་ལས། །ཟང་ཟིང་མེད་ཅིང་བརྩེ་བས་གནོད་ཀུན་བཟོད། །བཟོད་པའི་ངོ་བོ་ཉིད་ནི། སོ་སོར་བརྟགས་པའི་སྟོབས་ལ་བརྟེན་ནས་སམ། ཡང་ན་རང་བཞིན་གྱིས་གཞན་ གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང། ཐམས་ཅད་ཀྱི་ཇི་མི་སྙམ་པ་དང་ཐམས་ཅད་ལ་ཇི་མི་སྙམ་པ་སྟེ། ཟང་ཟིང་མེད་པའི་སེམས་དང་སྙིང་རྗེ་འབའ་ཞིག་གིས་ཇི་མི་སྙམ་པའོ། ༈ །དབྱེ་བ་ནི། ཕྱོགས་གཉིས་གནོད་དང་སྡུག་བསྔལ་དང་ལེན་དང། །ཆོས་ལ་ངེས་སེམས་མོས་པའི་ བཟོད་པའོ། །བཟོད་པ་དེའང་རྣམ་པ་གཉིས་ཏེ་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའོ། །དེ་དག་ཀྱང་རྣམ་པ་གསུམ་དུ་ལྟ་སྟེ། གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང། སྡུག་བསྔལ་དང་དུ་ལེན་པ་དང་ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པའོ། །དང་པོ་ནི། གཞན་ [259B] འདི་ནི་རང་གི་ལས་ཀྱི་ལ་ལན་ཡིན་ཏེ། རང་གི་བྱས་པའི་མི་དགེ་བའི་འབྲས་བུ་འདི་འདྲ་བ་མྱོང་ངོ་ཞེས་བྱ་བ་ལ་སོགས་པར་རོ། །གཉིས་པ་ནི་བདག་སྔོན་འདོད་པ་ལ་སྤྱོད་ ཅིང་འདོད་པ་ཚོལ་བ་ན་དེ་སྡུག་བསྔལ་གྱི་རྒྱུར་ཚོར་བཞིན་དུ། འདོད་པའི་ཆེད་དུ་ཞིང་ལས་དང་ཚོང་ལ་སོགས་པ་སྡུག་བསྔལ་མང་ལ་དྲག་པ་མྱོང་ཞིང་དོན་མེད་པར་མི་ཤེས་པའི་ཉེས་པས་རབ་ཏུ་མནར་ན། ད་བདག་བདེ་བའི་དོན་དུ་དགེ་བ་བསྒྲུབ་པ་ལ་ཞུགས་པར་ཚོར་ བཞིན་དུ། དེ་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་སྡུག་བསྔལ་དང་དུ་བླང་བར་རིགས་ན། དེ་བས་ཆུང་ངུ་ལྟ་ཅི་སྨོས་སྙམ་སྟེ། གཞི་ཐམས་ཅད་བྱུང་བའི་སྡུག་བསྔལ་དང་དུ་ལེན་ཏོ། །དེ་ནི་བརྒྱད་དེ། གནས་ལ་བརྟེན་པ་དང། འཇིག་རྟེན་གྱི་ཆོས་དང། སྤྱོད་ལམ་དང། ཆོས་འཛིན་པ་ དང། སློང་མོས་འཚོ་བ་དང། མངོན་པར་བརྩོན་པས་དུབ་པ་དང། སེམས་ཅན་གྱི་དོན་དང། ཕྲལ་གྱི་བྱ་བ་ལ་བརྟེན་པའོ། །གསུམ་པ་ནི་ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་ཤིན་ཏུ་བརྟགས་པའི་བློས་མོས་པའི་གནས་བརྒྱད་ལ་ཤིན་ཏུ་མོས་པ་སྟེ། དཀོན་མཆོག་ གསུམ་གྱི་ཡོན་ཏན་དང། དེ་ཁོ་ནའི་དོན་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་དང། རྒྱུ་དང་འབྲས་བུ་དང། བདག་གི་ཐོབ་བྱའི་དོན་དང། དེ་ཐོབ་པའི་ཐབས་དང། ཤེས་བྱའི་སྤྱོད་ཡུལ་ལའོ། །དེ་ཡང་རྒྱུ་གཉིས་ཀྱིས་ལེགས་པར་གནས་པ་སྟེ། ཡུན་རིང་པོ་ནས་ཀློམ་ པ་དང། ཤེས་བ་ཤིན་ཏུ་རྣམ་པར་དག་པ་ཐོབ་པས་སོ། ༈ །བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་དཔག་མེད་བསྡུ་དང་གཞན་དོན་ཕྱིར། །རབ་སྤྲོ་སྦྱངས་ཤིང་བརྟན་ལ་མ་འཁྲུལ་དང། །དེས་སླང་གཞི་གསུམ་དགེ་ལ་གཡོ་བ་ནི། །བརྟན་པའི་བརྩོན་འགྲུས་ངོ་བོ་ཉིད་དུ་གསུངས། དགེ་བའི་ ཆོས་དཔག་ཏུ་མེད་པ་བསྡུ་བ་དང། སེམས་ཅན་གྱི་དོན་བྱ་བའི་ཕྱིར་མངོན་པར་སྤྲོ་བ་སྦྱངས་པ་བར་ཆད་མེད་པ་ཕྱིན་ཅི་མ་ལོག་པ་དང། དེ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱི་གཡོ་བ་གང་ཡིན་པའོ། ༈ །དབྱེ་བ་ནི། དེ་ཡང་གོ་ཆ་དགེ་ཚོགས་རབ་བསྒྲུབ་དང། །སེམས་ཅན་ [260A]༄༅། །དོན་བྱེད་དབྱེ་བས་རྣམ་གསུམ་མོ། །བརྩོན་འགྲུས་ཀྱང་རྣམ་པ་གཉིས་པོ་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་དག་རྣམ་པ་གསུམ་དུ་ལྟ་སྟེ། གོ་ཆའི་བརྩོན་འགྲུས་དང། དགེ་བའི་ཆོས་སྡུད་པ་དང། སེམས་ཅན་གྱི་དོན་བྱེད་པའོ། །དང་པོ་ནི་ སྦྱོར་བའི་སྔོན་རོལ་ནས་གལ་ཏེ་བདག་སེམས་ཅན་གཅིག་སྡུག་བསྔལ་ལས་ཐར་བའི་ཕྱིར་ཡང་ཉིན་མཚན་བསྐལ་པ་སྟོང་དང་མཉམ་པ་ཁོ་ནར་དམྱལ་བར་གནས་པའི་དུས་ཇི་སྲིད་ཀྱིས་མངོན་པར་འཚང་རྒྱ་བའི་དུས་དེ་ཉིད་བྱེ་བ་ཕྲག་འབུམ་འགྱུར་གྱི་བྱང་ཆུབ་ཐོབ་ཏུ་ ཟིན་ཀྱང་སྤྲོ་བར་བྱེད་ཀྱི་ཞུམ་པར་མི་བྱེད་ན། ཆེས་ཡུན་ཐུང་ཞིང་ཆུང་བའི་སྡུག་བསྔལ་གྱིས་ལྟ་ཅི་སྨོས་སྙམ་པའི་གོ་ཆ་དེ་ལྟ་བུ་ལ་མོས་ཤིང་དང་བ་ཙམ་ཡང་བྱང་ཆུབ་སེམས་དཔའི་བརྟན་པོ་ཡིན་ཏེ་བརྩོན་འགྲུས་དཔག་ཏུ་མེད་པའི་རྒྱུ་བརྟས་པར་བྱེད་པ་ཡིན་ན། གོ་ཆའི་ བརྩོན་འགྲུས་དེ་ལྟ་བུ་དངོས་དང་ལྡན་པ་ལྟ་ཅི་སྨོས་ཏེ། དེ་ལ་ནི་བྱང་ཆུབ་སེམས་ཅན་གྱི་དོན་དུ་ཞུམ་པར་འགྱུར་བའི་བྱ་དཀའ་བ་ནི་ཅིའང་མེད་དོ། །གཉིས་པ་ནི་བརྩོན་འགྲུས་གང་སྦྱིན་པ་ལ་སོགས་པ་དྲུག་བགྲུབ་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བར་བྱེད་པའོ། ། གསུམ་པ་ནི་སེམས་ཅན་གྱི་དོན་བྱ་བ་བཅུ་གཅིག་པོ་ཉིད་བསྒྲུབ་པའི་བརྩོན་འགྲུས་སོ། ༈ །བསམ་གཏན་གྱི་ངོ་བོ་ཉིད་ནི། ཐེག་མཆོག་སྡེ་སྣོད་ཐོས་དང་བསམ་པ་ལས། །རྩེ་གཅིག་སེམས་གནས་དགེ་བ་ཞི་གནས་དང། །ལྷག་མཐོང་ཟུང་འབྲེལ་ཕྱོགས་གཏོགས་གང་ཡིན་པ། ། འདི་ནི་རྒྱལ་བའི་སྲས་ཀྱིས་བསམ་གཏན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་བསམ་པ་སྔོན་དུ་འགྲོ་བའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་རྩེ་གཅིག་པ་དགེ་བ་སེམས་གནས་པ། ཞི་གནས་སམ་ལྷག་མཐོང་ངམ་གཉི་གའི་ཕྱོགས་གང་ཡིན་པའོ། ། ༈ འཇིག་རྟེན་འཇིག་རྟེན་འདས་གཉིས་མཐོང་ཆོས་ལ། །བདེ་བར་གནས་དང་ཡོན་ཏན་ཀུན་བསྒྲུབ་དང། །སེམས་ཅན་དོན་བྱེད་བཅུ་གཅིག་བསྡུས་པ་གསུམ། །བསམ་གཏན་ཇི་སྙེད་ཇི་ལྟའི་དབྱེ་བར་གསུངས། །བསམ་གཏན་ཐམས་ཅད་ནི་རྣམ་པ་གཉིས་སུ་ལྟ་སྟེ་ [260B] །དེའང་ཅི་རིགས་པར་རྣམ་པ་གསུམ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བ་དང། ཏིང་ངེ་འཛིན་གྱི་ཡོན་ཏན་བསྒྲུབ་པ་དང། སེམས་ཅན་གྱི་དོན་བྱེད་པའོ། །དང་པོ་ནི་རྣམ་རྟོག་ཐམས་ཅད་དང་བྲལ་བ་ལུས་སེམས་ཤིན་ཏུ་ སྦྱངས་པ་བསྐྱེད་པ་རབ་ཏུ་ཞི་བ་རློམ་སེམས་སམ། རོ་མྱང་བའམ་མཚན་མ་ཐམས་ཅད་དང་བྲལ་བའོ། །གཉིས་པ་ནི་སྟོབས་བཅུའི་རིགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ཉན་ཐོས་ལ་སོགས་པས་མིང་ཙམ་ཡང་མི་ཤེས་པ་དང། བྱང་ཆུབ་སེམས་དཔའི་རྣམ་ ཐར་དང་ཟིལ་གནོན་དང་ཟད་པར་དང་སོ་སོ་ཡང་དག་པར་རིག་པ་ལ་སོགས་པའི་ཡོན་ཏན་བསྒྲུབ་པར་བྱེད་པའོ། །གསུམ་པ་ནི་བསམ་གཏན་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱ་བ་བཅུ་གཅིག་པོ་དེ་བསྒྲུབ་པའོ། ༈ །ཤེས་རབ་ཀྱི་ངོ་བོ་ཉིད་ནི། ཤེས་བྱ་ཀུན་ལ་རབ་འཇུག་ཆོས་རྣམ་ འབྱེད། །རིག་པའི་གནས་ལྔའི་སྤྱོད་ཡུལ་དང་ལྡན་པའོ། །ཤེས་བྱ་ཐམས་ཅད་ལ་འཇུག་པ་དང་ཤེས་བྱ་ཐམས་ཅད་ལ་ཞུགས་པ་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ། རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང། གཏན་ཚིགས་དང། གསོ་བ་དང། སྒྲ་དང་བཟོ་དང་ལས་ ཀྱི་གནས་རིག་པ་ལ་དམིགས་ནས་འཇུག་པའོ། ༈ །དབྱེ་བ་ནི། འཇིག་རྟེན་འཇིག་རྟེན་འདས་པའི་ཤེས་རབ་དག་དེ་ཉིད་མོས་དང་མངོན་གྱུར་ལེགས་རྟོགས་དང། །ཆོས་ཀྱི་ཚོགས་ཀྱི་གནས་བརྒྱད་ལ་མཁས་དང། སེམས་ཅན་དོན་བྱེད་དབྱེ་བས་གཉིས་དང་གསུམ། །བྱང་ཆུབ་ སེམས་དཔའི་ཤེས་རབ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེའང་མདོར་བསྡུ་ན་རྣམ་པ་གསུམ་དུ་ལྟ་སྟེ། ཤེས་བྱའི་དེ་ཁོ་ན་རྟོགས་པ་དང། རིག་པའི་གནས་ལྔ་དང། ཚོགས་གསུམ་ལ་མཁས་པ་དང། སེམས་ཅན་གྱི་དོན་བྱེད་པའོ། །དང་པོ་ ནི༑ ཆོས་བདག་མེད་པ་བརྗོད་དུ་མེད་པ་ལས་བརྩམས་ཏེ། བདེན་པ་རྟོགས་པར་བྱ་བའམ་རྟོགས་པའི་དུས་སམ་རྟོགས་ཕྱིན་ཆད་མཆོག་ཏུ་ཞི་བར་གནས་པ་རྣམ་པར་མི་རྟོག་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་སྤྱིའི་མཚན་ཉིད་ཆེན་ [261A]༄༅། །པོ་ལ་ཞུགས་པ། ཤེས་བྱའི་མཐར་ཕྱིན་པ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་གཉིས་སྤངས་པའི་ཕྱིར་དབུ་མའི་ལམ་དུ་འགྲོ་བའོ། །གཉིས་པ་ནི་རིག་པའི་གནས་ལྔ་དང་ཚོགས་གསུམ་ལ་མཁས་པ་སྟེ། དོན་དང་ལྡན་པ་དང། དོན་དང་མི་ལྡན་ པ་དང། དོན་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པའི་ཆོས་རྣམས་ཀྱི་ཚོགས་ལ་མཁས་པའོ། །སེམས་ཅན་གྱི་དོན་བྱེད་པ་ནི་རྣམ་པ་བཅུ་གཅིག་གི་གནས་ཉིད་ལ་མཁས་པའི་ཤེས་རབ་བོ། ༈ །ཕ་རོལ་ཏུ་ཕྱིན་པ་བསྡུས་ཏེ་རྣམ་པར་གཞག་པའི་དབང་དུ་བྱས་ ནས་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ་ལ་སྤྱིར་བཞག་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པའི་ཐབས་ནི། མོས་དང་བསྒྲུབ་དང་རྗེས་བསྲུང་ཉེར་བསྟེན་སྦྱར། །རྣམ་ལྔས་ཕ་རོལ་ཕྱིན་པ་བསྒྲུབ་པར་བསླབ། །མདོ་དེ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྣམ་ པ་ལྔའི་སྒོ་ནས་བསླབ་པར་བྱ་སྟེ། དེ་དག་སྟོན་པའི་སྡེ་སྣོད་ལ་མོས་པ་ཆེ་བ་དང། ཆོས་ཀྱི་སྤྱོད་པ་བཅུས་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒྲུབ་པ་དང། བྱང་ཆུབ་ཀྱི་སེམས་རྗེས་སུ་བསྲུང་བ་དང། དགེ་བའི་བཤེས་གཉེན་བསྟེན་པ་དང། རྒྱུན་ཏུ་ དགེ་བའི་ཕྱོགས་ལ་སྦྱོར་བས་སོ། ༈ །ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་དོན་ནི། མི་མཐུན་ཕྱོགས་ལ་ཞེན་མེད་མི་ལྟ་དང། །སྒྲ་བཞིན་མི་རྟོག་ཁ་ན་མ་ཐོ་མེད། །ཉེ་བར་བསགས་རྣམས་ཟབ་ཅིང་རྒྱ་ཆེ་བའི། །བསྔོ་བས་ཡོངས་བསྒྱུར་ཕ་རོལ་ཕྱིན་པའི་དོན། །ཡང་རྣམ་པ་ལྔའི་ཕྱིར་ན་ཕ་ རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། མི་མཐུན་པའི་ཕྱོགས་ཀྱི་དངོས་པོ་ལ་མ་ཆགས་པ་དང། ལན་དང་རྣམ་པར་སྨིན་པ་ལ་མི་ལྟ་བ་དང། མཚན་ཉིད་ལ་སྒྲ་ཇི་ལྟ་བ་བཞིན་དུ་མི་རྟོག་པ་དང། ཉོན་མོངས་པ་དང་ཐབས་མ་ཡིན་པ་སྤངས་པས་ཁ་ན་མ་ཐོ་བ་མེད་པ་དང། བྱས་ཤིང་བསགས་ པ་རྣམས་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། ༈ །མི་མཐུན་པའི་ཕྱོགས་རྣམ་པ་དྲུག་གིས་ནི། ཡོངས་འཛིན་མ་བསྡམས་མི་བཟོད་ལེ་ལོ་དང། །རྣམ་གཡེང་སྤྲོས་ལ་མངོན་ཞེན་མི་མཐུན་ཕྱོགས། །ཕ་རོལ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་རྣམ་པ་དྲུག་ནི་འདོད་ [261B] ལུས་དང་ངག་དང་ཡིད་ཀྱིས་ཅི་འདོད་དགུར་སྤྱོད་པ་དང། བརྙས་མི་བཟོད་པ་དང། མི་བརྩོན་པས་བསོད་ཉམས་བྱེད་པ་དང། འདུ་རྫི་དང་འཇིག་རྟེན་པའི་བྱ་བ་སྣ་ཚོགས་དང་རྣམ་ པར་གཡེང་བ་དང། མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པའི་ཐ་སྙད་ཀྱི་སྤྲོས་པ་ལ་ཡོན་ཏན་དུ་ལྟ་བའོ། ༈ །འབྲས་བུའི་ཁྱད་པར་ནི། ལོངས་སྤྱོད་བདེ་འགྲོ་མཛའ་དང་བདག་པོ་དང། །གནོད་མེད་ཆེ་བར་གྲགས་རྣམས་འབྲས་བུར་གསུངས། །འབྲས་བུ་ རྣམ་པ་དྲུག་ནི་ལོངས་སྤྱོད་ཆེ་བ་དང། བདེ་འགྲོ་དང། ཁོ་ན་མེད་ཅིང་བདེ་བ་དང་ཡིད་བདེ་བ་མང་བ་དང། སེམས་ཅན་གྱི་བདག་པོ་དང། ལུས་ལ་གནོད་པ་མེད་པ་དང། དབང་ཆེ་བར་གྲགས་པའོ། ༈ །ལོག་པར་ཞུགས་པའི་རྣམ་པ་ནི། བརྩེ་བྲལ་ཚུལ་བཞིན་མིན་དང་མི་བརྟན་ དང། །མི་གུས་སྦྱོར་བ་རྣམ་བཞིས་ལོག་ཞུགས་འགྱུར། །ཕ་རོལ་ཏུ་ཕྱིན་པ་ཉོན་མོངས་པ་ཅན་དང་འདྲེས་པ་ནི་རྣམ་པ་བཞི་སྟེ། སྙིང་རྗེ་མེད་པའི་སྦྱོར་བ་དང། ཚུལ་བཞིན་མ་ཡིན་པའི་སྦྱོར་བ་དང། རྟག་ཏུ་མི་བྱེད་པའི་སྦྱོར་བ་དང། གུས་པར་མི་བྱེད་པའི་སྦྱོར་བའོ། །ཚུལ་བཞིན་མ་ ཡིན་པ་ནི་རེ་རེ་ལ་གཞན་མ་ཚང་བའོ། ༈ །ཕ་རོལ་ཏུ་ཕྱིན་པའི་དོན་དེ་ཉིད་ཀྱི་ཁྱད་པར་རྒྱས་པར་དབྱེ་བ་ལས་རྣམ་པར་དག་པའི་ཁྱད་པར་ནི། སྤྱི་ཡི་རྣམ་དག་ཤེས་ཁེ་མི་ཚོལ་སོགས། །ལོངས་སྤྱོད་དྲི་མ་མེད་སོགས་སྦྱིན་པའི་སྟེ། །བསླབ་གཞི་ཀུན་ལ་མཁས་སོགས་ཚུལ་ཁྲིམས་ ཀྱི། གནོད་པས་མི་འཁྲུགས་བཟོད་པའི་རྣམ་དག་ཡིན། །བརྩོན་འགྲུས་མཉམ་པ་ཉིད་སོགས་བསམ་གཏན་ནི། །མཚན་མ་ལེགས་རྟོགས་ཏིང་འཛིན་དབུ་མ་ཡི། །ལམ་གྱིས་ངེས་འབྱུང་ལ་སོགས་ཤེས་རབ་རྣམས། །ཕ་རོལ་ཕྱིན་པའི་རྣམ་དག་དོན་དུ་གསུངས། །ཕ་རོལ་ཏུ་ཕྱིན་ པའི་དོན་ལྔ་པོ་དེ་ཉིད་ཀྱི་རྣམ་པར་དག་པ་ནི་བསྡུས་པ་བདུན་དང་སོ་སོ་བ་བདུན་ཕྲག་དྲུག་གོ་དང་པོ་ནི། དྲུག་པོ་འདིས་ཤེས་ཀྱི་ཁེ་མི་ཚོལ་བ་དང། དེ་དག་ལ་ལྟ་བས་མ་ཞེན་པ་དང། བྱང་ཆུབ་ཏུ་ངེས་པར་འཕྱིན་ཏམ་འོན་ཏེ་མ་ཡིན་ཞེས་ཐེ་ཚོམ་མི་ཟ་བ་དང། བདག་ལ་མི་ [262A]༄༅། །བསྟོད་ལ་གཞན་ལ་མི་སྨོད་ཅིང་བརྙས་པར་མི་བྱེད་པ་དང། དྲེགས་ཤིང་བག་མེད་པར་མི་བྱེད་པ་དང། ཅུང་ཟད་ཙམ་དང་ངན་ངོན་ཙམ་གྱིས་ཆོག་པར་མི་འཛིན་པ་དང། དེ་རྣམས་ཀྱི་སེར་སྣ་དང་ཕྲག་དོག་མི་བྱེད་པའོ། །སྦྱིན་པའི་ནི་སྦྱིན་པར་བྱ་བའི་ དངོས་པོ་རྣམ་པར་དག་པ་དང། དེ་བཞིན་དུ་ཚུལ་ཁྲིམས་དང། ལྟ་བ་དང། སེམས་དང། ངག་དང། ཤེས་པ་དང། དྲི་མ་རྣམ་པར་དག་པས་སོ། །ཚུལ་ཁྲིམས་ཀྱི་ནི་སྡོམ་པ་བཅས་པ་ལ་བསླབ་པའི་གཞི་ཐམས་ཅད་ལ་མཁས་པ་དང། ལྟུང་བ་ལས་བསླབ་པ་ལ་མཁས་ པ་དང། དེ་ལ་ངེས་པའི་ཚུལ་ཁྲིམས་དང་ལྡན་པ་དང། བརྟན་པའི་ཚུལ་ཁྲིམས་དང་ལྡན་པ་དང། རྟག་ཏུ་བྱེད་པ་དང། རྟག་ཏུ་འཇུག་པ་དང། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པའོ། །བཟོད་པའི་ནི་ཐམས་ཅད་ཀྱིས་གནོད་པ་བྱེད་པ་ཀུན་རང་གི་ལས་ངན་པའི་ ཉེས་པར་ལྟ་བས་མི་འཁྲུགས་པ་དང། ལན་དུ་གཤེ་བ་ལ་སོགས་པའི་སྦྱོར་བ་མི་བྱེད་པ་དང། ཁོན་གྱི་བསམ་པ་མི་འཛིན་པ་དང། བཤད་སྦྱངས་བྱེད་པ་ལ་མི་འཁྲུགས་པ་དང། བཤད་ཀྱིས་སྦྱོང་བ་ལ་མི་བསྡོད་པ་དང། འདུན་པ་དང་འཇིགས་པས་བཟོད་པ་མ་ཡིན་པ་དང། ཕན་ གདགས་པར་བྱ་བ་ཡལ་བར་མི་འདོར་བས་སོ། །བརྩོན་འགྲུས་ཀྱི་ནི་དེའི་མཉམ་པ་ཉིད་ཤེས་པ་དང། དེས་བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་པ་དང། མཐུ་དང་ལྡན་པ་དང། བརྩོན་འགྲུས་དང་ལྡན་པ་དང། སྤྲོ་བ་དང། ལྡན་པ་དང། བརྟུལ་བ་བརྟན་པ་དང། དགེ་བའི་ཆོས་ ལ་བརྩོན་པ་མདོར་བས་སོ། །བསམ་གཏན་གྱི་ནི་མཚན་མ་ལེགས་པར་རྟོགས་པའི་ཏིང་ངེ་འཛིན་དང། དེ་བཞིན་དུ་ཡོངས་སུ་རྫོགས་པ་དང། གཉི་གའི་ཆ་དང། ཤུགས་ཀྱིས་འབྱུང་བ་དང། མི་གནས་པ་དང། ཤིན་ཏུ་སྦྱང་བ་བྱས་པ་དང། བྱང་ཆུབ་སེམས་པའི་སྡེ་སྣོད་ཀྱི་དམིགས་པ་ བསྒོམས་པ་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ཏེ་བདུན་ལ་བསམ་གཏན་པའོ། །ཤེས་རབ་ཀྱི་ནི་སྒྲོ་སྐུར་སྤངས་ཏེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་དང། རྣམ་པར་མཐར་པའི་སྒོ་གསུམ་ཇི་ལྟ་བ་ཤེས་པ་དང། ངོ་བོ་ཉིད་གསུམ་ཇི་ལྟ་བ་ཤེས་པ་དང། མཚན་ཉིད་ལ་སོགས་ [262B] རིག་པའི་གནས་ལྔའི་ཀུན་རྫོབ་ཀྱི་དོན་ཤེས་པ་དང། དེ་བཞིན་ཉིད་བདུན་གྱི་དོན་དམ་པའི་དོན་ཤེས་པ་དང། རྣམ་པར་མི་རྟག་ཅིང་སྤྲོས་པ་མེད་པའི་ཚུལ་གཅིག་ལ་མང་དུ་གནས་པ་དང། འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་ པའི་ལྷག་མཐོང་གིས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཡང་དག་པར་བསྒྲུབ་པའོ། ༈ །ལས་ཀྱི་ཁྱད་པར་ནི། རྟག་ཏུ་གུས་པར་སྦྱོར་བས་བག་ཡོད་སོགས། །བཟང་པོའི་གནས་ཀྱི་ལམ་ནི་རྣམ་ལྔའོ། །ཕ་རོལ་ཏུ་ཕྱིན་པའི་དོན་ལྔ་པོ་དེའི་ལས་ནི་གོ་རིམ་བཞིན་དུ་ཚེ་འདིར་རྟག་ཏུ་ བྱེད་པ་དང་གུས་པར་བྱེད་པས་བག་ཡོད་པ་དང། ཚེ་ཕྱི་མ་ལ་བག་ཡོད་པ་དེའི་རྒྱུ་ཡོངས་སུ་འཛིན་པ་དང། ཐབས་དེས་མྱུར་དུ་རྫོགས་པར་བྱེད་པ་དང། ཤིན་ཏུ་ཡོངས་སུ་རྫོགས་ཤིང་དག་ལ་བྱང་བར་བྱེད་པ་དང། ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཆེན་པོར་རྣམ་པར་སྨིན་པ་འདོད་པ་ དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ཉིད་འཐོབ་པའོ། །དེ་དག་ལས་ཀྱང་ཆགས་པ་མེད་པ་དང་མི་ལྟ་བ་དང་ཡོངས་སུ་བསྔོ་བ་གསུམ་གྱིས་ནི་རྒྱ་ཆེ་བའོ། །རྣམ་པར་མི་རྟོག་པ་དང་ཁ་ན་མ་ཐོ་བ་མེད་པ་གཉིས་ཀྱིས་ནི་ཉོན་མོངས་པ་མེད་པ་འགྲུབ་པར་ལྟའོ། ༈ །དོན་དུ་གཉེར་བའི་ ཁྱད་པར་ནི། ཕ་རོལ་ཕྱིན་པ་ཉིད་ཆེས་ལྷག་བདེ་འཛིན་སོགས། །རྣམ་ལྔས་དེ་ཉིད་དོན་གཉེར་འབྲས་བུས་མིན། །རྣམ་པ་ལྔའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་ཉིད་འདོད་ཀྱི། འབྲས་བུ་འདོད་པ་ལ་དད་པས་མི་གནས་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་ཉིད་ཆེས་ལྷག་པར་བདེ་བ་དང་ཡིད་བདེ་བའི་རྒྱུ་ ཡིན་པའི་ཕྱིར་དང། བདག་དང་གཞན་ལ་ཕན་པ་དང་བདེ་བའི་རྒྱུ་ཡིན་པའི་ཕྱིར་དང། ཕྱི་མ་ལ་རྣམ་པར་སྨིན་པ་འདོད་པའི་རྒྱུ་ཡིན་པའི་ཕྱིར་དང། ཀུན་ནས་ཉོན་མོངས་པ་མེད་པའི་གཞི་ཡིན་པའི་ཕྱིར་དང། མི་འགྱུར་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། ༈ །མཐུ་ལ་སོགས་པའི་ཁྱད་པར་ ནི། མཐུ་རྣམ་བཞི་དང་རྒྱུ་འབྲས་རྨད་བྱུང་ལྡན། །དོན་ཆེན་རྫོགས་བྱེད་ས་ཡི་དབྱེ་བས་གསུམ། །མཐུ་ནི་རྣམ་པ་བཞི་སྟེ། སེར་སྣ་ལ་སོགས་པ་སྤོང་བ་དང། བྱང་ཆུབ་ཐོབ་པར་འགྱུར་བ་དང། ཚེ་འདིར་རང་དང་གཞན་ལ་ཕན་པ་དང། ཕྱི་མ་རྣམས་སུ་འདོད་པའི་འབྲས་བུ་ཟད་མི་ཤེས་པ་ [263A]༄༅། །འབྱུང་བའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་རྒྱུ་ནི་སྙིང་རྗེ་ཆེན་པོ་ལས་བྱུང་བའོ། །འབྲས་བུ་ནི་རྣམ་པར་སྨིན་པ་འདོད་པ་འགྲུབ་ཅིང་སེམས་ཅན་ལ་ཕན་འདོགས་པའོ། །དོན་ནི་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་ལྡན་པའོ། །ཡང་རྣམ་པ་གསུམ་ སྟེ༑ ཕ་རོལ་ཏུ་ཕྱིན་པ་ནི་མོས་པས་སྤྱོད་པའི་ས་ཆུང་འབྲིང་དག་ཏུ་དུས་ཡུན་རིང་དུ་བསྒོམས་པའི་དགེ་བའི་རྩ་བ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་འབྱུང་ཞིང་དེས་ཟིལ་གྱིས་ཀྱང་གནོན་པའོ། །ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ནི་ཡུན་ཆེས་རིང་དུ་བསྒོམས་པ་དེས་ས་དང་པོ་ཐོབ་པ་ ནས་བཟུང་སྟེ། ཉོན་མོངས་པ་འབྱུང་ཡང་དེ་ཟིལ་གྱིས་གནོན་ནུས་པའོ། །ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ནི་ཆེས་ཤིན་ཏུ་བསྒོམས་པ་དེ་ས་བརྒྱད་པ་ནས་ཉོན་མོངས་པ་གཏན་མི་འབྱུང་བའོ་ཞེས་སོ། ༈ །མདོ་སྡེ་རྒྱན་ལས། འབྱུང་བའི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲངས་ དང་གོ་རིམ་རྣམ་པར་བཞག་པ་ནི། མངོན་མཐོ་ངེས་ལེགས་གཉིས་དོན་གཞན་དོན་དང། །ཐེག་ཆེན་དོན་དང་ལམ་དང་བསླབ་གསུམ་དང། །རྟེན་དང་དམན་དང་རགས་པའི་རྣམ་དབྱེ་ལས། །ཕ་རོལ་ཕྱིན་པའི་གྲངས་དང་གོ་རིམ་བཞག་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱི་དོན་ ནི་གཙཽར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་ལ་སོགས་པའི་དོན་བཅུ་པོ་འདི་རྒྱས་པར་གསུངས་པ་ལས་ཡིན་ལ། དེ་མདོར་བསྡུས་པ་ནི་རྗེ་བཙུན་གྱིས་ཀྱང། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང། །ངེས་པའི་ཚིག་དང་ཡོན་ཏན་གོ་རིམ་དང། །རབ་ཏུ་དབྱེ་དང་བསྡུ་དང་ མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ། །ཞེས་གསུངས་པའོ། །དེ་དག་ལས་འདིར་ནི་ཚིག་གི་སྤྲོས་པ་དོར་ལ། དོན་བསྡུས་པ་ཙམ་འགོད་པར་བྱ་སྟེ་རྒྱས་པ་ནི་དེ་ཉིད་དུ་བལྟའོ། །དེ་ལ་གྲངས་དང་གོ་རིམ་གྱི་རྒྱུ་ནི་དྲུག་དང་གསུམ་གྱིས་ཏེ། གྲངས་ ཀྱི་རྒྱུ་དྲུག་ལས་མངོན་མཐོའི་ཡན་ལག་ལུས་དང་ལོངས་སྤྱོད་དང་འཁོར་དང་རྩོམ་པ་ཕུན་སུམ་ཚོགས་པ་བཞི་དང། ངེས་ལེགས་ཀྱི་ཡན་ལག་ཉོན་མོངས་པ་རྣམ་པར་གནོན་པ་དང། རྩ་བ་ཕྱིན་ཅི་ལོག་སྤོང་བས་བྱ་བ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་ཤེས་པ་བསྒྲུབ་པ་ལས་ [263B] །གཉི་གའི་དོན་གྱི་ཡན་ལག་མ་ཚང་བ་མེད་པ་ལས་ནི་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་བསྒྲུབ་པ་ན་གཞན་ལ་ཕན་འདོགས་པ་དང་གནོད་པ་སྤོང་བ་དང་གནོད་པ་བྱེད་པ་བཟོད་པ་གསུམ་གྱིས་ནི་གཞན་གྱི་དོན་བསྒྲུབ་ལ། གཉི་གའི་རྟེན་དང་ སེམས་གནས་པ་དང། ཤེས་རབ་རྣམ་པར་གྲོལ་བ་གསུམ་གྱིས་ནི་རང་གི་དོན་རྫོགས་པར་བྱེད་པས་སོ། །གཞན་དོན་གྱི་ཡན་ལག་ལས་ནི་གཞན་ལ་འདོད་དགུ་སྦྱིན་པས་ལེགས་པར་བསྒྲུབ་པ་དང། གནོད་ཚེ་སྤོང་ཞིང་ཚུར་གནོད་པ་བྱས་ཀྱང་ལན་མི་བྱེད་པ་གཉིས་ཀྱིས་ ལོག་པར་བསྒྲུབ་པ་སྤོང་བ་དང། འདུན་ཅིང་སྨིན་པར་བྱེད་པ་དང། རྣམ་པར་གྲོལ་བར་བྱེད་པས་གཞན་དོན་རྫོགས་པར་བསྒྲུབ་པས་སོ། །ཐེག་པ་ཆེན་པོའི་དོན་རྫོགས་པར་བྱེད་པ་ལས་ནི་འདིས་འགྲོ་བར་བྱེད་པ་ནི་ཐེག་པ་ཡིན་ལ་ཆེན་པོ་རྣམས་ཀྱིས་བགྲོད་པར་བྱ་བས་ན་ཆེན་ པོར་གྱུར་པའི་ལམ་སྤྱད་པ་དང་ལྟ་བ་ཡོངས་སུ་རྫོགས་པར་བྱེད་པས་ཏེ། མ་ཞེན་པ་དང། གུས་པ་དང། སྡུག་བསྔལ་བབ་པ་ལ་མི་སྐྱོ་བ་དང། དགེ་བ་བསྒྲུབ་པ་ལ་མི་སྐྱོ་བའི་ཁྱད་པར་བཞི་དང། ཞི་གནས་དང་ལྷག་མཐོང་བསྒོམ་པའི་རང་བཞིན་གཉིས་ཀྱིས་སོ། །དེ་རྫོགས་པར་བྱེད་ པའི་ཐབས་ལམ་གྱི་ཡན་ལག་ལས་ནི་ཡུལ་ཐོབ་པ་རྣམས་ལ་ཡོངས་སུ་འཛིན་པ་དང། མ་ཐོབ་པ་ལ་དོན་དུ་གཉེར་བའི་འབད་པ་དང་བྲལ་བ་གཉིས་ཀྱིས་མ་ཆགས་པའི་ཡན་ལག་དང། གཞན་ཡོངས་སུ་མི་འདོར་བའི་ཡན་ལག་དང། རང་གི་དགེ་བ་འཕེལ་བའི་ཡན་ལག་དང། སྒྲིབ་ པ་གཉིས་རྣམ་པར་སྦྱོང་བའི་ཡན་ལག་སྟེ། རྣམ་པ་བཞི་ལས་སོ། །བསླབ་པ་གསུམ་རྫོགས་པར་བྱེད་པ་ལས་ནི་ལོངས་སྤྱོད་ལ་མི་ལྟ་བས་ཚུལ་ཁྲིམས་འགྲུབ་ཅིང་དེ་དང་ལྡན་པས་བཟོད་པའི་སྟོབས་ཐོབ་པས་ཚུལ་ཁྲིམས་བཞི་དང་འཁོར་དང་བཅས་པ་ལས་དང་པོ་གསུམ་ དག་སེམས་དང་ཤེས་རབ་བསྒྲུབ་པ་ལས་ཐ་མ་གཉིས་དང། དེ་ཐམས་ཅད་ཀྱི་གྲོགས་སུ་གྱུར་པས་གསུམ་ཅར་བསྒྲུབ་པས་སོ། །གོ་རིམ་གྱི་རྒྱུ་གསུམ་ལས་རྟེན་གྱི་རིམ་པ་ནི་ལོངས་སྤྱོད་དང་ལུས་ལ་མ་ཞེན་པས་ཚུལ་ཁྲིམས་འགྲུབ་ཅིང་དེ་ལས་བཟོད་པར་འགྱུར་ལ། དེ་དང་ལྡན་པས་ [264A]༄༅། །བརྩོན་འགྲུས་རྩོམ་ཞིང་དེ་ལས་ཏིང་ངེ་འཛིན་སྐྱེ་སྟེ། མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་ཤེས་པ་སྐྱེ་བའོ། །དམན་པའི་རིམ་པ་ནི་སྔ་མ་སྔ་མ་དག་སྐྱེ་བོ་དམན་པས་ཀྱང་འཇུག་པར་ནུས་པ་དང། ཉོན་མོངས་པའང་མང་བ་ལ་སོགས་པ་དང། ཕྱི་མ་ ཕྱི་མ་ནི་དེ་ལས་ལྡོག་པའི་ཕྱིར་རོ། །རགས་པའི་རིམ་པ་ནི་སྔ་མ་སྔ་མ་དག་མཚན་ཉིད་ཤེས་པར་སླ་བ་དང་མཐར་ཕྱིན་པར་སླ་ཞིང། ཕྱི་མ་ཕྱི་མ་ནི་དེ་ལས་ལྡོག་པས་སོ། ༈ །མཚན་ཉིད་ནི། ཀུན་སློང་བསམ་དང་ལྷན་ཅིག་སྤྱོད་པ་དང། །རང་བཞིན་དང་ནི་ལས་ཀྱི་མཚན་ཉིད་བཞི་ སེར་སྣ་སོགས་སྤངས་མི་དམིགས་འདོད་པ་ཀུན། །ཡོངས་བསྐོང་འགྲོ་བ་ཐེག་གསུམ་ལ་འགོད་བྱེད། །ཀུན་ནས་སློང་བའི་བསམ་པ་ནི་སེར་སྣ་ལ་སོགས་པ་རྣམ་པ་དྲུག་དང་མ་འདྲེས་པའི་གཏོང་སེམས་ལ་སོགས་པའོ། །ལྷན་ཅིག་སྤྱོད་པའི་གྲོགས་ནི་ཆོས་བདག་མེད་པ་རྟོགས་ པ་དང་ལྡན་པས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའོ། །རང་བཞིན་ནི་གང་ཅི་འདོད་པ་དེ་ལ་དེ་སྦྱིན་པ་དང། ལུས་དང་ངག་གིས་གཞན་ལ་གནོད་པ་ཐམས་ཅད་སྤོང་བ་དང། གནོད་པ་ཐམས་ཅད་བཟོད་པ་དང། བྱ་བ་ཐམས་ཅད་ལ་གྲོགས་བྱེད་པ་ དང། སེམས་ཅན་ཐམས་ཅད་ཀྱིས་རྗེས་སུ་འཛིན་པ་དང། ཐེ་ཚོམ་ལ་སོགས་པ་ཐམས་ཅད་སེལ་བས་སོ། །ལས་ཀྱི་མཚན་ཉིད་ནི་སྦྱིན་པ་ལ་སོགས་པས་བསྡུས་ཤིང་མགུ་བར་བྱས་ནས་ཐེག་པ་གསུམ་གྱི་སྐལ་བ་ཇི་ལྟ་བར་སེམས་ཅན་རྣམས་སྨིན་པར་བྱེད་པའོ། ༈ །ངེས་པའི་ ཚིག་དང་བསྒོམ་པའི་ཐབས་ནི། དབུལ་བ་འདོར་སོགས་སྒྲ་དོན་ཡིད་བྱེད་དངོས། །བསམ་དང་ཐབས་དང་དབང་འབྱོར་ལ་བརྟེན་བསྒོམ། །སྒྲ་དོན་ནི་རང་དང་གཞན་གྱི་དབུལ་བ་འདོར་བར་བྱེད་པས་སྦྱིན་པའོ། །ཉོན་མོངས་པའི་གདུང་བ་སེལ་ཞིང་བསིལ་བ་ཐོབ་པར་བྱེད་པས་ཚུལ་ ཁྲིམས་སོ། །ཁྲོ་བ་བཟོད་པས་བཟོད་པའོ། །དགེ་བའི་ཆོས་དམ་པ་ལ་སྦྱོར་བས་བརྩོན་འགྲུས་སོ། །ཡིད་ནང་དུ་འཛིན་ཅིང་སྡུད་པས་བསམ་གཏན་ནོ། །དོན་དམ་པ་ཤེས་པས་ཤེས་རབ་བོ། །བསྒོམ་པའི་ཐབས་ནི་ལྔ་སྟེ། དངོས་པོ་དང། ཡིད་ལ་བྱེད་པ་དང། བསམ་པ་དང། ཐབས་ [264B] དབང་འབྱོར་པ་ལ་བརྟེན་པའོ། །དང་པོ་ལ་བཞི་ལས་རྒྱུ་ལ་བརྟེན་པ་ནི་རིགས་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་རྣམས་གོམས་པར་བྱེད་པའོ། །རྣམ་སྨིན་ལ་བརྟེན་པ་ནི་ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་སོ། །སྨོན་ལམ་ལ་བརྟེན་པ་ནི་སྔོན་གྱི་སྨོན་ལམ་ལས་སོ། །སོ་སོར་རྟོག་ པ་ལ་བརྟེན་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་གོམས་པར་བྱེད་པའོ། །ཡིད་ལ་བྱེད་པ་ལ་བརྟེན་པ་ཡང་བཞི་ལས་མོས་པ་ཡིད་ལ་བྱེད་པ་ནི་དེ་དྲུག་དང་ལྡན་པའི་མདོ་ཐམས་ཅད་ལ་མོས་པའོ། །རོ་མྱང་བ་ནི་དེ་དྲུག་ཐོབ་པ་དག་ལ་ཡོན་ཏན་དུ་ལྟ་བས་མྱང་བའོ། །རྗེས་སུ་ཡི་རང་བ་ནི་གཞན་ ཐམས་ཅད་ཀྱི་དེ་དྲུག་ལ་དགའ་བས་ཁྱབ་པའོ། །མངོན་པར་དགའ་བ་ཡིད་ལ་བྱེད་པ་ནི་རང་དང་གཞན་གྱི་ཡིད་ལ་བྱེད་པ་དྲུག་པོ་མ་འོངས་པ་ལ་རེ་བས་དགའ་བའོ། །བསམ་པ་ལ་བརྟེན་པ་ནི་དྲུག་སྟེ། ཆོག་མི་ཤེས་པ་དང། བར་མ་ཆད་པ་དང། ཞིང་ལ་བྱམས་པ་དང། རང་གི་ངོ་བོ་ལ་ དགའ་བ་དང། འབྲས་བུ་ལ་ཆེས་ཆེར་ལྟ་བ་དང། བལྟོས་པ་མེད་པ་དང། འབྲས་བུ་གཞན་ལ་བསྒྱུར་བར་མོས་པ་སྟེ། ངོམས་མི་ཤེས་པ་དང། རྒྱ་ཆེ་བ་དང། དགའ་བ་དང། ཕན་པ་དང། མ་གོས་པ་དང། དགེ་བའི་བསམ་པའོ། །ཐབས་ལ་བརྟེན་པ་ལ་གསུམ་སྟེ། རྣམ་པར་མི་རྟོག་པའི་ ཡེ་ཤེས་ཀྱི་བྱེད་པ་པོ་དང། ལས་དང་བྱ་བ་གསུམ་མི་དམིགས་པར་སོ་སོར་རྟོག་པས་ཡིད་ལ་བྱེད་པ་ཐམས་ཅད་ཡོངས་སུ་དག་པར་བསྒྲུབ་པའོ། །དེའང་བྱེད་པ་པོར་མི་རྟོག་པ་ནི་གང་ཟག་མེད་པས་སོ། །ལས་དང་བྱ་བར་མི་རྟོག་པ་གཉིས་ནི་ཆོས་མེད་པ་ལས་སོ། །དབང་འབྱོར་བ་ལ་ བརྟེན་པ་ནི་ས་བརྒྱད་པ་ཡན་ཆད་དུ་ལྷུན་གྱིས་གྲུབ་པར་གོམས་པར་བྱེད་པའོ་འདི་ལ་གསུམ་སྟེ། སྐུ་ལ་དབང་འབྱོར་བ་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་ལ་རྣམ་པར་དག་པ་ངང་གིས་འཇུག་པའོ། །སྤྱོད་པ་ལ་དབང་འབྱོར་བ་ནི་སྤྲུལ་པའི་སྐུས་སེམས་ཅན་ཐམས་ ཅད་ལ་རྗེས་སུ་མཐུན་པའི་སྤྱོད་པ་སྟོན་པའོ། །སྟོན་པ་ལ་དབང་འབྱོར་བ་ནི་གཟུགས་སྐུ་གཉིས་ཀྱི་གསུང་གིས་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་ཐོགས་པ་མེད་པར་སྟོན་པའོ། ༈ །རབ་ཏུ་དབྱེ་བ་དང་བསྡུ་བ་དང་མི་མཐུན་པའི་ཕྱོགས་གསུམ་གྱི་དབང་དུ་བྱས་ནས། ངོ་བོ་ཉིད་ [265A]༄༅། །དང་རྒྱུ་དང་འབྲས་བུ་དང། །ལས་དང་ལྡན་དང་འཇུག་པས་རྣམ་པར་དབྱེ། །རྣམ་གཡེང་མཉམ་པར་བཞག་དང་གཉི་གས་བསྡུས། །ལོངས་སྤྱོད་སོགས་དང་ཕྱི་བཤོལ་ཆོག་འཛིན་དང། །ལན་དང་རྣམ་སྨིན་ལྡོག་ཕྱོགས་བག་ཉལ་དང། །རྣམ་གཡེང་ཆགས་ པ་རྣམ་བདུན་མི་མཐུན་ཕྱོགས། །དབྱེ་བ་ནི་རེ་རེ་ལ་ངོ་བོ་ཉིད་ལ་སོགས་པའི་དོན་དྲུག་དྲུག་གིས་རྣམ་པར་དབྱེ་བ་སྟེ། སྦྱིན་པའི་ངོ་བོ་ཉིད་ནི་ལེན་པ་པོ་རྣམས་ལ་ཟང་ཟིང་ལ་སོགས་པ་གཏོང་བའོ། །རྒྱུ་ནི་མ་ཆགས་པ་ལ་སོགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པའོ། ། འབྲས་བུ་ནི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །ལས་ནི་རང་དང་གཞན་རྗེས་སུ་འཛིན་པའོ། །ལྡན་པ་ནི་ཚོགས་རྫོགས་པར་བྱེད་པའོ། །འཇུག་པ་ལ་རྟེན་གྱི་འཇུག་པ་ནི་སེར་སྣ་མེད་པ་ལ་ཡོད་པའོ། །རབ་ཏུ་དབྱེ་བའི་འཇུག་པ་ནི་ཆོས་དང་ཟང་ཟིང་དང་མི་འཇིགས་པའི་ སྦྱིན་པ་གསུམ་མོ། །ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ནི་ཡན་ལག་དྲུག་རྫོགས་པ་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང། ཆོ་ག་ཕུན་སུམ་ཚོགས་པ་དང། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལའང་འཇིགས་ པར་ལྟ་བ་དང། བསླབ་པའི་གཞི་རྣམས་ལ་ཡང་དག་པར་བླངས་ཏེ་སློབ་པའོ། །རྒྱུ་ནི་མྱ་ངན་ལས་འདས་པའི་བསམ་པས་ལེན་པའོ། །འབྲས་བུ་ནི་བདེ་འགྲོར་འགྲོ་བ་དང། འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སེམས་གནས་པ་ཐོབ་པའོ། །ལས་ནི་ཡོན་ཏན་ཐམས་ཅད་ ཀྱི་རྟེན་ཉིད་དང། ཉོན་མོངས་ཀྱི་གདུང་བ་ཞི་བར་བྱེད་པ་དང། སྲོག་གཅོད་པ་ལ་སོགས་པའི་རྐྱེན་ཅན་གྱི་ཁོ་ན་དང་འཇིགས་པ་ཐམས་ཅད་མེད་པའོ། །ལྡན་པ་ནི་རྒྱུན་ཏུ་གཞི་གསུམ་གྱི་ལེགས་པར་སྤྱོད་པས་བསོད་ནམས་ཀྱི་ཚོགས་མང་པོ་དང་ལྡན་པའོ། །འཇུག་པ་ལ་རྟེན་གྱི་འཇུག་ པ་ནི་སྡོམ་པ་ལ་གནས་པ་ལ་ཡོད་པའོ། །རབ་ཏུ་དབྱེ་བའི་འཇུག་པ་ནི་སོ་སོར་ཐར་པའི་སྡོམ་པ་བརྡར་བཏགས་པས་ཐོབ་པ་དང། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཆོས་ཉིད་ཀྱིས་ཐོབ་པ་སྟེ་གསུམ་མོ། །བཟོད་པའི་ངོ་བོ་ཉིད་ནི་གསུམ་སྟེ། གནོད་པ་བྱེད་པ་ལ་མི་ཐིང་བས་ [265B] སྡུག་བསྔལ་ལ་ཇི་མི་སྙམ་པ་དང། ཆོས་ལ་ངེས་པར་རྟོག་པའི་ངོ་བོ་ཉིད་དོ། །རྒྱུ་ནི་སྙིང་རྗེ་ལས་ཚུལ་ཁྲིམས་ལེན་པ་དང། ཐོས་པ་ཆུད་པའོ། །འབྲས་བུ་ནི་ཕན་ཡོན་ལྔར་གསུངས་པ་སྟེ། ཁོ་ན་མི་མང་བ་དང། དབྱེ་ན་མི་མང་བ་དང། བདེ་བ་དང་ཡིད་བདེ་བ་མང་བ་ དང། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་དང། ཤི་ནས་ཀྱང་བདེ་འགྲོར་སྐྱེ་བའོ། །ལས་ནི་བདག་དང་གཞན་གཉི་གའི་དོན་བྱེད་པའོ། །ལྡན་པ་ནི་དཀའ་ཐུབ་ཀྱི་མཆོག་དང་ལྡན་པའོ། །རྟེན་གྱི་འཇུག་པ་ནི་བཟོད་པ་དང་ལྡན་པ་ལ་ཡོད་པའོ། །དབྱེ་བའི་འཇུག་པ་ནི་བཟོད་པ་གསུམ་ པོ་ཉིད་དོ། །བརྩོན་འགྲུས་ཀྱི་ངོ་བོ་ཉིད་ནི་སྤྲོ་བ་མེད་པ་དང་བྱ་བ་གཞན་ལ་སྤྲོ་བ་དང་དགེ་བ་ལ་ལོག་པར་སྤྲོ་བ་བསལ་ནས་དགེ་བ་ལ་ཡང་དག་པར་སྤྲོ་བའོ། །རྒྱུ་ནི་དད་པ་དང་འདུན་པ་སྟེ་ཡིད་ཆེས་ཤིང་འདུན་པའོ། །འབྲས་བུ་ནི་དྲན་པ་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་འཕེལ་ བའོ། །ལས་ནི་ཀུན་ནས་ཉོན་མོངས་པ་སྤོང་བའོ། །ལྡན་པ་ནི་མ་ཆགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །རྟེན་ནི་བརྩོན་འགྲུས་བརྩམས་པ་ལ་ཡོད་དོ། །དབྱེ་བ་ནི་བདུན་ཏེ། ཡུལ་ལས་བསླབ་པ་གསུམ་ལ་སྤྲོ་བ་གསུམ་དང། རང་བཞིན་གྱིས་ལུས་དང་སེམས་གྱི་གཉིས་ དང། སྦྱོར་བས་རྟག་ཏུ་བྱེད་པ་དང། གུས་པར་བྱེད་པ་གཉིས་སུ་དབྱེ་བའོ། །ཡང་ན་ལུས་ཀྱི་ལ་རྣམ་ཤེས་ལྔའི་ལྷག་པའི་ཚུལ་ཁྲིམས་ཀྱི་སྔ་དང། སེམས་ཀྱི་ལ་ཡིད་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་གཉིས་སུ་དབྱེ་བའོ། །བསམ་གཏན་གྱི་ངོ་བོ་ཉིད་ནི་སེམས་ནང་དུ་གནས་པའོ། །རྒྱུ་ ནི་དྲན་པ་དང་བརྩོན་འགྲུས་ཏེ། དམིགས་པ་མ་བརྗེད་ན་བརྩོན་འགྲུས་ལ་བརྟེན་ནས་བསམ་གཏན་བསྒྲུབ་པས་སོ། །འབྲས་བུ་ནི་གནོད་པ་མེད་པར་སྐྱེ་བས་བདེ་བ་སྐྱེ་བའོ། །ལས་ནི་བསམ་གཏན་གྱི་མངོན་ཤེས་དང། འཕགས་པ་ལ་སོགས་པའི་གནས་པ་གསུམ་ལ་ དབང་བསྒྱུར་བའོ། །ལྡན་པ་ནི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཉིད་དོ། །རྟེན་ནི་བསམ་གཏན་པའོ། །དབྱེ་བ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ལ་སོགས་པ་གསུམ་མམ། དགའ་བ་དང། སིམ་པ་དང། བཏང་སྙོམས་དང་ལྡན་པ་གསུམ་མོ། །ཤེས་རབ་ཀྱི་ངོ་བོ་ [266A]༄༅། །ཉིད་ནི་ཤེས་བྱ་བདེན་པ་གཉིས་ལ་སོགས་པ་ཡང་དག་པ་ཇི་ལྟ་བར་རབ་ཏུ་རྣམ་པར་འབྱེད་པ་སྟེ། འཇིག་རྟེན་པའི་བྱ་བ་དང་ལོག་པར་འབྱེད་པ་བསལ་བའོ། །རྒྱུ་ནི་སེམས་མཉམ་པར་བཞག་པ་ཏིང་ངེ་འཛིན་ནོ། །འབྲས་བུ་ནི་ཤེས་རབ་ཀྱི་དབྱེ་བ་ གསུམ་གྱིས་ཀུན་ནས་ཉོན་མོངས་པ་ལས་གྲོལ་བའོ། །ལས་ནི་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པར་འཚོ་བ་དང། ཆོས་ལེགས་པར་འཆད་པའོ། །ལྡན་པ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཉིད་དོ། །རྟེན་ནི་ཤེས་རབ་ཅན་ལ་ཡོད་པའོ། །དབྱེ་བ་ནི་གསུམ་སྟེ། འཇིག་རྟེན་པ་ དང། འཇིག་རྟེན་ལས་འདས་པ་དམན་པ་དང། འཇིག་རྟེན་ལས་འདས་པ་ཆེན་པོའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསྡུ་བ་ནི་རྣམ་པ་གསུམ་སྟེ། མཉམ་པར་མ་བཞག་པ་དང། མཉམ་པར་བཞག་པ་དང། གཉི་གའི་ངོ་བོ་ཉིད་དང་གཉིས་སོ། །དང་པོ་ནི་སྦྱིན་པ་དང་ཡང་ དག་པར་བླངས་པའི་ཚུལ་ཁྲིམས་སོ། །གཉིས་པ་ནི་བསམ་གཏན་དང་ཇི་ལྟ་བ་ཤེས་པའི་ཤེས་རབ་བོ། །གསུམ་པ་ནི་བཟོད་པ་དང་བརྩོན་འགྲུས་ཏེ། བཟོད་པ་དང་པོ་གཉིས་ནི་མ་བཞག་པའོ། །ཆོས་ལ་ངེས་པར་སེམས་པ་ནི་བཞག་པའོ། །བརྩོན་འགྲུས་ནི་གཉི་ག་ལྷུར་ལེན་པའི་ སྦྱོར་བའོ། །མི་མཐུན་པའི་ཕྱོགས་ནི་ཆགས་པ་རྣམ་པ་བདུན་ཏེ། ལོངས་སྤྱོད་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ལ་ཆགས་པ་དང་བཤོལ་བ་ལ་ཆགས་པ་དང་རྟོག་པར་འཛིན་པ་ལ་ཆགས་པ་དང། ལན་རེ་བ་ལ་ཆགས་པ་དང། རྣམ་པར་སྨིན་པ་ལ་ཆགས་པ་དང་ མི་མཐུན་པའི་ཕྱོགས་ལ་ཆགས་པ་དང། རྣམ་པར་གཡེང་བ་ལ་ཆགས་པ་གཉིས་ཏེ། ཐེག་པ་དམན་པ་ཡིད་ལ་བྱེད་པ་དང། འཁོར་གསུམ་དུ་རྟོག་པའི་གཡེང་བའོ། ༈ །ཡོན་ཏན་ནི། རང་བཞིན་བསམ་དང་ལས་དང་འབྲས་བུ་བཞི། །རྒྱ་ཆེ་ཡོངས་དག་བསམ་པས་རབ་སྦྱར་དང།། བྱེད་པོ་ལས་དང་བྱེད་པ་ཆེད་དུ་བྱ། །འབྱུང་ཁུངས་འབྲེལ་པ་དབང་བྱ་རབ་དབྱེ་མཆོག་ཕ་རོལ་ཕྱིན་པ་རྣམས་ཀྱི་ཡོན་ཏན་ནི་རྣམ་པ་གསུམ་སྟེ། རྒྱ་ཆེ་བ་དང། ཡོངས་སུ་དག་པ་དང། མཆོག་ཏུ་གྱུར་པའི་ཡོན་ཏན་ནོ། །དང་པོ་ནི་རྣམ་པ་བཞི་སྟེ། ལུས་དང་སྲོག་ལ་སོགས་པའི་དངོས་པོ་ཐམས་ཅད་ [266B] ཚུལ་ཁྲིམས་གསུམ་པོ་རྣམ་པ་ཐམས་ཅད་ལ་སློབ་པ་ལ་སོགས་པ་ནི་རང་བཞིན་རྒྱ་ཆེ་བའོ། །སྙིང་རྗེས་རང་ལ་ཕན་པའི་འབྲས་བུ་ཅི་ལའང་མི་ལྟ་བར་འཇུག་པ་ནི་བསམ་པ་རྒྱ་ཆེ་བའོ། །སྦྱིན་པ་ལ་སོགས་པ་དེ་དག་གིས་ཀྱང་འགྲོ་བ་རྣམས་བྱང་ཆུབ་གསུམ་ཅི་རིགས་ པ་ལ་འགོད་པ་ནི་བྱེད་པ་རྒྱ་ཆེ་བའོ། །སངས་རྒྱས་པའི་གནས་སྐབས་ཀྱི་ཆོས་སྐུ་སྦྱིན་པ་ལ་སོགས་པ་རྒྱུན་མི་ཆད་པ་དང་ལྡན་པ་ནི་འབྲས་བུ་རྒྱ་ཆེ་བའོ། །ཡང་ན་དེ་རྣམས་དངོས་པོ་དང། བསམ་པ་དང། འབྲས་བུ་དང། དུས་རྒྱ་ཆེ་བའི་ཡོན་ཏན་དུ་སྦྱར་རོ། །ཡོངས་སུ་དག་པའི་ཡོན་ཏན་ནི་ བསམ་པ་དག་པས་བསླང་བས་མི་མཐུན་ཕྱོགས་ཀྱི་ཆ་ཤས་ཅུང་ཟད་ཙམ་དང་མ་འདྲེས་པ་སྟེ། སྦྱིན་པའི་ནི་སློང་བ་པོ་དང་སྦྱིན་པ་པོ་ལ་བལྟོས་ནས་དགའ་བ་དང་མི་དགའ་བ་དང་སྨོན་པ་གསུམ་སྐྱེ་བས། བྱང་ཆུབ་སེམས་དཔའ་སློང་བ་པོ་ལ་བལྟོས་ནས་ཆེས་ལྷག་པར་སྐྱེ་བ་བརྩེ་བ་ མི་ཟད་པ་ལས་ཡིན་པས་སོ། །ཚུལ་ཁྲིམས་ཀྱི་ལ་གསུམ་སྟེ། ལུས་ཀྱི་སྤོང་བ་གསུམ་ཡོངས་སུ་དག་པ་ནི་སྙིང་རྗེས་གཞན་ལ་སྲོག་དང་ལོངས་སྤྱོད་དང་ཆུང་མའང་གཏོང་བས་གཞན་གསོད་པ་ལ་སོགས་པ་རིང་དུ་སྤོང་བའོ། །ངག་གི་ལ་བརྫུན་དུ་སྨྲ་བ་སྤོང་བའི་ནི་རང་གི་ལུས་སྲོག་ལ་ལྟ་ བས་སམ། གཞན་མཛའ་བོ་དག་ལ་བྱམས་པས་སམ། རྒྱལ་པོ་ལ་སོགས་པ་ལ་འཇིགས་པས་སམ། ཟང་ཟིང་ལ་ལྟ་བས་རྙེད་པའི་ཕྱིར་བརྫུན་སྨྲ་བ་ཡིན་ན། བྱང་ཆུབ་སེམས་དཔའ་ལ་ནི་དེ་བཞི་མེད་པར་འགྲོ་བ་ཀུན་ལ་མཉམ་དུ་བརྩེ་བ་འབའ་ཞིག་གིས་ཐམས་ཅད་གཏོང་པར་ཞུགས་ བས་སོ། །ཕྲ་མ་ལ་སོགས་པ་སྤོང་བའི་ནི་ཀུན་ལ་སྙོམས་པས་བརྩེ་བ་དང། གཞན་གྱི་སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པ་དང། ཐམས་ཅད་ལེགས་པར་འདུལ་བར་འདོད་པས་སོ། །བཟོད་པ་ལ་སོགས་པ་བཞིའི་ནི་གཞན་གྱི་གནོད་པ་དང་སྡུག་བསྔལ་ཐམས་ཅད་ལ་ཕན་པའི་དོན་ ཆེན་པོར་ལྟ་བའི་ཕྱིར་དང། གཞན་ལ་བདག་བས་ཆེས་ལྷག་པར་བྱམས་པས་སྦྱོར་བའི་ཕྱིར་དང། བདེ་བ་མང་ཞིང་བདག་དང་གཞན་གཉི་ག་བདེ་བ་ལ་ཞེན་པ་མེད་པ་དང། མ་རྨོངས་པ་དང། མི་ཟད་པས་འཇིག་རྟེན་པ་ལ་སོགས་པ་ལས་ཁྱད་ཞུགས་པའི་བསམ་གཏན་གྱིས་ [267A]༄༅། །གནས་པའི་ཕྱིར་དང། ཉི་མའི་འོད་ཟེར་ལྟར་རྒྱ་ཆེ་ཞིང་དྲི་མ་མེད་ལ་མངོན་སུམ་པའི་ཤེས་རབ་ཀྱིས། ཕུག་ཏུ་སྒྲོན་མའི་སྣང་བ་ལ་སོགས་པའི་ཤེས་པ་ལྟ་བུ་འཇིག་རྟེན་པ་ལ་སོགས་པའི་ཤེས་རབ་ཟིལ་གྱིས་གནོན་པའི་ཕྱིར་རོ། །མཆོག་ཏུ་གྱུར་པའི་ཡོན་ ཏན་ནི་སྦྱིན་པ་ལ་སོགས་པའི་བྱེད་པ་པོ་དང། ལས་སུ་བྱ་བ་དང་བྱེད་ཐབས་དང། ཆེད་དུ་བྱ་བ་དང། འབྱུང་ཁུངས་དང། འབྲེལ་པ་ཅན་དང། དབང་དུ་བྱ་བ་དང། རྣམ་དབྱེ་བོད་པ་སྟེ། རྣམ་པར་དབྱེ་བའི་སྒྲའི་གནས་ཀྱི་ཚིག་བརྒྱད་དང་སྦྱར་ནས་བསྟན་པས་དམིགས་པ་ཅན་གྱི་རྟེན་ ལ་སོགས་པ་བས་ཕུལ་དུ་བྱུང་བའི་ཕྱིར་རོ། །དེ་ལ་བྱེད་པ་པོ་ནི་ཐམས་ཅད་ཀྱིའང་རྟེན་བྱང་ཆུབ་སེམས་དཔའོ། །ལས་སུ་བྱ་བ་ནི་ཟང་ཟིང་སྦྱིན་པའི་ནི་ལུས་སྲོག་ལ་སོགས་པའི། །ཚུལ་ཁྲིམས་ཀྱི་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ། །བཟོད་པའི་ནི་རང་བས་ངན་པས་གསོད་པའོ། ། བརྩོན་འགྲུས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པའི་གཉེན་པོ་དང་སྤང་བྱའོ། །བསམ་གཏན་གྱི་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་སོ། །ཤེས་རབ་ཀྱི་ནི་དེ་བཞིན་ཉིད་དོ། །བྱེད་ཐབས་ནི་ཐམས་ཅད་ཀྱིའང་སྙིང་རྗེས་རབ་ཏུ་སྦྱར་བ་སྟེ་ཐུན་མོང་གི་རྐྱེན་ནོ། །ཆེད་དུ་བྱ་བ་ནི་བྱང་ཆུབ་ཆེན་པོའོ།། བྱུང་ཁུངས་ནི་སོ་སོའི་རྒྱུ་སྔོན་གྱི་གོམས་པའི་བག་ཆགས་སོ། །འབྲེལ་པ་ཅན་ནི་འཁོར་གསུམ་དུ་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའོ། །དབང་དུ་བྱ་བའི་གཞི་ནི་སྦྱིན་པའི་ཡོན་ཏན་དང་ལྡན་པ་ལ་སོགས་པ་དང། ཚུལ་ཁྲིམས་ལ་སོགས་པའི་ཐེག་པ་ཆེན་པོར་གཏོགས་པའམ། ཡང་ན་གང་ ལ་ཚུལ་ཁྲིམས་ལ་སོགས་པ་མཆོག་འགྲུབ་པའི་སེམས་ཅན་ལ་སོགས་པའོ། །རྣམ་དབྱེ་བོད་པ་ནི་གང་ལ་གནས་ནས་སྦྱིན་པ་ལ་སོགས་པ་ཇི་སྙེད་པ་འགྲུབ་པ་མོས་པ་དང་ཡིད་ལ་བྱེད་པ་དང། ཏིང་ངེ་འཛིན་གྱི་སྒོ་ནས་སོ། ༈ །ཕན་ཚུན་རྣམ་པར་ངེས་པས་ནི། ངོ་བོ་ཉིད་དང་ཀུན་འགེད་ ཡན་ལག་དང། །རྗོད་བྱེད་རྒྱུ་མཚན་ཕན་ཚུན་རྣམ་ངེས་བསྒོམ། །ངོ་བོ་ཉིད་ཀྱིས་ཕན་ཚུན་ངེས་པ་ནི་མི་འཇིགས་པའི་སྦྱིན་པས་ཚུལ་ཁྲིམས་དང། བཟོད་པ་དང། ཆོས་ཀྱི་སྦྱིན་པས་བསམ་གཏན་དང་ཤེས་རབ་དང། དེ་གཉི་གས་བརྩོན་འགྲུས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ [267B] །གཞན་ལ་ཀུན་འགེད་པའི་ཡན་ལག་ལས་ནི་གཞན་གྱི་རྒྱུད་ལ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་འཇོག་པས་ཀུན་འགེད་པ་ན་སྦྱིན་པའི་སྦྱིན་པ་དང། ཚུལ་ཁྲིམས་ཀྱི་སྦྱིན་པ་ལ་སོགས་པ་ཡན་ལག་སུཾ་ ཅུ་རྩ་དྲུག་གིས་འཇུག་པས་སོ། །རྗོད་བྱེད་ཀྱི་ཆོས་ཀྱི་སྒོ་ནས་ནི་ཇི་ལྟར་བསྐལ་པ་བཟང་པོའི་མདོ་ལ་སོགས་པ་སྦྱིན་པའི་རྗོད་བྱེད་ཡིན་པ་ལྟར་གཞན་གྱིའང་ཡིན་ལ། སྦྱིན་པ་བསྐལ་བཟང་ལ་སོགས་པའི་དོན་ཡིན་པ་ལྟར་གཞན་ཡང་ཡིན་པས་སོ། །རྒྱུ་མཚན་གྱི་སྒོ་ནས་ནི་སྦྱིན་པ་ནི་ཚུལ་ ཁྲིམས་ལ་སོགས་པའི་རྒྱུ་སྟེ་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་པས་སོ། །ཚུལ་ཁྲིམས་ཀྱང་གཞན་གྱི་རྒྱུ་ཡིན་ཏེ་དགེ་སློང་གི་སྡོམ་པ་ལ་ལེགས་པར་གནས་ན་ཡོངས་སུ་འཛིན་པ་ཐམས་ཅད་གཏོང་ཞིང་བཟོད་པ་ལ་སོགས་པ་དང་ཡང་ལྡན་པའི་ཕྱིར་རོ། །དེ་བཞིན་ དུ་གཞན་ལ་ཡང་ཅི་རིགས་པར་གཞན་དང་གཞན་གྱི་རྒྱུ་ཡིན་པར་བལྟའོ། ༈ །བསྡུ་བའི་དངོས་པོའི་དབང་དུ་བྱས་ནས་མདོ་སྡེ་རྒྱན་ལས་འབྱུང་བ་ནི། སྦྱིན་མཚུངས་དེ་སྟོན་ལེན་འཇུག་བདག་རྗེས་འཇུག་ཕན་དང་འཛིན་དང་འཇུག་དང་རྗེས་འཇུག་བྱེད། །སྣོད་གྱུར་མོས་དང་བསྒྲུབ་ དང་དེ་རྣམ་སྦྱོང། །ཟང་ཟིང་དམིགས་དང་བསྒྲུབ་དང་སྦྱོང་པའི་ཆོས། །ཕྲ་རགས་དོན་གྱི་དབྱེ་བས་རྣམ་པ་དྲུག་འཁོར་སྡུད་དོན་བསྒྲུབ་བགྲོད་གཅིག་ཐབས་ཆེན་ཏེ། །ཕ་རོལ་ཕྱིན་དྲུག་ཉིད་ཀྱིས་སེམས་ཅན་ཚོགས། །སྨིན་སོགས་བྱེད་པ་བསྡུ་བའི་དངོས་པོར་གསུངས་ཞེས་བྱ་བའོ། །འདི་ལ་ དྲུག་ལས་བསྡུ་བའི་དངོས་པོ་བཞིའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་སྦྱིན་པ་ནི་ཕ་རོལ་ཏུ་ཕྱིན་པར་བཤད་པ་ཉིད་དང་མཚུངས་ཏེ་གཙོར་ཟང་ཟིང་སྦྱིན་པའོ། །སྙན་པར་སྨྲ་བ་ནི་དེ་སྟོན་པ་སྟེ་དེའི་སྒྲས་ཕ་རོལ་ཏུ་ཕྱིན་པ་བཟུང་བས་དྲུག་ཅར་ཕྱིན་ཅི་མ་ལོག་པར་སྔར་བཤད་པ་བཞིན་དུ་ གཞན་ལ་རྒྱ་ཆེར་སྟོན་པའོ། །དོན་སྤྱོད་པ་ནི་དེ་དག་གི་དོན་ཉམས་སུ་ལེན་པ་ལ་སྦྱོར་བའོ། །དོན་མཐུན་པ་ནི་གང་ལ་གཞན་ལེན་དུ་བཅུག་པ་དེ་ལ་བདག་ཉིད་རྗེས་སུ་འཇུག་པས་ཇི་སྐད་བཤད་པ་ལྟར་བསྒྲུབ་པ་ལ་གནས་པ་སྟེ། རང་མ་དུལ་བར་གཞན་འདུལ་བ་ནི་གནས་མ་ཡིན་པའི་ [268A]༄༅། །ཕྱིར་རོ། །གྲངས་ངེས་པས་ནི་གཞན་རྗེས་སུ་འཛིན་པའི་ཐབས་མ་ཚང་བ་མེད་པ་འདི་བཞི་ཁོ་ནས་འགྲུབ་པ་སྟེ། གཞན་ལ་ཕན་པ་བསྐྱེད་པས་འདུན་པར་བྱེད་པ་དང། མ་རྟོགས་པ་ལ་སོགས་པ་སེལ་བས་དོན་འཛིན་ཅིང་རྟོགས་པར་བྱེད་པ་དང། རྟོགས་པའི་ དོན་བསྒྲུབ་པ་ལ་སྦྱོར་བས་དགེ་བ་ལ་འཇུག་པར་བྱེད་པ་དང། གང་ལ་གཞན་སྦྱར་བ་དེ་ལ་རང་ཉིད་རྗེས་སུ་འཇུག་ཅིང་གནས་ན་མི་བསླུ་བར་ཡིད་ཆེས་ནས་བརྟན་པར་འགྱུར་བས་བསྒྲུབ་པ་མཐར་ཕྱིན་པར་བྱེད་པའི་ཕྱིར་རོ། །ལས་ནི་གཞན་དག་ཟང་ཟིང་བྱིན་པས་ཆོས་ཉན་པ་ ལ་གུས་ཤིང་སྣོད་དུ་འགྱུར་བ་དང། ཆོས་ཀྱི་དོན་ངེས་པ་ལས་མོས་པར་བྱེད་པ་དང། ཆོས་བཞིན་དུ་སྒྲུབ་པར་བྱེད་པ་དང། བསྒྲུབ་པ་བརྟན་པས་རྣམ་པར་སྦྱོང་བའོ། །དབྱེ་བ་ལ་གཉིས་ཏེ་བསྡུས་པའི་དབྱེ་བ་ནི་ཟང་ཟིང་དང་ཆོས་ཀྱིས་བསྡུ་བ་གཉིས་སུ་བསྡུས་པའོ། །ཆོས་ལ་གསུཾ་ སྟེ༑ དམིགས་པའི་ཆོས་དང། བསྒྲུབ་པའི་ཆོས་དང། དེ་རྣམ་པར་སྦྱོང་བའི་ཆོས་ཀྱི་དབྱེ་བས་སོ། །རྣམ་པའི་དབྱེ་བ་ནི་ཐེག་པ་གསུམ་གྱི་རང་བཞིན་གྱིས་དབྱེ་བ་དམན་པ་དང་འབྲིང་མཆོག་གསུམ་དང། ཐེག་པ་ཆེན་པོའི་གནས་སྐབས་ཀྱི་དབྱེ་བ་མོས་པ་སྤྱོད་པའི་ས་ལ་ཕལ་ ཆེར་དོན་མེད་པ་དང། ས་བདུན་ལ་ཕལ་ཆེར་དོན་ཡོད་པ་དང། ས་བརྒྱད་པ་ཡན་ཆད་དུ་གཞན་དོན་ངེས་པར་འགྲུབ་པས་རྣམ་པ་ཐམས་ཅད་དུ་དོན་ཡོད་པ་གསུམ་སྟེ་དྲུག་གོ་ཕན་ཡོན་ནི་སུ་དག་འཁོར་སྡུད་པ་དང་སྡུད་པར་འགྱུར་བ་དང་ད་ལྟར་སྡུད་པ་དེ་ཐམས་ཅད་ཀྱིས་ བསྡུ་བ་བཞིའི་ཐབས་ཁོ་ན་ལ་བརྟེན་པར་འོས་པ་སྟེ། འདི་ནི་ཐམས་ཅད་ཀྱི་དོན་བསྒྲུབ་པ་ལ་བགྲོད་པ་གཅིག་པའི་ཐབས་བཟང་པོ་ཡིན་པར་སངས་རྒྱས་རྣམས་ཀྱིས་བསྟོད་བཀུར་བསྔགས་པ་མཛད་པའོ། །རྟེན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ཉིད་དེ། དེས་ལོངས་སྤྱོད་ལ་སོཌ་ པ་ལ་མ་ཆགས་པ་དང། ཉེས་པར་སྤྱོད་པའི་རྡུལ་ཞི་བ་དང། ཕ་རོལ་གནོད་པ་བྱེད་པ་ལའང་འཁྲུག་པ་སྡོམ་པ་དང། དོན་བྱ་བར་བརྩོན་པ་དང། དེ་ལ་སེམས་ནང་དུ་གནས་པའི་བདག་ཉིད་དང། ནང་དང་ཕྱིའི་ཆོས་ཀྱི་མཚན་མར་མི་རྟོག་པ་ལས། འདི་རྣམས་ཀྱིས་གཞན་གྱི་ [268B] ༈ །བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་ནི། གཞན་གྱི་ཡིད་འོང་བདེན་ཞིང་ཆོས་དོན་ལྡན། །རྒྱལ་སྲས་རྣམས་ཀྱི་སྙན་སྨྲ་ཡིན་པར་གསུངས། །ཡང་དག་དགའ་བྱེད་ཀུན་དགའ་བྱེད་པ་གང། །རྣམ་ཀུན་ཡོན་ཏན་ལྡན་པའི་ཆོས་སྟོན་པའོ།། སྙན་སྨྲས་ལེགས་བསྟན་དེ་དག་བརྩེ་ཆེན་གྱིས། །བསླབ་དང་བསྒྲུབ་ལ་སྦྱོར་བྱེད་དོན་སྦྱོར་བ། །སྨིན་དང་གྲོལ་བྱེད་འདི་དང་ཕྱི་མ་དང། །གཉི་གའི་དོན་དག་ཡང་དག་འཛིན་འཇུག་གསུཾ། །གང་ལ་གཞན་དག་བཀོད་པའི་དོན་རྣམས་ལ། །བདག་ཉིད་མཚུངས་པའམ་ལྷག་བསྟེན་ དོན་མཐུན་པའོ། །ཞེས་བྱ་བ་སྟེ། འདིར་ཡང་སྦྱིན་པ་ནི་སྔ་མ་བཞིན་ནོ། །སྙན་པར་སྨྲ་བའི་ངོ་བོ་ཉིད་ནི་སེམས་ཅན་རྣམས་ལ་ཡིད་དུ་འོང་བ་དང། བདེན་པ་དང་ཆོས་དང་མཐུན་པ་དང། དོན་དང་ལྡན་པའི་ཚིག་སྨྲ་བའོ། །དབྱེ་བ་ནི་གསུམ་སྟེ། ཡང་དག་པར་དགའ་བར་བྱེད་པའི་དག་ ནི་ཁྲོ་གཉེར་མེད་ལ་གསོང་བོར་སྨྲ་ཞིང། གང་གིས་བདེ་ལེགས་སུ་འགྱུར་བའམ་ཁམས་སྙོམས་པ་དང་མ་སྙོམས་པ་ལ་སོགས་པ་འདྲི་བས་འཇིག་རྟེན་དང་མཐུན་པར་དགའ་བར་བྱེད་པའོ། །ཀུན་དགའ་བར་བྱེད་པ་ནི་སེམས་ཅན་རང་གི་བུ་དང་ནོར་ལ་སོགས་པའི་འབྱོར་བ་མ་ཤེས་ པ་དག་ལ་དེ་དག་མཐོང་ནས་བསྙད་པའམ། དད་པའམ་ཚུལ་ཁྲིམས་ལ་སོགས་པའི་འབྱོར་བས་དགའ་བར་བྱེད་པའོ། །རྣམ་པ་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་པའི་ཆོས་སྟོན་པ་ནི་སེམས་ཅན་རྣམས་ལ་ཕན་ཕ་དང་བདེ་བ་མཆོག་གིས་རྟག་ཏུ་ཉེ་བར་གནས་པས་ཕན་ འདོགས་པ་སྟེ། སྔ་མ་གཉིས་ནི་འཇིག་རྟེན་གྱི་ཚུལ་དང་ལྡན་པའོ། །ཐ་མ་ནི་ཡང་དག་པའི་ཆོས་བསྟན་པ་དང་ལྡན་པའི་སྙན་པར་སྨྲ་བའོ། །དོན་སྤྱོད་པའི་ངོ་བོ་ནི་དེ་ལྟར་སྙན་པར་སྨྲ་བས་རིགས་པ་ཡང་དག་པར་བསྟན་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བར་བཞག་སྟེ་ཟང་ཟིང་ མེད་པའི་སེམས་ཀྱིས། བསླབ་པ་རྣམས་དང་ཆོས་ཀྱིས་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པའི་སྤྱོད་པ་ཅི་རིགས་པས་ཡང་དག་པར་འཛིན་དུ་འཇུག་པ་དང་འདུལ་བ་དང་འགོད་པའོ། །དབྱེ་བ་ནི་གཉིས་ཏེ་སེམས་ཅན་མ་སྨིན་པ་སྨིན་པར་བྱེད་པ་དང། སྨིན་པ་གྲོལ་བར་བྱེད་པའོ། །དེའང་ [269A]༄༅། །སྒོ་གསུམ་ནས་ཏེ་ཚེ་འདིའི་དོན་དང། ཕྱི་མའི་དོན་དང། གཉི་གའི་དོན་ཡང་དག་པར་འཛིན་དུ་འཇུག་པས་སོ། །དང་པོ་ནི་ཆོས་དང་མཐུན་པའི་ལས་ཀྱིས་ལོངས་སྤྱོད་བསྒྲུབ་པ་དང་སྤེལ་བ་འཛིན་དུ་འཇུག་པའོ། །གཉིས་པ་ནི་ལོངས་སྤྱོད་སྤངས་ནས་སློང་ མོས་འཚོ་བ་རབ་ཏུ་བྱུང་བ་འཛིན་དུ་འཇུག་པ་སྟེ། དེས་ཕྱི་མར་ངེས་པར་བདེའི་འདིར་ངེས་པ་མེད་པའོ། །གསུམ་པ་ནི་ཁྱིམ་པའམ་རབ་ཏུ་བྱུང་བའང་རུང། རིམ་གྱིས་འདོད་ཆགས་དང་བྲལ་བ་འཛིན་དུ་འཇུག་པ་སྟེ། དེས་ཚེ་འདིར་ལུས་དང་སེམས་ཤིན་ཏུ་སྦྱངས་བས་བདེ་ བ་དང། ཕྱི་མར་རྣམ་པར་དག་པའི་ལྷའམ་ཕུང་པོ་མེད་པའི་བདེ་བ་ཐོབ་པས་སོ། །དོན་མཐུན་གྱི་ངོ་བོ་ཉིད་ནི་དོན་གང་དང་དགེ་བའི་རྩ་བ་གང་ལ་གཞན་འཛུད་པ་དེ་ལ་རང་ཉིད་མཚུངས་པའམ་ལྷག་པར་བསྟེན་པའོ་ཞེས་གསུངས་ཏེ། དབྱེ་བ་ནི་སྔ་མའི་དེ་དག་ཏུ་ཟད་པར་ དགོངས་པའོ། །དེ་ལྟར་རྒྱ་ཆེར་བསྟན་པ་དེ་དག་ལས་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ནི་བདག་གི་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་དོ། །བསྡུ་བའི་དངོས་པོ་རྣམས་ཀྱིས་ནི་སེམས་ཅན་སྨིན་པར་བྱེད་དེ། བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཀྱི་ལས་ནི་དེ་དག་ཙམ་དུ་ཟད་དོ་ཞེས་ སོ༑ ༈ །སྤྱོད་པ་རྣམ་པ་གཉིས་པོ་དེའི་ནུས་པ་གོང་ནས་གོང་དུ་སྤེལ་བའི་བླ་ན་མེད་པའི་འབྲས་བུ་ལ་སྦྱོར་བ་ལས་སྟོབས་རྒྱས་པར་བྱེད་པ་དང། སྔར་མ་ཐོབ་པའང་ཐོབ་པར་བྱེད་པའི་ཐབས་དཀོན་མཆོག་མཆོད་པ་ལ་སོགས་པ་གསུམ་སྤྱིར་བསྟན་པ་ནི། བདེ་ལེགས་འབྱུང་གནས་ དཀོན་མཆོག་གསུམ་མཆོད་ཅིང། །ལམ་གྱི་སྟོན་གྱུར་དགེ་བཤེས་མཆོག་བསྟེན་དང། །བརྩེ་བས་འགྲོ་བ་རྗེས་འཛིན་ཚད་མེད་བསྒོམ། །སྤྱོད་པ་རྣམས་ཀྱིས་སྟོབས་འཕེལ་བྱེད་པའོ། །ལེགས་པའི་འབྱུང་གནས་དཀོན་མཆོག་གསུམ་ལ་རྙེད་པ་དང་བཀུར་སྟི་དང་བསྒྲུབ་པས་མཆོད་ པ་དང། ཕན་པ་དང་བདེ་བའི་ལམ་གྱི་སྟོན་པར་གྱུར་པའི་དགེ་བའི་བཤེས་གཉེན་བཀུར་སྟི་དང་རྙེད་པ་དང་རིམ་གྲོ་དང་བསྒྲུབ་པའི་སྒོ་ནས་བསྟེན་པ་དང། བརྩེ་བ་ཆེན་པོས་འགྲོ་བ་རྗེས་སུ་འཛིན་པ་ཚད་མེད་པ་བསྒོམ་པ་གསུམ་གྱིས་སོ། ༈ །འདི་རྣམ་པར་དབྱེ་བ་ལ་མདོ་སྡེའི་རྒྱན་ [269B] རྟེན་དང་དངོས་དང་རྒྱུ་མཚན་ཡོངས་བསྔོ་དང། །ཉེར་ལེན་མཚུངས་ལྡན་ཞིང་དང་གནས་རྣམས་ཀྱིས། །དཀོན་མཆོག་མཆོད་དང་བཤེས་གཉེན་བཟང་བསྟེན་པ། །ཕུན་སུམ་ཚོགས་པའི་ཁྱད་ པར་རབ་ཏུ་བསྟེན། །དེ་ལ་དཀོན་མཆོག་མཆོད་པའི་རྟེན་ནི། གང་ལ་བརྟེན་པའི་དམིགས་པ་སྟེ། མངོན་སུམ་དང་ལྐོག་ཏུ་གྱུར་པའི་སངས་རྒྱས་ལ་སོགས་པའོ། །གང་གིས་མཆོད་པའི་གྮིའམ་དངོས་པོ་ནན་བཟའ་དང་མནབས་བསལ་ལ་སོགས་པའོ། །རྒྱུ་མཚན་ནི་ རབ་ཏུ་དང་པའི་བསམ་པའོ། །ཆེད་དུ་བྱ་བའམ་ཡོངས་སུ་བསྔོ་བ་ནི་ཚོགས་གཉིས་རྫོགས་པར་བྱ་བའོ། །ཉེ་བར་ལེན་པའི་རྒྱུ་ནི་བདག་ལ་སངས་རྒྱས་འབྱུང་བ་དོན་ཡོད་པར་སྨོན་པའོ། །མཚུངས་ལྡན་གྱི་གྲོགས་ནི་མཆོད་པ་པོ་ལ་སོགས་པ་གསུམ་མི་དམིགས་པའི་ཡེ་ཤེས་སོ།། ཞིང་ནི་སེམས་ཅན་རྣམས་སོ། །དེ་དག་མཆོད་པ་ས་བོན་ལྟ་བུ་ལ་སྦྱར་བ་ལས་ལོ་ཏོག་ལྟ་བུའི་འབྲས་བུ་འཕེལ་བའི་གཞིར་གྱུར་པས་སོ། །གང་ལས་མཆོད་པ་འགྲུབ་པའི་གནས་ནི་རྫས་དང་སེམས་ཀྱི་ཁྱད་པར་ཏེ། རྫས་ལ་བརྟེན་ནས་ནི་མེ་ཏོག་ལ་སོགས་པས་མཆོད་པའོ།། སེམས་ལ་བརྟེན་ནས་མཆོད་པ་ནི་མོས་པ་དང་རོ་མྱང་བ་དང་རྗེས་སུ་ཡི་རང་བ་དང། མངོན་པར་དགའ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པས་སོ། །དགེ་བའི་བཤེས་གཉེན་བསྟེན་པའི་རྟེན་ནི། བཤེས་གཉེན་ཕུན་སུམ་ཚོགས་པ་དུལ་བ་དང་ཞི་བ་ལ་སོགས་པའི་ ཡོན་ཏན་གྱི་ཚོགས་མང་པོ་དང་ལྡན་པའོ། །གྮིའམ་དངོས་པོ་ནི་བཀུར་སྟི་དང་རྙེད་པ་དང་རིམ་གྲོ་དང་བསྒྲུབ་པ་དང་གིས་སྒོ་ནས་སོ། །རྒྱུ་མཚན་ནི་ཀུན་ཤེས་པར་འདོད་པ་དང། དུས་ཤེས་པ་དང། ང་རྒྱལ་མེད་པའི་བསམ་པའོ། །ཡོངས་སུ་བསྔོ་བ་ནི་བསྒྲུབ་པའི་ཆེད་དུ་བསྟེན་གྱི་ རྙེད་བཀུར་གྱི་ཆེད་མ་ཡིན་པའོ། །རྒྱུ་ནི་ཇི་སྐད་བསྟན་པ་ལྟར་བསྒྲུབ་པ་སྟེ། དེས་མཉེས་པར་འགྱུར་བས་སོ། །མཚུངས་ལྡན་ནི་ཐེག་པ་གསུམ་ལ་མཁས་ཤིང་མི་དམིགས་པའི་ཡེ་ཤེས་སོ། །ཞིང་ནི་སངས་རྒྱས་ཀྱི་ཞིང་སྣོད་དག་པ་གང་དུ་སེམས་ཅན་གང་ལ་ཆོས་སྟོན་པའི་ཁྱད་ [270A]༄༅། །པར་གཉིས་སོ། །གནས་ནི་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ལ་བརྟེན་ནས་བསྟེན་པར་བྱའི། ཟང་ཟིང་ལས་མ་ཡིན་པ་སྟེ། འདི་རྣམས་རྒྱས་པར་ནི་བཤད་ཟིན་ཏོ། ༈ །ཚད་མེད་པ་བསྒོམ་པའི་དབང་དུ་བྱས་ནས། ངོ་བོ་ཉིད་དང་མཚུངས་ལྡན་དམིགས་པ་དང།། ལས་དང་རྣམ་པ་རྒྱུ་དང་འབྲས་བུ་དང། །རྟགས་ཀྱི་ཁྱད་པར་རྣམ་པ་བརྒྱད་ཀྱིས་ནི། །འགྲོ་ལ་རྗེས་བརྩེ་ཚད་མེད་བཞི་རྣམས་བཞག་བྱམས་པ་ལ་སོགས་པའི་ངོ་བོ་ཉིད་ནི་གནོད་སེམས་ལ་སོགས་པ་དང་བྲལ་བའི་བརྩེ་སེམས་སོ། །མཚུངས་ལྡན་ནི་མི་དམིགས་པའི་ཡེ་ཤེས་སོ།། དམིགས་པ་ནི་སེམས་ཅན་དང་ཆོས་དང་དེ་དག་གི་དེ་བཞིན་ཉིད་གསུམ་སྟེ། དེ་དག་ཡུལ་དུ་བྱས་ནས་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་དམིགས་པ་མེད་པའི་ཚད་མེད་པ་བཞི་པོ་རྣམས་འཇུག་པས་སོ། །ལས་ནི་སེམས་ཅན་སྨིན་པར་བྱེད་པ་ལ་སོགས་ པས་རྗེས་སུ་འཛིན་པའོ། །རྣམ་པ་ལ་སེམས་ཅན་ལ་དམིགས་པའི་དབང་དུ་བྱས་ནས་བྱམས་པ་ནི་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་འདོད་པའོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའོ། །དགའ་བ་ནི་བདེ་བ་དང་མི་འབྲལ་བར་འདོད་པའོ། །བཏང་སྙོམས་ནི་ཚོར་བ་དེ་དག་ ལ་ཀུན་ནས་ཉོན་མོངས་པ་མེད་པར་འདོད་པའོ། །ཆོས་ལ་དམིགས་པའི་ནི་དེ་དག་བསྟན་པའི་ཆོས་ལ་ཇི་སྐད་བསྟན་པ་ལྟར་འཇུག་པའོ། །དམིགས་པ་མེད་པའི་ནི་དེ་དག་གི་དེ་བཞིན་ཉིད་ལ་འཇུག་པས་དེ་དག་ཏུ་རྣམ་པར་མི་རྟོག་པའི་ཕྱིར་དམིགས་པ་མེད་པ་དང་འདྲ་བས་ན་ དམིགས་པ་མེད་པའོ། །རྒྱུ་ནི་དེ་དག་ཉིད་གོམས་པའི་བག་ཆགས་སོ། །འབྲས་བུ་ནི་ལྔ་སྟེ། རྣམ་སྨིན་གྱི་ནི་གང་འདོད་པར་སྐྱེ་བའོ། །བདག་པོའི་ནི་ཚོགས་རྒྱ་ཆེན་པོ་རྫོགས་པར་བྱེད་པའོ། །སྐྱེས་བུའི་བྱེད་པ་ནི་སེམས་ཅན་སྨིན་པར་བྱེད་པའོ། །རྒྱུ་མཐུན་ནི་ཐམས་ཅད་དུ་དེ་དག་ ཉིད་བསྒོམ་པ་དང་མི་འབྲལ་བའོ། །བྲལ་བའི་འབྲས་བུ་ནི་གནོད་སེམས་ལ་སོགས་པ་ལས་རྣམ་པར་གྲོལ་བའོ། །གོམས་པའི་རྟགས་ནི་མི་མཐུན་ཕྱོགས་ཀྱི་རྐྱེན་ཉེ་བར་གནས་ཀྱང་འགྱུར་བ་མེད་པའོ། ༈ །བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་ལས་དཀོན་མཆོག་མཆོད་ [270B] སྐུ་དང་མཆོད་རྟེན་མངོན་སུམ་མངོན་སུམ་མིན། །བྱས་དང་བྱེད་བཅུག་རྙེད་བཀུར་རྒྱ་ཆེན་དང། །ཉོན་མོངས་ཅན་མིན་བསྒྲུབ་པའི་མཆོད་པ་བཅུ། །ལྷག་བསམ་རྣམ་པ་དྲུག་གིས་རབ་ཏུ་བསྒྲུབ། །བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་ལ་མཆོད་པ་ནི་ མདོར་བསྡུ་ན་རྣམ་པར་བཅུ་སྟེ། སྐུ་ལ་མཆོད་པ་དང། མཆོད་རྟེན་ལ་དང། མངོན་སུམ་དང། མངོན་སུམ་མ་ཡིན་པར་དང། བདག་གིས་བྱས་པའི་དང། གཞན་བྱེད་དུ་བཅུག་པའི་དང། རྙེད་པ་དང། བཀུར་སྟིའི་མཆོད་པ་དང། རྒྱ་ཆེན་པོའི་དང། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ པའི་དང། སྒྲུབ་པའི་མཆོད་པའོ། །དང་པོ་ནི་སངས་རྒྱས་ཀྱི་གཟུགས་སྐུ་ཉིད་ལ་དངོས་སུ་མཆོད་པ་བྱེད་པའོ། །གཉིས་པ་ནི་དེའི་མཆོད་རྟེན་ནམ་གཙང་ཁང་བྱུང་བུའམ་གཙང་ཁང་ངམ་མཆོད་རྟེན་རྙིང་ངམ་གསར་པ་ལ་མཆོད་པ་བྱེད་པའོ། །གསུམ་པ་ནི་དེ་དག་དབང་པོ་ལ་སྣང་ བར་མངོན་སུམ་ཉིད་དུ་མཆོད་པ་སྟེ། ལྷག་པའི་བསམ་པ་དང་དགའ་བའི་སེམས་ཀྱིས་སངས་རྒྱས་གཅིག་དང་མཆོད་རྟེན་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་དུས་གསུམ་པ་ཐམས་ཅད་ཀྱིའང་ཡིན་པས་བདག་གིས་སངས་རྒྱས་དང་མཆོད་རྟེན་ལ་སོགས་པ་མངོན་སུམ་པ་ འདི་ལའང་མཆོད་དོ། །དུས་གསུམ་པ་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ལའང་མཆོད་པ་བྱའོ་སྙམ་པ་ནི་དེ་གཉི་གའི་ཐུན་མོང་གི་མཆོད་པའོ། །བཞི་པ་ནི་དེ་གཉིས་མངོན་སུམ་དུ་མ་གྱུར་པ་ལ་སངས་རྒྱས་དང་མཆོད་རྟེན་ཐམས་ཅད་ཀྱི་ཕྱིར་སྔ་མ་བཞིན་དུ་བསམས་ནས་ མཆོད་པ་བྱེད་པའོ། །ལྔ་པ་ནི་དེ་དག་ལ་མཆོད་པ་བྱ་བར་འདོད་པས་རང་ཉིད་ཀྱི་ལག་གིས་མཆོད་པ་བྱེད་ཀྱི། ལེ་ལོ་དང་སྙོམས་ལས་དང་བག་མེད་པས་བྲན་འཁོར་ལ་སོགས་པ་ལ་བྱེད་དུ་མི་འཇུག་པའོ། །དྲུག་པ་ནི་རང་འབའ་ཞིག་མི་བྱེད་པར་ཕ་མ་དང་བུ་ཚ་ནས་རིགས་ངན་ ཡན་ཆད་ཀྱང་བྱེད་དུ་འཇུག་པ་དང། མཁན་པོ་དང་སློབ་དཔོན་ནས་ཕྱི་རོལ་པའི་རབ་ཏུ་བྱང་ཆུབ་ཡན་ཆད་ཀྱང་བྱེད་དུ་འཇུག་པའོ། །བདུན་པ་ནི་དེ་དག་ལ་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་སྨན་དང། གུས་པར་སྨྲ་བ་དང་ཡན་ལག་ལྔས་ཕྱག་བཙལ་བ་ [271A]༄༅། །ལ་སོགས་པ་དང། མེ་ཏོག་དང་བདུག་སྤོས་ལ་སོགས་པ་དང། རིན་པོ་ཆེ་སྣ་ཚོགས་དང། རྒྱན་གྱི་རྣམ་པ་དང། ཐ་ན་དྲིལ་བུ་དཀྲོལ་བ་དང་ཀར་བ་ཎི་གཏོར་བ་དང་སྲིད་ །བརྒྱད་པ་ནི་བསྙེན་བཀུར་དེ་དག་ཉིད་ཀྱིས་ཡུན་རིང་པོ་དང་ དངོས་པོ་མང་པོ་དང་བཟང་པོ་དང། མངོན་སུམ་དང་མངོན་སུམ་མ་ཡིན་པ་དང། རང་དང་གཞན་གྱིས་དང། སྙིང་ཐག་པ་ནས་དགའ་བ་དང་མོས་པ་དྲག་པོས་བྱེད་ལ། བྱང་ཆུབ་ཆེན་པོར་བསྔོ་བར་ཡང་བྱེད་པའོ། །དགུ་པ་ནི་རང་གི་ལག་གིས་བྱེད་ཀྱི། ལེ་ལོ་ལ་སོགས་པས་ གཞན་ལ་མི་འཚོལ་བ་དང། གུས་པ་དང་མི་གཡེང་བ་དང། རྒྱལ་པོ་ལ་སོགས་པ་ལས་རྙེད་བཀུར་འདོད་པས་ཚུལ་འཆོས་པས་མ་ཡིན་པ་དང། རུང་བའི་དངོས་པོ་མཆོད་ཀྱི་བབ་བླ་བྱུག་པ་དང་མར་ཁུས་བཀྲུ་བ་དང། གུ་གུལ་གྱིས་བདུག་པ་དང་ཨྲྒའི་མེ་ཏོག་ལ་སོགས་ པ་རུང་བ་མ་ཡིན་པས་མི་བྱེད་པའོ། །བཅུ་པ་ནི་ཅུང་ཟད་ཅུང་ཟད་དང་ཡུད་ཙམ་ཡུད་ཙམ་ཐ་ན་བ་འཇོས་ཙམ་གྱི་བར་དུའང་སེམས་ཅན་ཐམས་ཅད་ལ་བྱམས་པ་ལ་སོགས་པ་བསྒོམ་པ་དང། འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ལ་སོགས་པ་དང། དཀོན་མཆོག་གསུམ་དང་ཕ་ རོལ་ཏུ་ཕྱིན་པ་རྗེས་སུ་དྲན་པ་དང། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་མོས་པ་བསྒོམ་པས་གནས་པར་བྱེད་པ་སྟེ། དེའི་གོང་དང་དེ་ལས་ལྷག་པ་ལྟ་ཅི་སྨོས། གཞན་ཡང་ཚུལ་ཁྲིམས་བསྲུང་བ་དང་ཞི་གནས་དང་ལྷག་མཐོང་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་བརྩོན་པ་དང་ ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོ་ལ་བརྩོན་པ་ནི་མཆོད་པ་མཆོག་དམ་པ་གོང་ན་མེད་པ་སྟེ། སྔ་མ་དེ་ཇི་ཙམ་བྱས་པས་ཀྱང་ཆ་ཙམ་དུའང་མི་ཕོད་པའོ། །སངས་རྒྱས་ལ་མཆོད་པ་དེ་ཇི་ལྟར་བར་ཆོས་དང་དགེ་འདུན་ལ་མཆོད་པའང་ཅི་རིགས་སུ་སྦྱར་རོ། །དཀོན་མཆོག་ མཆོད་པ་བཅུ་པོ་དེ་དག་ཀྱང་སངས་རྒྱས་ལ་དམིགས་པའི་ལྷག་པའི་བསམ་པ་དྲུག་གིས་བྱེད་དེ། ཡོན་ཏན་གྱི་ཞིང་བླ་ན་མེད་པའི་ལྷག་པའི་བསམ་པ་དང། ཕན་འདོགས་པ་བླ་ན་མེད་པ་དང། རྐང་མེད་དང་རྐང་གཉིས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ [271B] ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པ་དང། སྟོང་གསུམ་གཅིག་ཏུ་གཅིག་པུ་འབྱུང་བས་འབའ་ཞིག་པ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་དོན་ཐམས་ཅད་རྟོགས་པའི་ལྷག་པའི་བསམ་པས་སོ། །དེ་དག་གིས་དཀོན་ མཆོག་གསུམ་ལ་མཆོད་པ་བྱས་པ་ནི་ཆུང་ཡང་འབྲས་བུ་དཔག་ཏུ་མེད་པར་འགྱུར་ན་མང་པོ་ལྟ་ཅི་སྨོས། ༈ །དགེ་བའི་བཤེས་གཉེན་བསྟེན་པ་ནི། མཚན་ཉིད་བྱ་བ་དོན་ཡོད་དད་གཞིའི་གནས། །གདུལ་བྱའི་བྱ་དང་བསྟན་པའི་ཐབས་དང་ནི། །དམ་ཆོས་མཉན་པའི་བློ་དད་བསམ་མིན་ པའི། །གནས་རྣམས་ཀྱིས་ནི་བཤེས་གཉེན་བསྟེན་པ་བསྟན། །འདིར་ཡོན་ཏན་བརྒྱད་ཀྱིས་ནི་རྣམ་པ་ཐམས་ཅད་རྫོགས་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བསྟན་ཏོ། །རྣམ་པ་ལྔས་ནི་དེའི་བྱ་བ་ཡོན་ཏན་ཡོད་པ་བསྟན་ཏོ། །ལྔས་ནི་དེ་དད་པའི་གཞི་ལ་གནས་པའོ། །ལྔས་ནི་གདུལ་ བྱ་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་པའོ། །བཞིས་ནི་དེ་ལ་བསྟེན་པའི་ཐབས་སོ། །འདུ་ཤེས་རྣམ་པ་ལྔས་ནི་ཆོས་མཉན་པར་བྱའོ། །ཉན་པ་ན་ཆོས་སྨྲ་བ་ལ་གནས་རྣམ་པ་ལྔ་ནི་ཡིད་ལ་མི་བྱ་བར་རྣ་བར་བླགས་ཏེ་དང་བའི་ཡིད་ཀྱིས་མཉན་པར་བྱ་བ་སྟེ། འདི་རྣམ་ནི་སྔར་ སྤྲོས་པ་དང་བཅས་ཏེ་བཤད་ཟིན་ཏོ། ༈ །ཚད་མེད་པ་བསྒོམ་པའི་དབང་དུ་བྱས་ནས། དམིགས་པ་དང་རྣམ་པའི་དབྱེ་བ་ནི། སེམས་ཅན་བདེ་བ་འདོད་པ་རྣམས་ལ་ནི། །བདེ་བ་བསྒྲུབ་པའི་ལྷག་བསམ་རྒྱ་ཆེན་དང། །ཆོས་ཙམ་སེམས་ཅན་བཏགས་ལ་དེ་གོམས་དང། །ཆོས་སུ་ ཞེན་པའང་མེད་ལས་བྱམས་པ་གསུམ། །སྡུག་བསྔལ་ཅན་ལ་དེ་བསལ་བདེ་ལྡན་ལ། །དགའ་བས་རྗེས་སུ་ཡི་རང་ཚོར་བ་ནི། །གསུམ་ལྡན་དག་ལ་རྨོངས་སྡང་ཆགས་པ་རྣམས། །བསལ་འདོད་ལྷག་བསམ་སྙིང་རྗེ་སོགས་དེ་བཞིན། །བྱང་ཆུབ་སེམས་དཔའི་ཚད་མེད་པ་ནི་རྣམ་པ་ བཞི་སྟེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་སོ། །དེ་དག་ཀྱང་རྣམ་པ་གསུམ་དུ་སྒོམ་པར་བྱེད་དེ། སེམས་ཅན་ལ་དམིགས་པ་དང། ཆོས་ལ་དམིགས་པ་དང། དམིགས་པ་མེད་པའོ། །དེའང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་ལ་སོགས་པའི་ཕུང་པོ་ [272A]༄༅། །གསུམ་དུ་བཞག་ནས། སེམས་ཅན་བདེ་བ་འདོད་པ་རྣམས་ལ་བདེ་བ་སྒྲུབ་པའི་ལྷག་པའི་བསམ་པ་དང་ལྡན་པའི་བྱམས་པས་ཕྱོགས་བཅུ་ཁྱབ་པར་བྱས་ནས་མོས་པས་གནས་པ་ནི་སེམས་ཅན་ལ་དམིགས་པའི་བྱམས་པའོ། །ཆོས་ཙམ་ཅུ་ འདུ་ཤེས་དང་ལྡན་པ་ཆོས་ཙམ་ལ་སེམས་ཅན་དུ་འོད་ །ཆོས་སུ་རྟོགས་འང་མེད་པར་དེ་བསྒོམ་པ་ནི་དམིགས་པ་མེད་པའོ། །སྙིང་རྗེ་ལ་སོགས་པའང་དེ་ལྟར་གསུམ་གསུམ་དུ་དབྱེ་སྟེ། སེམས་ཅན་ སྡུག་བསྔལ་དང་ལྡན་པ་རྣམས་ལ་སྡུག་བསྔལ་བསལ་བ་དང་བདེ་བ་དང་ལྡན་པ་རྣམས་ལ་རྗེས་སུ་ཡི་རང་ཞིང་དགའ་བ་དང། བདེ་བ་དང་ལྡན་པ་ལ་སོགས་པ་གསུམ་ལ་ཆགས་པ་དང་སྡང་པ་དང་རྨོངས་པ་བསལ་བའི་ལྷག་པའི་བསམ་པ་ནི་སྙིང་རྗེ་ལ་སོགས་པར་བལྟའོ། ༈ ། ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སོགས་པའི་མཚན་ཉིད་གསུམ་རྣམ་པར་བཞག་པ་ནི། དེ་དག་མུ་སྟེགས་ཉན་ཐོས་ཐུན་མོང་དང། །ཐུན་མོང་མ་ཡིན་བདེ་བའི་བསམ་པ་གསུམ། །ཕན་པའི་ལྷག་པའི་བསམ་པ་གཅིག་ཡིན་ཏེ། །ཀུན་ཀྱང་སྙིང་བརྩེའི་བསམ་པས་རབ་ཏུ་བསྡུས། ། དེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་ལ་སོགས་པ་ནི་གཞན་མུ་སྟེགས་ཅན་དང་ཐུན་མོང་པའོ། །ཆོས་ལ་དམིགས་པ་ནི་ཉན་ཐོས་དང་རང་རྒྱལ་དང་ཐུན་མོང་བའོ། །དམིགས་པ་མེད་པ་ནི་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །ཡང་བྱམས་པ་ལ་སོགས་པ་གསུམ་ནི་ བདེ་བའི་ལྷག་པའི་བསམ་པས་བསྡུས་ལ། བཏང་སྙོམས་ནི་ཕན་པའི་ལྷག་པའི་བསམ་པའོ། །འདི་ཐམས་ཅད་ཀྱང་སྙིང་བརྩེ་བ་ཞེས་བྱ་བ་སྟེ་དེ་དག་དང་ལྡན་པའི་རྒྱལ་སྲས་ནི་སྙིང་བརྩེ་བ་ཅན་ནོ། ༈ །སྙིང་རྗེ་བྱེ་བྲག་ཏུ་བཤད་པ་ནི། སྡུག་བསྔལ་བརྒྱ་རྩ་བཅུ་ལ་དམིགས་ནས་ ནི༑ ༑སྙིང་རྗེ་ཆེན་པོས་འགྲོ་བའི་བློ་ལྡན་གྱིས། །ཕ་རོལ་ཕྱིན་སོགས་གང་ཡང་མི་རྫོགས་མེད། །ཚེ་འདིར་བདེ་སོགས་ཕན་ཡོན་མཆོག་བཞི་ཐོབ། །སེམས་ཅན་གྱི་ཁམས་ལ་སྡུག་བསྔལ་བརྒྱ་རྩ་བཅུ་མཐོང་ནས་སྙིང་རྗེ་ཆེན་པོ་བསྒོམ་པར་བྱེད་དེ། སྡུག་བསྔལ་གཅིག་དང་གཉིས་ [272B] །དེ་ལས་ཀྱང་རྨོངས་པའི་རྣམ་པར་སྨིན་པའི་སྡུག་བསྔལ་ལ་སོགས་པ་བཅུ་དགུ་ལ་དམིགས་ནས་ནི་སྙིང་རྗེ་ཆེན་པོ་འཇུག་གོ་རྒྱུ་བཞིས་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། སྡུག་བསྔལ་ཟབ་ཅིང་ཕྲ་ལ་རྟོགས་པར་དཀའ་བ་ལ་དམིགས་ནས་ སྐྱེས་པ་དང། བསྐལ་པ་མང་པོར་གོམས་པས་ཡུན་རིང་པོ་ནས་འདྲིས་པ་དང། རྩོལ་བ་དྲག་པོས་འཇུག་པས་སྲོག་ལན་བརྒྱར་ཡང་གཏོང་ཞིང་སྡུག་བསྔལ་དང་གནོད་པ་ཐམས་ཅད་ཉམས་སུ་ལེན་པ་དང། དེ་བཞིན་གཤེགས་པ་དང། མཐར་ཐུག་པའི་བྱང་ཆུབ་སེམས་དཔའི་ ས་ལ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །དེ་ལྟར་སྙིང་རྗེས་ཡིད་བསྒོས་པ་ནི་སྦྱིན་པ་གང་མི་གཏོང་བའམ། ཚུལ་ཁྲིམས་མི་ལེན་པ་ལ་སོགས་པ་གང་ཡང་མེད་དོ། །དེས་ན་སངས་རྒྱས་རྣམས་ལ་བྱང་ཆུབ་གང་ལ་གནས་ཞེས་ཞུས་ན་སྙིང་རྗེ་ལ་གནས་སོ་ཞེས་ལུང་སྟོན་པར་མཛད་དོ། །ཚད་ མེད་པ་དེ་དག་རེ་རེ་ཡང་ཚད་མེད་པ་ཕུན་སུམ་ཚོགས་པས་འཇུག་སྟེ། སྡུག་པའི་འབྲས་བུ་ཚད་མེད་པ་འཛིན་ཅིང། གཅིག་ཏུ་ངེས་པར་དགེ་བ་དང། ཁ་ན་མ་ཐོ་བ་མེད་པ་དག་གིས་འཇུག་པའི་ཕྱིར་རོ། །འདི་བསྒོམ་པ་ལ་ཕན་ཡོན་བཞི་སྟེ། ཚེ་འདི་ཉིད་ལ་བདེ་བ་མཆོག་ལ་གནས་པ་དང་ བསོད་ནམས་ཚད་མེད་པ་འཛིན་ཅིང་འཕེལ་བ་དང། བླ་ན་མེད་པའི་བྱང་ཆུབ་ལ་བསམ་པ་བརྟན་པ་དང། གཞན་དོན་དུ་འཁོར་བར་སྡུག་བསྔལ་ཐམས་ཅད་དང་དུ་ལེན་པའོ་ཞེས་སོ།། ༈ །།དེ་ལྟར་བྱང་ཆུབ་སེམས་དཔའི་འབྲས་བུ་ཐུན་མོང་མ་ཡིན་པ་བསྒྲུབ་པའི་ ཐབས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བཤད་ནས། ཐེག་པ་གསུམ་གྱི་ཐུན་མོང་གི་འབྲས་བུ་མྱ་ངན་ལས་འདས་པ་བསྒྲུབ་པའི་ཐབས་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་སྟོན་ཏོ་དེ་ནི་ངོ་ཚ་ཤེས་པ་ནས་ཏིང་ངེ་འཛིན་གསུམ་གྱི་བར་ཆོས་བཅུ་བཞི་སྟེ། དེ་ཡང་སྤྱོད་པ་པོ་དང། སྤྱོད་པའི་རང་ བཞིན་དང། སྤྱོད་པ་དབང་དུ་བྱེད་པའི་ཐབས་དང། དབང་དུ་གྱུར་པའི་ནུས་པ་བཞིར་བསྡུའོ། །དེ་ལ་སྤྱོད་པ་པོའི་ཁྱད་པར་ནི་གཉིས་ཏེ། སྤྱོད་པའི་ངོ་བོ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང། ལྟ་བའི་ངོ་བོ་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །དང་པོ་ལ་གསུམ་སྟེ། ངོ་ཚ་ཤེས་ [273A]༄༅། །པ་ནི་ཉེས་པ་ཐམས་ཅད་ལ་མི་འཇུག་པས་སྡོམ་པའི་ཚུལ་ཁྲིམས་སོ། །བརྟན་པ་ནི་དགེ་བ་ཐམས་ཅད་རབ་ཏུ་བསྒྲུབ་པས་དགེ་བའི་ཆོས་སྡུད་པའོ། །མི་སྐྱོ་བ་ནི་སེམས་ཀྱི་ལོག་པར་བསྒྲུབ་པ་ལ་སོགས་པ་ལ་མི་སྐྱོ་བར་དོན་བསྒྲུབ་པས་སེམས་ཅན་གྱི་དོན་ བྱེད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཤེས་རབ་ལ་བཞི་ལས། བསྟན་བཅོས་ཤེས་པ་དང། འཇིག་རྟེན་ཤེས་པ་གཉིས་ནི་ཤེས་རབ་ཀྱི་རང་བཞིན་ཏེ། ཆོས་ཤེས་པ་དང། དོན་ཤེས་པའི་ངོ་བོའོ། །ཤེས་རབ་ཡོངས་སུ་མི་ཉམས་ཤིང་ཆུད་མི་ཟ་བའི་རྒྱུ་ནི་རྟོན་པ་བཞིའོ། །ཤེས་ རབ་ཀྱི་གཞན་རྗེས་སུ་འཛིན་པའི་ཐབས་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ། །དེ་ལྟར་ཚུལ་ཁྲིམས་ཀྱི་ཡན་ལག་གསུམ་དང་ཤེས་རབ་ཀྱི་ཡན་ལག་བཞི་ནི་སྤྱོད་པ་པོའི་ཆོས་ཏེ། དེ་རྣམས་དང་ལྡན་པའི་གང་ཟག་ཁོ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་ལ་འཇུག་པར་ནུས་ཀྱི་ གཞན་གྱིས་ནི་མི་ནུས་པའི་ཕྱིར་རོ། །སྤྱོད་པའི་རང་བཞིན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་བདག་ཉིད་ཚོགས་དང། ཆོས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ལམ་གཉིས་ཏེ། རྒྱགས་ཀྱིས་ཉེ་བར་བརྟན་པའི་སྐྱེས་བུ་ལམ་བདེ་བར་ཞུགས་པས་དོན་བསྒྲུབ་པ་ལྟར། ཚོགས་ཀྱི་ཉེ་བར་བརྟན་ པའི་ཆོས་སུམ་ཅུ་རྩ་བདུན་གྱིས་འབྲས་བུ་བསྒྲུབས་པས་སོ། །ཆོས་དེ་དག་དང་ལྡན་པའི་གང་ཟག་གི་སྤྱོད་པ་དེ་གཉིས་རྒྱུད་ལ་དབང་དུ་བྱེད་པའི་ཐབས་ནི་གཉིས་ཏེ། རྣལ་འབྱོར་ལ་མཉམ་པར་འཇོག་པ་དང། ལྡང་བའི་སྤྱོད་པས་སོ། །དང་པོ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་ འབྲེལ་བ་བསྒོམ་པས་སོ། །གཉིས་པ་ལ་གསུམ་སྟེ། ལྡང་བའི་སྤྱོད་པའི་རང་བཞིན་ནི་ཐབས་ལ་མཁས་པ་རྣམ་པ་ལྔའོ། །དེའི་རྟོགས་པ་ཆུད་མི་ཟ་བའི་རྒྱུ་ནི་གཟུངས་ཐོབ་པའོ། །རྗེས་སུ་བསྒྲུབས་པ་ཆུད་མི་ཟ་བའི་རྒྱུ་ནི་སྨོན་ལམ་མོ། །དབང་དུ་བྱེད་པའི་ཐབས་དེ་དག་གིས་སྤྱོད་པ་དབང་ དུ་གྱུར་པའི་ནུས་པ་ནི་ཆོས་ཀྱི་སྡོམ་བཞི་རྣམ་པར་སྤྱད་པའི་རྒྱུ་ལས་ཏིང་ངེ་འཛིན་གསུམ་ཐོབ་པས་ལོག་པར་འཛིན་པ་བདུན་སྤོང་བའི་མཐུ་ཐོབ་པའོ། །འདི་རྣམས་རྣམ་པར་དབྱེ་བ་མདོ་སྡེའི་རྒྱན་ལས་འབྱུང་བ་ལ། ༈ འཛེམ་ [273B] །དགེ་དམན་ཡུལ་ཅན་འགྲོ་བ་ཡོངས་སྨིན་བྱེད། །སེར་སྣ་སོགས་འཕེལ་གཉེན་པོ་འགྲིབ་བསམ་དང། །དེ་ལ་མི་སྦྱོར་བཟློག་པར་སྤྱོད་ལས་སྐྱེ། །མཚན་ཉིད་ནི་བཞི་སྟེ། ངོ་བོ་ཉིད་དང། གྲོགས་དང། དམིགས་པ་དང། ལས་ཕུན་སུམ་ཚོགས་ པས་སོ། །དང་པོ་ནི། བསྔམ་ ལོག་པའི་ལམ་ལས་ལྡོག་ཅིང་ཡང་དག་པའི་ལམ་ལ་འཇུག་པའི་མཚན་ཉིད་དོ། །འདིས་ཁྲེལ་ཡོད་ཀྱང་བསྡུས་ཏེ་ལོག་པར་འཇུག་པ་ལ་འཛེམ་པའི་མཚན་ཉིད་ཀྱིས་ཁྱབ་པས་སོ་ གྲོགས་ནི་འཁོར་གསུམ་དུ་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའོ། །དམིགས་པ་ནི་བསྔམ་ །ལས་ནི་སེམས་ཅན་སྨིན་པར་བྱེད་པ་སྟེ། དེ་ཉིད་ལ་གཞན་བཀོད་པའི་སྒོ་ནས་སོ། །ཡུལ་ལས་དབྱེ་བ་ནི། སེར་སྣ་ལ་སོགས་པའི་བསམ་པ་ འཕེལ་བ་དང། དེའི་གཉེན་པོ་འགྲིབ་པ་དང། གཉེན་པོ་དེའི་སྦྱོར་བ་འགྲིབ་པ་དང། བཟློག་པའི་སྦྱོར་བ་འཕེལ་བ་ལ་དམིགས་ནས་ངོ་ཚ་ཤེས་པ་སྐྱེ་བས་སོ། ༈ །ཡོན་ཏན་དང་སྐྱོན་གྱི་རྣམ་པའི་དབྱེ་བ་ནི། ངོ་ཚ་མེད་པས་རང་གཞན་གཉི་ག་འཇོམས། །འདི་དང་ཕྱི་མ་དག་དང་གཉི་གར་ཡང། ། ཉེས་ཚོགས་རྣམ་འཕེལ་ཡོངས་གདུང་མང་འཐོབ་ཅིང། །བཟློག་པས་བཟང་པོའི་གནས་གྱུར་འབྲས་བུ་འཐོབ། །ངོ་ཚ་དང་ཁྲེལ་ཡོད་པས་འཛེམ་པ་མེད་པ་ནི་གཉེན་པོའི་གོ་ཆད་དང་བྲལ་པས་ཉེས་པར་སྤྱོད་པའི་རྩ་བ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་ཡོན་མོངས་པ་མངོན་པར་ འདུ་བྱེད་ཅིང་ཉེས་སྤྱོད་གསོག་པ་ལ་ཕྱོགས་པའོ། །དེའི་ཉེས་དམིགས་ཀྱི་རྣམ་པ་ལས་རང་དང་གཞན་དང་གཉི་གའི་རྟེན་ལ་གསུམ་ནི་ཁྲོ་བ་ལ་སོགས་པས་རང་འཇོམས་པ་དང། སེམས་ཅན་གྱི་དོན་ལ་བག་མེད་ཅིང་ཡལ་པར་འདོར་བས་གཞན་འཇོམས་པ་དང། ང་རྒྱལ་གྱིས་ཚུལ་ ཁྲིམས་འཇིག་པས་གཉི་ག་འཇོམས་པའོ། །ཚེ་འདི་དང་ཕྱི་མ་དང་གཉི་གའི་དུས་སུ་གནོད་པ་གསུམ་ལས། འདིར་གནོད་པ་ནི་དྲུག་སྟེ། རྒྱུད་ཉམས་ཤིང་འགྱོད་པས་ཟིན་པས་བདག་གིས་སྨད་པ་དང། རྙེད་བཀུར་ཉམས་པས་གཞན་གྱིས་སྨད་པ་དང། ལྷ་རྣམས་ཀྱིས་སྨད་པས་བསྲུང་བ་ལས་ [274A]༄༅། །ཉམས་པ་དང། སྟོན་པས་ཀྱང་ལུག་བོང་ལྟར་སྤྱོད་པ་ལ་སོགས་པར་སྨད་པ་དང། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་ཀྱང་ཆོས་ཉིད་ཀྱིས་སྨོད་པ་དང། ཕྱོགས་དང་ཕྱོགས་མཚམས་སུའང་མི་སྙན་པར་གྲགས་པའོ། །ཕྱི་མར་གནོད་པ་ནི་མི་ ཁོམ་པ་རྣམས་སུ་ལྟུང་བའོ། །གཉི་གར་གནོད་པ་ནི་དགེ་བའི་ཆོས་ཐོབ་པ་ལས་ཉམས་པའོ། །དེ་ལས་བྱུང་བའི་སྡུག་བསྔལ་དང་ཡིད་མི་བདེ་བ་མཐའ་ཡས་པའང་སོ་སོར་མྱོང་བར་འགྱུར་བའོ། །ཡོན་ཏན་གྱི་རྣམ་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་འབྲས་བུ་བཟང་པོ་ ལྔ་ལ་སྤྱོད་པ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི་རྟག་ཏུ་ལྷ་དང་མིའི་འགྲོ་བ་བཟང་པོ་དག་ཏུ་སྐྱེ་བའོ། །བདག་པོའི་འབྲས་བུ་ནི་བྱང་ཆུབ་ཀྱི་ཚོགས་མྱུར་དུ་རྫོགས་པར་བྱེད་པའོ། །སྐྱེས་བུའི་བྱེད་པ་ནི་སེམས་ཅན་སྨིན་པར་བྱེད་པས་མི་སྐྱོ་བའོ། །རྒྱུ་མཐུན་ནི་རྟག་ཏུ་གཉེན་པོ་དང་མི་ འབྲལ་པའོ། །བྲལ་བའི་འབྲས་བུ་ནི་མི་མཐུན་པའི་ཕྱོགས་དང་མི་འདྲ་ ༈ །ཡོན་ཏན་དཔེས་བསྔགས་པ་དང་རྟགས་ནི། གོས་དང་ནམ་མཁའ་རྒྱན་མ་བསྲུང་མའི་དཔེས། །གནས་ཚེ་ཉོན་མོངས་མི་གོས་སོགས་ལྔས་བསྔགས། །ཉེས་ཚོགས་དང་དུ་མི་ལེན་མི་འཇུག་དང། །དགེ་ ལེགས་དང་ལེན་འཇུག་པའི་བསམ་སྦྱོར་རྟགས། །གོས་དང་ནམ་མཁའ་དང་རྒྱན་དང་མ་དང་བསྲུང་མའི་དཔེ་ལྔས་ནི་རིམ་པ་བཞིན། བསམ་གཏན་བྱེད་པ་ལ་སོགས་པས་འདུག་པ་ན་ཉོན་མོངས་པས་མི་གོས་པ་དང། བསོད་སྙོམས་ལ་སོགས་པ་ལ་རྒྱུ་བ་ན་འཇིག་རྟེན་གྱི་ ཆོས་ཀྱིས་མི་གོས་པ་དང། རང་གི་ཡོན་ཏན་གྱི་ཆེ་བ་དང། སེམས་ཅན་གཞན་ལ་ཕན་པ་དང། རྣམ་པར་དག་པའི་འཁོར་བར་གནས་པའོ། །རྟགས་ནི་སེར་སྣ་ལ་སོགས་པའི་བསམ་པ་དང་དུ་ལེན་ཅིང་དེའི་སྦྱོར་བ་ལ་མི་འཇུག་པ་དང། གཏོང་བ་ལ་སོགས་པའི་བསམ་པ་ དང་དུ་ལེན་ཅིང་སྦྱོར་བ་ལ་འཇུག་པའོ། ༈ །བརྟན་པའི་མཚན་ཉིད་ནི། བརྩོན་འགྲུས་ཏིང་ངེ་འཛིན་དང་ཤེས་རབ་གསུམ། །སྙིང་སྟོབས་སྲན་ཐུབ་བརྟན་པར་རབ་བརྗོད་དེ། །ཞུམ་གཡོ་རྨོངས་པས་བྱ་བ་རྣམས་ལ་འཇིགས། །དེ་སྤོང་གཉུག་མ་གསུམ་པོ་བརྟན་པར་གྲུབ། །བརྟན་པ་ [274B] འདིའི་མཚན་ཉིད་ཀྱི་ངོ་བོ་ནི་ལེ་ལོ་ལ་སོགས་པ་གསུམ་བསལ་བས་བརྩོན་འགྲུས་ལ་སོགས་པ་གསུམ་མོ། །མཚོན་བྱ་ནི་སྙིང་སྟོབས་ལ་སོགས་པའི་ཐ་སྙད་ དུ་བྱ་བ་གསུམ་མོ། །བརྩོན་འགྲུས་ལ་སོགས་པས་དེ་གསུམ་དུ་ཇི་ལྟར་མཚོན་པར་བྱེད་སྙམ་ན། མཚན་ཉིད་དེ་བསྒྲུབ་པ་ནི་བྱ་བ་རྣམས་ལ་འཇིགས་པའི་རྒྱུ་གསུམ་པོ་ཞུམ་ཕས་མི་སྤྲོ་བ་དང། སེམས་རྣལ་དུ་མི་གནས་པས་གཡོ་བ་དང། ཐབས་མི་ཤེས་པས་རྨོངས་པ་དག་ འདི་གསུམ་གྱིས་སེལ་བས་འཇིགས་པ་མེད་པར་འཇུག་པའི་ཕྱིར་རོ། །གཉུག་མ་ཞེས་བྱ་བ་ནི་གོམས་པས་ངང་གིས་འཇུག་པའི་བརྩོན་འགྲུས་ལ་སོགས་པའོ། ༈ །མི་འགྱུར་བའི་ཁྱད་པར་ནི། ཕྱེ་ལེབ་མཁའ་ལྡིང་རྒྱ་མཚོས་རི་རབ་ལྟར། །ཆུང་འབྲིང་ཆེན་པོའི་རྐྱེན་གྱིས་འགྱུར་བ་མེད༑ ༑ ཕྱེ་མ་ལེབ་དང་ནམ་མཁའ་ལྡིང་གི་གཤོག་རླབས་དང། རྒྱ་མཚོའི་རླབས་ཀྱིས་རི་རབ་མི་སྒུལ་ རྐྱེན་ཆུང་ངུ་ལ་སོགས་པ་གྲོགས་ངན་པ་དང། སྡུག་བསྔལ་བབ་པ་དང། ཟབ་མོ་བསྟན་པ་གསུམ་གྱིས་མི་འགྱུར་བའོ། ༈ །མི་སྐྱོ་བ་ནི། ངོ་ཚ་བརྟན་ལས་བྱང་ཆུབ་ཆེན་པོ་ལ། །འདུན་པ་ རབ་དྲག་ཐོས་པས་མི་ངོམས་དང། །བརྩོན་འགྲུས་མཆོག་དང་འཁོར་བའི་སྡུག་བསྔལ་གྱིས། །སྐྱོ་མེད་ས་ཡི་དབྱེ་བས་ཆུང་འབྲིང་མཆོག། །མི་སྐྱོ་བ་ཞེས་བྱ་བ་ནི། སེམས་ཅན་གྱི་ཉེས་པ་མཐའ་ཡས་པས་མི་འཁྲུགས་པར་དེ་དག་གི་དོན་དུ་ཚོགས་བསྒྲུབ་པ་ལ་འདུན་པ་བརྟན་པོས་དྲངས་ པའི་བསམ་པའི་ཁྱད་པར་རོ། །དེའི་རྟེན་ནི་ངོ་ཚ་ཤེས་པ་དང་བརྟེན་པ་སྟེ་དེ་གཉིས་ཀྱིས་སྐྱོ་བས་ངོ་ཚ་ཞིང་མི་སྐྱོ་བར་བྱེད་པས་སོ། །ངོ་བོ་ཉིད་ནི་བྱང་ཆུབ་ཆེན་པོ་ལ་འདུན་པ་བརྟན་པ་སྟེ་འདུན་པ་ལོག་ན་སྐྱོ་བས་སོ། །གཞི་ནི་གསུམ་སྟེ། ཐོས་པས་མི་ངོམས་པ་དང། ཡུན་རིང་པོར་བརྩོན་ འགྲུས་རྩོམ་པ་དང། འཁོར་བའི་སྡུག་བསྔལ་རྣམས་ལ་མི་སྐྱོ་བའོ། །མོས་པ་སྤྱོད་པའི་ས་ལ་ནི་ཆུང་ངུ་སྟེ་མ་རྫོགས་པའོ། །ས་བདུན་ལ་ནི་རྫོགས་པ་སྟེ་འབྲིང་ངོ། །དེ་ཡན་ཆད་ནི་ཆེན་པོ་སྟེ་ཤིན་ཏུ་རྫོགས་པའོ། །འདི་ནི་དབྱེ་བའོ། ༈ །བསྟན་བཅོས་ཤེས་པའི་དབང་དུ་བྱས་ནས། གནས་ [275A]༄༅། །ལྔ་ལེགས་རྟོགས་བསྒྲུབ་དང་སྟོན་སོགས་ཀྱིས། །རང་བཞིན་དོན་རྒྱུན་མི་ཆད་ཀུན་མཁྱེན་ཐོབ། །ཏིང་འཛིན་གཟུངས་སྒོས་སེམས་ཅན་སྨིན་བྱེད་ཅིང། །དམ་ཆོས་འཛིན་པར་བྱེད་པའི་ལས་ཅན་ནོ། །འདི་ལ་གསུམ་ལས་ཁྱད་པར་དྲུག་གིས་ཁྱད་པར་དུ་འཕགས་ པ་ནི་མཚན་ཉིད་དེ། དམིགས་པའི་ཁྱད་པར་གཞི་ནི་ནང་དང། གཏན་ཚིགས་དང། སྒྲ་དང། གསོ་བ་དང། བཟོའི་ལས་ཀྱི་གནས་རིག་པའི་གནས་ལྔའི་གཙུག་ལག་གོ། མཚན་ཉིད་ནི་ལྔ་པོ་དེ་ཐོས་པ་དང་འཛིན་པ་དང་ཁ་ཏོན་བྱེད་པ་དང། ཡིད་ཀྱིས་བརྟགས་པ་དང་མཐོང་བས་ ལེགས་པར་རྟོགས་པའོ། །ལས་ནི་གཞི་དང་པོ་ཤེས་པས་བདག་ཉིད་བསྒྲུབ་ཅིང་གཞན་ལ་སྟོན་པའོ། །གཉིས་པས་གཞན་གྱི་རྩོད་པའི་སྐྱོན་ཤེས་པ་ལས་རྒོལ་བ་ཚར་གཅོད་པ་དང། གསུམ་པས་ངེས་ཚིག་བཟང་པོ་བརྗོད་ཅིང་གཞན་ཡིད་ཆེས་པར་བྱེད་པ་དང། བཞི་པས་ནད་ སེལ་བ་དང། ལྔ་པས་གཞན་ལ་བགོ་བཤའ་བྱེད་པའོ། །ཆེད་དུ་བྱ་བ་ནི་རང་དང་གཞན་གྱི་དོན་བསྒྲུབ་པའོ། །མི་ཟད་པ་ནི་ཕུང་པོ་བཞི་ཡང་རྒྱུན་མི་ཆད་པའོ། །འབྲས་བུ་འགྲུབ་པ་མི་རྣམ་པ་ཐམས་ཅད་མཁྱེན་པ་བསྒྲུབ་པའོ། །དབྱེ་བ་ནི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་ཀྱིས་བསྡུས་ པའོ། །ལས་ནི་དེ་གཉིས་ཀྱིས་རིམ་པ་བཞིན་སེམས་ཅན་སྨིན་པར་བྱེད་པ་དང། དམ་པའི་ཆོས་འཛིན་པར་བྱེད་པའོ། ༈ །འཇིག་རྟེན་ཤེས་པ་ནི། འཇིག་རྟེན་ལུས་ངག་ཡིད་ཀྱིས་རབ་ཤེས་པས། །དམ་ཆོས་བསྒྲུབ་ཕྱིར་སེམས་ཅན་སྣོད་དུ་བྱེད། །འཇིག་རྟེན་འབྱུང་དང་ནུབ་པའི་བདེན་ པ་བཞི། །སྤང་དང་ཐོབ་པར་བྱ་བ་རྗེས་སུ་བསྒྲུབ། །འདི་ལ་བཞི་སྟེ་ལུས་ངག་གིས་ཤེས་པའི་མཚན་ཉིད་ནི་དངོས་སུ་ལུས་ངག་གིས་མི་ཤེས་པས་བསླང་བའི་རྩོམ་པ་དགེ་བ་བཞིན་འཛུམ་པ་དང་གསོང་པོར་སྨྲ་བ་ལ་སོགས་པ་ལ་བཏགས་པའོ། །དེའི་ལས་ནི་དམ་པའི་ཆོས་བསྒྲུབ་པའི་དོན་ དུ་སེམས་ཅན་སྣོད་དུ་བྱ་བའོ། །ཡིད་ཀྱིས་ཤེས་པའི་མཚན་ཉིད་ནི་འཇིག་རྟེན་འཇུག་པ་དང། ལྡོག་པའི་མཚན་ཉིད་བདེན་པ་བཞི་ཤེས་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་ནི་གང་དང་གང་གིས་འཇིག་རྟེན་འཁོར་བར་ཡང་དང་ཡང་དུ་འབྱུང་བའོ། །འགོག་པ་དང་ལམ་ནི་གང་དང་གང་ [275B] །དེའི་ལས་ནི་བདེན་པ་སྔ་མ་གཉིས་ཞི་བར་བྱ་བ་དང། ཕྱི་མ་གཉིས་ཐོབ་པར་བྱ་བའོ། ༈ །རྟོན་པ་བཞི་ནི། ཆོས་དོན་ངེས་པའི་དོན་དང་ཡེ་ཤེས་ཀྱི། །རྗེས་འབྲང་ཆོས་སྤོང་གང་ཟག་ཚིག་འབྲུ་དང། ལོག་པར་དྲངས་དང་རྗོད་བཅས་ཤེས་ཀྱི་མིན། །ཆོས་ ལ་མོས་དང་དོན་ལ་ལེགས་དཔྱོད་དང། །གཞན་ལས་ཇི་བཞིན་ཐོས་ །འདས་པའི་ཡེ་ཤེས་ཐོབ་ལས་ཡོངས་མི་ཉམས། །འདི་ལ་གསུམ་ལས་བླང་བའི་བྱེད་པར་ནི་ཚད་མའི་སྐྱེས་བུས་བསྟན་པའི་ཆོས་དང། དེའི་དགོངས་པའི་དོན་དང། ཚད་མ་དང་ལྡན་པ་ ངེས་པའི་དོན་དང། སོ་སོ་རང་རིག་པའི་ཡེ་ཤེས་བཞི་ལ་རྟོན་པ་སྟེ། རྟོན་པ་ནི་རྗེས་སུ་འབྲང་བའི་དོན་དོ། །དོར་བའི་ཁྱད་པར་ནི་གཙུག་ལག་གི་ཆོས་སྤོང་བའི་གང་ཟག་དང། ཚིག་འབྲུའི་སྒྲ་ཇི་བཞིན་གྱི་དོན་དང། ལོག་པར་བསམ་པས་ཕྱིན་ཅི་ལོག་ཏུ་དྲངས་བའི་དོན་དང། བརྗོད་ པ་དང་བཅས་པ་རྣམ་པར་ཤེས་པའི་རྗེས་སུ་མི་འབྲང་བའོ། །ཕན་ཡོན་གྱི་ཁྱད་པར་ནི། རིམ་པ་བཞིན་གཙུག་ལག་གི་ཆོས་ལ་མོས་པ་དང། རང་གིས་དགོངས་པ་ཅན་གྱི་དོན་དཔྱོད་པ་དང། གཞན་ལས་དོན་ཕྱིན་ཅི་མ་ལོག་པར་ཐོས་པ་དང། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལས་ ཉམས་པར་མི་འགྱུར་བའོ། ༈ །སོ་སོ་ཡང་དག་པར་རིག་པ་ནི། བསྟན་བྱ་མཚན་གཞི་མཚན་ཉིད་དག་དང་ནི། །སྟོན་བྱེད་སྒྲ་དང་ཚ་རྟོགས་ལེགས་སྟོན་བྱེད། །ཆོས་ཉིད་མངོན་གྱུར་ཡོངས་གཅོད་ཤེས་པ་ཡིས། །གདུལ་བྱའི་ཐེ་ཚོམ་མ་ལུས་སེལ་བའོ། །འདི་ལ་བཞི་སྟེ། མཚན་ ཉིད་དང་གྲངས་ངེས་པ་ནི་ཆོས་སྟོན་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ཡན་ལག་ཡོངས་སུ་རྫོགས་པ་ལས་ཏེ། དོན་སོ་སོ་ཡང་དག་པར་རིག་པ་ནི་དངོས་པོ་རྣམས་ཀྱི་རྗོད་བྱེད་ཇི་སྙེད་པ་རྣམ་གྲངས་ཞེས་བསྙད་པ་སྒྲའི་དོན་ཙམ་མཚན་གཞི་ཤེས་པ་ཡིན་པས་སྤྱི་འམ་མདོར་ བསྟན་པ་ཤེས་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་མཚན་ཉིད་གང་ལ་དོན་དེའི་སྒྲ་འམ་མིང་འཇུག་པའི་རྒྱུ་མཚན་ཤེས་པས་མིང་ཤེས་པར་བརྟགས་པ་སྟེ། སྔ་མ་གསལ་བར་བྱེད་པས་རྒྱས་པར་བཤད་པ་ཤེས་པའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་སྒྲ་འམ་ [276A]༄༅། །ཚིག་ཤེས་པ་སྟེ་ཡུལ་སོ་སོའི་གང་ཟག་གང་ལ་སྒྲ་གང་གིས་དོན་གང་གོ་བར་འགྱུར་བ་དེ་ལ་དེས་ །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་དེ་དག་འཇལ་བྱེད་ཀྱི་ཚད་མ་ཤེས་པས་སྤོབས་པ་ཐོགས་པ་དང་གཏུགས་པ་མེད་པའོ། ། འདི་བཞིས་ཀྱང་ཆོས་སྟོན་པའི་ཡུལ་དང་ཡུལ་ཅན་མ་ཚང་བ་མེད་པ་བསྟན་ཏེ། གང་བསྟན་བྱ་ཡུལ་ནི་ཆོས་དང་དོན་མཚན་གཞི་དང་མཚན་ཉིད་དོ། །གང་གིས་སྟོན་བྱེད་ཡུལ་ཅན་ནི་སྒྲ་དང་ཚད་མ་སྟེ། སྒྲས་ནི་ཆོས་དང་དོན་རྟོགས་པ་ཐོབ་པར་བྱེད་ལ་ཚད་མས་ནི་རྒོལ་ བའི་ལན་འདེབས་པའི་ཕྱིར་རོ། །ངེས་པའི་ཚིག་ནི་སོ་སོ་ཡང་དག་པར་རིག་པ་ཤེས་པ་ཞེས་བྱ་བ་ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་ནས་དེ་ཡོངས་སུ་གཅོད་པ་རྗེས་ཐོབ་ཀྱིས་ཆོས་དང་དོན་ལ་སོགས་པ་ཤེས་པའོ། །ལས་ནི་གཞན་གྱི་ཐེ་ཚོམ་ཐམས་ཅད་གཅོད་པར་ བྱེད་པའོ། ༈ །ཚོགས་ནི། རིག་དང་རྐང་པའི་མཚན་ཉིད་ཚོགས་གཉིས་ཀྱིས། །ཡོངས་དག་འཁོར་བར་གོས་མེད་གཞན་དོན་བསྒྲུབ། །ལུས་དང་ལོངས་སྤྱོད་བསོད་ནམས་དྲི་མེད་པའི། །ཤེས་རབ་རྒྱུ་དང་དེ་གཉིས་ལ་སྦྱོར་དང། །དཀའ་སྤྱོད་ཟབ་མོ་བཟོད་དང་མི་གཡེང་དང། །དེ་ཉིད་ རྩེ་གཅིག་ཕ་རོལ་ཕྱིན་དྲུག་བསྡུས། །རྒྱུན་དུ་བསྒོམ་པ་ཐོབ་ནས་ཡང་དང་ཡང། །དགེ་བ་བསྒྲུབ་པས་རང་གཞན་དོན་རྫོགས་བྱེད། །སར་འཇུག་མཚན་མེད་ལྷུན་གྲུབ་དབང་བསྐུར་དང། །མཐར་ཐུག་བྱ་ཕྱིར་ཚོགས་གཉིས་རབ་སྒྲུབ་བོ། །འདི་ལ་དྲུག་ལས་མཚན་ཉིད་ནི་རིག་པ་ དང་རྐང་པའི་རང་བཞིན་ཏེ། དེ་ཁོ་ན་རྣམ་པར་ངེས་པས་ལམ་ཤེས་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དགེ་བའི་རྩ་བ་ཡོངས་སུ་འཛིན་པས་ལམ་དེས་དོན་གྲུབ་པའི་སར་ཕྱིན་པར་བྱེད་པ་ནི་བསོད་ནམས་ཀྱི་ཚོགས་སོ། །གྲངས་ངེས་པའི་རྒྱུ་ནི་གཞན་གྱི་དོན་དུ་འཁོར་བ་ན་མངོན་པར་མཐོ་བའི་ དཔལ་ཐོབ་པར་བྱེད་པ་དང། དེར་ཀུན་ནས་ཉོན་མོངས་པས་མི་གོས་པར་རྒྱུ་བར་བྱེད་པས་སོ། །བསྡུ་བ་ནི་འདི་དག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ཕན་ཚུན་བསྡུས་པ་སྟེ། ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྒྲུབ་པས་སྦྱིན་པ་དང་ཚུལ་ཁྲིམས་ནི་བསོད་ནམས་ཀྱི་ཚོགས་སོ། །དྲི་ [276B] །བཟོད་པ་ལ་སོགས་པ་གསུམ་ནི་དེ་གཉི་ག་སྟེ། བསོད་ནམས་བསྒྲུབ་པ་དང་ཡང་དག་པར་ཤེས་པ་ལ་འཇུག་པའི་ཕྱིར་དང། དཀའ་བ་སྤྱོད་པ་དང་ཟབ་མོའི་དོན་ལ་བསྲན་ཐུབ་པའི་ཕྱིར་དང། གཞན་དུ་མི་གཡེང་བ་ དང་དེ་ཁོ་ན་ལ་མཉམ་པར་འཇོག་པའི་ཕྱིར་རོ། །ངེས་ཚིག་ནི་སཾ་བྷ་ར་ཞེས་བྱ་སཾ་ནི་ས་ན་སྟེ་རྒྱུན་ཏུའོ། །བྷ་ནི་བྷ་བ་ན་སྟེ་བསྒོམ་པ་ཐོབ་པའོ། །ར་ནི་ར་བིག་ཀྵ་ན་སྟེ་ཡང་དང་ཡང་དུ་དགེ་བ་བསྒྲུབ་པའོ། །ལས་ནི་རང་དང་གཞན་གྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པའོ། །དབྱེ་བ་ནི་མོས་པ་ སྤྱོད་པའི་སའི་ཚོགས་གཉིས་ནི་ས་ལ་འཇུག་པའི་དོན་ཅན་ནོ། །ས་དང་པོ་དྲུག་གི་ནི་ས་བདུན་པ་མཚན་མ་མེད་པའི་དོན་ཅན་ནོ། །ས་བདུན་པའི་ནི་ས་བརྒྱད་པ་དང་དགུ་པ་ལ་ལྷུན་གྱིས་གྲུབ་པའི་དོན་ནོ། །དེ་གཉིས་ཀྱིས་ནི་ས་བཅུ་པ་ལ་དབང་བསྐུར་བའི་དོན་ནོ། །ས་བཅུ་པའི་ཚོགས་ གཉིས་ནི་སངས་རྒྱས་ཀྱི་ས་ལ་འབྲས་བུ་མཐར་ཐུག་པའི་དོན་ཅན་ཏེ་ལྔའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནི་ཚོགས་དེ་དག་དང་ལྷན་ཅིག་སྤྱོད་པ་ས་དང་ས་རྣམས་དངོས་པོ་ལ་ཡོངས་སུ་རྟོག་པ་ལ་སོགས་པའི་ལམ་སྒོམ་པ་སྟེ། སྡེ་ཚན་བདུན་དུ་བརྗོད་པ། རྫས་བཅུའི་བདག་ཉིད་ སློབ་པའི་ལམ་བཞི་པོས་བསྡུས་པའོ། ༈ །དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་དྲན་པ་ཉེ་བར་གཞག་པ་བཞི་ནི། རྟེན་དང་གཉེན་པོ་འཇུག་དམིགས་ཡིད་བྱེད་དང། །ཐབས་དང་མཐུན་དང་རྗེས་འཇུག་ཡོངས་ཤེས་དང། །སྐྱེ་དང་ཆེན་པོ་མཆོག་དང་བསྒོམ་པ་དང། །ཡང་དག་ འགྲུབ་པས་དན་པ་ཉེར་གཞག་འཕགས། །རྟེན་ལ་སོགས་པ་བཅུ་བཞིས་རྒྱལ་སྲས་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བཞི་ཁྱད་པར་དུ་འཕགས་པ་སྟེ། རྟེན་ནི་ཐེག་པ་ཆེན་པོ་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་གསུམ་མོ། །གཉེན་པོ་ནི་ལུས་ལ་སོགས་པ་ ལ་བདག་མེད་པར་འཇུག་པས་ཕྱིན་ཅི་ལོག་བཞིའི་གཉེན་པོ་མི་གཙང་བ་ལ་སོགས་པའི་འདུ་ཤེས་ཀྱིའང་གཉེན་པོ་ཡིན་པས་སོ། །འཇུག་པ་ནི་འདི་བཞིས་གོ་རིམ་བཞིན་དུ་བདེན་པ་བཞི་ལ་རང་འཇུག་ཅིང་གཞན་འཛུད་པ་སྟེ། དབུས་མཐའ་ལས་བཤད་པ་ནི་རིམ་པ་བཞིན་གནས་ [277A]༄༅། །ངན་ སྲེད་པའི་རྒྱུ་བརྟགས་པ་དང། བདག་ཏུ་ཞེན་གཞི་བརྟགས་པ་དང། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་ལ་མ་རྨོངས་པས་བདེན་པ་བཞི་ལ་འཇུག་པའོ། །དམིགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ ལུས་ལ་སོགས་པའོ། །ཡིད་ལ་བྱེད་པ་ནི་ལུས་ལ་སོགས་པ་མི་དམིགས་པའོ། །ཐོབ་པ་ནི་ལུས་ལ་སོགས་པ་དང་འབྲལ་བ་དང་མི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་པ་སྟེ། ཆོས་སྐུ་དང་མ་དག་པའི་ལུས་ལ་བལྟོས་པའོ། །མཐུན་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་ ཞིང་བཟློག་པའི་གཉེན་པོ་ཉིད་ཀྱིས་ཏེ། ལུས་མི་རྟག་པར་ཤེས་ནས་ཕྱི་ནང་གི་དོན་ལ་སེར་སྣ་འགོག་པ་ལ་སོགས་པས་སོ། །རྗེས་སུ་འཇུག་པ་ནི་འཇིག་རྟེན་པ་དང་ཉན་ཐོས་དང་རང་རྒྱལ་གྱིའང་རྗེས་སུ་འཇུག་པས་དེ་དག་ལ་དེ་བསྟན་པའི་ཕྱིར་དེ་སྒོམ་པའོ། །ཡོངས་སུ་ཤེས་པ་ནི་ཡང་དག་ པ་མ་ཡིན་པ་སྣང་བས་ལུས་སྒྱུ་མ་ལྟ་བུ་དང། ལོག་པར་མྱོང་བས་ཚོར་བ་རྨི་ལཾ་ལྟ་བུ་དང། རང་བཞིན་གྱི་འོད་གསལ་བས་སེམས་ནམ་མཁའ་ལྟ་བུ་དང། གློ་བུར་ །སྐྱེ་བ་ནི་བསམ་བཞིན་དུ་སྲིད་པར་འཁོར་ལོས་བསྒྱུར་ བ་ལ་སོགས་པར་སྐྱེ་ཞིང་དེ་ལ་ཉོན་མོངས་པ་མེད་པའོ། །ཆེན་པོ་ནི་རང་བཞིན་གྱིས་དབང་པོ་རྣོ་བས་ཆུང་ངུ་ཡང་གཞན་གྱི་དེ་བསྒོམ་པ་ཡང་དག་པས་ཆེ་བའོ། །མཆོག་ནི་བསྒོམ་པ་ཡོངས་སུ་གྲུབ་པ་རྣམས་འདྲེས་ཤིང་ཉེ་བར་འདྲེས་པས་སོ། །བསྒོམ་པ་ནི་ཤིན་ཏུ་བསྒོམས་པས་ཕུང་ པོ་ཞི་བ་ན་ཡང་མི་ཟད་པའོ། །ཡང་དག་པར་འགྲུབ་པ་ནི་ས་བཅུ་དང་སངས་རྒྱས་ཀྱིས་ཉིད་འཐོབ་པའོ། ༈ །རྩོལ་བ་པའི་ལམ་ཡང་དག་པར་སྤོང་བ་བཞི་ནི་དེ་གོམས་བྱེད་པའི་ཉེས་པའི་གཉེན་པོར་ནི། །མཚུངས་མེད་ཡང་དག་སྤོང་བཞི་རབ་ཏུ་བསྒོམ། །ཡོངས་དག་སྲིད་སྤྱོད་སྒྲིབ་ དང་ཡིད་བྱེད་འདོར། །སར་འཇུག་མཚན་མེད་ལུང་བསྟན་སེམས་ཅན་སྨིན། །དབང་བསྐུར་ཞིང་སྦྱང་མཐར་ཐུག་བྱ་བའི་ཕྱིར། །འདུ་བྱེད་ལ་ །འདི་ལ་གསུམ་ལས་སྤྱིའི་མཚན་ཉིད་ནི་དྲན་པ་ཉེ་བར་བཞག་པ་བསྒོམ་པ་དེའི་མི་མཐུན་པའི་ [277B] །དབྱེ་བ་ནི་བཅུ་སྟེ། འཁོར་བའི་ཕུན་སུམ་ཚོགས་པ་ལ་ཀུན་ནས་ཉོན་མོངས་པ་མེད་པར་སྤྱོད་པ་དང། སྒྲིབ་པ་ལྔ་འདོར་བ་དང། ཐེག་པ་དམན་པའི་ཡིད་ལ་བྱེད་པ་འདོར་བ་དང། ས་ལ་འཇུག་ པ་དང། ས་བདུན་པར་མཚན་མ་མེད་པ་དང། བརྒྱད་པར་ལུང་བསྟན་ཐོབ་པ་དང། དགུ་པར་སེམས་ཅན་སྨིན་པ་དང། བཅུ་པར་དབང་བསྐུར་བ་དང། དེ་གསུམ་ལ་ཐུན་མོང་དུ་ཞིང་དག་པ་དང། སངས་རྒྱས་ཀྱི་ས་ལ་འབྲས་བུ་མཐར་ཐུག་པར་བྱ་བའི་ཕྱིར་དེ་ལྟར་གཉེན་པོ་བསྒོམ་ པའོ༑ ༑བསྒོམ་པའི་ཐབས་ནི་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོག་ དང་པོར་རྣལ་འབྱོར་བསྒོམ་པ་ལ་མོས་པར་བྱེད་པས་འདུན་པ་བསྐྱེད་དོ། །དེ་ལས་ནི་རྩོལ་བ་བསྐྱེད་ནས་འབད་པར་བྱེད་དེ་ རྣལ་འབྱོར་རྣམ་པ་གཉིས་རྒྱུ་མཚན་དང་བཅས་པར་བསྒོམ་མོ། །ཡན་ལག་གང་གིས་ཞེ་ན། བརྩོན་འགྲུས་རྩོམ་པས་སོ། །ཇི་ལྟར་རྩོམ་པས་ཞེ་ན། སེམས་རབ་ཏུ་འཛིན་པའི་ཤེས་རབ་དང་ཡང་དག་པར་འཇོག་པའི་ཞི་གནས་གཉིས་ཀྱིས། ཞི་གནས་ཀྱི་གེགས་སུ་གྱུར་བའི་ཉེ་ བའི་ཉོན་མོངས་པ་ཞུམ་པ་དང། ལྷག་མཐོང་གི་གེགས་རྒོད་པའི་གཉེན་པོ་ཟུང་ངུ་འབྲལ་བ་གོམས་པ་ལས་མཉམ་པར་གནས་པ་བཏང་སྙོམས་འཐོབ་པ་ནི་གཉེན་པོ་ཡིན་པའི་ཕྱིར་རོ། ༈ །ཏིང་ངེ་འཛིན་སྤྱོད་པའི་ལམ་རྫུ་འཕྲུལ་གྱི་རྐང་པའི་དབང་དུ་བྱས་ནས། བསམ་གཏན་ལ་བརྟེན་ འདུན་སོགས་མཚན་ཉིད་བཞི། །ཐབས་རྣམ་བཞི་ལས་འབྲས་བུ་རྣམ་པ་དྲུག་མངོན་པར་སྒྲུབ་པས་གྲུབ་པའི་ཡན་ལག་ནི། །རྫུ་འཕྲུལ་རྐང་པ་བཞི་པོ་རྣམ་པར་བཞག་འདི་ལ་བཞི་ལས་རྟེན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་ཏུ་དབྱེ་བ་ནི་བཞི་སྟེ། འདུན་པ་བསྐྱེད་པ་ ཙམ་དང། བརྩོན་འགྲུས་བརྩམ་པ་དང། སེམས་ཡང་དང་ཡང་དུ་གཏོད་པ་དང། ཡུལ་དཔྱད་པ་ལས་ཐོབ་པའི་ཏིང་ངེ་འཛིན་བཞིའི་མཚན་ཉིད་ཅན་ནོ། །འབྲས་བུ་ལ་ལས་སུ་རུང་བར་བྱེད་པའི་ཐབས་ནི་རྣམ་པ་བཞི་སྟེ། སྤོང་བའི་འདུ་བྱེད་བརྒྱད་ལས་དད་པ་དང་འདུན་པ་དང་བརྩོན་འགྲུས་ [278A]༄༅། །གསུམ་ནི་ཡིད་ཆེས་ཤིང་དོན་དུ་གཉེར་ནས་འབད་པར་བྱེད་པའི་ཕྱིར་འབད་པར་བྱེད་པའི་ཐབས་སོ། །ཤིན་ཏུ་སྦྱངས་པ་ནི་ཕན་འདགས་པའི་ཐབས་སོ། །དྲན་པ་དང་ཤེས་བཞིན་གཉིས་ནི་དམིགས་པ་ལས་མི་འགྲོ་བ་དང་འཕྲོ་བ་ཤེས་པའི་ཕྱིར་གཏོད་པར་བྱེད་ པའི་ཐབས།། །།སེམས་པ་དང་བཏང་སྙོམས་གཉིས་ནི་གཉེན་པོའི་ཐབས་ཏེ་ཞུམ་པ་དང་རྒོད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེས་འབྲས་བུ་མངོན་པར་བསྒྲུབ་པ་ནི་དྲུག་སྟེ། སྤྱན་ལྔའི་མཐོང་བ་དང། མངོན་ཤེས་དྲུག་གི་གདམས་ ངག་དང། ཏིང་ནེ་འཛིན་མང་པོས་སྤྲུལ་པ་ལ་སོགས་པར་རྩེ་བ་དང། སྨོན་ལམ་གྱི་སྟོབས་རྨད་དུ་བྱུང་བས་ལུས་དང་དབྱངས་དང་འོད་ལ་སོགས་པ་གྲངས་མེད་པ་བསྒྲུབ་པའི་སྨོན་ལམ་དང། ཚེ་ལ་སོགས་པའི་དབང་བཅུ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་ རྒྱས་ཀྱི་ཆོས་རྣམས་ཐོབ་པ་ལས་རང་དང་གཞན་གྱི་དོན་ཐམས་ཅད་ཡང་དག་པར་འགྲུབ་པའོ། །རྫུ་འཕྲུལ་གྱི་རྐང་པའི་སྒྲ་དོན་ནི་གྲུབ་པའི་ཡན་ལག་སྟེ་རྫུ་འཕྲུལ་ལ་སོགས་པའི་འབྲས་བུ་བསྒྲུབ་པའི་ཏིང་ངེ་འཛིན་དུ་བལྟའོ། ༈ །མངོན་པར་རྟོགས་པར་སྦྱོར་བའི་ལམ་དབང་པོ་དང་ མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་སྟོབས་གཉིས་ཀྱི་དབང་དུ་བྱས་ནས། བྱང་ཆུབ་སྤྱོད་དང་ཐོས་མཆོག་གི་གནས་དང། །ལྷག་མཐོང་གཞི་ལ་དད་སོགས་དབང་བྱེད་དེ། །དེ་ཉིད་སར་འཇུག་དྲི་མར་བཅས་པ་ཡང། །མི་མཐུན་ཉམ་ཆུང་ཉིད་ཕྱིར་སྟོབས་སུ་བརྗོད། །དབང་ པོའི་གྮིའམ་དམིགས་པ་ནི་ལྔ་སྟེ། དད་པའི་ཡུལ་བྱང་ཆུབ་དང། བརྩོན་འགྲུས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང། དྲན་པའི་ཐེག་པ་ཆེན་པོས་བསྡུས་པའི་ཐོས་པ་མཆོག་དང། ཏིང་ངེ་འཛིན་གྱི་ཞི་གནས་དང། ཤེས་རབ་ཀྱི་ལྷག་མཐོང་ངོ། །རང་བཞིན་གྱི་དབྱེ་བ་ནི་དད་པའི་ དབང་པོ་ལ་སོགས་པ་ལྔ་སྟེ། དད་པའི་དབང་པོ་ནི་བྱང་ཆུབ་ཡོད་པ་དང་ཡོན་ཏན་ཅན་དུ་ཡིད་ཆེས་ནས་ཐོབ་པར་ནུས་པར་འདུན་པ་ཀུན་ནས་སློང་བའོ། །བརྩོན་འགྲུས་ནི་སྤྱོད་པ་དེས་མི་སྐྱོ་བར་སྦྱོར་བའོ། ༈ །དྲན་པ་ནི་ཇི་ལྟར་ཐོས་པའི་དོན་ངེས་པར་འཛིན་པས་སེམས་པའོ། །ཏིང་ནེ་ [278B] །ཤེས་རབ་ནི་ལྷག་མཐོང་བསྒྲུབ་པའོ། །དབང་པོ་ཉིད་ཀྱི་སྒྲ་དོན་ནི་དམིགས་པ་དེ་དག་ལ་དབང་བྱེད་པས་དོན་ཐམས་ཅད་བསྒྲུབ་པའོ། །སྟོབས་ཀྱི་རང་བཞིན་ནི་དད་པ་ལ་སོགས་པ་ལྔ་པོ་དེ་དག་ཉིད་མཐུ་རྟས་པས་སའི་སྦྱོར་བ་ཐོབ་པས་ས་ ལ་འཇུག་པར་བརྗོད་པའོ། །ས་ལ་འཇུག་པ་ཙམ་ཡིན་གྱིས་ནོན་པ་ནི་མ་ཡིན་ཏེ་མ་དད་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་ལྡན་པས་སོ། །འོ་ན་སྟོབས་སུ་ཇི་སྟེ་བརྗོད་སྙམ་ན། སྒྲའི་དོན་ནི་མི་མཐུན་ཕྱོགས་ཉམ་ཆུང་ཞིང་གཉེན་པོ་སྟོབས་ཆེ་བས་སོ། ༈ །མངོན་པར་ རྟོགས་པའི་ལམ་བྱང་ཆུབ་ཀྱི་ཡན་ལག་ནི། ས་ལ་ཞུགས་པས་ཆོས་རྣམས་བདག་མེད་དང། །བདག་གཞན་མཉམ་རྟོགས་བྱང་ཆུབ་ཡན་ལག་བདུན། །ཤེས་བྱ་ལས་རྒྱལ་མངོན་ཞེན་ཀུན་སེལ་དང། །མངོན་ཤེས་མྱུར་ཐོབ་ཆོས་ཀྱི་སྣང་བ་ཡིས། །རབ་ཚིམ་རྣམ་ཐར་བདེ་དང་ཏིང་འཛིན་ གྱིས། །དབང་འབྱོར་ཀུན་ཏུ་ཇི་ལྟར་འདོད་པ་བཞིན། །གནས་ལས་འཁོར་ལོས་བསྒྱུར་རྒྱལ་རིན་པོ་ཆེ། །བདུན་གྱིས་དབང་བསྒྱུར་ལྟ་བུར་རབ་བདེར་གནས། །རང་བཞིན་གནས་དང་ངེས་འབྱུང་ཕན་ཡོན་དང། །ཉོན་མོངས་མེད་པའི་ཡན་ལག་ལས་བདུན་ཉིད། །འདི་ལ་གསུམ་ལས། ཐུན་ མོང་གི་མཚན་ཉིད་ནི་ས་ལ་ཞུགས་ཤིང་ས་ཐོབ་པའི་གནས་སྐབས་ཀྱི་ཆོས་ལ་བདག་མེད་པར་རྟོགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དང། བདག་དང་གཞན་གྱི་བདེ་སྡུག་མཉམ་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའོ། །བྱེད་པ་དཔེས་བསྟན་པ་ནི་དྲན་པས་ ཤེས་བྱ་མ་རྒྱལ་བ་རྒྱལ་བར་བྱེད་པས་འཁོར་ལོ་རིན་པོ་ཆེ་གཡུལ་མ་ཕེབས་པ་ཕེབས་པ་ལྟ་བུ་དང། ཆོས་རྣམ་པར་འབྱེད་པས་རྟོག་པ་ཐམས་ཅད་འཇོམས་པས་གླང་པོ་ཕྱིར་རྒོལ་བ་ཀུན་འཇོམས་པ་ལྟ་བུ་དང། བརྩོན་འགྲུས་ཀྱིས་མངོན་ཤེས་མྱུར་བ་བསྒྲུབས་པས་རྟ་མྱུར་ དུས་ཆེན་པོ་རྒྱ་མཚོའི་མཐས་ དགའ་བས་ཆོས་ཀྱི་སྣང་བ་འཕེལ་བ་ལས་ལུས་ཐམས་ཅད་བདེ་བས་ཚིམ་པར་བྱེད་པ་ནོར་བུའི་སྣང་བ་དགའ་བར་བྱེད་པ་ལྟ་བ་དང། ཤིན་ཏུ་སྦྱངས་པས་གནས་ངན་ལེན་གྱི་སྒྲིབ་པ་ཐམས་ཅད་ལས་གྲོལ་བས་དུད་མེད་ [279A]༄༅། །ཀྱིས་དགའ་བར་བྱེད་པ་ལྟ་བུ་དང། ཏིང་ངེ་འཛིན་གྱིས་བསམས་པའི་དོན་ཐམས་ཅད་འབྱོར་པར་བྱེད་པས་ཁྱིམ་བདག་གིས་དོན་ཐམས་ཅད་བསྒྲུབ་པ་ལྟ་བུ་དང། བཏང་སྙོམས་ཀྱིས་ཡོན་ཏན་དམན་པ་ལས་འདའ་ཞིང་མཆོག་ལ་སྦྱོར་ འདོད་པ་བཞིན་གནས་པ་ཐོབ་པས་བློན་པོས་དཔུང་གི་ཚོགས་དབུལ་བ་དང་འདོར་བ་ཅི་རིགས་པ་བྱེད་ཅིང་དེ་དག་མི་དུབ་པར་འགྲོ་བ་དང་གནས་པར་བྱེད་པ་ལྟ་བུ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་གྱིས་དབང་བསྒྱུར་བ་ལྟར་བདེ་བར་གནས་པ་ མཆོག་ཐོབ་པའོ། །གྲངས་ངེས་པ་ནི་ཡན་ལག་ལྔས་དོན་ཐམས་ཅད་བསྒྲུབ་པ་མ་ཚང་བ་མེད་པ་ལས་ཏེ། དྲན་པ་ནི་ཐམས་ཅད་དེ་ལ་བརྟེན་ནས་འབྱུང་བས་གནས་ཀྱི་ཡན་ལག་གོ་ཆོས་རྣམ་པར་འབྱེད་པ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་རང་བཞིན་ནོ། །བརྩོན་འགྲུས་ནི་མཐར་ མ་ཐུག་གི་བར་དུ་རྒྱུན་མི་གཅོད་པས་ངེས་པར་འབྱུང་བྱེད་དོ། །དགའ་བ་ནི་ལུས་སེམས་བདེ་བར་བྱེད་པས་ཕན་ཡོན་ནོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་གསུམ་ནི་གང་གིས་དང། གང་ལ་བརྟེན་ནས་དང། ཀུན་ནས་ཉོན་མོངས་པ་མེད་པ་གང་ཡིན་པའི་དབང་དུ་ བྱས་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་ཡིན་པའི་ཕྱིར། ༈ །རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་གྱི་ཡན་ལག་བརྒྱད་ནི། རྟོགས་དོན་ཡོངས་གཅོད་རྣམ་གཞག་གོ་བྱེད་དང། །ལས་གསུམ་དག་པས་གཞན་ཡིད་ཆེས་པར་བྱེད། །ཤེས་བྱ་ལམ་དང་ཡོན་ཏན་ མངོན་འགྱུར་བའི། །སྒྲིབ་གསུམ་གཉེན་པོར་ལམ་གྱི་ཡན་ལག་བརྒྱད། །དེའི་འོག་ཏུ་ཆོས་རྣམ་པར་འབྱེད་པའི་ཡན་ལག་དེ་ཉིད་འཕགས་པའི་ཆོས་ཀྱི་རྒྱུར་ཡོངས་སུ་གཅོད་པས་ཇི་ལྟ་བ་བཞིན་དུ་རྟོགས་པའི་རྗེས་སུ་འཇུག་པ་ནི་ཡང་དག་པའི་ལྟ་བའོ། །རྟོགས་པ་དེ་ཉིད་བརྗོད་པའི་ ཚུལ་ལ་མཁས་པས་ཐ་སྙད་དུ་བྱེད་པ་རྣམ་པར་བཞག་པ་ཡོངས་སུ་གཅོད་ཅིང། སངས་རྒྱས་རྣམས་ཀྱིས་ཇི་ལྟར་མངོན་སུམ་དུ་མཛད་པའི་རྒྱུ་མཐུན་པ་བསྟན་པའི་ཆོས་རིན་པོ་ཆེ་ལ་ཡང་འཇུག་པ་ནི་ཡང་དག་པའི་རྟོག་པའོ། །ངག་གི་ལས་དང། ལུས་ཀྱི་ལས་དང། གཉི་གའི་ལས་ [279B] ཡང་དག་པའི་ལས་ཀྱི་མཐའ་དང། ཡང་དག་པའི་འཚོ་བའོ། །མི་མཐུན་ཕྱོགས་ཀྱི་གཉེན་པོ་ནི་གསུམ་སྟེ། ཡང་དག་པའི་རྩོལ་བས་ཡུན་རིང་པོར་མི་སྐྱོ་བར་སྦྱོར་བ་ཤེས་བྱའི་སྒྲིབ་ པའི་གཉེན་པོ་དང། ཡང་དག་པའི་དྲན་པས་ཞི་གནས་ཀྱི་རྒྱུ་མཚན་ཞུམ་པའི་གཉེན་པོའི་དམིགས་པ་དང། རབ་ཏུ་འཛིན་པའི་རྒྱུ་མཚན་རྒོད་པའི་གཉེན་པོའི་དམིགས་པ་དང། བཏང་སྙོམས་ཀྱི་རྒྱུ་མཚན་གཉི་གའི་གཉེན་པོའི་དམིགས་པ་ལ་ཞུམ་པ་དང་རྒོད་པ་མེད་པའི་ ཕྱིར་ལམ་མངོན་དུ་བྱ་བའི་སྒྲིབ་པའི་གཉེན་པོ་དང། ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ལ་ཁྱད་པར་ཅན་གྱི་སྒྲིབ་པའི་གཉེན་པོའོ། །དེས་ན་གྲངས་ངེས་པའང་རྗེ་བཙུན་གྱིས། ཡོངས་སུ་གཅོད་དང་གོ་བྱེད་དང། །རྣམ་གསུམ་གཞན་ཡིད་ཆེས་པར་ བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ་ཞེས་གསུངས་སོ། ༈ །ཞི་གནས་དང་ལྷག་མཐོང་དག་ནི། ཉམ་པར་བཞག་པས་དམིགས་ལ་རྩེ་གཅིག་དང། །དེ་ཉིད་རྣམ་འབྱེད་ཞི་གནས་ལྷག་མཐོང་སྟེ། །ལམ་རྣམས་ཀུན་ཁྱབ་གཙོ་ཆེས་མཉམ་ འཇུག་པས། །ཡོན་ཏན་མ་ལུས་རབ་ཏུ་རབ་ །འདི་ལ་གསུམ་ལས། མཚན་ཉིད་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་མཉམ་པར་བཞག་པས་དམིགས་པ་ལ་བརྟན་པར་ཆགས་པའི་ཕྱིར་སེམས་ལ་སེམས་འཇོག་པ་རྩེ་གཅིག་པ་དང། ཆོས་རྣམས་ཀྱི་དེ་ཁོ་ན་ཇི་ ལྟ་བར་རྣམ་པར་འབྱེད་པས་འཇུག་པས་ཏེ། གཉི་ག་ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་ནོ། །དབྱེ་བ་ནི་ལམ་དང་ངོ་བོ་ཉིད་ཀྱི་དབྱེ་བ་གཉིས་སོ། །དང་པོ་ནི། མོས་པ་སྤྱོད་པས་ས་ལ་འཇུག་པ་དང། ས་དང་པོ་དྲུག་ཏུ་མཚན་མ་དང་བཅས་པ་ལས་ངེས་པར་འབྱུང་བ་དང། ས་བདུན་པར་ མཚན་མ་མེད་པ་དང། ས་བརྒྱད་པ་ལ་སོགས་པ་གསུམ་དུ་ལྷུན་གྱིས་གྲུབ་པར་འཇུག་པ་དང། ས་དེ་གསུམ་ཉིད་ལས་ཡོངས་སུ་དག་པ་ཞིང་སྦྱང་བ་དང། རྣམ་པར་དག་པ་སངས་རྒྱས་ཉིད་འཐོབ་པར་བྱེད་པའོ། །ངོ་བོ་ཉིད་ཀྱི་དབྱེ་བ་ནི་ཆ་གཅིག་པ་ཞེས་བྱ་བ་ནི་ [280A]༄༅། །དང། ལྷག་མཐོང་གཙོ་བོར་ ཆ་གཅིག་པ་མ་ཡིན་པ་གཉི་ག་ཆ་མཉམ་པའི་ལམ་སྟེ་གསུམ་མོ། །ལས་ནི་ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའོ། ༈ །ཐབས་ལ་མཁས་པའི་དབང་དུ་བྱས་ནས། མི་རྟོག་བསྡུ་དང་སྡིག་པ་འཆགས་ སོགས་དང། །སྒོ་གཉིས་མི་གནས་ཞི་བས་དོན་ཀུན་འགྲུབ། །འདི་ལ་གཉིས་ལས། རང་བཞིན་གྱི་དབྱེ་བ་ནི་ལྔ་སྟེ། སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་པའི་ཐབས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང། སེམས་ཅན་སྨིན་པར་བྱེད་པ་བསྡུ་བཞི་དང། མྱུར་དུ་མངོན་པར་འཚང་ རྒྱ་བ་སྡིག་པ་བཤགས་པ་དང། རྗེས་སུ་ཡི་རང་བ་དང། གསོལ་བ་འདེབས་པ་དང། བསྔོ་བ་དག་དང། བྱ་བ་འགྲུབ་པ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་དང། ལམ་རྒྱུན་མི་གཅོད་པའི་ཐབས་མི་གནས་པའི་མྱ་ངན་ལས་འདས་པའོ། །ལས་ནི་རང་དང་གཞན་ཐམས་ཅད་ཀྱི་ དོན་སྒྲུབ་པར་བྱེད་པ་སྟེ། དང་པོ་དང་གསུམ་པས་ནི་རང་དོན་ནོ། །གཉིས་པ་དང་བཞི་བས་ནི་གཞན་དོན་ནོ། །ཐ་མས་ནི་གཉི་གའི་དོན་ནོ། ༈ །གཟུངས་རྣམ་པར་དབྱེ་བ་ནི། རྣམ་སྨིན་ཐོས་ལ་གོམས་གཟུངས་ཆུང་ངུ་སྟེ། །ཏིང་ངེ་ །སར་མ་ཞུགས་ དང་མ་དག་པ་ཡི་སས། །དམ་ཆོས་འཛིན་ཅིང་སྟོན་པས་དོན་ཆེན་བྱེད། །འདི་ལ་གཉིས་ལས། རབ་ཏུ་དབྱེ་བ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པར་གྱུར་པ་དང། མཐོང་བའི་ཆོས་ལ་མང་དུ་ཐོས་པ་གོམས་པས་ལེན་པ་དང་འཛིན་པར་ནུས་པ་ཆུང་ངུ་གཉིས་དང་ཏིང་ངེ་འཛིན་ལ་བརྟེན་པའི་ གཟུངས་ཏེ་ཆེན་པོའོ། །དེའང་འབྲི་བ་དང་ཀློག་པ་དང་མཆོད་པ་ལ་སོགས་པའི་རྒྱུ་ལས་དྲན་པ་དང་ཤེས་རབ་དང་སྤོབས་པའི་ཁྱད་པར་ཐོབ་པས་རྟོགས་པ་དང་མི་བརྗེད་པ་དང་སྟོན་པར་ནུས་པའོ། །ཆེན་པོ་དེའང་རྣམ་པ་གསུམ་སྟེ། ས་ལ་མ་ཞུགས་པའི་ཆུང་ངུ་དང། ཞུགས་པ་མ་དག་པའི་ ས་བདུན་གྱི་འབྲིང་དང། དག་པའི་ས་གསུམ་གྱི་ཆེན་པོའོ། །ལས་ནི་དམ་པའི་ཆོས་སྟོན་པ་དང། འཛིན་པས་དོན་ཆེན་པོ་བསྒྲུབ་པའོ། ༈ །སྨོན་ལམ་རྣམ་པར་དབྱེ་བ་ནི། སེམས་པ་འདུན་བཅས་སྨོན་ལམ་ཡེ་ཤེས་ལྡན། །ས་རྣམས་ཀུན་ཁྱབ་མོད་དང་ཕྱིས་འབྲས་འགྲུབ། །མོས་དང་ས་ [280B] །སྣ་ཚོགས་སོགས་གསུམ་རང་གཞན་དོན་རབ་སྒྲུབ། །འདི་ལ་ལྔ་ལས། ངོ་བོ་ཉིད་ནི་ཐོབ་བྱ་དམ་པ་ལ་སེམས་མངོན་པར་འདུ་བྱེད་པའི་སེམས་པ། དེ་ཐོབ་པ་དོན་དུ་གཉེར་བའི་འདུན་པ་དང་མཚུངས་ལྡན་ནོ། །གཞི་ནི་ཡེ་ཤེས་ཏེ། དེས་ཡུལ་རྟོགས་པ་ ལས་འཇུག་པས་སོ། །ཡང་ན་སེམས་ལ་ཡེ་ཤེས་སུ་བསྔོས་པས་སོ། །ས་ནི་སོ་སོའི་སྐྱེ་བོའི་ས་དང། ས་བཅུ་དང། སངས་རྒྱས་ཀྱི་ས་སྟེ་བཅུ་གཉིས་སུ་ཁྱབ་པའོ། །རབ་ཏུ་དབྱེ་བ་ལས་འབྲས་བུའི་སྒོ་ནས་དབྱེ་བ་ནི་གཉིས་ཏེ། མོད་ལ་འབྲས་བུ་འགྲུབ་པ་ནི་སེམས་ཙམ་ལས་ཇི་ལྟར་འདོད་ པའི་འབྲས་བུ་འགྲུབ་པ་སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་ལ་སོགས་པའོ། །མ་འོངས་པ་ན་འདོད་པའི་དོན་འགྲུབ་པ་ནི་དེ་ལས་གཞན་ནོ། །སའི་སྒོ་ནས་དབྱེ་བ་ནི་སྣ་ཚོགས་པ་མོས་པ་སྤྱོད་པ་དང། ས་ལ་ཞུགས་པའི་སྨོན་ལམ་རྒྱ་ཆེན་པོ་བཅུ་དང། རྣམ་པར་དག་པ་བྱང་ཆུབ་ཀྱི་ བར་དུ་ས་གོང་ནས་གོང་དུ་ས་རྣམ་པར་དག་པའི་ཁྱད་པར་རོ། །ལས་ནི་རང་དང་གཞན་གྱི་དོན་རབ་ཏུ་བསྒྲུབ་པར་བྱེད་པས་སོ། ༈ །ཏིང་ངེ་འཛིན་རྣམ་པར་དབྱེ་བ་ནི། བདག་མེད་གཉིས་དང་བདག་འཛིན་རྟེན་དང་ནི། །དེ་རྟག་ཞི་ལ་དམིགས་པའི་ཏིང་འཛིན་གསུམ། །བདག་ཏུ་མི་རྟོག་རྟེན་ལ་ རྒྱབ་ཕྱོགས་དང། །དེ་རྟག་ཞིར་དགའ་ཤེས་སྤོང་མངོན་སུམ་བྱེད། །མི་རྟག་པ་དང་སྡུག་བསྔལ་བདག་མེད་དང། །ཞི་བ་རབ་རྟོགས་ཏིང་འཛིན་གསུམ་གྱི་རྒྱུ། །ཀུན་བཏགས་མེད་དོན་གཞན་དབང་རྣམ་རྟོག་དོན། །དེ་དག་རྟོག་ཙམ་ཡོངས་གྲུབ་རྟོག་བྲལ་དོན། །འདི་ལ་ལྔ་ལས་དམིགས་ པའི་ཁྱད་པར་ནི་མཚན་ཉིད་གསུམ་གྱི་དེ་ཁོ་ན་སྟེ་ལྟ་བའི་སྤྱོད་ཡུལ་བདག་མེད་པ་གཉིས་དང། དེའི་རྟེན་ཕུང་པོ་ལྔ་དང། དེ་རབ་ཏུ་ཞི་བའི་དོན་ནོ། །རང་བཞིན་ནི་གཟུང་བ་སྤྱོད་ཡུལ་དེ་གསུམ་ལ་འཛིན་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་གསུམ་འཇུག་པའོ། །རྣམ་པ་ནི་གང་ ཟག་དང་ཆོས་ཀྱི་བདག་ཏུ་རྣམ་པར་མི་རྟོག་པ་དང། བདག་ཏུ་འཛིན་པའི་རྟེན་དེ་ལ་རྒྱབ་ཀྱི་ཕྱོགས་པ་དང། དེའི་རྟེན་ཉེ་བར་ཞི་བ་དེ་ལ་དུས་ཐམས་ཅད་དུ་དགའ་བ་དང་ལྡན་ཞིང་སྤྲོ་བ་མང་བའོ། །དགོས་པ་ནི་བདག་མེད་གཉིས་ཡོངས་སུ་ཤེས་པ་དང། བདག་ཏུ་འཛིན་པའི་རྟེན་སྤངས་པ་ [281A]༄༅། །དང། དེ་ཉེ་བར་ཞི་བ་མངོན་སུམ་དུ་བྱ་བའོ། །རྒྱུའི་ཁྱད་པར་ནི་ཆོས་ཀྱི་སྡོམ་རྣམ་པ་བཞི་སྟེ། དབྱེ་བ་ནི་འདུ་བྱེད་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་གཉིས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུའོ། །ཆོས་ཐམས་ཅད་བདག་མེད་པ་ནི་སྟོང་པ་ཉིད་ཀྱི་སའོ། ། མྱ་ངན་ལས་འདས་པ་ཞི་བ་ནི་མཚན་མ་མེད་པའོ། །མཚན་ཉིད་ལ་མི་རྟག་པ་ནི་ཀུན་བཏགས་རྟག་ཏུ་མེད་པའི་དོན་ནོ། །སྡུག་བསྔལ་བ་ནི་གཞན་དབང་ཡང་དག་པ་མ་ཡིན་པའི་དོན་ཏེ། གདུང་བའི་མཚན་ཉིད་འབའ་ཞིག་ནི་མ་ཡིན་གྱི་དམན་པར་གྱུར་པ་ཙམ་ཡིན་པས་ སྡུག་བསྔལ་གསུམ་ཆར་བཟུང་ངོ། །ཡང་བདག་མེད་པ་ནི་ཀུན་ཏུ་རྟོག་པ་ཙམ་གྱི་དོན་ཏེ་ཀུན་བཏགས་པའི་བདག་ནི་མེད་ཀྱི་ཀུན་རྟོག་ཙམ་ཡོད་པས་ཀུན་བཏགས་དེའི་མེད་པའི་དོན་དུ་བལྟའོ། །ཞི་བ་ནི་ཡོངས་སུ་གྲུབ་པ་རྣམ་རྟོག་ཉེ་བར་ཞི་བའི་མྱ་ངན་ལས་འདས་པའོ། །གལ་ ཏེ་མི་རྟག་པ་མེད་པའི་དོན་དུ་འདོད་ན་དེ་ཤེས་པ་སྟོང་པའི་རྒྱུར་འཐད་དེ་ཤེས་པ་ཙམ་གྱིས་མཐར་ཕྱིན་པས་སོ། །སྤང་བྱའི་དོན་ནི་ཅི་ཡང་མེད་པས་སྨོན་པ་མེད་པའི་རྒྱུད་ཅི་ལྟར་འཐད་སྙམ་ན། དེ་ནི་སྐད་ཅིག་མའི་དངོས་པོ་ཉིད་དུ་དགོངས་པ་སྟེ། མེད་པར་གསུངས་པ་ནི་རྣམ་གྲངས་ཙམས་ དུ་ཟད་དོ། ༈ །བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་ཡང་ངོ་ཚ་ཤེས་པ་ནི། བྱ་བ་མི་བྱེད་བྱ་མིན་ལ་སྦྱོར་དང། །སྡིག་པ་འཆབ་དང་གནས་མིན་འགྱོད་གནས་ལ། །བདག་གཞན་དབང་བྱས་རབ་ཏུ་འཛེམ་པ་གང། །རྒྱལ་སྲས་རྣམས་ཀྱི་ངོ་ཚ་ཁྲེལ་ཡོད་ཡིན། །འདི་ལ་གཉིས་ ལས། གནས་ནི་བཞི་སྟེ། བྱ་བ་ལ་ནན་ཏན་མི་བྱེད་པ་དང། བྱ་བ་མ་ཡིན་པ་ལ་ནན་ཏན་བྱེད་པ་དང། རང་གི་སྡིག་པ་འཆབ་པ་དང། འགྱོད་པ་སྐྱེས་པས་རྟོག་པ་དང་བཅས་པ་ཞར་ལ་བྱུང་བའོ། །ངོ་བོ་ཉིད་ནི་དེ་བཞི་ལ་བདག་གི་ཆ་མ་ཡིན་པ་ཤེས་ནས་འཛེམ་པ་ངོ་ཚ་ཤེས་པ་དང་ གཞན་དག་ལ་འཇིགས་ཤིང་གུས་པས་འཛེམ་པ་ཁྲེལ་ཡོད་པ་སྟེ། བྱང་ཆུབ་སེམས་དཔའི་འཛེམ་པ་དེའང་རང་བཞིན་ཉིད་ཀྱིས་ཤས་ཆེ་བ་ཡིན་ན་གོམས་པ་ལྟ་ཅི་སྨོས་པའོ། ༈ །བརྟན་པ་ནི། གནས་ལྔ་དག་ལ་ཉོན་མོངས་སྡུག་བསྔལ་དང། འཇིགས་སོགས་བསྲན་ཐུབ་སྙིང་ [281B] །འདིའི་གནས་ལྔ་ནི་འཁོར་བའི་སྡུག་བསྔལ་སྣ་ཚོགས་དང་ཕྲད་པ་དང། གདུལ་བྱའི་ལོག་བསྒྲུབ་སྣ་ཚོགས་པ་དང། གཞན་དོན་དུ་འཁོར་བར་རིང་དུ་གནས་པར་ཁས་བླངས་བ་དང། རྒོལ་བ་དག་གིས་འྪེའང་འཁོར་མང་པོ་ལ་ཆོས་སྟོན་པ་དང་ རྒྱལ་སྲས་ཀྱི་བསླབ་པའི་གཞི་བཟུང་སྟེ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཉན་པའོ། །ངོ་བོ་ཉིད་ནི་གནས་ལྔ་པོ་དེ་ལ་ཉོན་མོངས་ཀྱི་དབང་དུ་མི་འགྱུར་བར་སྡོམ་པ་དང། སྡུག་བསྔལ་དང་དུ་ལེན་པ་དང། འཇིགས་པ་མི་བཟད་པ་དང་ཕྲད་ཀྱང་ཡང་དག་པའི་སྦྱོར་བ་ལས་མི་གཡོ་བ་དང། རང་ བཞིན་གྱིས་སྙིང་སྟོབས་ཆེ་བའམ་སོ་སོར་བརྟགས་པས་བརྟན་པའི་སྟོབས་བསྐྱེད་པའོ། ༈ །མི་སྐྱོ་བ་ནི། སྟོབས་ལྡན་གོམས་དང་བརྩོན་འགྲུས་ཤེས་རབ་དང། །སྙིང་རྗེ་ཡང་དག་སྦྱོར་ལ་མི་སྐྱོ་བའོ། །ཡང་དག་པའི་སྦྱོང་བ་ཐམས་ཅད་ལ་རྒྱུ་ལྔས་མི་སྐྱོ་བ་སྟེ། རང་བཞིན་གྱིས་སྟོབས་དང་ ལྡན་པས་དང། ཡིད་མི་སྐྱོ་བ་ཉིད་མང་དུ་གོམས་པ་དང། ཐབས་ཀྱིས་ཟིན་པའི་བརྩོན་འགྲུས་ཀྱིས་སྔ་ཕྱིའི་བྱེ་བྲག་ཤེས་པ་དང། ཤེས་རབ་ཀྱིས་སོ་སོར་རྟོགས་པའི་སྟོགས་དྲག་པོ་དང་ལྡན་པ་དང། སེམས་ཅན་ལ་སྙིང་བརྩེ་བ་དྲག་པོ་རྒྱུན་ཏུ་ཉེ་བར་གནས་པས་སྐྱོ་བར་མི་འགྱུར་བའོ། ༈ ། བསྟན་བཅོས་ཤེས་པ་ནི། རིག་པའི་གནས་ལྔའི་གཙུག་ལག་དག་ལ་ནི། །ཐོས་དང་བསམ་པས་དམིགས་ཕྱེད་བསྟན་བཅོས་རིག་རིག་པའི་གནས་ལྔ་ལས་བརྩམས་ཏེ་མིང་གི་ཚོགས་ལ་སོགས་པ་དང་ལྡན་པའི་ཆོས་གཞན་ལས་ལེགས་པར་ཐོས་ཤིང་ལ་ཏོན་བྱང་བ་དང། དོན་ཡང་ ལེགས་པར་ཐོས་པའམ། ཡང་ན་བདག་ཉིད་ཀྱིས་ལེགས་པར་བརྟགས་པས་ཆོས་དང་དོན་ཤེས་པ་དང། དེ་ཉིད་མི་བརྗེད་པ་དང་བྱེ་བྲག་སར་པ་དག་གོང་ནས་གོང་དུ་ཤེས་པར་བྱ་བའི་ཕྱིར་སྦྱོར་བ་མི་གཏོང་བའོ། །ཐོས་བསམ་གྱི་མཐར་ཐུག་པ་དེས་ཆོས་དང་དོན་དེ་ལ་དུས་གཞན་ན་ སྨིན་པར་བྱས་པའི་དད་པ་ཐོབ་པའང་ཡིན་ཏེ། རྣམ་པ་དེ་དག་གིས་ནི་བསྟན་བཅོས་ཤེས་པ་ཚད་མེད་པ་དང་ཡོངས་སུ་རྫོགས་པ་དང་ཕྱིན་ཅི་མ་ལོག་པར་བལྟའོ། ༈ །འཇིག་རྟེན་ཤེས་པ་ནི། སྐྱེ་རྒ་ན་འཆི་སྙིགས་མ་ལྔ་བདོ་བས། །སེམས་ཅན་འཇིག་རྟེན་དམན་ཡོངས་ཤེས་ཤིང། །འཇིག་ [282A]༄༅། །དང་འཆགས་པ་སྣོད་དང་སྐྱེ་འགོག་དང། །རོ་མྱང་ཉེས་དམིགས་ངེས་འབྱུང་སོགས་ཀུན་ཤེས། །མཐོ་དམན་བར་མ་འདྲིས་དང་མ་འདྲིས་སོགས། །ཀུན་ལ་བརྩེ་ཞིང་དེས་དང་དུལ་བ་དང། །དྲང་པོའི་སྦྱོར་བས་གནོད་བྱེད་ཐག་བསྲིངས་ཏེ། །རྟག་ཏུ་ ཕན་དང་བདེ་ལ་ཅི་ནུས་འགོད། །འདི་ལ་གཉིས་ལས། མཚན་ཉིད་ནི་སེམས་ཅན་གྱི་འཇིག་རྟེན་ལ་ཉམ་ང་བར་ཞུགས་པ་སྐྱེ་བ་ལ་སོགས་པས་ཉེན་ཀྱང་དེ་ལས་ངེས་པར་འབྱུང་བ་མི་ཤེས་སོ། །སྙིགས་མ་ལྔ་ཤས་ཆེ་བ་དང་ཆུང་བ་དང་མེད་པའི་དུས་ཀྱང་ཤེས་ཏེ། ད་ལྟར་ ནི་སྙིགས་མ་ལྔ་བདོ་བས། མི་རྣམས་ཚེ་ཐུང་སྟེ་རིང་ན་ལོ་བརྒྱ་ཐུབ་པར་ཟད་དོ། །སེམས་ཅན་ཕལ་ཆེར་ཕར་མི་འཛིན་པ་ལ་སོགས་པས་དོན་དུ་འགྱུར་བ་དང་བྱ་བར་རིགས་པ་མི་བྱེད་པ། འཇིག་རྟེན་འདི་དང་ཕ་རོལ་གྱི་ཁ་ན་མ་ཐོ་བ་ལ་མི་འཇིགས་པ། སྦྱིན་པ་དང་བསོད་ནམས་ དང་བསྙེན་གནས་དང་ཚུལ་ཁྲིམས་ལ་མི་གནས་པ་ཤ་སྟག་གོ་ཕལ་ཆེར་ཆོས་མ་ཡིན་པ་ལ་འདོད་ཆགས་ཤིང་མི་མཐུན་པས་ཆགས་པ། མཚོན་ཆ་དང་དབྱིག་པ་ཐོགས་པ། འཐབ་རྩོད་དང་མཚང་འབྲུ་བ་དང་འདྲིད་པ་དང་མི་སྲུན་པ་དང་རྫུན་སྨྲ་བ་ལ་སོགས་པ་སྡིག་པའི་ ཆོས་མང་པོ་སྣང་ངོ། །དམ་པའི་ཆོས་འཇིག་ཅིང་ནུབ་པར་འགྱུར་བ་ཆོས་ལྟར་བཅོས་པ་མང་པོ་ལོག་པའི་ཆོས་དང་དོན་སྤྱོད་པ་སྔོན་དུ་འགྲོ་བ་འབྱུང་ངོ། །མུ་གེ་དང་ནད་མཚོན་གྱི་བསྐལ་པ་ཕལ་ཆེར་འབྱུང་སྟེ། སྔོན་ནི་དེ་ལྟ་བུ་མ་བྱུང་བར་ཤེས་སོ། །སྣོད་ཀྱི་འཇིག་རྟེན་ཇི་ལྟར་ཆགས་ པ་དང་འཇིག་པ་ཡང་ཤེས། །ཡང་འཇིག་རྟེན་དང་འཇིག་རྟེན་ཀུན་འབྱུང་བ་དང་འཇིག་རྟེན་འགོག་པ་དང། འཇིག་རྟེན་འགོག་པར་འགྱུར་བའི་ལམ་དང། འཇིག་རྟེན་གྱི་རོ་མྱང་བ་དང་ཉེས་དམིགས་དང་ངེས་པར་འབྱུང་བ་ཡང་ཤེས་སོ། །ལས་ནི་ཆེས་རྒན་པའམ་ཡོན་ཏན་ཆེ་ བས་མཐོ་བ་མཐོང་ན་ལེགས་པར་སྨྲ། ལངས་ཏེ་སྟན་སྟོབས། མངོན་དུ་ལྡང། ཐལ་མོ་སྦྱོར། འདུད་ཕྱག་འཚལ་ལོ། །དེ་དག་གི་མཉམ་པ་ལ་ནི་འཇམ་པ་དང་མཉེན་པའི་ཚིག་སྨྲ་དགའ་བར་བྱེད་ཀྱི་ང་རྒྱལ་གྱིས་བདག་དཔོག་པར་མི་བྱེད་དོ། །དམའ་བ་ལ་ནི་ཡོན་ཏན་བསྐྱེད་པར་ཅི་ནུས་སུ་ [282B] ཡོན་ཏན་ཆུང་དུ་ཡང་བརྗོད། ཉེས་པ་འཆབ་ཅིང་བརྙས་པ་སྤོང་ངོ། །ཐམས་ཅད་ལ་ཡང་གསོང་པོར་སྨྲ་སྟེ་ཚུར་ཤོག་འོངས་པ་ལེགས་སོ་ཞེས་ཏེ། ངལ་གསོར་འཇུག་ཅིང་ཆོས་དང་ཟང་ཟིང་ཅི་ནུས་པས་སྡུད་དོ། །གཞན་ལ་གྱ་གྱུས་མི་སླུ། མཐོ་བའི་ཁྱད་པར་གང་གིས་ཀྱང་མི་ འགྱིང་ངོ། །ཐམས་ཅད་ལ་ཡང་ཡོ་བྱད་དང་གཞི་གསུམ་གྱི་ལས་ཀྱིས་ཡལ་བར་མི་འདོར་རོ། །འདྲིས་པ་ལྟར་མ་འདྲིས་པ་ལ་ཡང་བྱེད་དོ། །ཀུན་ཀྱང་མཛའ་པོར་བྱེད་པས་ཕྱིར་རྒོལ་བ་མི་བྱེད་དོ། །མགོན་མེད་རྟེན་མེད་དག་གི་བྱ་བ་ཅི་ནུས་བྱེད་དོ། །རྣམ་གྲངས་གང་གིས་ཀྱང་གཞན་ལ་མི་བདེ་བར་ མི་བྱེད་དོ། །གཞན་གྱིས་ཡིད་དང་མི་མཐུན་པར་བྱས་ནའང་སོ་སོར་བརྟགས་ནས་ཆོས་ཉིད་ལ་རྟོན་པའམ་ཡང་ན་རང་གི་སྔོན་ལས་སུ་བལྟའོ། །ཚེ་འདིའི་ལོངས་སྤྱོད་ལ་སོགས་པ་བསྒྲུབ་པ་ལའང་རྩོལ་ཕོད་ཅིང་བསྲུང་བ་ལ་བསྒྲིན་པ་དང་མཐུན་པས་འཚོ་བ་དང། བཟོ་དང་ལས་ཀྱི་གནས་ལ་ མཁས་པས་སོ། །གཡོ་སྒྱུས་གཞན་མི་འདྲིད་ཅིང་སྡིག་ལ་འཛེམ་པས་སྤྱོད་པ་ཕུན་སུམ་ཚོགས་པའོ། །གཞན་གྱིས་རྫས་གཏམས་པ་ལ་གཡོ་མི་བྱེད་ཅིང་བུ་ལོན་ལ་དོར་མི་བྱེད་དོ། །རིན་པོ་ཆེ་ནས་ཀར་ཤ་པ་ཎ་ཡན་ཆད་མི་ཤེས་པ་དག་མི་སླུའོ། །ཐ་སྙད་ཀྱི་ཚུལ་འཇིག་རྟེན་པ་ལ་ ཕན་པ་རྣམས་ལ་གཡེར་བག་ཆེ་བ་དང། གཞན་གྱི་བྱ་བ་གང་གི་གྲོགས་བཅོལ་བ་དེ་ལ་གྲོགས་བྱེད་ཅིང་མི་འགྱུར་ལ་གཏམ་རླུང་ལ་མི་སྐུར་རོ། །ལས་ཀྱི་མཐའ་བཟང་པོ་ཁོ་ན་རྩོམ་མོ། །རྒྱལ་པོ་བྱེད་ནའང་ཆོས་བཞིན་བྱེད་ཅིང་ཆོས་མ་ཡིན་པས་ཆད་པ་མི་གཅོད་དེ། སྐྱེ་བོ་མང་ པོ་སྡིག་པ་ལས་བཟློག་ཅིང་ཚུལ་ཁྲིམས་ལ་འཛུད་དོ། །འཕགས་པའི་ཐ་སྙད་བརྒྱད་དང་ལྡན་ཏེ་མཐོང་བ་དང་མ་མཐོང་བ་ལ་སོགས་པ་བརྒྱད་ལ་དེ་ཁོ་ན་ལྟར་སྨྲ་བས་སོ། །དེ་ལྟར་འཇིག་རྟེན་ཤེས་པའི་ངོ་བོ་ཉིད་དང་ལས་དེ་གཉིས་ནི་འཇིག་རྟེན་ཇི་ལྟར་ཤེས་པར་བྱ་བ་དང་ འཇིག་རྟེན་ན་ཇི་ལྟར་གནས་པར་བྱ་བ་ལ་མཁས་པས་འཇིག་རྟེན་ཤེས་པར་བརྗོད་པའོ། ༈ །རྟོན་པ་བཞི་ནི། དོན་ལྟ་ལྷུར་བྱེད་ཚིག་འབྲུ་ལེགས་སྦྱར་མིན། །རིགས་པའི་རྗེས་འབྲང་གང་ཟག་ཙམ་གྱི་མིན། །ཐུབ་པའི་ངེས་དོན་གསུང་འཛིན་དྲང་དོན་མིན། །བསྒོམས་རྟོགས་ཡེ་ [283A]༄༅། །ཤེས་གཙོར་བྱེད་ཤེས་ཙམ་མིན། །བསྟན་དོན་རིགས་པ་སྟོན་པ་བསྒོམས་རྟོགས་པའི། །ཚད་མ་བཞི་ཡིས་ཇི་བཞིན་ལམ་ལ་སྦྱོར། །དོན་འདོད་པས་ཆོས་ཉན་གྱི་ཚིག་འབྲུ་ལེགས་པར་སྦྱར་བ་འདོད་པས་མ་ཡིན་པས་ཕལ་པའི་སྐད་ཀྱིས་ཆོས་བསྟན་ ན་ཡང་དོན་ལ་གུས་པས་ཉན་ནོ། །ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་ཤེས་ནས་རིགས་པ་ལ་རྟོན་གྱི་གནས་བརྟན་ནམ་ཤེས་པ་ཅན་ནམ་སྟོན་པའམ་སངས་རྒྱས་ཀྱིས་བཤད་དོ་ཞེས་གང་ཟག་ལ་མི་རྟོན་ནོ། །དེ་ནི་དེ་ཁོ་ན་ལས་མི་གཡོ་ཞིང་གཞན་གྱི་དྲིང་མི་ འཇོག་པའོ། །སངས་རྒྱས་ལ་དད་པ་དང་དགའ་བས་ཞེན་ཏེ་གསུང་ལ་གཅིག་ཏུ་ངེས་པར་དགའ་བས་ངེས་དོན་གྱི་མདོ་ལ་རྟོན་གྱི་དྲང་དོན་ལ་མ་ཡིན་ནོ། །དེས་ཆོས་འདུལ་བ་ལས་མི་འཕྲོགས་ཏེ། དྲང་དོན་གྱི་མདོ་ནི་སྒོ་སྣ་ཚོགས་ནས་ཞུགས་པའི་དོན་གྱི་དབྱེ་བ་མ་ངེས་པས་ཐེ་ ཚོམ་བསྐྱེད་པའོ། །ངེས་དོན་ལའང་ཡིད་མི་ཆེས་ན་ནི་ཆོས་འདུལ་བ་ལས་ཕྲོགས་པར་འགྱུར་རོ། །རྟོགས་པའི་ཡེ་ཤེས་ལ་སྙིང་པོར་བལྟའི། ཐོས་བསམ་གྱིས་རྣམ་པར་ཤེས་པ་ཙམ་ལ་ནི་མ་ཡིན་ནོ། །བསྒོམས་པའི་ཤེས་པས་རིག་པར་བྱ་བ་ནི་ཐོས་བསམ་གྱི་དོན་རྣམ་པར་ ཤེས་པ་ཙམ་གྱིས་ཤེས་པར་མི་ནུས་པར་རིག་ནས། སྟོན་པའི་གསུང་མཆོག་ཏུ་ཟབ་པའང་མི་སྤོང་ཞིང་མི་སྐུར་རོ། །དེ་ལྟར་ན་ལེགས་པར་ཞུགས་པའོ། །རྟོན་པ་བཞི་ལས་ནི་ཚད་མ་བཞི་བསྟན་ཏེ། བསྟན་པའི་དོན་དང། རིགས་པ་དང། སྟོན་པ་དང། བསྒོམས་པ་ལས་ བྱུང་བ་རྟོགས་པའི་ཡེ་ཤེས་སོ། །རྟོགས་པ་དེ་བཞི་ནི་ཡང་དག་པའི་སྦྱོར་བ་རྩོམ་པའི་ངེས་པར་འབྱིན་པ་འཁྲུལ་པ་མེད་པ་གསལ་བར་བྱས་པའོ། ༈ །སོ་སོ་ཡང་དག་པར་རིག་པ་བཞི་ནི། མཚན་གཞི་མཚན་ཉིད་སྒྲ་དང་ཚད་མ་རྣམས། །ཇི་བཞིན་ཇི་སྙེད་མངོན་གྱུར་ཕུང་པོ་ ཁམས། །སྐྱེ་མཆེད་རྟེན་འབྲེལ་གནས་དང་གནས་མིན་ལ། །མཁས་པས་ལེགས་པར་རྟོགས་ཤིང་སྟོན་པར་བྱེད། །ཆོས་ཐམས་ཅད་ཀྱི་རྣམ་གྲངས་ཀྱི་དོན་མཚན་བཞི་ལ་ཇི་སྙེད་ཡོད་པ་དང་ཇི་ལྟ་བ་བཞིན་ཡོད་པས་བསྒོམས་པ་ལས་བྱུང་བའི་ཤེས་པ་ཐོགས་པ་མེད་ [283B] ཆོས་ཐམས་ཅད་ཀྱི་མཚན་ཉིད་ཐམས་ཅད་ལ་དེ་བཞིན་པ་དོན་སོ་སོ་ཡང་དག་པར་རིག་པ་དང། ཆོས་ཐམས་ཅད་ཀྱི་ངེས་པའི་ཚིག་ཐམས་ཅད་ལ་དེ་བཞིན་པ་དང། ཆོས་ཐམས་ཅད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་ཐམས་ ཅད་ལ་དེ་བཞིན་བ་སྤོངས་པ་སོ་སོར་ཡང་དག་པར་རིག་པའོ། །དེ་དག་གིས་ནི་གནས་ལྔ་ལ་མཁས་པ་དཔག་ཏུ་མེད་པར་འགྱུར་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། རྟེན་འབྲེལ་དང་གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །འདི་བཞིས་ཆོས་ཐམས་ཅད་ བདག་ཉིད་ཀྱིས་ལེགས་པར་མངོན་པར་སངས་རྒྱས་ནས་གཞན་ལའང་རབ་ཏུ་སྟོན་ཏེ། དེ་ལས་གོང་ན་རང་གིས་མངོན་པར་བྱང་ཆུབ་པའང་མེད་ན་གཞན་ལ་རབ་ཏུ་བསྟན་པ་ལྟ་ག་ལ་ཡོད། ༈ སྦྱིན་ཚུལ་བཟོད་གསུམ་བསོད་ནམས་ཤེས་རབ་ནི། །ཡེ་ཤེས་ཚོགས་ ཏེ་བརྩོན་འགྲུས་བསམ་གཏན་གཉིས། །གཉི་གའི་ཕྱོགས་གཏོགས་དེ་དག་རྒྱུ་རྣམ་གསུམ། །འདུན་དང་མཐུན་ལ་མི་མཐུན་མེད་པའི་རྐྱེན། །གཉི་ག་སྔོན་གོམས་གནོད་མེད་ནུས་ལྡན་དང། །ཕྱིན་ཅི་མ་ལོག་མཁས་པ་འབྲས་བུ་བཞིའོ། །བསོད་ནམས་ཀྱི་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་ གསུམ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའོ། །ཡེ་ཤེས་ནི་གཅིག་སྟེ་ཤེས་རབ་བོ། །བརྩོན་འགྲུས་དང་བསམ་གཏན་ནི་གཉི་གའི་ཕྱོགས་ཏེ། བརྩོན་འགྲུས་ལས་སྦྱིན་པ་དང་ཚུལ་ཁྲིམས་དང་བྱམས་པ་ལ་སོགས་པ་བསྒྲུབ་པ་ནི་བསོད་ནམས་ཀྱི་ཚོགས་སོ། །དེས་ཐོས་པ་ དང་བསམ་པ་དང་བསྒོམ་པ་ལ་སྦྱོར་ཞིང། ཕུང་པོ་ལ་སོགས་པ་ལྔ་དང། བདེན་པ་བཞི་དང་དགེ་བ་དང་མི་དགེ་བ་དང་ངན་པ་དང་བཟང་པོ་ལ་སོགས་པ་ཇི་ལྟ་བར་རྣམ་པར་འབྱེད་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བསམ་གཏན་གྱིས་ཀྱང་སྦྱིན་པ་ལ་སོགས་པ་བསྒྲུབ་པ་དང། ཐོས་པ་ལ་ སོགས་པ་བསྒྲུབ་པ་ལས་དེ་བཞིན་ནོ། །ཚོགས་གཉིས་ཀྱི་རྒྱུ་ནི་གསུམ་སྟེ། དེ་གཉིས་ཐོབ་པ་དང་གནས་པ་དང་འཕེལ་བ་ལ་འདུན་པ་དང། མཐུན་པ་དང་མི་མཐུན་པ་མེད་པའི་རྐྱེན་དང། སྔོན་ཡང་དེ་གཉིས་གོམས་པའོ། །བར་མ་དེ་ནི་ཕྱིན་ཅི་ལོག་གི་རྐྱེན་སྡིག་གྲོགས་དང་ཕྲད་ [284A]༄༅། །ནས་ཚོགས་གཉིས་ལོག་པར་བསྟན་པས་ལོག་པར་ཡིད་ལ་བྱེད་པས་ཉེ་བར་མི་འགྱུར་ཞིང། བཟློག་པ་ཕྱིན་ཅི་མ་ལོག་པའི་རྐྱེན་ཉེ་བར་གྱུར་པ་དང། དེ་གཉིས་ཐོབ་པ་དང་གནས་པ་དང་འཕེལ་བའི་བར་དུ་གཅོད་པ་སྤོང་ཞིང་མི་སྐྱེད་པའོ། །རྒྱུ་དེ་གསུམ་ གང་རུང་གཅིག་མ་ཚང་ནའང་མི་སྐྱེའོ། །འབྲས་བུ་ནི་བཞི་སྟེ་བསོད་ནམས་ཀྱིས་གནོད་པ་མེད་པར་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་གྱིས་གཟིར་བ་མེད་པ་དང། ཅི་དགར་སེམས་ཅན་གྱི་དོན་བྱེད་ནུས་པ་དང། ཡེ་ཤེས་ཀྱིས་ཡང་དག་པར་བསོད་ནམས་འཛིན་གྱི་ལོག་ པར་མ་ཡིན་པ་དང། མཁས་པར་བྱ་བ་དཔག་ཏུ་མེད་པ་མངོན་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །རྣམ་པར་སྨིན་པ་དང་དེའི་རྒྱུ་འབྲས་ཐམས་ཅད་ནི་བསོད་ནམས་ལ་བརྟེན་ནས་འབྱུང་ལ། བསོད་ནམས་ནི་ཡེ་ཤེས་ལ་བརྟེན་ནས་ཏེ་འདི་གཉི་ག་བྱང་ཆུབ་ཐོབ་པའི་རྒྱུ་དམ་པ་སྟེ་ བསོད་ནམས་ནི་གཙོ་བོའོ། །ཡེ་ཤེས་ནི་བླ་ན་མེད་པའོ། །འདི་གཉི་ག་བསྐལ་པ་གྲངས་མེད་པ་དང་པོ་ལ་མི་ཏུང་ངུའོ། །གཉིས་པ་ལ་ནི་འབྲིང་ངོ། །གསུམ་པ་ལ་ནི་ཆེན་པོར་བལྟའོ། ༈ །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནི། སོ་སོར་རིག་བཞིས་ཐབས་ཀྱིས་ཡོངས་ཟིན་པའི། །ཡེ་ཤེས་ཀྱིས་ ནི་ཕྱོགས་ཆོས་སུམ་ཅུ་བདུན། །ཡང་དག་ཤེས་ཀྱང་མངོན་སུམ་བྱེད་མིན་ཏེ། །ཐེག་པ་གཉིས་དང་བདེན་གཉིས་ཚུལ་གྱིས་ཤེས། །སོ་སོ་ཡང་དག་པར་རིག་པ་བཞི་པོ་ལ་བརྟེན་ནས་ཐབས་ཀྱིས་ཟིན་པའི་ཡེ་ཤེས་ཀྱིས་ཆོས་འདི་རྣམས་ཇི་ལྟ་བར་ཤེས་ཀྱང་མངོན་སུམ་དུ་ནི་མི་བྱེད་དོ། ། དེས་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོའི་ཚུལ་གཉིས་ཇི་ལྟ་བར་ཤེས་ཏེ། དང་པོ་ནི་ཉན་ཐོས་ཀྱིས་ལས་རྒྱས་པར་བལྟའོ། །གཉིས་པ་ནི་ལུས་ལ་ལུས་ཀྱི་རྗེས་སུ་བལྟ་ཡང་དངོས་པོར་མི་རྟོག་ལ་ཐམས་ཅད་དུ་མེད་པར་ཡང་མི་བལྟ་སྟེ། ལུས་བརྗོད་དུ་མེད་པའི་ངོ་བོ་ཆོས་ཉིད་ དུ་ཤེས་པ་ནི་དོན་དམ་པ་སྟེ། ཀུན་རྫོབ་ཏུ་ནི་རྣམ་པར་བཞག་པའི་ཚུལ་ཚད་མེད་པ་དང་ལྡན་པར་ལུས་ལ་བལྟའོ། །དྲན་པ་ཉེ་བར་གཞག་པ་ལྷག་མ་དང་བྱང་ཆུབ་ཀྱི་ཕྱོགས་ལྷག་མ་ཡང་དེ་བཞིན་ནོ། །ཡང་ལུས་ལ་སོགས་པ་ལ་སྡུག་བསྔལ་ལམ་ཀུན་འབྱུང་བར་ཡང་མི་ [284B] དེས་བྱས་པའི་སྤངས་པ་ལ་ཡང་འགོག་པར་མི་རྟོག་དེ་ཐོབ་པའི་རྒྱུ་ལའང་ལམ་དུ་མི་རྟོག་ལ། བརྗོད་དུ་མེད་པའི་ཆོས་ཉིད་ཀྱིས་བདེན་པ་བཞིའི་ཆོས་ཉིད་ཀྱང་ཤེས་ཏེ། དོན་དམ་པ་ལ་བརྟན་པའོ། །ཀུན་རྫོབ་ཏུ་ནི་བདེན་པ་ལ་དམིགས་པའི་བསྒོམ་པའི་ཚུལ་ཚད་མེད་པ་ཤེས་པར་ བལྟའོ། ༈ །ཞི་གནས་དང་ལྷག་མཐོང་གི་དབང་དུ་བྱས་ནས། ཆོས་ལ་མི་རྟོག་དེ་ཉིད་ཇི་བཞིན་ཤེས། །ཞི་གནས་ལྷག་མཐོང་རྣམ་དབྱེ་བཞི་བཞིར་གསུངས། །ཆོས་དེ་དག་ལ་དེ་ལྟར་རྣམ་པར་མི་རྟོག་པ་ནི་ཞི་གནས་སོ། །ཆོས་རྣམས་ལ་ཡང་དག་པར་ཇི་ལྟ་བ་ཤེས་པ་དོན་དམ་པ་ དེ་དང། རྣམ་པར་བཞག་པའི་ཚུལ་ཚད་མེད་པ་ཤེས་པ་ནི་ལྷག་མཐོང་ངོ། །ཞི་གནས་ནི་བཞི་སྟེ། དོན་དམ་དང་བརྡར་བཏགས་པའི་ཤེས་པ་སྔོན་དུ་འགྲོ་བ་དང་དེ་གཉིས་ཀྱིས་ཤེས་པའི་འབྲས་བུ་དང། སྤྲོས་པའི་འདུ་ཤེས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པར་འཇུག་པ་དང། བརྗོད་དུ་ མེད་པའི་དངོས་པོ་ཙམ་དེ་ལ་ཡང་མཚན་མ་མེད་པའི་ཕྱིར་མི་རྟོག་པའི་སེམས་ཞི་བས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་པར་འགྲོ་བ་སྟེ། འདི་བཞིས་ཞི་གནས་ཀྱི་ལམ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡེ་ཤེས་གཟིགས་པ་འགྲུབ་པ་དང་ཡང་དག་པར་འགྲུབ་པའི་བར་དུ་ འཇུག་གོ་ལྷག་མཐོང་ཡང་བཞི་སྟེ། ཞི་གནས་སྔོན་དུ་འགྲོ་བ་དེ་བཞིན་ཉིད་དང། ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་དང། སྐུར་པ་འདེབས་པ་འཛིན་པ་ངན་པའི་མཐའ་སྤངས་པ་གཉིས་དང། ཆོས་རབ་ཏུ་དབྱེ་བ་རྣམ་གཞག་གི་ཚུལ་ཚད་མེད་པ་དང་ལྡན་པ་སྟེ། སྔ་མ་ལྟར་ འགྲུབ་པའི་བར་དུ་འཇུག་པའོ། ༈ །ཐབས་ལ་མཁས་པ་ནི། ནང་གི་སངས་རྒྱས་ཆོས་བསྒྲུབ་རྣམ་དྲུག་དང། །ཕྱི་རོལ་སེམས་ཅན་སྨིན་བྱེད་རྣམ་དྲུག་གི། ཐབས་ལས་སེམས་ཅན་རྗེས་འཛིན་ཐ་མ་བཞི། །འགྲུབ་པའི་ཐབས་ཀྱང་རྣམ་དྲུག་ཉིད་དུ་གསུངས། །ཐབས་ལ་མཁས་པ་ནི་བཅུ་གཉིས་ ཏེ་ནང་གི་སངས་རྒྱས་ཀྱི་ཚེས་འགྲུབ་པ་ལས་བརྩམས་པ་དྲུག་དང། ཕྱི་རོལ་གྱི་སེམས་ཅན་སྨིན་པར་བྱ་བ་ལས་བརྩམས་པ་དྲུག་གོ་དང་པོ་ནི། སེམས་ཅན་ཐམས་ཅད་ལ་སྙིང་རྗེས་བལྟ་བ་དང། འདུ་བྱེད་ཐམས་ཅད་ཇི་ལྟ་བར་ཤེས་པ་དང། བྱང་ཆུབ་ཆེན་པོའི་ཡེ་ཤེས་འདོད་པ་དང་ [285A]༄༅། །སེམས་ཅན་ལ་བལྟ་བས་འཁོར་བ་མི་འདོར་བ་དང། འདུ་བྱེད་རྣམས་ཇི་ལྟ་བར་ཤེས་པས་ཉོན་མོངས་མེད་པར་འཁོར་བ་ན་འཁོར་བ་དང། སངས་རྒྱས་ཀྱི་ཡེ་ཤེས་འདོད་པས་བརྩོན་འགྲུས་འབར་བའོ། །གཉིས་པ་དྲུག་ནི། གང་གི་སེམས་ཅན་གྱི་དགེ་བ་ ཆུང་དུ་ཡང་འབྲས་བུ་ཚད་མེད་པར་བསྒྱུར་བ་དང། ཚེགས་ཆུང་དུས་དགེ་བ་ཚད་མེད་པ་བསྒྲུབ་པ་དང། བསྟན་པ་ལ་ཞེ་འགྲས་པའི་སེམས་ཅན་གྱི་ཁོང་ཁྲོ་སེལ་བ་དང། ཐ་མལ་པ་བསྟན་པ་ལ་འཛུད་པ་དང། ཞུགས་པ་སྨིན་པར་བྱེད་པ་དང། སྨིན་པ་གྲོལ་བར་བྱེད་པའོ། ། དང་པོ་ནི་སེམས་ཅན་གང་རུང་དག་དངོས་པོ་ཐ་ཆད་ཕྱེ་ཁྱོར་གང་ཙམ་ཞིག་ཐ་ཆད་དུད་འགྲོ་ལ་སྦྱིན་དུ་བཅུག་ནས་བྱང་ཆུབ་ཆེན་པོར་བསྔོར་བཅུག་པས་འབྲས་བུ་ཚད་མེད་པར་བསྒྱུར་བའོ། །གཉིས་པ་ནི་ཟླ་བར་ཟན་མི་ཟ་བ་ལ་སོགས་པ་ལོག་པར་མོས་པས་ཚེགས་ཆེ་ཞིང་ མི་སྡུག་པའི་འབྲས་བུ་ཅན་གྱི་བསྙེན་གནས་ལ་བརྟེན་པ་ལས་བཟློག་སྟེ། འཕགས་པའི་བསྙེན་གནས་ཡན་ལག་བརྒྱད་པ་བླང་བ་ཚེགས་ཆུང་ལ་འབྲས་བུ་ཆེ་བ་ལ་འཛུད་དོ། །ཡང་མེར་འཇུག་པ་ལ་སོགས་པ་བདག་དུབ་པའི་མཐར་ལྷུང་བ་ཐར་པ་འདོད་པ་ལེགས་པར་ཞུགས་པ་ ལས་བཟློག་སྟེ་དབུ་མའི་ལམ་མཐའ་གཉིས་དང་བྲལ་བ་ལ་འཛུད་པ་ལ་སོགས་པས་སོ། །ཞེ་འདྲས་པའི་ཁོང་ཁོར་སེལ་བ་ལ་སོགས་པ་བཞི་ནི་ཐབས་རྣམ་པ་དྲུག་གིས་བསྒྲུབ་སྟེ། མཐུན་པ་དང། འཁྱིག་ཅིང་སྡོད་པ་དང། མི་མཐུན་པའི་བསམ་པ་དང། ནན་ཏུར་ལས་བྱུང་བ་ དང། བྱས་པ་ལ་ལན་ལོན་པ་དང། དག་པའི་ཐབས་ཀྱིས་སོ། །དང་པོ་སེམས་ཅན་གང་ལ་ཆོས་བསྟན་པར་བྱ་བ་དེ་ལ་དང་པོར་ལུས་ངག་གི་སྤྱོད་པ་འཇམ་ཞིང་མཉེན་ལ་ཞི་བ་དག་གིས་མཐུན་པར་འཇུག་པས་བདག་ལ་ཁོང་ཁྲོ་བསལ་ནས་དགའ་བ་དང་གུས་པ་བསྐྱེད་དོ། །དེ་བསྐྱེད་ ནས་ཆོས་ལ་འདོད་པ་བསྐྱེད་དེ། གདོད་ཆོས་སྟོན་ཏོ། །དེའང་བརྩེ་བ་དང་མི་སྐྱོ་བས་ཅི་རིགས་པ་དང་ཅི་ལྟར་གོ་བར་འགྱུར་བའི་ཐབས་སྣ་ཚོགས་ཀྱིས་རིམ་གྱིས་སྟོན་པར་བྱེད་པའོ། །འཁྱིག་ཅིང་སྡོད་པ་ནི་གང་ཟས་སྐོམ་ནས་བྱ་བའི་གྲོགས་ཀྱི་བར་དངོས་པོ་ཐམས་ཅད་ [285B] ཁྱེད་རྣམས་གལ་ཏེ་ཕར་འཛིན་པ་དང་མར་འཛིན་པ་ནས་ཚུལ་ཁྲིམས་ལེན་པའི་བར་དུ་བྱེད་ན་ངས་དེ་རྣམས་ཐམས་ཅད་སྦྱིན་གྱི་དེ་ལྟ་མ་ཡིན་ན་མི་སྦྱིན་ནོ་ཞེས་འཁྱིག་ཅིང་སྡོད་དོ། །ཡང་སེམས་ཅན་ཉེས་པ་བྱེད་པ་དག་གཞན་གྱིས་ཟིན་ཏེ་གསོད་ པ་ལ་སོགས་པ་དང། རྒྱལ་པོ་ལ་སོགས་པས་འཇིགས་པ་ལ་ཡང་སྔ་མ་ལྟར་ངས་བསྐྱབ་བོ་ཞེས། ཐབས་དེས་དེ་དག་ཀྱང་མྱུར་བ་མྱུར་བར་སྡིག་པ་སྤང་བ་དང་དགེ་བ་བླང་བ་ལ་གཞུག་པར་ནུས་པའོ། །མི་མཐུན་པའི་བསམ་པ་ནི་ཐབས་དེས་མ་དུལ་ན་ཡང་དེ་དག་ ཉིད་ལ་ཕན་པར་འདོད་པས་དངོས་པོ་དེ་དག་རེ་ཤིག་མི་སྦྱིན་ཏེ་སོར་སྣས་ནི་མ་ཡིན་ནོ། །ཡང་ཐབས་དེས་འདུལ་ཡང་འགྱུར་ཞིང་མི་ཉན་ན་ཕན་སེམས་ཀྱིས་འཁྲུགས་པར་ཡང་སྟོན་ཏེ་སྙིང་ནས་འཁྲུག་པ་ནི་མ་ཡིན་ནོ། །ཕན་སེམས་ཀྱིས་རྒྱབ་སྟོན་ཅིང་གནོད་པ་འགའ་བྱེད་དེ་སྙིང་ ནས་ནི་མ་ཡིན་པས་སོ། །དེ་དག་ལ་མི་མཐུན་པར་བྱེད་པས་ཀྱང་སྡིག་པ་སྤོང་ཞིང་དགེ་བ་ལ་འཛུད་དོ། །ནན་ཏུར་ལས་བྱུང་བ་ནི་བདག་རྗེ་བོའམ་རྒྱལ་པོ་ལ་སོགས་པ་བདག་པོར་གྱུར་ན་བྲན་ལ་སོགས་པ་ལ་སྔ་མ་ལྟར་མི་བྱེད་ན་ངས་དབང་ཐང་གི་ཟས་ལ་སོགས་པ་གཅོད་ དོ༑ ༑བརྡེག་པ་དང་ནོར་དང་དབྲལ་བ་དང་ཡུལ་ནས་སྤྱུག་གོ་ཞེས་སྡིག་པས་དགེ་བ་ལ་མི་འདོད་བཞིན་དུ་ནན་གྱིས་འཛུད་པའོ། །ལན་ལོན་པའི་ཐབས་ནི་རང་གི་གང་ལ་སྔར་བྱིན་པའམ་སྡུག་བསྔལ་བསྐྱབས་པ་ལ་སོགས་པས་ཕན་བཏགས་པ་དེ་དག་བྱས་པ་གཟོ་བས་ཚུར་ ལན་དུ་ཕན་འདོགས་ན་དེ་དག་ལ་དགེ་བ་བླང་བ་ཁོ་ན་ལ་ལན་དུ་འཚོལ་གྱི་ཟང་ཟིང་ནི་མི་འདོད་པའོ། །རྣམ་པར་དག་པའི་ཐབས་ནི་མཐར་ཐུག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་དགའ་ལྡན་གྱི་ལྷར་སྐྱེ་བ་དང། དེ་ནས་འདིར་རིགས་མཐོ་བར་སྐྱེ་བ་དང་འདོད་པའི་ ཡུལ་རྒྱ་ཆེན་པོ་སྤངས་ནས་རབ་ཏུ་འབྱུང་བ་དང། དཀའ་ཐུབ་སྤྱོད་པ་ལ་སོགས་པས་ཅི་རིགས་པའི་གདུལ་བྱའི་དོན་བྱེད་པ་སྟེ། དེ་དག་མདོ་དང་རྒྱས་པར་བསྟན་པས་ཞེ་འགྲས་པའི་ཁོང་ཁྲོ་སེལ་བ་ལ་སོགས་པ་བཞི་བསྒྲུབ་པར་བལྟའོ། ༈ །གཟུངས་ནི། འདོད་ལ་མ་ཞེན་ཕྲག་དོག་ [286A]༄༅། །མེད་པ་དང། །གཏོང་ལ་འགྱོད་མེད་ཆོས་ལ་རབ་དགའ་བཞིས། །ཆོས་དོན་གསང་སྔགས་བཟོད་བསྒྲུབ་གཟུངས་རྣམ་བཞི། །རྒྱལ་སྲས་ཚོགས་རབ་བསགས་པས་ཐོབ་པར་འགྱུར། །འདི་ལ་གསུམ་ལས། རང་བཞིན་གྱི་དབྱེ་བ་ནི་བཞི་སྟེ། ཚིག་གི་གཟུངས་ དང། དོན་གྱི་གཟུངས་དང། གསང་སྔགས་ཀྱི་གཟུངས་དང། བཟོད་པ་ཐོབ་པར་བྱེད་པའི་གཟུངས་སོ། །དང་པོ་ནི་གང་གིས་ཆོས་ཐོས་པ་ཙམ་ཁོ་ནས་མ་གོམས་ཤིང་ཁ་ཏོན་མ་བྱང་བའི་ཚིག་རྣམས་རིམ་བཞིན་བསྡེབས་ཤིང་སྦྱར་བའི་ཡི་གེ་ཚད་མེད་པ་དག་དུས་ཚད་མེད་པར་ འཛིན་པར་འགྱུར་བའི་དྲན་པ་དང་ཤེས་རབ་ཀྱི་སྟོབས་ཐོབ་པའོ། །གཉིས་པ་ནི་སྔ་མ་དང་འདྲ་བ་ལས་ཁྱད་པར་འདི་ཡོད་དེ་ཆོས་དེ་དག་གི་དོན་ཚད་མེད་པ་དག་མ་གོམས་ཤིང་ཡིད་ཀྱིས་མ་བྱང་བར་དུས་ཚད་མེད་པ་དག་ཏུ་འཛིན་པའོ། །གསུམ་པ་གང་གིས་གསང་སྔགས་འདི་ གཞི་གང་དག་ཡམས་ནད་ལ་སོགས་པ་ཞི་བར་བྱེད་པ་བྱིན་གྱིས་བརླབས་པ་འགྲུབ་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པའོ། །བཞི་པ་ནི་རྒྱུ་ལ་ཤེས་རབ་དང་ལྡན་པས་དབེན་པ་ལ་གནས་ཤིང་ཚིག་ཀྱང་མི་སྨྲ་ལ་སུ་དང་ཡང་མི་ཕྲད་པར། ཟས་རུང་བ་ཟ་བ་དང། སེམས་པར་ བྱེད་པ་དང། མཚན་མོ་ཡུན་ཐུང་ངུ་ཉལ་བ་ནི་བཟོད་པ་ཐོབ་པའི་སྔགས་སྟོན་པས་གསུངས་པ། ཏ་དྱ་ཐཱ། ཨོཾ་ཨི་ཊི་མི་ཊི་ཀི་ཊི་བཧི་ཀྵཾ་ཊི་པ་དཱ་ནི་སཱཧཱ། ཞེས་པའི་དོན་སེམས་ཤིང་འཇལ་ལ་ཉེ་བར་རྟོགས་པས་ཞུགས་ཏེ། སུ་ལའང་མ་ཐོས་པ་རང་གིས་སྔགས་འདི་དག་ལ་ནི་དོན་ འགྲུབ་པ་ཅི་ཡང་མེ་དེ་དོན་མེད་པ་ཁོ་ནའོ། །འདིའི་དོན་ནི་དོན་མེད་པ་ཉིད་དོ་སྙམ་དུ་དོན་རིག་པས་དེའི་ཕ་རོལ་ཏུ་དོན་གཞན་མི་ཚོལ་ན་དོན་ལེགས་པར་རྟོགས་པ་སྟེ། དེའི་རྗེས་སུ་འབྲང་བས་ཆོས་ཐམས་ཅད་ཀྱི་དོན་ཡང་རྟོགས་པར་འགྱུར་རོ། །འདི་ལྟར་བརྗོད་པ་ཐམས་ཅད་ཀྱིས་ ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་གྲུབ་པར་བྱེད་དོ། །དེ་དག་གི་བརྗོད་དུ་མེད་པའི་ངོ་བོ་ཉིད་ནི་དེ་དག་གི་ངོ་བོ་ཉིད་ཀྱི་དོན་ནོ་སྙམ་པས་དོན་རྟོགས་པའི་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་བོ། །དེས་གཟུངས་ཀྱི་ཚིག་ཐོབ་བ་དེ་ལ་བརྟེན་ནས་བཟོད་པ་ཞེས་བྱ་སྟེ། དེར་ [286B] །ཐོབ་པའི་དུས་ནི། དང་པོ་གཉིས་ནི་བསྐལ་བ་གྲངས་མེད་དང་པོ་འདས་ནས་ལྷག་པའི་བསམ་པ་དག་པའི་ས་ལ་ཞུགས་པའི་ཚེ་འཐོབ་སྟེ། དེས་པ་དང་བརྟན་ པ་དང་ཆེ་བའོ། །དེ་མན་ཆད་ནི་སྨོན་ལམ་གྱི་དབང་ངམ་བསམ་གཏན་ལ་བརྟེན་ནས་ཐོབ་སྟེ། ངེས་པ་དང་བརྟན་པ་དང་རྒྱ་ཆེ་བ་ནི་མ་ཡིན་ནོ། །གསང་སྔགས་ཀྱིའང་དེ་དང་འདྲའོ། །བཟོད་པ་ཐོབ་པར་བྱེད་པའི་གཟུངས་ནི་སྔར་བརྗོད་པ་ལྟར་ཐོབ་པོ། འགུང་པའི་རྒྱུ་ནི་ཡོན་ཏན་བཞིན་ དང་ལྡན་པ་སྟེ། འདོད་པ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང། གཞན་མ་ཐོ་བ་ལ་ཕྲག་དོག་མི་བྱེད་པ་དང། བསླངས་པ་ཐམས་ཅད་སྦྱིན་ཞིང་མི་འགྱོད་པ་དལང། བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ་སྡེ་སྣོད་ཀྱི་མ་མོ་ལས་བརྩམས་ཏེ་ཆོས་ལ་ཀུན་དགའ་བའོ། །སྨོན་ལམ་གྱི་ དབང་དུ་བྱས་ནས། སྨོན་ལམ་ལྔ་སྟེ་སེམས་བསྐྱེད་སྐྱེ་བ་དང། །སྤྱོད་ཡུལ་ཡང་དག་སྨོན་ལམ་ཆེན་པོ་བཅུའོ། །སེམས་བསྐྱིད་པའི་སྨོན་ལམ་ནི་དང་པོ་བླུན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །སྐྱེས་བ་ཡི་ནི་ཕྱི་མ་ལ་སེམས་ཅན་གྱི་དོན་དང་མཐུན་པའི་ཕར་འཕྲོ་བར་སྐྱེ་བས་སྨོན་པའོ་ སྤྱོད་ཡུལ་གྱི་ནི་ཆོས་ཡང་དག་པར་རབ་ཏུ་དབྱེ་བ་དང་ཚད་མེད་པ་ལ་སོགས་པ་དགེ་བ་བསྒོམ་པའི་ཡུལ་ལ་སྨོན་པའོ། །ཡང་དག་པའི་ནི་ཕྱི་མ་ལ་མ་དེའི་མ་རྒྱས་པར་དགེ་བ་ཐམས་ཅད་དང་ཡོན་ཏན་ཐམས་ཅད་བསྡུ་བར་སྨོན་པའོ། །སྨོན་ལམ་ཆེན་པོ་ནི་ཡང་དག་པ་དེ་ཉིད་ཀྱི་དབྱེ་ པ་བཅུ་སྟེ། ཕྱི་མ་ལ་སངས་རྒྱས་མཆོད་པ་དང། རིམ་གྲོ་བྱས་དང། དམ་པའི་ཆོས་གཟུང་བ་དང། སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ་དང། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་དང། སེམས་ཅན་སྨིན་པར་བྱ་བ་དང། འཇིག་རྟེན་གྱི་ཁམས་བསྟན་པ་དང། ཞིང་སྦྱང་བ་དང། ཐེག་པ་ཆེན་པོ་ ལ་འཇུག་པ་དང། སྤྱོད་པ་ཐམས་ཅད་དོན་ཡོད་པ་དང། མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་སྨོན་ལམ་ཆེན་པོའོ། ༈ བརྗོད་མེད་ངོ་བོ་ཉིད་ཤེས་སེམས་གནས་དང། དེ་ལ་ལོ་གཞུགས་ཉེས་ལ་མི་སྨོན་དང། བརྗོད་མ་དེ་སྤྲོས་ཀུན་ཞི་བར་ [287A]༄༅། །ཡིད་བྱེད་ལས། །སེམས་གནས་དེ་དག་ཏིང་འཛིན་གསུམ་དུ་གནས། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་རྫོང་བ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བ་བརྗོད་དུ་མེད་པའི་ངོ་བོ་ཉིད་དངོས་པོ་མཐོང་ནས་སེམས་གནས་པའོ། །སྨོན་པ་མེད་པའི་ཏིང་ ངེ་འཛིན་ནི་བརྗོད་དུ་མེད་པའི་ངོ་བོ་དེ་ཉིད་ལོག་པར་བརྟགས་པ་ལས་བྱུང་བའི་ཉོན་མོངས་དང། སྡུག་བསྔལ་གྱིས་ཟིན་པའི་ཕྱིར་ཉེས་པ་དུ་མའི་སྐྱོན་ཆགས་པར་རི་གནས་ཕྱིས་དེ་ལ་མི་སྨོན་པ་སྔོན་དུ་འགྲོ་བ་སེམས་གནས་པའོ། །མཚན་མ་མེད་པའི་ཏིང་འཛིན་ནི་བརྗོད་ དུ་མེད་པའི་དངོས་པོ་དེ་ཉིད་ཀྱི་རྣམ་རྟོག་དང་སྤྲོས་པའི་མཚན་མ་ཐམས་ཅད་བསལ་ནས་ཡང་དག་པ་ཇི་ལྟ་བ་ན་ ༈ ། གྲངས་དེས་པའམ་དགོས་པའི་ཁྱད་པར་ནི། འདུས་བྱས་མ་བྱས་གཉིས་ཡོད་པ་ལས། །ལོག་པར་ སྨོན་དང་ཡང་དག་མངོན་དགའ་དང། །བདག་དང་བདག་གི་མེད་པར་ལེགས་པ་བལྟ་བས། །འདི་གསུམ་ཁོ་ནར་ངས་པར་རྟོགས་པར་བྱ། །ཅིའི་ཕྱིར་འདི་གསུམ་དུ་བཞག་གི་འདི་ལས་གོང་ན་ཡང་མེད་ལ་འདི་ལས་ལྷག་པར་ཡང་མེད་ཅེ་ན། ཡོད་པ་དང་མེད་པ་ནི་གཉིས་ཡིན་ཏེ་ ཡོད་པ་ནི་འདུས་བྱས་དང་འདུས་མ་བྱས་སོ། །མེད་པ་ནི་བདག་དང་བདག་གིའོ། །དེ་ལ་འདུས་བྱས་ལ་མི་མཐུན་པར་བདེན་པར་སྨོན་པ་ལས་ནི་སྨོན་པ་མེད་པའོ། །འདུས་མ་བྱས་མྱ་ངན་ལས་འདས་པ་ལ་སྨོན་ཅིང་དགའ་བར་འཛིན་པ་ལས་ནི་མཚན་མ་མེད་པའོ། །མེད་པ་ཁོ་ ན་གང་ཡིན་པ་དོ་ལ་ནི་སྨོན་པར་རམ་མི་སྨོན་པར་མི་བྱ་བར་དེ་མེད་པ་ཁོ་ནར་ཡང་དག་པ་ཇི་ལྟ་བར་བལྟ་བར་བྱ་བ་ལས་སྟོང་པ་ཉིད་ཀྱི་ངེ་འཛིན་བཞག་པའོ། ༈ །ཆོས་ཀྱི་མདོ་བཞི་བསྟན་པ་ནི། འདུས་བྱེད་མི་རྟག་སྡུག་བསྔལ་ཆོས་རྣམས་ཀུན། །བདག་མེད་མྱན་ངན་འདས་ཞི་ ཆོས་མདོ་བཞི། །ཐུབ་པ་ཐུགས་ཞི་རྒྱལ་སྲས་སྔ་མ་རྣམས། །འགྲོ་ལ་ཕན་ཕྱིར་རྒྱུན་ཏུ་གསུང་མཛད་པའོ། །ཆོས་ཀྱི་མདོ་བཞི་པོ་འདི་དག་ནི་སེམས་ཅན་རྣམ་པར་དག་པར་བྱ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གསུང་བར་མཛད་དེ། འདུ་བྱེད་ཐམས་ཅད་མི་ [287B] ཆོས་ཐམས་ཅད་བདག་མེད་པ་དང་མྱ་ངན་ལས་འདས་པ་ཞི་པའོ་ཞེས་བྱ་བ་ཆོས་ཀྱི་མདོའོ། །སངས་རྒྱས་རྣམས་ནི་དེ་དག་དང་ལྡན་པའི་དོན་གྱིས་ཆོས་ཕལ་ཆེར་སྟོན་པའི་ཕྱིར་ཆོས་ཀྱི་མདོའོ། །ཡང་ཐུབ་པ་ཐུགས་ཞི་བསྔ་མ་ རྣམས་ཀྱིས་རྟག་ཏུ་བརྗོད་ཅིང་བརྗོད་པའི་ཕྱིར་ཡང་མདོའོ། །འབྱོར་བ་ཆེན་པོར་འགྱུར་ཞིང་སྲིད་རྩེའི་གོང་དུ་འགྲོ་བའི་ལམ་ཡིན་པའི་ཕྱིར་ཡང་མདོ་ཞེས་བྱའོ། ༈ མི་རྟག་བརྗོད་པའི་ངོ་བོས་རྟག་མེད་དང། །སྐྱེ་འགག་ལ་བརྟེན་འདུས་བྱས་མཚན་ཉིད་ བཞི། སྡུག་བསྔལ་གསུམ་གྱིས་ཡོངས་གདུང་སྡུག་བསྔལ་དོན། །ཕུང་སོགས་བདག་མ་ཞི་ཞིང་གཞན་ཡང་མེད། །བརྗོད་པའི་མཚན་ཉིད་ཀུན་གྱིས་ཆོས་ཀུན་སྟོངས། འདུ་གྱེད་སྤྲོས་ཀུན་ཉེར་ཞི་མྱ་ངན་འདས། །འདུས་བྱེད་ཐམས་ཅད་མི་རྟག་པར་ཇི་ལྟར་མཐོང་ཞེ་ན། དེ་ཐམས་ཅད་ཀྱི་ བརྗོད་དུ་མེད་པའི་ངོ་བོ་ཉིད་བདག་མེད་ཁོ་ནར་དམིགས་ན་མི་རྟག་པར་མཐོང་ངོ། །ཡང་བརྗོད་དུ་མེད་པའི་ངོ་བོ་ཉིད་མ་ཤེས་པའི་རྒྱུ་ལས་བྱུང་བ་སྐྱེ་བ་དང། འཇིག་པ་དམིགས་ནས་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་འདུ་བྱེད་ཐམས་ཅད་མི་རྟག་པར་མཐོང་སྟེ། འདས་པའི་འདུ་བྱེད་སྐྱེས་ ནས་འགགས་པ་དང། ད་ལྟར་གྱི་སྐྱེས་ལ་མ་འགགས་པ་དང། མ་འགོངས་པའི་སྐྱེས་པ་དང་མ་འགགས་པ་དག་གི་དང་ངོ་བོ་ཉིད་ཅི་རིགས་པར་མི་དམིགས་པ་དང་དམིགས་པ་ལས། དུས་གསུམ་དུ་འདུ་བྱེད་ཀྱི་རྒྱུན་འཇུག་པ་མཐོང་ནས་སྐད་ཅིག་རེ་རེ་ལ་འདུས་བྱས་ཀྱི་ མཚན་ཉིད་གསུམ་མཐོང་སྟེ། སྐད་ཅིག་གི་འོག་ཏུ་ནི་བཞི་པའང་མཐོང་ངོ། །དེ་ལ་སྐད་ཅིག་དང་པོར་སྔ་མ་ཞི་མ་ཐག་སྔར་མེད་བྱུང་བ་ནི་སྐྱེ་བའོ། །དེ་ཉིད་མ་ཞིག་པ་ནི་གནས་པའོ། །སྔར་འགགས་ལ་བལྟོས་ནས་དེ་གཞན་དུ་འགྱུར་བ་ནི་རྒ་བའོ། །སྐད་ཅིག་གཉིས་པར་འགགས་ པ་ནི་འཇིག་པ་སྟེ། དེ་ལྟར་བཞི་ཆར་ཡང་དེ་ཉིད་ཀྱི་ངོ་བོར་བལྟའོ། །དེ་ལྟར་འདུ་བྱེད་རྒྱུན་གྱིས་འཇུག་པའི་མི་རྟག་པ་དེ་དག་ཉིད་སྡུག་བསྔལ་གྱི་གནས་ཀྱི་དངོས་པོར་ཡང་དག་པར་ཤེས་སོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བདག་མེད་པ་གཉིས་སུ་ཤེས་ཏེ། གང་ཟག་ [288A]༄༅། །ལ་བདག་མེད་པ་དང། ཆོས་ལ་བདག་མེད་པའོ། །དང་པོ་ཆོས་ཡོད་པ་འདི་དག་བདག་མ་ཡིན་ལ་འདི་དག་ལས་གཞན་པའི་གང་ཟག་ཀྱང་མེད་པའོ། །གཉིས་པ་ནི་བརྗོད་བྱའི་དངོས་པོ་ཐམས་ཅད་ལ་བརྗོད་པའི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་ཐམས་ཅད་མེད་ པའོ། །ཡང་འདུ་བྱེད་རྣམས་ཀྱི་རྒྱུ་སྔར་ཆད་ལ་ཕྱིས་མ་ལུས་པར་མེད་པར་གྱུར་ནས་དེ་ལས་གཞན་ཡང་གཏན་དུ་མི་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ། དེའང་ཉོན་མོངས་པ་དང་སྡུག་བསྔལ་ཉེ་བར་ཞི་བར་རིག་པར་བྱའོ། ༈ །ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་མདོ་ལས་ འབྱུང་བའི་དབང་དུ་བྱས་ནས་ཐབས་ལ་མཁས་པའི་ཁྱད་པར་ནི། དངོས་པོ་ཆུང་ལ་སོགས་ཀྱང་བྱང་ཆུབ་ཀྱི། །སེམས་དང་བསྔོ་སོགས་བསམ་རླབས་རྒྱ་ཆེ་བས། །ཡོངས་སུ་བཟུང་བས་དོན་ཆེན་ཉིད་འགྱུར་ཏེ། །དངོས་དང་སྦྱོར་སོགས་ཆེན་པོའང་ཟིལ་གྱིས་གནོན། །ཐབས་ལ་མཁས་ པའི་མདོ་ལས་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ནི་ཟན་ཁམ་གཅིག་ཀྱང་སེམས་ཅན་ཐམས་ཅད་ལ་སྦྱིན་ཏེ། དུད་འགྲོ་ལ་ཟན་ཁམ་གཅིག་སྦྱིན་པར་བྱེད་ན་ཡང་ཐམས་ཅད་མཁྱེན་པ་དང་ལྡན་པའི་སེམས་ཀྱིས་སྦྱིན་ཞིང། དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ ཅད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསྔོའོ། །རྒྱུ་གཉིས་ཏེ་ཐམས་ཅད་མཁྱེན་པའི་སེམས་དང་ཡོངས་སུ་བསྔོ་བ་ལ་མཁས་པས་སོ། །ཡང་དེས་གཞན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་ནས་སེམས་ཅན་ལ་བསྔོ་སྟེ། ཐམས་ཅད་མཁྱེན་པར་བསྔོས་པ་དེས་ བྱང་ཆུབ་སེམས་དང་བརླ་བའི་སྦྱིན་པོའང་ཟིལ་གྱིས་གནོན་པའོ། །ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་མེད་ཏོག་གྱི་ སྤོས་ཀྱི་ཤིང་ལྗོན་པ་དང། མེ་ཏོག་ལ་སོགས་པ་གཞན་གྱིས་མ་གཟུང་བ་དག་ནི་བསམ་པས་བླང་ནས་སངས་རྒྱས་ཐམས་ ལ་འབུལ་ཞིང་དགེ་བའི་རྩ་བ་བསྔོའོ། །བཟུང་བ་དག་ནི་དྲི་རླུང་གིས་བཏབ་པའི་ངད་ཙམ་འབུལ་ཞིང་བསྔོའོ། །བསྔོས་པ་དེས་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དཔག་ཏུ་མེད་པ་ཐོབ་བོ། །ཡང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་པ་ཇི་སྙེད་པ་ལ་བསྡུས་ཏེ་འཆགས་ [288B] དེ་ཐམས་ཅད་བདག་ལ་འབབ་པས་སེམས་ཅན་དེ་དག་བདེ་བར་གྱུར་ཅིག་ཅེས་གོ་གྱོན་ནོ། །སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཀུན་ལ་རྗེས་སུ་ཡི་རང་ནས་དེ་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བའི་དོན་དུ་བསྔོའོ། །དགེ་བའི་རྩ་བ་དེས་ཀྱང་དེ་དག་གིས་སངས་རྒྱས་ ཀྱི་བདེ་བའི་ཡོ་བྱད་རྣམས་ཐོབ་བོ། །ཡང་སངས་རྒྱས་གཅིག་ལ་ཕྱག་དང་མཆོད་པ་དང་བཀུར་སྟི་བྱས་ནས་སངས་རྒྱས་རྣམས་ནི་ཆོས་ ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་གཅིག་པར་སོ་སོར་རྟོག་གོ་དེས་གཅིག་ལ་མཆོད་པ་ལ་སོགས་པ་ བྱས་པས་ཐམས་ཅད་ལའང་བྱས་པར་ཤེས་སོ། །ཕྱོགས་བཅུའི་སངས་རྒྱས་དག་གི་མཆོད་པ་འབྱུང་བར་འགྱུར་བ་དེ་ཐམས་ཅད་ཀྱང་བསམ་པས་ཡོངས་སུ་བུཟྔ་ནས་བསྔོ་བར་བྱེད་དོ། །རང་ཤེས་རབ་རྟུལ་ན་ཡན་མགི་ཞུམ་པར་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ལ་ཡང་འཇུག་ ཅིང་དེའི་དོན་དེ་ནི་གསུང་རབ་ཐམས་ཅད་ཀྱི་དོན་དུ་རྟོག་གོ་དེ་ཁ་ཏོན་བསླབ་ནས་མི་ཞུམ་ཞིང་སྙིང་རྗེ་བསྐྱེད་དེ་རྙ་པ་དང་བཀུར་སྟི་མི་འདོད་པར་ཡུལ་དང་ཡུལ་དུ་སྐྱེ་བོ་མང་པོ་ལ་སྟོན་ཅིང། སེམས་ཅན་སུས་ཚིགས་བཅད་པ་འདི་ཐོས་པ་དེ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ མི་ལྡོག་པར་གྱུག་ཅིག་ཅེས་སྨོན་ལམ་འདེབས་སོ། །དེའི་ཐབས་ལ་མཁས་པ་དེས་སེམས་ཅན་ཐམས་ཅད་ཀུན་དགའ་བོ་ལྟར་མང་དུ་ཐོས་པ་དང་སངས་རྒྱས་ཀྱི་སྤོབས་པའང་ཐོབ་བོ། །བརྒྱལ་རང་དབུལ་པོར་གྱུར་ན་ཡང་ཐ་ན་གཞན་གྱི་བླ་མ་བྱས་ཏེ་ཟས་ན་ལ་ཟ་གང་ཙམ་ བླངས་ནས་མ་ཞུམ་པར་དགེ་འདུན་ནམ་གང་ཟག་ལ་འབུལ་ལོ། །ཕུལ་ནས་ཀྱང་སངས་རྒྱས་ཀྱི་སེམས་རྒྱ་ཆེན་པོས་བྱིན་ན་སྦྱིན་པ་ཆེ་བར་གསུངས་པས། ངའི་དངོས་པོ་འདི་ཆུང་མོད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་པ་ལས་དཔག་ཏུ་མེད་པར་འགྱུར་རོ་ཞེས་རྟོག་གོ་བདག་གིས་ དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པ་ཇི་ལྟར་མཚན་རོ་བྲོ་བ་མཆོག་ཏུ་འགྲུབ་ཅིང། ལག་ན་རིན་པོ་ཆེ་འགྲུབ་པར་གྱུར་ཅིག་ཅེས་བསྔོའོ། །དེས་དེ་གཉིས་ཀྱང་འགྲུབ་ཅིང་བྱང་ཆུབ་ཀྱི་སེམས་དང་བྲལ་བའི་སྦྱིན་པ་ཐམས་ཅད་ཀྱང་ཟིལ་གྱིས་ [#DATA INCOMPLETE HERE] [290A] ཉེས་བྱས་བཟོད་པའོ་ཞེས་སོ། ༈ །ཟུང་དུ་འབྲེལ་བའི་ལམ་གྱི་སྤྱོད་པ་ནི། ཡོངས་བཟུང་ཀུན་གཏོང་ཚུལ་ཁྲིམས་རྣམ་དག་པར། །སློབ་སོགས་འགྲོ་ཀུན་དོན་དུ་ཡོངས་བསྔོ་ཞིང། །བྱེད་དང་ལས་དང་བྱ་བར་མི་རྟོག་པ། །ཐབས་དང་ཤེས་རབ་མཉམ་ པར་སྦྱོར་བའི་ལམ། །ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ལས། གང་ཚེ་བདག་དང་བྱང་ཆུབ་དག་གཏན་དུ་མཐོང་བར་མི་བྱེད་ཅིང། །འཁོར་གསུམ་ཡོངས་སུ་དག་གྱུར་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །ནང་དང་ཡང་ན་ཕྱི་རོལ་དག་ཐམས་ཅད་ཡོངས་སུ་གཏོང་བྱེད་ ཅིང། །སེམས་ཅན་ཀུན་ལ་ཡོངས་བསྔོ་བ། །དེ་ནི་ཐབས་ཀྱི་མཚན་ཉིད་དོ། །ཞི་ཞིང་རབ་ཞི་གཙང་དག་ཅིང། །ཚུལ་ཁྲིམས་རློམ་སེམས་མི་བྱེད་ལ། །ལུས་དང་ངག་ཡིད་ཞི་གྱུར་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །ཚུལ་ཁྲིམས་ལ་ནི་ཞུགས་གྱུར་ཅིང། །གཞན་ཡང་ཚུལ་ཁྲིམས་སྦྱོར་བྱེད་ ལ། །སངས་རྒྱས་ཚུལ་ཁྲིམས་སྔོ་བྱེད་པ། །དེ་ཕྱིར་ཐབས་ཞེས་བྱ་བ་ཡིན། །ཆོས་རྣམས་ཐམས་ཅད་རབ་སྟོང་ཞིང། །བདག་མེད་བཟོད་པ་སྒོམ་བྱེད་ལ། །ལུས་དང་སེམས་ཀྱིས་མ་སྨས་པ།། དེ་ནི་ཤེས་རབ་ཕ་རོལ་ཕྱིན། །སེམས་ཅན་ཀུན་གྱི་ཁྲོ་བ་དང། །གསོད་དང་འཆིང་བ་བཟོད་བྱེད་ ཅིང། །སེམས་ཅན་དེ་དག་མི་སྤོང་བ། །དེ་ནི་ཐབས་ཀྱི་ཕ་རོལ་ཕྱིན། །ལུས་ཀྱི་སྦྱོར་བར་མི་བྱེད་ཅིང། །ངག་དང་སེམས་ཀྱིས་མ་ཡིན་ལ། །ཆོས་རྣམས་ཀུན་ལ་དབེན་གྱུར་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །སེམས་ཅན་ཡོངས་སུ་སྨིན་བྱེད་ཅིང། །བསམ་གཏན་བདེ་བ་རབ་སྤངས་ནས། །གྲོང་ དང་ཡུལ་ན་སྣང་བྱེད་པ། །དེ་ནི་ཐབས་ཀྱི་ཕ་རོལ་ཕྱིན། །ཚུ་རོལ་མ་ཡིན་ཕ་རོལ་མིན།། མཐུན་པའི་ཕ་རོལ་རབ་གནས་ཤིང། །སྤྲོས་པའི་ལྟ་བ་རྒྱུན་ཆད་པ། །ཤེས་རབ་ཕ་རོལ་ཕྱིན་རྟོག་ཡིན། །གང་གིས་སྟོང་ཉིད་རྟོགས་གྱུར་ནས། །དེ་ནི་བཏང་སྙོམས་མི་བྱེད་ཅིང། །སེམས་ཅན་སྟོང་ཉིད་ སྦྱོར་བྱེད་པ། །དེ་ནི་ཐབས་ཀྱི་ཚུལ་ཡིན་ནོ་ཞེས་སོ། །གསང་བའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའི་ཆོས་ཉན་པའི་ཚོགས་ནི་སྒྲིབ་པ་སྤོང་བར་འགྱུར་རོ། །དགོན་པར་གནས་པའི་ཚོགས་ནི་བྱས་པའི་ལས་ཆུད་ཟ་བར་མི་འགྱུར་རོ། །བླ་མ་བསྟེན་པའི་ཚོགས་ནི་ཡོན་ཏན་ཐམས་ཅད་སྐྱེ་བའི་ [290B] །ནང་དུ་ཡང་དག་འཇོག་གི་ཚོགས་ནི་ཐོས་པའི་ཆོས་རྣམས་ཆུད་མི་གཟོན་པར་འགྱུར་རོ། །ཐབས་ལ་མཁས་པའི་ཚོགས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཚོགས་ཐམས་ཅད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འདུས་ཏེ་ བསོད་ནམས་ཀྱི་ཚོགས་ཀྱིས་ནི་བསྒྲུབ་པར་བྱ་བ་ཐམས་ཅད་བསྒྲུབ་པ། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ལེགས་པར་བཤད་པའི་ཆོས་ཀྱིས་ཚིམ་པར་བྱེད་པས་སོ། །དེས་ན་དེ་གཉིས་ཁོ་ན་ལ་བརྩོན་པར་བགྱིའོ། །དེ་གཉིས་ཀྱིས་ཀྱང་ཐབས་དང་ཤེས་རབ་གཉིས་ ཡོངས་སུ་རྫོགས་པར་བགྱིས་པས་ན་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་སྡུད་པའོ། །ལམ་དེ་དག་ལ་གནས་ན་ནི་བདུད་ལས་འདའ་བས་ཕྱིར་མི་ལྡོག་པ་ཐོབ་པས་ན་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་གསང་བ་ཐམས་ཅད་ཀྱང་སྟོན་ཏེ་མི་འཆབ་བོ་ཞེས་སོ། ༈ །ཞིང་སྦྱོང་བའི་སྤྱོད་ པ་ནི། སྲོག་གཅོད་སྡོམ་པས་འགྲོ་རྣམས་ཚེ་རིང་ཞིང། །སྟོབས་དང་རྫུ་འཕྲུལ་ཐོབ་པར་བསྔོ་ལ་སོགས། །སྡོམ་པ་རྣམ་བཅུས་སེམས་ཅན་འཇིག་རྟེན་ནི། །ཡོངས་སུ་སྦྱོང་སོགས་རྨད་བྱུང་སྤྱོད་ལ་བསླབ། །འདི་ནི་རྒྱལ་བ་ཀུན་གྱི་རྣམ་ཐར་སྒོ། །མཚུངས་པས་འཇིག་རྟེན་མཐའ་དག་ཞིང་གཅིག་ ཏུ། །བྱས་ནས་སྦྱོང་ཕྱིར་ཞིང་དམན་མཆོག་སོགས་རྣམས། །འགྲོ་བ་འདྲེན་པའི་ཐབས་ཚུལ་ཙམ་དུ་བལྟ། །འདས་ཆེན་ལས། ཞིང་སྦྱོང་བ་ནི་སྲོག་གཅོད་པའི་སྡོམ་པས་སེམས་ཅན་ཐམས་ཅད་ཚེ་རིང་བ་དང་སྟོབས་ཆེ་བ་དང་རྫུ་འཕྲུལ་དང་ལྡན་པར་སྨོན་ལམ་འདེབས་སོ། །རྐུ་འཕྲོག་སྤོང་ བས་ས་གཞི་རིན་པོ་ཆེ་བདུན་དུ་གྱུར་ཏེ་རང་ཉམས་སུ་སྤྱོད་ལ་ཕྱུག་ཅིང་ཆོག་ཤེས་པར་རོ།། འཁྲིག་པ་སྤོང་བས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང། བཀྲེས་པ་དང་སྐོམ་པ་མེད་པར་རོ།། རྫུན་སྤོང་བས་ནི་མེ་ཏོག་དང་འབྲས་བུ་དང་སྤོས་ཀྱི་ཤིང་ཡོད་པ་དང་སྒྲ་སྙན་པ་ ཐོས་པར་རོ། །ཕྲ་མ་སྤོང་བས་ནི་བཟླུམ་ཞིང་ཕན་ཚུན་ཆོས་སྟོན་པར་རོ། །ཚིག་རྩུབ་སྤོང་བས་ནི་གཞི་མཉམ་ཞིང་ཚེར་མ་ལ་སོགས་པ་མེད་པ་དང། སེམས་ཅན་ཐམས་ཅད་སེམས་མཉམ་པར་རོ།། ངག་ཀྱལ་སྤོང་བས་ནི་ཉོན་མོངས་པའི་སྡུག་བསྔལ་མེད་པར་རོ། །བརྣབ་སེམས་ [291A]༄༅། །སྤོང་བས་ནི་འདོད་པ་དང་ཕྲག་དོག་གིས་འཚེ་བ་དང་ངན་པར་ལྟ་བ་མེད་པར་རོ། །གནོད་སེམས་སྤོང་བས་ནི་བྱམས་པ་སྒོམ་ཞིང་བུ་གཅིག་པའི་ས་ཐོབ་པར་རོ། །ལོག་ལྟ་སྤོང་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་རོ། །ངས་ཞིང་སྦྱོང་བ་དེ་ལྟ་བུ་མ་ བསྟེན་པར་ཡང་མི་ལྟ་སྟེ། ལ་ལ་ཉི་མ་དང་ཟླ་བ་གླིང་འདི་ཁོ་ན་ན་ཡོད་པར་སྨྲ་བ་ལྟར། སངས་རྒྱས་དག་ཞིང་ངན་པ་ན་བཞུགས་པར་སྨྲ་བ་ཡང་ངོ། །ནུབ་ཕྱོགས་སུ་གང་གའའི་ཀླུང་སུམ་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་ཕམ་པ་ཞེས་བྱ་བ་ནུབ་ཕྱོགས་ བདེ་བ་ཅན་དང། ཤར་ཟླ་གམ་དག་དང་དེའི་བཀོད་པ་ཐམས་ཅད་མཉམ་པས་མི་ཕམ་པ་ཞེས་བྱ་སྟེ། དེ་ནི་ངའི་ཞིང་ཡིན་པས་དེར་བྱུང་ནས་འདིར་ཆོས་གསུང་བར་སྟོན་པའོ། །ང་འབའ་ཞིག་མ་ཡིན་གྱི་སངས་རྒྱས་ཐམས་ཅད་ཀྱང་འདིར་ཆོས་སྟོན་ཏོ་ཞེས་སོ། ༈ །སྤྱོད་པ་ཡོངས་སུ་བསྔོ་བའི་ ཁྱད་པར་ལས་བསྔོ་བ་ཆེན་པོའི་རྣམ་པར་དབྱེ་བ་ནི། ཟབ་ཅིང་རྒྱ་ཆེའི་བསྔོ་བ་དམ་པ་བཅུ། །དཔའ་ཆེན་རྡོ་རྗེ་རྒྱལ་མཚན་མདོ་ལས་བལྟ། །དེ་ལས་བྱང་ཆུབ་སེམས་དཔའ་བསྔོ་བ་བཅུ་རྒྱ་ཆེར་བསྟན་པ་ཉིད་ལས་བལྟ་སྟེ། སེམས་ཅན་གྱི་འདུ་ཤེས་འགོག་ཅིང་འགྲོ་བ་ཐམས་ཅད་ ཡོངས་སུ་སྐྱོབ་པའི་བསྔོ་བ་དང། མི་ཕྱེད་པ་དང་ལྡན་པ་དང། སངས་རྒྱས་ཐམས་ཅད་ལ་ཡང་དག་པར་བསྐྱེད་པ་དང། ཐམས་ཅད་ཀྱི་རྗེས་སུ་སོང་བ་དང། བསོད་ནམས་ཀྱི་མཛོད་མི་ཟད་པ་དང། དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་དང། འགྲོ་བ་ཐམས་ཅད་མཉམ་ པ་ཉིད་ཀྱི་རྗེས་སུ་སོང་བ་དང། དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་རང་བཞིན་དང། ཆགས་པ་མེད་ཅིང་བཅིངས་གྲོལ་མེད་པ་དང། ཆོས་ཀྱི་དབྱིངས་ཚད་མེད་པའི་རྗེས་སུ་སོང་བའི་བསྔོ་བའོ། ༈ །དགེ་བའི་རྩ་བའི་ཁྱད་པར་དག་བསྔོ་བ་ནི། དགེ་བའི་རྩ་བའི་ཁྱད་པར་ཡོངས་བསྔོ་བ། །བསྔོ་ བའི་རྒྱལ་དང་ཕུང་པོ་གསུམ་ལས་སོ། །མདོ་དང་པོ་ལས་ནི། གང་དག་སྲིད་པ་གསུམ་པོ་འདི་ན་ལྷ་དང་མིའི་བདུག་སྤོས་ཀྱི་རྣམ་པ་དང། མེ་ཏོག་དང་འབྲས་བུ་དང་རོ་བྲོ་བ་དང། ལོ་ཏོག་གི་རྣམ་པ་དང། གསེར་དང་དངུལ་དང་ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ་དང། རྡོའི་སྙིང་པོ་ལ་སོགས་ [291B] ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་ཀྱི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་སུམ་དུ་གྱུར་ཅིག་སངས་རྒྱས་བྱམས་པ་དང་བྱང་ཆུབ་ སེམས་དཔའ་དང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉེས་པར་གྱུར་ཅིག་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་བསྙུན་གྱི་གསོས་དང་རྐྱེན་སྨན་གྱི་ཡོ་བྱད་རྣམས་དང། དེ་ལས་གཞན་པ་སངས་རྒྱས་ཀྱི་ཟག་པ་མེད་པའི་མཆོད་པ་རྣམས་ཀྱིས་མཆོད་ནས། དེའི་ དྲུང་དུ་བྱིས་པའི་རབ་ཏུ་བྱུང་བ་དང་གཞོན་ནུའི་རབ་ཏུ་འབྱུང་བ་དང་ལྐོག་མ་ཡིན་པར་རབ་ཏུ་བྱུང་བ་དང་དེ་བཞིན་ཉིད་དུ་རབ་ཏུ་བྱུང་བ་དང་ཡང་དག་པའི་མཐར་རབ་ཏུ་བྱུང་བས་དེ་ཁོ་ན་ཉིད་མཐོང་བའི་བར་དུ་རབ་ཏུ་བྱུང་བ་ཐོབ་པར་གྱུར་ཅིག་དེའང་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་ཁྱད་པར་དུ་འཕགས་པ་སྐྱོན་མེད་པ་དང་མ་འདྲེས་པ་དང་རྙོག་པ་མེད་པ་དང། ལྷ་དང་མི་དག་མངོན་པར་དགའ་བ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྔགས་པ་དང། སེམས་ཅན་ཐམས་ཅད་ལ་སྨོན་པའི་སླད་དུ་བདག་རབ་ཏུ་ འབྱུང་བར་གྱུར་ཅིག་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཉེ་བར་འཚོ་བ་ལྟར། དགེ་བ་བཅུའི་ལས་ཀྱི་ལམ་གྱིས་བསྒྲུབས་པའི་ཕུང་པོ་ལྔ་པོ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བགྱིས་ནས། སངས་རྒྱས་དང་ཆོས་དང་དགེ་འདུན་ཡོངས་སུ་སྤྱོད་པ་དག་ལ་འབུལ་ལོ། ། ནམ་ཀུམ་ནས་ཀྱང་བྱ་རྒོད་དང་སྤྱང་ཀི་དང་ཁྱི་དང་ཝ་དང་གཅན་གཟན་དང་བྱ་རྣམས་ཀྱིས་ལྤགས་པ་དང་རྒྱུས་པ་དང་རུས་པ་དང་རྐང་དང་ཁྲག་རྣམས་ཡོངས་སུ་ཟ་བར་གྱུར་ཅིག་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་དེ་ནས་ཁམས་གསུམ་ [292A]༄༅། །ན་རྡུལ་ཕྲ་མོ་ཇི་སྙེད་ཡོད་པའི་སེམས་ཅན་དེ་སྙེད་སེམས་ཀྱི་སྐད་ཅིག་སྐད་ཅིག་ལ་རྣམ་པར་ཐར་པར་བྱེད་པར་གྱུར་ཅིག་བྱས་ནས་ཕྱིར་མི་ལྡོག་པའི་ས་ལ་འགོད་པར་གྱུར་ཅིག་དེ་ནས་མཐོང་བས་ཀྱང་སེམས་ཅན་སྨིན་པར་བྱེད་པར་གྱུར་ཅིག་ཐོས་ པ་དང་དྲན་པས་ཀྱང་སེམས་ཅན་སྨིན་པར་བྱེད་པར་གྱུར་ཅིག་སངས་རྒྱས་ཀྱི་ཞིང་གང་དུ་སེམས་ཅན་གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བཏང་བ་ཕར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་ པ། རིགས་ཀྱི་རྒན་རབས་ཀྱི་རྗེས་མི་སྙེགས་པ། ངང་ཚུལ་ངན་པ། སྡིག་པའི་ཆོས་ལ་སྤྱོད་པ། རྒྱུད་བསྲེགས་པ། བསམ་པ་བསྲེགས་པ། ས་བོན་བསྲེགས་པ། དགེ་བའི་རྩ་བ་ཆད་པ། ངན་སོང་ལ་ཕྱོགས་པ། མཚམས་མེད་པ་ལྔ་དང་ལྡན་པ། བྱང་ཆུབ་སེམས་དཔའ་གཏུམ་པོ་ ཆོས་སྤོང་བ་རྣམས་འདུས་པ་དང་པོར་འབྱུང་ཞིང། དེ་ཐམས་ཅད་བདག་གི་མྱ་ངན་ལས་འདས་པའི་ལམ་བླ་ན་མེད་པ་སངས་རྒྱས་ཉིད་ལ་འགོད་པར་གྱུར་ཅིག་དེ་ནས་ཞིང་འདུས་པ་གཉིས་པ་ལ་ཁམས་གསུམ་པའི་སེམས་ཅན་ཀུན་འབྱུང་ཞིང། བདག་གིས་དེ་ཐམས་ ཅད་བག་ཆགས་དང་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པར་གྱུར་ཅིག་ཅེས་སོ། །ཕུང་པོ་གསུམ་པ་ལས་ནི། བྱང་ཆུབ་སེམས་དཔའ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་ ཆོས་མཉམ་པ་ཉིད་ལ་འཇུག་ཅིང་ཡན་ལག་ལྔ་ས་ལ་གཏུགས་པར་བྱ་སྟེ། པུས་མོ་གཡས་པ་ས་ལ་འཛུགས་པའི་ཚེ་སེམས་ཅན་ཐམས་ཅད་གཡས་ཕྱོགས་ཀྱི་ལམ་ལ་གནས་པར་གྱུར་ཅིག་ཅེས་བརྗོད་དོ། །གཡོན་པ་འཛུགས་པའི་ཚེ་སེམས་ཅན་སུ་དག་གཡོན་ ཕྱོགས་ཀྱི་ལམ་ལ་གནས་པ་དེ་ཐམས་ཅད་འཕགས་པའི་ལམ་ལ་གནས་ཤིང་ཡང་དག་པའི་ལམ་ལ་གནས་པར་གྱུར་ཅིག་ཅེས་སོ། །ལག་པ་གཡས་པའི་ཙུགས་པའི་ཚེ་ཇི་ལྟར་སངས་རྒྱས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་བཞུགས་པ་དགེ་བའི་ཆོས་ཐམས་ཅད་ [292B] དབུ་དང་སྐུ་དང་སྐྱིལ་མོ་ཀྲུང་ལ་བྱུགས་ཏེ་ཕྱག་གཡས་པ་ས་ལ་བསྣུན་ནས་བདུད་དཔུང་དང་བཅས་པ་བརྟུལ་ཞིང་བྱང་ཆུབ་བརྙེས་པ་ལྟར། སེམས་ཅན་འདི་དག་གིས་ཀྱང་བདུད་ཕྱིར་རྒོལ་བ་ཆོམས་པར་གྱུར་ཅིག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་ས་ ལ་བསྣུན་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག་ལག་པ་གཡོན་པ་འཛུགས་པའི་ཚེ་སེམས་ཅན་སུ་དག་བྱིས་པའི་ཆོས་ལ་གནས་ཏེ་གཡོན་ཕྱོགས་སུ་འཛིན་པ་གདུལ་དཀའ་བ་དེ་ཐམས་ཅད་བསྡུ་བའི་དངོས་པོ་བཞིས་ཤིན་ཏུ་སྡུད་པར་གྱུར་ཅིག་གདོང་པ་དང་དབྲལ་ བ་ས་ལ་གཏུག་པའི་ཚེ་སེམས་ཅན་ཐམས་ཅད་ང་རྒྱལ་མ་མཆིས་པས་བླ་མ་རྣམས་ལ་རིམ་གྲོ་བགྱིད་ཅིང་སྤྱི་གཙུག་བལྟར་མི་མཐོང་བ་དང། དགེ་བའི་ཆོས་ཐམས་ཅད་ཀྱིས་འཕགས་པར་གྱུར་ཅིག་དེ་ལྟར་བདག་ཡན་ལག་ལྔས་ཕྱག་འཚལ་བ་འདིས། སེམས་ཅན་ ཐམས་ཅད་སྒྲིབ་པ་ལྔ་སེལ་བར་གྱུར་ཅིག་དབང་པོ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག་མིག་ལྔ་ཡོངས་སུ་དག་པར་གྱུར་ཅིག་མངོན་པར་ཤེས་པ་ཉམས་པ་མེད་པ་ལྔ་ཐོབ་པར་གྱུར་ཅིག་སེམས་ཅན་འགྲོ་བ་ལྔར་སྐྱེས་པ་རྣམས་འགྲོ་བ་ལྔ་ལས་ཁྱད་པར་དུ་འཕགས་པ་དང། ཚུལ་ ཁྲིམས་ཁྱད་པར་དུ་འཕགས་པ་དང། ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དང། ཤེས་རབ་ཁྱད་པར་དུ་འཕགས་པ་དང། རྣམ་པར་གྲོལ་བ་ཁྱད་པར་དུ་འཕགས་པ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཁྱད་པར་དུ་འཕགས་པར་གྱུར་ཅིག་ཅེས་སོ། ༈ །སྤྱོད་ཡུལ་ལ་ སྤྱོད་པ་ཡོངས་སུ་བསྔོ་བ་ནི། སྤྱོད་ཡུལ་ཀུན་ལ་འཇུག་པ་ཡོངས་སུ་བསྔོ་བ། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་ཏེ། །རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་ མངོན་འདུ་བྱེད་དོ། །ཕལ་ཆེན་གྱི་ལེའུ་དེ་ལས་བྱང་ཆུབ་སེམས་དཔའ་ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང་མ་ཉམས་པ་དང་མ་སྨད་པ་དང། མི་འཕྲོགས་པ་དང་མི་འཁྲུགས་པ་དང་བསྔགས་པ་དང་དག་པ་དང་ཉོན་མོངས་པ་མེད་པ་དང་ཡེ་ཤེས་ [293A]༄༅། །སྔོན་དུ་འགྲོ་བ་དང། རིགས་དང་རུས་དང་རྒྱུད་དང་གཟུགས་དང་མཚན་དང་དྲན་པ་དང་བློ་གྲོས་ལ་སོགས་པ་ཕུན་སུམ་ཚོགས་པ་དང། བློ་གྲོས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་དང། རྒྱུ་དང་བསམ་པ་དང་སྦྱོར་བ་ལ་སོགས་པའི་སྟོབས་ ཅན་དང། ཕུང་པོ་ལ་སོགས་པ་ལ་མཁས་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཚད་མེད་པ་བཞི་དང་སྟོབས་བཅུ་དང་ལྡན་པ་དང། ལྷ་དང་ཀླུའི་དབང་པོ་ལ་སོགས་པས་བཟུང་ཞིང་བཀུར་བ་དང། སེམས་ཅན་ཐམས་ཅད་ཀྱི་གནས་དང་སྐྱབས་ལ་སོགས་པར་འགྱུར་ བའི་རྒྱུ་ནི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་དག་སྟེ། འདིས་ཡོན་ཏན་དེ་ཐམས་ཅད་ཐོབ་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ལས་སུ་འགྱུར། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ལམ་དུ་འཇུག་པར་འགྱུར། སེམས་ཅན་ཐམས་ཅད་མི་གཏོང་ མི་དགེ་བ་ཐམས་ཅད་སྤོང། དགེ་བ་ཐམས་ཅད་ལ་འཇུག་ཆོས་ཐམས་ཅད་ལ་དབང་བསྒྱུར་ཞིང་སེམས་ཅན་ཐམས་ཅད་ལ་སྟོན་པ་གཉིས་པར་འགྱུར་བ་སྟེ། སྤྱོད་ཡུལ་ལ་སྤྱོད་པ་ཡོངས་སུ་བསྔོ་བའོ། །འདི་ལྟར་ཁྱིམ་ན་འདུག་པའི་ཚེ་སེམས་ཅན་ཐམས་ཅད་རང་བཞིན་ ཤེས་པ་དང་ལྡན་པས་ཁྱིམ་གྱི་ཐིབས་པོས་ཟིལ་གྱིས་མི་ནོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དེ་བཞིན་དུ་ཕ་མ་དང་འགྲོགས་པ་ན་སེམས་ཅན་ཐམས་ཅད་སྐྱེ་བོ་མ་ལུས་པ་བསྐྱབ་པའི་ཕྱིར་སངས་རྒྱས་དང་འགྲོགས་པ་དང། བུ་སྨད་དང་འགྲོགས་ཙ་ན་སྲེད་པ་དང་ བྲལ་བས་དགའ་བ་དང་མི་དགའ་བ་དང་བྲལ་བ་དང། འདོད་པའི་ཡོན་ཏན་ལྔ་དང་འགྲོགས་ན་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་འདོད་པའི་གསལ་ཤིང་སེལ་བ་དང། གླུ་གར་དང་རོལ་མོ་དང་འགྲོགས་ན་གར་མཁན་གྱི་མཚོན་ལྟ་བུར་མཐོང་ཞིང་ཆོས་འགྲོ་བའི་བརྗོད་པ་ཐོབ་པ་ དང། ཆུང་མ་དང་འགྲོགས་ན་འདོད་པའི་གསལ་ཤིང་དང་བྲལ་ཞིང་འཕགས་པའི་སར་ཆུད་པ་དང། རྒྱན་གྱིས་བརྒྱན་ན་སྲིད་པར་འབྱུང་བ་དང་འཇིག་པའི་ཁུར་བོར་བ་དང། ཁང་སྟེང་དུ་ཕྱིན་ན་ཆོས་ཐམས་ཅད་ཀྱི་ཁྱད་པར་རྟོགས་པ་ཆོས་ཀྱི་ཁང་སྟེང་དུ་ཕྱིན་པ་དང། སྦྱིན་པ་ [293B] མ་བྲལ་ཞིང་འགྲོགས་ན་ཐམས་ཅད་མཁྱེན་པའི་མཐར་ཕྱིན་ཅིང་འདུ་བ་དང་བྲལ་བ་དང་བཙོན་ར་མཐོང་ན་གནས་མེད་པར་སྤྱོད་པ་དང་གར་དགའ་བར་འདོད་པ་དང། ཁྱིམ་ནས་འབྱུང་ན་བཅིངས་གྲོལ་དང་ཆགས་ པ་མེད་པ་དང། དགེ་འདུན་གྱི་ནང་དུ་འགྲོ་ན་འགལ་བ་མེད་པའི་ཆོས་དང་ལྡན་ཞིང་མཐུན་པར་འགྲོ་བ་དང། མཁན་པོ་དང་སློབ་དཔོན་གྱི་ཐད་དུ་འགྲོ་བ་ན་ཆོས་ལ་རྩོམ་ཞིང་མཁས་པ་དང། རབ་ཏུ་བྱུང་བ་ཞུ་ན་བར་ཆད་མེད་ཅིང་མི་ལྡོག་པ་དང། གོས་དཀར་པོ་འདོར་ན་སྡིག་ པ་སྤངས་ཤིང་དགེ་བ་སྦྱངས་པ་དང། སྐྲ་དང་ཁ་སྤུ་འདྲེགས་ན་མཉམ་པར་འཇོག་ཅིང་ཉོན་མོངས་པ་མེད་པ་དང། ངུར་སྨྲིག་གྱོན་ན་དྲང་སྲོང་ཆེན་པོའི་སེམས་དང་ལྡན་ཞིང་རྙོག་པ་མེད་པ་དང། རབ་ཏུ་འབྱུང་ན་སྐྱེ་བོ་ཐམས་ཅད་བསྐྱང་བའི་ཕྱིར་སངས་རྒྱས་ཀྱི་རབ་ཏུ་འབྱུང་བ་ དང། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ན་དགེ་བ་ལ་མོས་པས་སངས་རྒྱས་ཀྱི་གདུང་མི་ཆད་པའི་དོན་དུ་བརྩོན་པ་དང། ཆོས་ལ་སྐྱབས་སུ་འགྲོ་ན་ཆོས་ཀྱི་གཏེར་ཐོབ་པ་དང། དགེ་འདུན་ལ་སྐྱབས་སུ་འགྲོ་ན་ཆགས་པ་མེད་ཅིང་ཚོགས་སྡུད་པ་དང། བསླབ་པའི་གཞི་ལེན་ན་ཚུལ་བཟང་པོ་ ལ་སྤྱོད་ཅིང་བསླབ་པ་ཐམས་ཅད་ལ་བསླབ་པ་དང། སློབ་དཔོན་གྱི་རྗེས་སུ་བསྟན་ན་ལས་མ་ལོག་པ་ལ་སྤྱོད་ཅིང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་མཁན་པོས་རྗེས་སུ་བསྟན་ན་གནས་མེད་པ་ལ་གཞོལ་ཤིང་མི་སྐྱེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསྙེན་པར་རྫོགས་ ན་ཆོས་ཀྱི་ཁྱད་པར་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། གཙུག་ལག་ཁང་དུ་འགྲོ་ན་མི་འཕྲོགས་པའི་ཆོས་ཅན་དང་བླ་ན་མེད་པའི་གནས་ལ་སྤྱོད་པ་དང། སྟན་འདིང་ན་ཆོས་ཇི་ལྟ་བ་མཐོང་ཞིང་ལེགས་པར་བཀོད་པའི་ཆོས་ཅན་དང། འདུག་ན་མི་གནས་པའི་སེམས་ ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང། སྐྱིལ་ཀྲུང་འཆའ་ན་མི་གཡོ་བའི་ས་ལ་དགེ་བའི་རྩ་བ་བརྟན་པ་དང། ཞི་གནས་སྦྱོང་ན་མ་ལུས་པ་མཐར་ཐུག་པ་ལ་བརྩོན་ཞིང་ཞི་བ་དང་དུལ་བ་ལ་གཞོལ་བ་དང། ལྷག་མཐོང་སྦྱོང་ན་ཤིན་ཏུ་ཉོན་མོངས་པ་མེད་པའི་ཆོས་ཅན་དང་ཆོས་ [294A]༄༅། །ཡང་དག་པར་མཐོང་བ་དང། སྐྱིལ་ཀྲུང་འཇིག་ན་མཉམ་པར་འཇོག་པ་དང། འདུ་བྱེད་ཐམས་ཅད་འཇིག་པ་མཐོང་བ་དང། རྐང་པ་འཇོག་ན་སེམས་རྣམ་པར་གྲོལ་བ་མི་འཁྲུགས་པ་ལ་གནས་པ་དང། རྐང་པ་འདེགས་ན་ཁ་ན་མ་ཐོ་བ་མེད་ཅིང་འཁོར་བར་བྱིང་ བ་ལས་འཐོན་པ་དང། སྨད་གཡོགས་གྱོན་ན་ངོ་ཚ་ཤས་པ་དང་ཁྲེལ་ཡོད་དང་ལྡན་ཞིང་དགེ་བའི་རྩ་བ་བརྟན་པ་དང། སྐ་རགས་འཆིང་ན་མི་འཁྲུགས་པའི་ཆོས་ཅན་དང་དགེ་བའི་རྩ་བ་ཤིན་ཏུ་འཕེལ་བ་དང། བླ་གོས་གྱོན་ན་ཆོས་ཐམས་ཅད་ཀྱི་ཁྱད་པར་གྱི་ཕ་རོལ་ཏུ་ཕྱིན་ ཅིང་གོང་ནས་གོང་དུ་དགེ་བའི་རྩ་བ་ཐོབ་པ་དང། སྣམ་སྦྱར་གྱོན་ན་མི་འཁྲུགས་པའི་ཆོས་ཅན་ཐབས་དམ་པས་བཀབ་པ་དང། སོ་ཤིང་ལེན་ན་ཡོངས་སུ་དག་པའི་དངོས་པོ་ཐོབ་ཅིང་དམ་པའི་ཆོས་རྣམ་པར་དག་པ་ཐོབ་པ་དང། སོ་ཤིང་ཟ་ན་ཉོན་མོངས་པ་བཅོམ་པ་དང། སེམས་དུལ་ ཞིང་དག་པ་དང། དབེན་པར་འགྲོ་ན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་ཤིང་སྡིག་པ་ཐམས་ཅད་སྤངས་པ་དང། ཆུ་ངོགས་སུ་འགྲོ་ནའང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལས་ཤིན་ཏུ་བྱུང་བ་དང། གཙང་སྤྲ་བྱེད་ན་ཤིན་ཏུ་དག་པས་གཙང་ཞིང་དེས་པ་དང་ ལག་པ་འཁྲུ་ན་ཆོས་ཐམས་ཅད་བཟུང་བ་དང་བཅང་བ་དང་བཀྲ་ཤིས་ཀྱི་ལག་པ་དང་ལྡན་པ་དང། གདོང་འཁྲུ་ན་ཉོན་མོངས་པ་ཐམས་ཅད་དང་བྲལ་ཞིང་ཆོས་ཐམས་ཅད་ཀྱི་སྒོ་དག་པ་ཐོབ་པ་དང། འཁོར་བ་ལེན་ན་ཆོས་སྦྱིན་བྱས་ཤིང་ལམ་སྟོན་པ་དང། ལྷུང་བཟེད་ལེན་ན་འགྲོ་བ་ཐམས་ཅད་ ཀྱི་མཆོད་པར་འོས་པའི་སྣོད་དང། སྤྱོད་ཡུལ་དུ་ཞུགས་ན་གནས་མེད་པ་ལ་གཞོལ་ཞིང་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ཕྱོགས་པ་དང། ལམ་དུ་ཞུགས་ན་ཕྱི་ནང་ཀུན་ཏུ་འགྲོ་ཞིང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དང། འགྲོ་བ་ཤིན་ཏུ་རྣམ་པར་དག་པའི་ཆོས་སྒྲིབ་པ་མེད་པ་ཐོབ་པས་ཆོས་ ཀྱི་དབྱིངས་མཐའ་དང་དབུད་མེད་པ་རྟོགས་པ་དང། ལམ་མཐོ་བ་མཐོང་ན་ཤིན་ཏུ་མ་ཞུམ་པས་ཁམས་གསུམ་ལས་གྱེན་དུ་འཕགས་པ་དང། དམའ་བ་མཐོང་ན་དགེ་བའི་རྩ་བས་ཉེ་བར་བརྟན་ཅིང་སངས་རྒྱས་ལ་འདུད་པ་དང་ལམ་ཉམ་ང་བ་མཐོང་ན་ཡོན་པོ་དང་བྲལ་ཞིང་ཉམ་ང་བ་ [294B] ལམ་དྲང་པོ་མཐོང་ན་གཡོ་སྒྱུ་མེད་ཅིང་སེམས་དྲང་པོ་དང་ལྡན་པ་དང། ལམ་རྡུལ་ཅན་མཐོང་ན་རྡུལ་མེད་པའི་ཆོས་ཐོབ་ཅིང་འདོད་ཆགས་ལས་གྲོལ་བ་དང། ལམ་རྡུལ་མེད་པ་མཐོང་ན་སྙིང་རྗེས་བསྒོས་ཤིང་འཇམ་པ་དང། གཡང་ས་མཐོང་ན་སྒྲིབ་པ་མེད་པ་ རྟོགས་པ་དང་སྡིག་པ་བསལ་བ་དང་དགེ་བ་ལ་གཞོལ་བ་དང། འཁོར་མཐོང་ན་དུས་གསུམ་གྱི་ཆོས་ཟབ་མོ་བསྟན་པ་དང་མཐུན་པ་དང། ཀ་བ་མཐོང་ན་ཁྲོ་བ་དང་ཁོན་དུ་འཛིན་པ་དང་ཁེངས་པ་དང་འཁྲུགས་པ་དང་བྲལ་བ་དང། ནགས་ཚལ་མཐོང་ན་ལྷ་དང་བཅས་པའི་ཕྱག་ གི་གནས་དང། རི་མཐོང་ན་ཐོབ་པར་དཀའ་བ་ཐིབས་པོ་མེད་པ་ཐོབ་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱིས་འཕགས་པ་དང། ཚེར་མ་མཐོང་ན་འདོད་པ་དང་སྡང་བ་དང་གཏི་མུག་གི་ཚེར་མ་དང་བྲལ་བ་དང། ལོ་མ་མཐོང་ན་བསམ་གཏན་དང་རྣམ་པར་ཐར་པ་ལ་སོགས་པས་ཁྱབ་ པ་དང། མེ་ཏོག་མཐོང་ན་ཆོས་ཐམས་ཅད་ལ་མངོན་པར་ཤེས་པའི་མེ་ཏོག་རྒྱས་པ་དང། མེ་ཏོག་གི་ཤིང་མཐོང་ན་མཚན་སུམ་ཅུ་རྩ་གཉིས་ཀྱི་མེ་ཏོག་རྒྱས་པ་དང། ཤིང་ཏོག་མཐོང་ན་བྱང་ཆུབ་ཀྱི་སྙིང་པོ་ལ་གཞོལ་ཞིང་སངས་རྒྱས་ཀྱི་ཆོས་བཙལ་བའི་འབྲས་བུ་ དམ་པ་ཐོབ་པ་དང། ཆུ་ཀླུང་མཐོང་ན་སངས་རྒྱས་ཀྱི་ཡེ་ཤེས་མྱོང་སྟེ་ཆོས་ཀྱི་རྒྱུན་ལ་མཉམ་པར་འཇོག་པ་དང། ལུ་མ་མཐོང་ན་ཆོས་ཐམས་ཅད་རོ་གཅིག་པ་སེ་གོལ་གཏོགས་པ་ཙམ་གྱིས་རྟོགས་པ་དང། རྫིང་བུ་མཐོང་ན་ཆོས་ཐམས་ཅད་ཀྱི་ཚིག་རྒྱས་པ་ལ་མཁས་པ་ དང། ཁྲོན་པ་མཐོང་ན་ཆོས་ཐམས་ཅད་འབྱོར་ཅིང་སྤྲོས་པ་མང་བ་དང། མཚོ་མཐོང་ན་གོང་ནས་གོང་དུ་དམིགས་པ་ལ་བརྩོན་ཞིང་དགེ་བ་མི་ཟད་པ་དང། ཟམ་པ་མཐོང་སྐྱེ་བོ་ཐམས་ཅད་སྒྲོལ་བའི་ཟམ་པར་རེད་པ་དང། ཡུར་པ་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་བསམ་པ་ལ་མཁས་ ཤིང་བག་ལ་ཉལ་དང་ཀུན་ནས་ལྡང་བ་མེད་པ་དང། ར་བ་མཐོང་ན་འདོད་པའི་ཡོན་ཏན་ལ་སྲེད་པ་ཞི་བ་དང། མྱ་ངན་མེད་པའི་ནགས་མཐོང་ན་སྲེད་པ་དང་མྱ་ངན་མེད་པ་ཐོབ་པ་དང། བཟའ་ཤིང་གི་ར་བ་མཐོང་ན་སངས་རྒྱས་ཀྱི་བྱང་ཆུབ་མི་གཏོང་བ་ལ་བརྩོན་པ་དང། སེམས་ཅན་ [295A]༄༅། །རྒྱན་གྱིས་བརྒྱན་པ་མཐོང་ན་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་དང། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་ཐོབ་པས་རྒྱན་མེད་པ་དང། སེམས་ཅན་དགའ་བ་མང་བ་མཐོང་ན་ཆོས་ལ་སྤྲོ་དགའ་མང་བ་དང། མི་དགའ་མང་བ་མཐོང་ན་ འདུས་བྱས་ཐམས་ཅད་ལ་མི་དགའ་བ་མང་བ་དང། བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་འབྱོར་གྱིས་བདེ་བ་དང། སྡུག་བསྔལ་བ་མཐོང་ན་ཡེ་ཤེས་ཀྱི་རྩ་བས་སྡུག་བསྔལ་ཞི་བར་བྱེད་པ་དང། བསྡུ་གུ་མ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མོས་པ་ མང་བ་དང། མི་སྡུག་པ་མཐོང་ན་སྡིག་པའི་བཤེས་གཉེན་ལ་མོས་པ་ཆུང་བ་དང། དྲིན་གཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་ཤེས་པ་དང། དྲིན་མི་གཟོ་བ་མཐོང་ན་སྡིག་ལྟ་ལ་དྲིན་གཟོ་མེད་པ་དང། དགེ་སྦྱོང་མཐོང་ན་ཞི་བ་དང་དུལ་བ་ལ་ གཞོལ་བ་དང། བྲམ་ཟེ་མཐོང་ན་ཚངས་པའི་དམ་པ་སྡིག་པ་སྤངས་པ་དང། དཀའ་ཐུབ་ཅན་མཐོང་ན་དཀའ་ཐུབ་ལ་གཞོལ་བ་དང། བརྟུལ་ཞུགས་ཅན་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་གཏོང་བའི་བརྟུལ་ཞུགས་དམ་པ་དང། གོ་གྱོན་པ་མཐོང་ན་རབ་ཏུ་བྱུང་ བའི་ཆོས་བཙལ་བའི་གོ་ཆ་བཟང་པོ་བགོས་པ་དང། གོ་མ་བྱོན་པ་མཐོང་སྡིག་པའི་ལས་ཐམས་ཅད་ལ་གོ་ཆ་མེད་པ་དང། རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཚར་གཅོད་པ་དང། འཚོ་བ་མཐོང་ན་སྤྱོད་ལམ་མ་བཅོས་ཤིང་འཚོ་བ་དག་པ་དང། རྒྱལ་པོ་མཐོང་ན་ཐོགས་པ་ མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱལ་པོ་དང། རྒྱལ་བུ་མཐོང་ན་སངས་རྒྱས་ཀྱི་སྲས་ཆོས་ལས་སྐྱེས་པ་དང། ཁྱིམ་བདག་མཐོང་ན་རྣམ་པར་ངེས་པའི་བློ་ཅན་གྲོང་པའི་ཆོས་སྤངས་པ་དང། བློན་པོ་མཐོང་ན་མི་དགེ་བའི་གཉེན་པོ་ཐོབ་པ་དང། གྲོང་ཁྱེར་མཐོང་ན་གདུལ་ དཀའ་བའི་སེམས་དང་མཐུ་བོ་ཆེའི་ལུས་འདྲ་བ་དང། རྒྱལ་པོའི་གནས་མཐོང་ན་ཡོན་ཏན་གྱི་རྗེས་སུ་འབྲང་བ་ལ་མོས་པ་དང། ནགས་འདབ་མཐོང་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྔགས་པར་འོས་པ་དང། གྲོང་དུ་འགྲོ་ན་ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པ་རྟོགས་པ་ [295B] སྒོར་ཕྱིན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོར་ཕྱིན་པ་དང། ནང་དུ་ཕྱིན་ན་སངས་རྒྱས་ཀྱི་ཐེག་པ་དུས་གསུམ་དུ་མཉམ་པ་ཉིད་ཀྱི་ནང་དུ་ཕྱིན་པ་དང། མི་སྦྱིན་མ་བྱས་ན་བསོད་ནམས་ཐོབ་ཅིང་མི་སྤོང་བ་དང། དེ་བྱས་ན་ངན་སོང་གསུམ་ལས་ཕྱིར་སྤངས་པ་དང་ ལྷུང་བཟེད་སྟོང་པ་མཐོང་ན་ཉོན་མོངས་པ་ཐམས་ཅད་ཀྱིས་སྟོངས་པ་དང། དེ་གང་བ་མཐོང་ན་ཆོས་དཀར་པོ་ཐམས་ཅད་ཀྱིས་རྒྱས་པ་དང། རིམ་གྲོ་བྱས་ན་ཆོས་སྤྱོད་པ་རྣམས་ལ་རིམ་གྲོ་བྱེད་པ་དང། དེ་མ་བྱས་ན་སྡིག་པ་ཐམས་ཅད་ལ་རག་མ་ལས་པ་དང། སེམས་ཅན་ཁྲེལ་ ཡོད་པ་མཐོང་ན་དབང་པོ་དབེན་པར་སྤྱོད་ཅིང་ཁྲེལ་ཡོད་པ་དང། འཛེམ་པ་མེད་པ་མཐོང་ན་བྱམས་པ་ལ་གནས་ཤིང་འཛེམ་པ་མེད་པ་སྤངས་པ་དང། ཟས་བསོད་པ་ཐོབ་ན་ཟང་ཟིང་མེད་པའི་སེམས་དང་སྨོན་ལམ་ཕུན་སུམ་ཚོགས་པ་ཐོབ་པ་དང། མི་བསོད་པ་ཐོབ་ན་ཏིང་ངེ་འཛིན་ ཉམས་བདེ་བ་ཐོབ་པ་དང། སྣུམ་བག་ཐོབ་ན་སྙིང་རྗེ་འཇམ་པ་དང། སྣུམ་མེད་པ་ཐོབ་ན་སྲེད་པའི་སྣུམ་བག་མེད་པ་དང། ཟས་ཟ་ན་ཆོས་ལ་དཀའ་བས་རྒྱས་ཤིང་བསམ་གཏན་གྱི་ཟས་ཟ་བ་དང། རོ་མྱང་ན་བདུད་རྩིས་ངོམས་ཤིང་རོ་བྲོ་བ་མཆག་གི་མཚན་ཐོབ་པ་དང། ཟན་ཟོས་ ན་སངས་རྒྱས་ཀྱི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཆོས་སྟོན་ན་སངས་རྒྱས་ཀྱི་ཆོས་ལ་གཞོལ་ཞིང་སྤོབས་པ་མི་ཟད་པ་དང། ཕྱིར་འབྱུང་ན་སངས་རྒྱས་ཀྱི་ཡེ་ཤེས་མྱོང་ཞིང་ཁམས་གསུམ་ཐམས་ཅད་ནས་འབྱུང་བ་དང། ཆུ་བརྒལ་ན་དུས་གསུམ་མཉམ་པ་ཉིད་ཐམས་ཅད་མཁྱེན་ པའི་ཡེ་ཤེས་ལ་བརྒལ་བ་དང། ཁྲུས་བྱེད་ན་འོད་མཐའ་ཡས་ཤིང་ལུས་དང་སེམས་དྲི་མ་མེད་པ་དང། དྲོ་བ་ལ་སྤྱོད་ན་ཡོངས་སུ་གདུང་བ་ཟིལ་གྱིས་གནོན་པ་དང། བསིལ་བ་ལ་སྤྱོད་ན་བླ་ན་མེད་པའི་བསིལ་བའི་དངོས་པོ་རྟོགས་པ་དང། ཆོས་ཐོས་ན་ཆོས་ཀྱི་གཏམ་གྱི་ རྗེས་སུ་འགྲོ་ཞིང་ཆོས་ཀྱི་དབྱིངས་དང་འདྲིས་པ་དང། སངས་རྒྱས་མཐོང་ན་སངས་རྒྱས་ཐམས་ཅད་དང་འགྲོགས་ཤིང་སྒྲིབ་པ་མེད་པའི་མིག་དང་ལྡན་པ་དང། མིག་བལྟ་ན་ཀུན་ཏུ་མཛེས་པས་ཀུན་ཏུ་བཟང་བ་དང། མཆོད་རྟེན་མཐོང་ན་འགྲོ་བ་ཀུན་གྱིས་ཆོད་པར་འོས་པ་ [#DATA INCOMPLETE HERE]